[131B] ཨ་བཧི་དྷ་ན་ཨུཏྟ་ར་ཏནྟྲ་ནཱ་མ། །བོད་སྐད་དུ། མངོན་པར་བརྗོད་པའི་རྒྱུད་བླ་མ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་ རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །ཇི་སྲིད་འགྲོ་བ་དྲུག་གི་མཐར། །སངས་རྒྱས་ཐམས་ཅད་རྣམ་པར་འབྱུང། །རྡོ་རྗེ་སེམས་དཔའ་ཡིས་ནི་བྱེད། །ཆོས་ཀྱི་དབྱིངས་ ལ་ཕྱག་འཚལ་བསྟོད། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་ནི། །སྐུ་གསུམ་ཡེ་ཤེས་ལྔ་ཡི་དངོས། །མཁའ་འགྲོ་མ་ཡི་འཁོར་ལོར་བཞུགས། །འགྲོ་བ་སྒྲོལ་ལ་ཕྱག་འཚལ་ བསྟོད༑ ༑ཇི་སྲིད་རྡོ་རྗེ་མཁའ་འགྲོ་མ། །ཀུན་ཏུ་རྟོག་པའི་བཅིངས་བ་བཅད། །འཇིག་རྟེན་བྱ་བ་རབ་ཏུ་འཇུག་དེ་སྲིད་རྟག་ཏུ་ཕྱག་འཚལ་བསྟོད། །འདི་སྐད་བདག་གིས་ [132A]༄༅། །ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཁྲོ་བོ་དང། མཁའ་འགྲོ་དང། མཁའ་འགྲོ་མ་རྣམས་ གསང་བའི་སྙིང་པོ་ལ་རྣམ་པར་བཞུགས་ཏེ། དེར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་པ་བཅོམ་ལྡན་འདས་ཐོག་མ་མེད་པའི་རྡོ་རྗེ་སེམས་དཔའ་ལ་ ཞུས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཁྲོ་བོ་དང། མཁའ་འགྲོ་དང། མཁའ་འགྲོ་མའི་དྲ་བ་མངོན་པར་བརྗོད་པའི་ བླ་མའི་སྙིང་པོ་ངས་བཤད་ཀྱི། །ལག་ན་རྡོ་རྗེ་ཁྲོ་བོ་ཆེན་པོའི་བདག་པོ་འཁོར་སྣ་ཚོགས་པར་རྣམ་པར་འཁྲུལ་པ་རྒྱས་པར་བཤད་ཀྱི། ལེགས་པར་རབ་ཏུ་ཉོན་ལ་ ཡིད་ལ་ཟུངས་ཤིག་དེ་ལ་བཅོམ་ལྡན་འདས་ལ་ལེགས་སོ། །ཞེས་གསོལ་ཏེ་ཐལ་མོ་སྦྱར་བ་བཏུད་པ་ལ་བཅོམ་ལྡན་འདས་ཀྱིས་གསུངས་པ། དེ་ནས་གསང་ པ་བཤད་བྱ་བ། །མདོར་བསྡུས་པ་སྟེ་རྒྱས་པར་མིན། །དཔལ་ཧེ་རུ་ཀ་ཡང་དག་སྦྱོར། །འདོད་པའི་དོན་ཀུན་སྒྲུབ་བྱེད་ཡིན། །བླ་མ་ལས་ཀྱང་བླ་མ་ནི། །མངོན་པར་བརྗོད་ པའི་ཕྱི་མ་སྟེ། །མཁའ་འགྲོ་མ་ཡི་དྲ་བའི་སྔོམ། །གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །མཁའ་འགྲོ་སྒྱུ་མ་སེམས་དཔའ་ནི། ། [132B]འདིར་ནི་རང་བྱུང་བཅོམ་ལྡན་དཔའ། །མཁའ་འགྲོ་དྲ་བའི་སྔོམ་བ་ཡིན། །ཐོག་མ་མེད་པའི་ཚུལ་ཆེན་འདི། །བྷ་གར་སྲིད་སྒྲ་གཟུགས་ སྐྱེས་གནས། །དམ་ཚིག་སྤྱོད་པའི་སྤྱོད་ཡུལ་ཡིན། །ཐོག་མ་དབུས་མཐར་དྲི་མ་མེད། །འཇིག་རྟེན་གསུམ་དུ་རྙེད་དཀའ་བ། །སྲུབ་དང་བསྲུབ་པར་ཡང་དག་སྦྱོར། །གང་ལ་ དེ་ལ་ཇི་ལྟར་བཞིན། །རང་བཞིན་དག་པ་འོད་གསལ་བ། །གསུང་བའི་གནས་ལས་བྱུང་བ་ཡིན། །རྟག་ཏུ་ཉེས་བྲལ་ཞི་བ་སྟེ། །ནམ་མཁའ་དང་ནི་མཉམ་གྱུར་པ། །སྤྲོ་དང་བསྡུ་ བ་བྱེད་པ་ཡིན། །རང་བཞིན་དག་པ་རང་བྱུང་སྟེ། །རྣལ་འབྱོར་མ་ཡི་བདེ་བ་སྟེར། །བཟླས་དང་བསམ་གཏན་ལྡན་པ་དང། །སྦྱོར་ཉིད་ཆོ་གའི་ཡེ་ཤེས་ཀྱི། །དེ་དག་རྒྱུད་ ལས་གསུངས་པ་དག་གསང་བའི་བདག་པོ་རབ་ཏུ་ཉོན། །དབུགས་འབྱིན་པར་མ་མཆོག་དག་དང། །དྲི་ཡི་ཆུ་དང་བཅས་པ་དག་མཁས་པས་རིལ་བུར་བྱས་ནས་ནི།། འཁོར་གྱི་དཀྱིལ་འཁོར་དག་ལ་མཆོད། །འབྱུང་བའི་དུས་ཀྱི་ཁྱད་པར་ལ། །ཕོ་ཉས་ལྷན་ཅིག་སྐྱེས་པ་འགྲུབ། །མཆོག་དང་འབྲིང་དང་ཐ་མ་སྟེ། །མཐར་ཐུག་དངོས་གྲུབ་ཐམས་ ཅད་འབྱུང། །དགའ་བ་ཡིད་ལ་འདོད་པ་ཡི། །དངོས་གྲུབ་ཀྱང་ནི་འགྲུབ་པར་འགྱུར། །རང་རྫས་ཐིག་ལེགས་སངས་རྒྱས་དང། །བྱང་ཆུབ་སེམས་དཔའ་མཆོད་པ་བྱ། །རང་གི་ལྷ་ [133A]༄༅། །ཡི་སྦྱོར་བ་ཡིས། །རང་དང་གཞན་ཡང་མཆོད་པར་བྱ་།མཐོང་བ་དང་ནི་རེག་པ་དང། །ཐོས་པ་དང་ནི་དྲན་པ་ཡིས་།སྡིག་པ་ཀུན་ལས་གྲོལ་འགྱུར་ ཏེ༑ ༑དེ་ལྟར་འདི་ལ་ཐེ་ཚོམ་མེད། །རྣལ་འབྱོར་པ་ཉིད་བསོད་ནམས་མཆོག་དག་བྱེད་སྡིག་པ་འཇིག་པར་བྱེད། །བཟླས་དང་བསམ་གཏན་དག་པས་ཀྱང། །སྐྱེ་བ་འདི་ལ་ དངོས་གྲུབ་འགྱུར། །མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས། དམ་ཚིག་ལ་འཇུག་པའི་གསང་བ་སྦས་པ་བསྟན་པ་སྟེ་ལེའུ་དང་པོའོ།། །།དེ་ ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཆོས་ཀྱི་དབྱིངས་ལ་རྣམ་པར་འཁྲུལ་པ་ཞེས་བྱ་བ་ཁྲོ་བོ་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དངོས་གྲུབ་ ཐམས་ཅད་ཀྱི་གསང་བ་གསུངས་པ། ཆགས་པ་མེད་ཅིང་ཆགས་པ་དང་བྲལ་བའི་སངས་རྒྱས་ཀྱི་ཞིང་གྲངས་མེད་པའི་རྡུལ་དང་མཉམ་པའི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ལ་འདི་ལྟ་སྟེ། དཔའ་བོ་ཆེན་མོ་གཟུགས་རྡོ་རྗེ་ཞེས་བྱ་བ་དང། དཔའ་བོ་ཆེན་པོ་ཚོར་བ་རྡོ་རྗེ་ཞེས་བྱ་བ་དང། དཔའ་བོ་ཆེན་པོ་འདུ་ཤེས་རྡོ་རྗེ་ ཞེས་བྱ་བ་དང། དཔའ་བོ་ཆེན་པོ་འདུ་བྱེད་རྡོ་རྗེ་ཞེས་བྱ་བ་དང། དཔའ་བོ་ཆེན་པོ་རྣམ་པར་ཤེས་པ་རྡོ་རྗེ་ཞེས་བྱ་བ་དང་ཆོས་ཀྱི་དབྱིངས་ཀྱི་དེ་བཞིན་གཤེགས་པ་ [133B] དཔའ་བོ་ཆེན་པོ་གཏི་མུག་རྡོ་རྗེ་དང། དཔའ་བོ་ཆེན་པོ་རྣ་བ་རྡོ་རྗེ་དང། དཔའ་བོ་ཆེན་པོ་སྣ་རྡོ་རྗེ་དང། དཔའ་བོ་ཆེན་པོ་ཆགས་ པ་རྡོ་རྗེ་དང། དཔའ་བོ་ཆེན་པོ་ཕྲག་དོག་རྡོ་རྗེ་དང། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་ཕྱུག་ཅེས་བྱ་བའི་དཔའ་བོ་ཆེན་པོ་དང། དཔའ་བོ་ཆེན་པོ་ས་རྡོ་རྗེ་དང། དཔའ་ བོ་ཆེན་པོ་ཆུ་རྡོ་རྗེ་དང། དཔའ་བོ་ཆེན་པོ་མེ་རྡོ་རྗེ་དང་དཔའ་བོ་ཆེན་པོ་རླུང་རྡོ་རྗེ་དང། དཔའ་བོ་ཆེན་པོ་མཁའ་དབྱིངས་རྡོ་རྗེ་དང། འདི་ལྟ་བུ་ལ་སོགས་པ་མ་ལུས་ཤིང་ལུས་པ་ མེད་པ་ཆོས་ཀྱི་དབྱིངས་ཀྱི་མཐས་གཏུགས་པ་མཐའ་ཡས་པ་རྣམ་པར་འཕྲོ་བའི་གསང་བའི་སྙིང་པོ་འབྱུང་བས་དཀྱིལ་འཁོར་གྱི་འཁོར་ལོ་སྣ་ཚོགས་འདུས་པ་གསང་ བ་གསུམ་གྱི་དམ་ཚིག་གི་འཁོར་ལོ་དང་ཐབས་ཅིག་ཏུ་བཞུགས་ཏེ་དཔའ་བོ་ཆེན་པོ་རྡོ་རྗེ་ཐོད་པའི་དུམ་བུ་དང། དཔའ་བོ་ཆེན་པོ་རྡོ་རྗེ་ཀེང་རུས་ཆེན་པོ་དང། དཔའ་བོ་ ཆེན་པོ་རྡོ་རྗེ་ཀེང་རུས་དང། དཔའ་བོ་ཆེན་པོ་རྡོ་རྗེ་མཆེ་བ་རྣམ་པར་གཙིགས་པ་དང། དཔའ་བོ་ཆེན་པོ་རྡོ་རྗེ་ལྷ་དགྲ་དང་དཔའ་བོ་ཆེན་པོ་རྡོ་རྗེ་དཔག་མེད་དང། དཔའ་པོ་ ཆེན་པོ་རྡོ་རྗེ་འོད་དང། དཔའ་བོ་ཆེན་པོ་རྡོ་རྗེ་ལུས་དང། དཔའ་བོ་ཆེན་པོ་རྡོ་རྗེ་མྱུ་གུ་དང། དཔའ་བོ་ཆེན་པོ་རྡོ་རྗེ་རལ་པ་ཅན་དང། དཔའ་པོ་ཆེན་པོ་རྡོ་རྗེ་དཔའ་བོ་ཆེན་པོ་ [134A]༄༅། །དང། དཔའ་བོ་ཆེན་པོ་རྡོ་རྗེ་ཧཱུཾ་མཛད་དང། དཔའ་བོ་ཆེན་པོ་རྡོ་རྗེ་རབ་བཟང་དང། དཔའ་བོ་ཆེན་པོ་རྡོ་རྗེ་བཟང་པོ་དང། དཔའ་པོ་ཆེན་པོ་རྡོ་རྗེ་ འཇིགས་བྱེད་ཆེན་པོ་དང། དཔའ་བོ་ཆེན་པོ་རྡོ་རྗེ་མིག་མི་བཟང་དང། དཔའ་བོ་ཆེན་པོ་རྡོ་རྗེ་སྟོབས་པོ་ཆེ་དང། དཔའ་བོ་ཆེན་པོ་རྡོ་རྗེ་རིན་ཆེན་དང། དཔའ་བོ་ཆེན་པོ་ རྡོ་རྗེ་རྟ་མཆོག་དང། དཔའ་བོ་ཆེན་པོ་རྡོ་རྗེ་ནམ་མཁའི་སྙིང་པོ་དང། དཔའ་བོ་ཆེན་པོ་རྡོ་རྗེ་དཔལ་ཧེ་རུ་ཀ་ཆེན་པོ་དང། དཔའ་བོ་ཆེན་པོ་རྡོ་རྗེ་པདྨ་གར་གྱི་དབང་ཕྱུག་ དང། དཔའ་བོ་ཆེན་པོ་རྡོ་རྗེ་རྣམ་པར་སྣང་མཛད་དང། དཔའ་བོ་ཆེན་པོ་རྡོ་རྗེ་སེམས་དཔའ་དང། འདི་ལྟ་བུ་ལ་སོགས་པའི་དཔའ་བོ་དང། དེ་བཞིན་གཤེགས་པ་ ཐམས་ཅད་ཀྱིས་ནམ་མཁའི་ཁམས་ཐམས་ཅད་ཡོངས་སུ་གང་བར་མཐོང་ངོ། །དེ་ནས་བཅོམ་ལྡན་འདས་རིགས་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་གསུམ་གྱི་དམ་ཚིག་ གཉིས་སུ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རང་གི་གསང་བའི་དམ་ཚིག་གསང་བའི་བྷ་ག་ལས་འབྱུང་བ་རྣལ་འབྱོར་མ་དང། དཔའ་བོའི་ གསང་བའི་དམ་ཚིག་གཉིས་སུ་མེད་པའི་སྦྱོར་བའི་དམ་ཚིག་ཆེན་པོ་གསུངས་བ་འདི་ལྟ་སྟེ། རྣལ་འབྱོར་མ་ཆེན་མོ་ལྟུང་བྱེད་མ་ཞེས་བྱ་བ་དང། རྣལ་འབྱོར་མ་ཆེན་མོ་ [134B] རྣལ་འབྱོར་མ་ཆན་མོ་འགུགས་བྱེད་མ་ཞེས་བྱ་བ་དང། རྣལ་འབྱོར་མ་ཆེན་མོ་གར་གྱི་དབང་ཕྱུག་མ་ཞེས་བྱ་བ་དང། རྣལ་འབྱོར་མ་ཆེན་མོ་པདྨའི་དྲ་བ་མོ་ཞེས་བྱ་བ་དང། མཁའ་འགྲོ་མ་ཆེན་མོ་རྡོ་རྗེ་ མཁའ་འགྲོ་མ་ཞེས་བྱ་བ་དང། མཁའ་འགྲོ་མ་ཆེན་མོ་རྡོ་རྗེ་ལཱ་མ་ཞེས་བྱ་བ་དང། མཁའ་འགྲོ་མ་ཆེན་མོ་རྡོ་རྗེ་དུམ་སྐྱེས་མ་ཞེས་བྱ་བ་དང། མཁའ་འགྲོ་མ་ཆེན་མོ་རྡོ་རྗེ་ གཟུགས་ཅན་མ་ཞེས་བྱ་བ་དང། རྣལ་འབྱོར་མ་ཆེན་མོ་རབ་གཏུམ་མ་ཞེས་བྱ་བ་དང། རྣལ་འབྱོར་མ་ཆེན་མོ་གཏུམ་མིག་མ་ཞེས་བྱ་བ་དང། རྣལ་འབྱོར་མ་ཆེན་མོ་ འོད་ལྡན་མ་ཞེས་བྱ་བ་དང། རྣལ་འབྱོར་མ་ཆེན་མོ་སྣ་ཆེན་མོ་ཞེས་བྱ་བ་དང། རྣལ་འབྱོར་མ་ཆེན་མོ་དཔའ་བའི་བློ་གྲོས་མ་ཞེས་བྱ་བ་དང། རྣལ་འབྱོར་མ་ཆེན་མོ་མིའུ་ ཐུང་མ་ཞེས་བྱ་བ་དང། རྣལ་འབྱོར་མ་ཆེན་མོ་ལངྐའི་དབང་ཕྱུག་མ་ཞེས་བྱ་བ་དང། རྣལ་འབྱོར་མ་ཆེན་མོ་ཤིང་གྲིབ་མ་ཞེས་བྱ་བ་དང། རྣལ་འབྱོར་མ་ཆེན་མོས་སྲུང་མ་ ཞེས་བྱ་བ་དང། རྣལ་འབྱོར་མ་ཆེན་མོ་འཇིགས་བྱེད་ཆེན་མོ་ཞེས་བྱ་བ་དང། རྣལ་འབྱོར་མ་ཆེན་མོ་རླུང་གི་ཤུགས་ཅན་མ་ཞེས་བྱ་བ་དང། རྣལ་འབྱོར་མ་ཆེན་མོ་ཆང་ འཐུང་མ་ཞེས་བྱ་བ་དང། རྣལ་འབྱོར་མ་ཆེན་མོ་སྔོ་སངས་མ་ཞེས་བྱ་བ་དང། རྣལ་འབྱོར་མ་ཆེན་མོ་རབ་བཟང་མ་ཞེས་བྱ་བ་དང། རྣལ་འབྱོར་མ་ཆེན་མོ་རྟ་རྣ་མ་ཞེས་བྱ་བ་ [135A]༄༅། །དང། རྣལ་འབྱོར་མ་ཆེན་མོ་བྱ་གདོང་མ་ཞེས་བྱ་བ་དང། རྣལ་འབྱོར་མ་ཆེན་མོ་འཁོར་ལོའི་ཤུགས་ཅན་མ་ཞེས་བྱ་བ་དང། རྣལ་འབྱོར་མ་ ཆེན་མོ་དུམ་སྐྱེས་མ་ཞེས་བྱ་བ་དང། རྣལ་འབྱོར་མ་ཆེན་མོ་ཆང་ཚོང་མ་ཞེས་བྱ་བ་དང། རྣལ་འབྱོར་མ་ཆེན་མོ་འཁོར་ལོའི་གོ་ཆ་མ་ཞེས་བྱ་བ་དང། རྣལ་འབྱོར་ མ་ཆེན་མོ་རབ་དཔའ་མོ་ཞེས་བྱ་བ་དང། རྣལ་འབྱོར་མ་ཆེན་མོ་སྟོབས་ཆེན་མ་ཞེས་བྱ་བ་དང། རྣལ་འབྱོར་མ་ཆེན་མོ་འཁོར་ལོས་བསྒྱུར་མ་ཞེས་བྱ་བ་དང་ རྣལ་འབྱོར་མ་ཆེན་མོ་བརྩོན་འགྲུས་ཆེན་མོ་ཞེས་བྱ་བ་དང། དེ་ལྟ་བུ་ལ་སོགས་པ་སྣ་ཚོགས་པས་ནམ་མཁའི་ཁམས་ཀྱི་མཐར་ཐུག་པར་ཧཱུཾ་དང་ཕཊ་ཀྱི་སྒྲ་སྒྲོག་ པ༑ གར་སྣ་ཚོགས་བྱེད་ཅིང་རང་གི་དམ་ཚིག་དང་འཁྱུད་པ་དང་ཙུམ་པ་ནས་སྙིང་རྗེ་ཆེན་པོའི་རོ་ཡོངས་སུ་རྫོགས་པའི་དཔའ་བོ་དང། རྣལ་འབྱོར་མ་རྣམས་ཀྱིས་ གང་བར་མཐོང་ངོ། །མཐོང་ནས་ཞུགས་ཏེ་དཔའ་བོའི་མཆོག་རྣམས་ཀྱི་དམ་ཚིག་རྗེས་སུ་དྲན་ནོ། །དཔལ་རྡོ་རྗེ་མཁའ་འགྲོ་དང་མཁའ་འགྲོ་མ་རྡོ་རྗེ་ཕག་ མོའི་དམ་ཚིག་གཉིས་སུ་མེད་པའི་ཡེ་ཤེས་ཡང་དག་པར་འབྱུང་ཞིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་ངོ། །དེ་ནས་བཅོམ་ལྡན་འདས་ཀྱིས་མ་མོའི་ཚོགས་ [135B] རྡོ་རྗེ་མ་མོ་ཁྭ་གདོང་མ་ཞེས་བྱ་བ་དང། རྡོ་རྗེ་མ་མོ་འུག་གདོང་མ་ཞེས་བྱ་བ་དང། རྡོ་རྗེ་མ་མོ་ཀྱི་གདོང་མ་ཞེས་བྱ་བ་དང་ རྡོ་རྗེ་མ་མོ་ཕག་གདོང་མ་ཞེས་བྱ་བ་དང། རྡོ་རྗེ་མ་མོ་གཤིན་རྗེ་སྲེག་མ་ཞེས་བྱ་བ་དང། རྡོ་རྗེ་མ་མོ་གཤིན་རྗེ་ཕོ་ཉ་མོ་ཞེས་བྱ་བ་དང། རྡོ་རྗེ་མ་མོ་གཤིན་རྗེ་མཆེ་བ་མ་ཞེས་བྱ་བ་ དང། རྡོ་རྗེ་མ་མོ་གཤིན་རྗེ་འཇོམས་མ་ཞེས་བྱ་བ་དང། འདི་ལྟ་བུའི་མ་མོའི་ཚོགས་ཀྱི་མཆོག་ཐམས་ཅད་ཀྱིས་ནམ་མཁའི་ཁམས་ཐམས་ཅད་གང་སྟེ། རིགས་ཀྱི་བདག་པོ་ རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གཉིས་སུ་མེད་པའི་ཡེ་ཤེས་འབྱུང་བ། དཔལ་ཧེ་རུ་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད། དམ་ཚིག་ཆེན་པོ་རྡོ་རྗེ་ རིགས་ཀྱི་དམ་ཚིག་ཡིན་ཏེ། ཆོས་རྣམས་ཐམས་ཅད་དངོས་པོ་མེད་།མཚན་ཉིད་ཐམས་ཅད་རྣམ་པར་སྤངས། །བདག་མེད་ཆོས་ལས་ཡང་དག་བྱུང། །འདི་ནི་དམ་ཚིག་ མཆོག་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གཉིས་སུ་མེད་པའི་རྡོ་རྗེ་གོ་ཆ་ཞེས་བྱ་བའི་རྡོ་རྗེ་དམ་ཚིག་གསུངས་པ་འདི་ལྟ་སྟེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྡོ་རྗེ་སེམས་ དཔའ་དང། རྣལ་འབྱོར་གྱི་དབང་ཕུག་ཆེན་པོ་རྣམ་པར་སྣང་མཛད་རྡོ་རྗེ་དང། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་པདྨ་གར་གྱི་དབང་ཕྱུག་དང། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ [136A]༄༅། །རྡོ་རྗེ་ཧེ་རུ་ཀ་དང། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྡོ་རྗེ་ཉི་མ་དང། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྡོ་རྗེ་རྟ་མཆོག་དང། རིགས་དྲུག་པོ་དེ་ ནི༑ ཡན་ལག་དྲུག་ཏུ་དགོད་པ་སྟེ། སྲུང་བ་གཉིས་སུ་མེད་པའི་དམ་ཚིག་གི་མཆོག་དེ་ནི། ཐབས་དང་ཤེས་རབ་གཉིས་སུ་མེད་པ་ལས་བྱུང་ངོ་[?] །རྣལ་འབྱོར་ཆེན་པོའི་ མཆོག་ཏུ་གསང་བ་སྦས་པ་བཤད་པར་བྱ་སྟེ། རྡོ་རྗེ་དབང་ཕྱུག་ཆེན་མོ་རྡོ་རྗེ་ཕག་མོ་དང། རྡོ་རྗེ་དབང་ཕྱུག་ཆེན་མོ་ཡ་མི་ནི་དང། རྡོ་རྗེ་དབང་ཕྱུག་ཆེན་མོ་རྨོངས་བྱེད་མ་ དང། རྡོ་རྗེ་དབང་ཕྱུག་ཆེན་མོ་གཡོ་བྱེད་མ་དང། རྡོ་རྗེ་དབང་ཕྱུག་ཆེན་མོ་སྐྲག་བྱེད་མ་དང། རྡོ་རྗེ་དབང་ཕྱུག་ཆེན་པོ་ཙཎྚི་ཀ་སྟེ། འདི་ལྟ་བུས་ཡང་ནམ་མཁའི་ཁམས་ དང། ཆོས་ཀྱི་དབྱིངས་ཐམས་ཅད་ཀྱི་གཉིས་སུ་མེད་པའི་དམ་ཚིག་ཡང་དག་པར་སྲུང་བའི་སྦྱོར་བའི་ཐུགས་གསང་བ་ཆེན་པོ་སྟེ། དེ་ལྟ་བུ་སྣ་ཚོགས་དུ་མའི་རྣལ་ འབྱོར་མ་རང་གི་ལག་པས་ཁྲག་དྲོན་མོ་མཆོག་གིས་མཆོད་པ་བྱས་ནས་ཐལ་མོ་སྦྱར་ཏེ་མོས་པ་མཆོག་གིས་སྤྱི་བོས་གཏུགས་སོ། །དེ་ནས་དམ་ཚིག་ཆེན་པོ་རྣམ་པར་ འཕྲུལ་པ་རྡོ་རྗེ་སྣ་ཚོགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རང་གི་བ་སྤུའི་བུ་གནས་སེམས་དཔའ་སྣ་ཚོགས་སྤྲོས་ཏེ་ཕྱུང་ནས་གདུལ་བ་དུ་མ་ལ་ [136B]དབྱིངས་ཡོངས་སུ་གང་བར་བྱས་ཏེ་སྣ་ཚོགས་པས་མདུན་གྱི་ནམ་མཁའ་ཡོངས་སུ་གང་བར་མཐོང་ངོ། །བཅོམ་ ལྡན་འདས་ཀྱིས་རིགས་སྣ་ཚོགས་པའི་སྙིང་རྗེ་ཆེན་པོའི་ཁྲོ་བོའི་ཆ་ལུགས་འཛིན་ཅིང་སེམས་ཅན་རྣམས་ལ་ཕན་པའི་ཕྱིར་གཉིས་སུ་མེད་པའི་རོ་དགའ་བ་སྣ་ཚོགས་ཀྱི་ཆོ་ འཕྲུལ་རྡུལ་སྙེད་དང་མཉམ་པ་བསྟན་ཏེ་ཁམས་གསུམ་གྱི་བདག་པོས་གསུངས་པ། ཆུ་དང། མེ་དང། རླུང་དང། དབང་ཆེན་གྱི་སྟེང་དུ་སྣ་ཚོགས་པའི་རིའི་རྒྱལ་པོ་རི་ རབ་སྣ་ཚོགས་རིན་པོ་ཆེ་སྣ་ཚོགས་པའི་གཟི་བརྗིད་ཀྱིས་མཛེས་པ་དེའི་སྟེང་དུ་དཔལ་རྡོ་རྗེ་སེམས་དཔའ་ཆོས་ཀྱི་དབྱིངས་ལས་རྡོ་རྗེ་ཁྲོ་བོ་ཆེན་པོ་ཕྱུང་ནས་སྤྲོས་ཏེ། རྡོ་རྗེ་ཆེན་ པོའི་གཞལ་ཡས་ཁང་དཀྱིལ་འཁོར་ཆེན་པོར་སྤྲུལ་པ་ལ་ཀུན་ཏུ་བཟང་པོ་ཆེན་པོ་བྱུང་སྟེ། རྡོ་རྗེ་འཁོར་དང་ལྷན་ཅིག་བྱུང་ནས་བརྟན་པར་བཞུགས་སོ། །ཕུན་སུམ་ ཚོགས་པ་སྣ་ཚོགས་པས་བརྒྱན་པ། རྡོ་རྗེ་རིན་པོ་ཆེའི་རྒྱན་གྱིས་སྤུད་པ། ཟླ་བ་དང་ཉི་མའི་མདོག་ལྟར་སྡུག་པ། དྲིལ་བུ་དང་རྔ་ཡབ་དང། རྒྱལ་མཚན་དང་ གཡེར་ཀའི་དྲ་བས་མིག་མང་རིས་སུ་བྲིས་པ། རྡོ་རྗེ་དམ་ཚིག་སྲད་བུ་ཆོས་ཀྱི་འཁོར་ལོ་ལ་འཇུག་པའི་སྒྲ་སྒྲོག་པ་སྣ་ཚོགས་པའི་ལྷ་དང། ཀླུ་དང། གནོད་སྦྱིན་དང། སྲིན་ [137A]༄༅། །བུ་དང། འབྱུང་པོ་དང། ཡི་དྭགས་དང། ཤ་ཟ་དང་སྨྱོ་བྱེད་དང། བརྗེད་བྱེད་དང། གྲིབ་གནོན་དང། མ་རུངས་པ་དང། ཤིན་ཏུ་ གདུག་པ་དང། རོ་ལངས་དང། རོ་དང། རོ་སྲེག་པ་དང། ཁྱི་དང་ལྕེ་སྤྱང་དང། ལྕེ་སྤྱང་མོའི་སྒྲ་སྒྲོག་པ། དཔའ་བོ་དང་མཁའ་འགྲོ་དང། མཁའ་འགྲོ་མའི་སྒྲ་ཕེཾ་ དང། ཨ་ལ་ལའི་སྒྲ་སྒྲོག་པ། དྲིལ་བུ་དང། ཅང་ཏེའུ་སྒྲ་སྒྲོག་པ། མགོ་བཅད་པ་གར་བྱེད་པས་ཉེ་བར་བརྒྱན་པ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་སྤྱོད་པ་དང་ དགེ་བའི་ལས་ཀྱིས་གྲོལ་བ། སེམས་ཅན་ཐམས་ཅད་ལ་སྙིང་རྗེའི་རོས་ཕན་འདོགས་པ། རྣམ་པར་འཁོར་བས་བསྐོར་བ། པདྨའི་གར་གྱིས་གར་བྱེད་ཅིང་ཐལ་མོ་ སྦྱོར་བ༑ གཡས་བརྐྱང་བས་གནས་པ། ལག་པའི་ཐལ་མོ་སྦྱར་བ་སངས་རྒྱས་ཐོད་པའི་དུམ་བུའི་ཆོས་ཀྱི་མཆོག་ཟབ་མོའི་ཚུལ་དང་ཁྲོ་བོའི་རྒྱལ་པོ་ཆེན་པོའི་འདོད་ པ་སྟོན་པ། སྐུ་ལུས་ཆེན་པོ་འཛིན་པ། ཟབ་མོའི་སྒྲ་སྒྲོག་པ་རང་གི་འཁོར་གྱི་དཀྱིལ་འཁོར་ཅན། མངོན་པར་བརྗོད་པའི་བླ་མ་ཆེན་མོ་ཉེ་བར་འབྱུང་བ། མཁའ་འགྲོ་ དང་མཁའ་འགྲོ་མའི་སྡོམ་པའི་རྒྱལ་པོའི་དྲ་བའི་དྲ་བ་ཅན་ཆོས་སྣ་ཚོགས་པའི་རྗེས་སུ་བསྟན་པའི་སྟོན་པ། སེམས་ཅན་གྱི་བསམ་པ་སྣ་ཚོགས་ཀྱི་བདེ་བ་སྟེར་ཞིང་སྟོན་ [137B] །ལག་ན་རྡོ་རྗེ་ལེགས་པར་ཉོན་ཅིག་མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས། ཞུ་བའི་ལེའུ་སྟེ་གཉིས་ པའོ༑༑ ༑༑དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ལ་རྡོ་རྗེ་གསང་བའི་སྙིང་པོ་གསུངས་པ། སྙིང་གར་ཟླ་བ་བསྒོམས་ནས་ནི། །རྡོ་རྗེ་ཕྲ་ མོའི་རྣམ་འཕྲལ་བ། །བདེ་གཤེགས་ཐམས་ཅད་གསང་བ་ནི། །མཁའ་འགྲོ་མ་ཡི་དྲ་བའི་སྔོམ། །དེར་ནི་གསང་བ་བྱིན་བརླབས་པ། །སྙིང་པོ་མཆོག་ནི་ལེགས་པར་ཉོན།། བླ་མ་ཡི་ཡང་བླ་མ་སྟེ། །མཁའ་འགྲོ་མ་ཡི་དྲ་བའི་སྔོམ། །ཨོཾ་སྭ་བྷཱ་བ་ཤུདྡྷཱསརྦྦ་དྷརྨཱས་བྷཱ་བ་ཤུདྡྷོཉཧཾ་ཨོཾ་ཤཱུ་ཉ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོཉཧཾ་ཨོཾ་བཛྲ་ཤུདྡྷཱསརྦ་ དྷརྨཱ་བཛྲ་ཤུདྡྷོཉཧཾ། ཨོཾ་ཡོ་ག་ཤུདྡྷཱསརྦ་དྷརྨཱཡོ་ག་ཤུདྡྷཱོཉཧཾ། ཨོཾ་ཛྙཱ་ན་ཤུདྡྷསརྦཱ་དྷརྨཱ་ཛྙཱ་ན་ཤུདྡྷོཉཧཾ། ཨོཾ་ས་མ་ཡ་ཤུདྡྷཱསརྦ་དྷརྨཱས་མ་ཡ་ཤུདྡྷོཉཧཾ། ཨོཾ་སརྦ་ ཏ་ཐཱ་ག་ཏ་ཤཱུ་ནྱ་ཏཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོཉཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་སུ་པྲ་ཏི་བི་ཤུདྡྷཱསརྦ་དྷརྨཱ་བྷཱ་ཏུ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོཉཧཾ། ཨོཾ་མནྟྲ་ཤུདྡྷསརྦ་དྷརྨཱསརྦ་ མནྟྲ་ཤུདྡྷོཉཧཾ། ཨོཾ་ཀྲོ་དྷ་ཤུདྡྷཱསརྦ་དྷརྨཱཀྲོ་དྷ་ཤུདྡྷོཉཧཾ། ཨོཾ་ཙིཏྟ་ཤུདྡྷཱསརྦ་དྷརྨཱཙིཏྟ་ཤུདྡྷོཉཧཾ། ཨོཾ་ཝཱ་ཀ་ཤུདྡྷཱསརྦ་དྷརྨཱ་ཝཱ་ཀ་ཤུདྡྷོཉཧཾ། ཨོཾ་ཀཱ་ཡ་ཤུདྡྷཱསརྦ་དྷརྨཱཀཱ་ [138A]༄༅། །ཡ་ཤུདྡྷོཉཧཾ། ཨོཾ་ཛྙཱ་ན་ཨ་མྲྀ་ཏ་ཤུདྡྷཱསརྦ་དྷརྨཱ་ཛྙཱ་ན་ཨ་མྲྀ་ཏ་ཤུདྡྷོཉཧཾ། ཨོཾ་ནཱ་ནཱ་ས་མ་ཡ་ཤུདྡྷཱསརྦ་དྷརྨཱ་ནཱ་ནཱ་ས་མ་ཡ་ཤུདྡྷོཉཧཾ། ཨོཾ་ཙཱ་རྱ་ན་ཡ་ ཤུདྡྷཱསརྦ་དྷརྨཱཙཱརྱ་ན་ཡ་ཤུདྡྷོཉཧཾ། ཨོཾ་ཏྲི་ཡོ་ག་པ་རི་ཤུདྡྷཱསརྦ་དྷརྨཱཏྲི་ཡོ་ག་པ་རི་ཤུདྡྷོཉཧཾ། ཨོཾ་ཨ་ཕི་ཥེ་ཀ་ཤུདྡྷཱསརྦ་དྷརྨཱཨ་བཧི་ཥེ་ཀ་ཤུདྡྷོཉཧཾ་ཨོཾ་པཱུ་ཛ་ཤུདྡྷཱསརྦ་ དྷརྨཱཔཱུ་ཛ་ཤུདྡྷོཉཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་དྭ་ཡ་པཱུ་ཛ་བཛྲ་སྭ་བྷཱ་པ་ཨཱཏྨ་ཀོཉཧཾ། ཨོཾ་མཎྜལ་ལ་ཤུདྡྷཱསརྦ་དྷརྨཱམཎྜལ་ལ་ཤུདྡྷོཉཧཾ། ཨོཾ་ཨ་དཧི་པ་ཏི་ཤུདྡྷཱསརྦ་དྷརྨཱཨ་དཧི་པ་ ཏི་ཤུདྡྷོཉཧཾ། ཨོཾ་བའི་ར་ཤུདྡྷསརྦ་དྷརྨཱབཱིར་ཤུདྡྷོཉཧཾ། ཨོཾ་ཡོ་གའི་ནི་ཤུདྡྷཱསརྦ་དྷརྨཱཡོ་གའི་ནི་ཤུདྡྷོཉཧཾ། ཨོཾ་ཏ་ཏྭ་ཤུདྡྷསརྦ་དྷརྨཱཏ་ཏྭ་ཤུདྡྷོཉཧཾ། ཧེ་ཨི་ཏི་ཧེ་ཏུ་ཨ་པ་ ག་ཏ་སརྦ་དྷརྨཱ་ཧེ་ཏུ་ཨ་བ་ག་ཏོཉཧཾ། རུ་ཨི་ཏི་རཱུ་ཀ་ར་ཨ་པ་ག་ཏ་སརྦ་དྷརྨཱ་རཱུ་ཀ་ར་ཨ་བ་ག་ཏོཉཧཾ། ཀ་ཨི་ཏི་ནཱ་ཀཱ་ཙིཏྟ་སྠི་ཏ་སརྦ་དྷརྨཱ་ནཱ་ཀཱ་ཙིཏྟ་སྠི་ཏོཉཧཾ། ཨོཾ་ཛྷ་ཊི་ཏ་ཀཱ་ར་ཤུདྡྷཱསརྦ་དྷརྨཱ་ཛྷ་ཊི་ཏ་ཀཱ་ར་ཤུདྡྷོཉཧཾ་ ཨོཾ་བྷ་པ་ཤུདྡྷཱསརྦ་དྷརྨཱབྷ་བ་ཤུདྡྷོཉཧཾ། ཨོཾ་ཛཱ་ལ་ཤུདྡྷཱསརྦ་དྷརྨཱཛཱ་ལ་ཤུདྡྷོཉཧཾ། ཨོཾ་ཨཱ་ཧ་ར་ཤུདྡྷཱསརྦ་དྷརྨཱཨཱཾ་ཧ་ར་ཤུདྡྷོཉཧཾ། ཨོཾ་བྷཀྵ་ཤུདྡྷཱསརྦ་དྷརྨཱ་ བྷཀྵ་ཤུདྡྷཉཧཾ། ཨོཾ་ཨ་ས་མཱ་ཧི་ཏ་ཤུདྡྷཱསརྦ་དྷརྨཱཨ་ས་མཱ་ཧི་ཏེ་ཤུདྡྷོཉཧཾ། ཨོཾ་སི་སཾ་བེ་ད་ན་ཤུདྡྷཱསརྦ་དྷརྨཱསི་སཾ་བེ་ད་ན་ཤུདྡྷོཉཧཾ། ཨོཾ་དྭེ་ཥ་ཤུདྡྷཱསརྦ་དྷརྨཱདེ་ཥ་ [138B] ཨོཾ་མོ་ཧ་ཤུདྡྷཱསརྦ་དྷརྨཱམོ་ཧ་ཤུདྡྷོཉཧཾ། ཨོཾ་རཱ་ག་ཤུདྡྷཱསརྦ་དྷརྨཱརཱ་ག་ཤུདྡྷོཉཧཾ། ཨོཾ་མཱ་ན་ཤུདྡྷཱསརྦ་དྷརྨཱམཱ་ན་ཤུདྡྷོཉཧཾ། ཨོཾ་ཨི་རྵ་ཤུདྡྷཱསརྦ་དྷརྨཱཨིརྵ་ ཤུདྡྷོཉཧཾ། ཨོཾ་ཁ་བཛྲ་ཤུདྡྷཱསརྦ་དྷརྨཱཁ་བཛྲ་ཤུདྡྷོཉཧཾ། ཨོཾ་ཏྲི་ཙ་ཀྲ་པ་རི་ཤུདྡྷཱསརྦ་དྷརྨཱཏྲི་ཙ་ཀྲ་པ་རི་ཤུདྡྷོཉཧཾ། ཨོཾ་ཌཱ་ཀི་ནི་ཤུདྡྷཱསརྦ་དྷརྨཱཌཱ་ཀི་ནི་ཤུདྡྷོཉཧཾ། ཨོཾ་ཤདྐུ་ལ་ཤུདྡྷཱ་ སརྦ་དྷརྨཱཤདྐུ་ལ་ཤུདྡྷོཉཧཾ། ཨོཾ་མཱ་ཏྲི་ཤུདྡྷཱ་སརྦ་དྷརྨཱམཱ་ཏྲི་ཤུདྡྷོཉཧཾ། ཨོཾ་པི་ཏྲི་ཤུདྡྷཱ་སརྦ་དྷརྨཱཔི་ཏྲི་ཤུདྡྷོཉཧཾ། འདི་ལྟར་ཇི་ཉེ་བའི་དུར་ཁྲོད་ཀྱི་བར་ཐམས་ཅད་རྣམ་པར་དག་ པར་ཤེས་པར་བྱའོ། །པུ་ཛ་ཨོ་ཨ་གོར་དེ་མ་ཀ་ཨོ་ཏྲི་ཀོ་ཀ་ལ་ཀ་ཧཾ་པྲེ་གྲི་སཽ་སུ་ན་སི་མ་ཀུ། ས་བཅུ་རྣམ་པར་དག་པའི་བདག་།ཕ་རོལ་ཕྱིན་བྕུའང་དེ་བཞིན་ཏེ། །ཤེས་པ་བཅུ་ ཡང་རྣམ་དག་བདག་བཅུ་པོ་དེ་དག་རྣམ་པར་བསྒོམ། །འཁོར་ལོ་གསུམ་ཡང་ཡོངས་དག་ཕྱིར། །ཉི་ཤུ་རྩ་བཞི་བདག་ཉིད་དགེ་དུས་དང་ཚོད་རྣམས་རྣམ་གྲོལ་བས། ། རྣལ་འབྱོར་མ་ཡི་ཡིད་དགའ་བ། །སུམ་ཅུ་རྩ་བདུན་རྣམ་དག་དོན་།མངོན་མཐོ་ཧེ་རུ་ཀ་ལས་བྱུང། །མངོན་བརྗོད་རྒྱུད་ནི་བླ་མའི་བླ། །གསང་ཆེན་མཆོག་གི་དམ་པ་འོ། ། གཡོན་དང་གཡས་སུ་བསྐོར་བ་ཡིས། །དགོད་ཅིང་མཆོད་དང་བསྐོར་བར་བྱ། །གང་གིས་དེ་ཉིད་ཤེས་པ་ཡིས། །བརྡ་ནི་ལྔ་པོ་བསྟན་པར་བྱ། །གང་ཡང་དབང་བསྐུར་མེད་ [139A]༄༅། །པ་ལ༑ ༑གཞན་དུ་དེ་ཉིད་མ་བསྟན་ཅིག་མངོན་བརྗོད་རྒྱུད་ལ་བླ་མ་ཡིས། །དབང་བསྐུར་སློབ་མ་དག་ལ་སྦྱིན། །གཞན་དུ་སློབ་མ་སྨྱོ་བ་དང། །བརྒྱལ་དང་ རྨོངས་པ་དག་ཏུ་འགྲོ། །མནར་མེད་འཇིགས་པ་ཆེན་པོ་དང། །ངན་པ་དེར་ནི་ལྷུང་བར་འགྱུར། །གླེགས་བམ་བཤེས་མིན་ལ་སྟེར་བ། །ངན་པ་དེ་མ་ཐག་ཏུ་འཆི། །ཕོལ་མིག་རིམས་ དང་དུག་དང་ནད། །མཁའ་འགྲོ་གདོན་གྱིས་གཙེས་པར་འགྱུར། །མི་སྲུན་བགེགས་དང་ཚོགས་བདག་གིས། །གསོད་ཅིང་དམྱལ་བར་ལྟུང་བར་འགྱུར། །ཇི་སྲིད་འབད་པ་ཐམས་ ཅད་ཀྱིས། །བླ་མ་སློབ་མས་རིམ་བཞིན་དུ། །དེ་ཉིད་རྟག་ཏུ་སྦས་ན་ནི། །མྱུར་དུ་སྔགས་ཀྱི་དངོས་གྲུབ་འགྱུར། །བླ་མས་ཐམས་ཅད་རིམ་བཞིན་དུ། །མངོན་བརྗོད་རྒྱུད་ཀྱི་རིམ་ པ་བཞིན། །ལྷ་ཡི་རྣལ་འབྱོར་ལ་སྦྱོར་བ། །གཉིས་སུ་མེད་པའི་ཡེ་ཤེས་འགྱུར། །དེ་མ་ཐག་ཏུ་བྱང་ཆུབ་སྟེ། །མཆོག་ནི་ངེས་པར་རྙེད་པར་འགྱུར། །མི་ཡི་བུ་མོ་འདི་འདྲ་ སྤང། །བདག་གི་དམ་ཚིག་མི་ཤེས་ཤིང། །དྲག་ཅིང་ལོག་ལྟ་རང་བཞིན་ངན། །མི་སྲུན་སྙིང་རྗེ་མེད་པ་དང། །བརྐམ་ཆགས་སེར་སྣར་ལྡན་པ་དང། །སྤྱང་ཞིང་ངན་ལ་ ཕྲག་དོག་ཅན། །སྐྱེས་པ་གཞན་ལ་ཆགས་པ་དང། །རྣམ་པར་རྟོག་པ་མང་བ་དང། །འདི་འདྲའི་ཕྱག་རྒྱ་སྤང་བར་བྱ། །སྦྱོར་བའི་དངོས་གྲུབ་རིང་བ་ཡིན། །པུཀྐ་སཱི་ནི་མཛེས་ [139B][?]བླང། །གཟུགས་སྡུག་གཞོན་པས་རྣམ་པར་བརྒྱན། །སྦྱོར་བ་ལ་ནི་གཅིག་ཏུ་སེམས། །བརྟུལ་ཞུགས་བརྟན་ཞིང་དམ་ཚིག་ཤེས་།དཔའ་ཞིང་ཆགས་བྲལ་ངོ་ཚ་མེད། ། ང་རྒྱལ་མེད་ཅིང་སེར་སྣ་མེད། །སྔགས་པ་རང་གི་སྤྱོད་པ་སྟེ་།རིག་མ་བརྟུལ་ཞུགས་ཁྱོད་ཀྱིས་ལོངས། །ཕྱག་རྒྱ་ལྔ་ནི་རྟག་ཏུ་འཆང། །མགོ་ལ་ཐོད་པའི་རྒྱན་ཡང་བྱས། ། ཐོད་པ་དང་ནི་ཁ་ཊཱཾ་འཛིན། །ཐལ་བའི་རྡུལ་གྱིས་རྣམ་པར་བྱུགས། །རྟག་ཏུ་མ་ཧཱ་མཱ་ས་བཟའ། །ཐམས་ཅད་བཏུང་བས་མྱོས་པ་དང། །རོ་ཡི་གདན་ལ་འདུག་པ་དང། །པགས་ པ་ཆེན་པོ་གོས་སུ་གྱོན། །རྗེས་སུ་མཐུན་པའི་བཟའ་བ་ཟ། །ཞག་དང་ཁྲག་གིས་ཚིམ་པ་དང། །གྲོང་ངམ་དགོན་པ་དག་ཏུ་ཡང་།གང་ཞིག་ཡུལ་དུ་འགྲོ་བ་ན། །རྟག་ཏུ་ཆགས་ བས་མི་གནས་ཤིང། །རྟག་ཏུ་དུར་ཁྲོད་སྤྱོད་བྱེད་ལ། །ཡང་ན་ཚོང་འདུས་གནས་པ་དང། །ཉན་ཐོས་འཇིག་རྟེན་སྐལ་མེད་པའི། །མི་ཤེས་གཏི་མུག་གིས་ཁྱབ་པ། །ཉན་ཐོས་ཡོངས་སུ་ ལོངས་སྤྱོད་པའི། །གཙུག་ལག་ཁང་དུ་གནས་མི་བྱ། །ཇི་ལྟར་སྐྱེས་བུ་དབུལ་པོ་བཞིན། །བྱང་ཆུབ་སེམས་དཔའ་དེ་བཞིན་གནས། །རྡོ་རྗེ་གར་གྱིས་རྣམ་པར་རོལ། །རྟག་ཏུ་དུར་ཁྲོད་ ལ་གནས་ཤིང། །དྲི་ཆེན་ཤ་ཆེན་ཟས་སུ་བཟའ། །མྱོས་བྱེད་བཏུང་བར་ལྡན་པ་ཡི། །དཔའ་བའི་གཙོ་བོས་རྩེ་གཅིག་པའི། །སེམས་ཀྱིས་རབ་ཏུ་བསྒོམ་པར་བྱ། །ཕྱག་རྒྱ་ཆེན་པོ་མ་ [140A]༄༅། །རྙེད་ན༑ ༑གཡེང་བ་ཐམས་ཅད་རྣམ་སྤངས་པའི། །དེ་ནི་ཡེ་ཤེས་འབྱུང་གནས་ཏེ། །ཤེས་རབ་ཕ་རོལ་ཕྱིན་ལས་འབྱུང་།གཟུང་དངོས་ཡིན་ པ་མི་དམིགས་པའི། །གཉིས་སུ་མེད་པ་ཉིད་ལ་གནས། །རྩེ་གཅིག་སེམས་ནི་བྱས་ནས་ཀྱང། །སྒོམ་པའི་སྤྱོད་པ་ལ་གནས་ན། །བདེ་ལ་དགའ་བའི་དངོས་གྲུབ་འགྱུར།། ཤེས་རབ་ཐབས་ཀྱི་ཆོ་གའི་རིམ། །ཕྱག་རྒྱ་ཆེ་དང་ངེས་པར་རོལ། །སྒོམ་པ་མངོན་དུ་གྱུར་པ་ཡིས། །རྣམ་གྲོལ་སངས་རྒྱས་ཐམས་ཅད་ཀྱང། །སྐྱེ་བ་འདི་ལ་དངོས་ གྲུབ་འགྱུར། །གཡོན་པའི་སྤྱོད་པ་ཤེས་རབ་སྟེ། །གཡས་པ་དེ་བཞིན་ཐབས་ཡིན་ནོ། །སྒོམ་པར་ལྡན་པའི་མཐུ་སྟོབས་ནི། །སུམ་ཅུའི་དབང་ཕྱུག་ལ་དབང་བྱེད།། རྣལ་འབྱོར་མ་ནི་དངོས་གྲུབ་དང། །གནོད་སྦྱིན་ཀླུ་ཡི་བུ་མོ་དང་།གཞན་ཡང་སྣ་ཚོགས་དྲི་ཟ་མོ། འདོད་པའི་ལོངས་སྤྱོད་དག་ལ་སྤྱོད། །དེ་ཉིད་གསང་བའི་མཆོག་ གྱུར་པ༑ ༑ཨཱ་ལི་ཀཱ་ལི་རྟག་ཏུ་བསྒོམ། །རང་གི་ལྷ་ཡི་སྦྱོར་བ་ཡིས། །ཐམས་ཅད་དེ་བཞིན་རྣམ་པར་བརྟག་དཔའ་བོས་བརྡ་རྣམས་བསྟན་པ་ནི། །རྣལ་འབྱོར་པ་ཡི་ ལག་གཡོན་གྱིས། །བརྡ་རྣམས་ལ་ནི་འཇུག་པར་བྱ། །དཔའ་བོའི་གནས་སུ་གྱུར་པ་འདི། །རྒྱུ་དང་མི་རྒྱུའི་འཇིག་རྟེན་གསུམ། །འགྲོ་ཀུན་གཡོན་ལས་བྱུང་བ་ཡིན། ། [140B] །མཛུབ་མོར་རྣམ་པར་སྣང་མཛད་བཞུགས། །གུང་མོར་པདྨ་གར་དབང་གནས། །སྲིན་ལག་དཔའ་བོ་དངོས་གྲུབ་ཅན། །ཐ་མ་ལ་ནི་མི་ཟད་སྐུ། །སེན་ མོའི་ངོས་ལ་རྟ་མགྲིན་གནས། །གཡོན་པའི་རྒྱུ་ལས་བྱུང་བ་ནི་།དཔའ་བོ་ཐམས་ཅད་ཡིན་པར་བཤད། །ལག་མཐིལ་ཕོ་ཉ་འདུས་པའི་མཆོག་རྒྱབ་ཏུ་ཤིན་ཏུ་ངེས་བྱས་ཏེ།། བརྡ་ནི་ལྔ་པོ་ བརྟན་པར་བྱ། །སྒྲུབ་པ་པོ་ཡིས་ཤེས་པར་གྱིས། །ས་ནི་སྤྱན་ཞེས་བྱ་བར་བཤད། །ཆུ་ཁམས་མཱ་མ་ཀཱི་རུ་བཤད། །མེ་ནི་གོས་དཀར་མོ་རུ་བཤད། །རླུང་ནི་སྒྲོལ་མ་དག་ཏུ་གྲགས།། འོ་བྱེད་མ་ནི་སྟོང་པ་སྟེ། །དེ་བཞིན་ཕ་རོལ་ཕྱིན་པ་ཡིན། །དབུས་ཀྱི་དཔའ་བོ་ཐམས་ཅད་ནི། །མཁས་པས་རྒྱབ་ཏུ་གཤེགས་སུ་གསོལ་།གསང་བ་འདི་ནི་མི་བསྟན་ ཅིང། །རབ་ཏུ་འབད་དེ་སྦ་བར་བྱ། །དེ་ལྟར་བརྡ་ཡིས་དཔའ་བོ་རྣམས། །དེ་དང་ལྷན་ཅིག་བཟའ་བ་བཟའ། །དཔའ་བོས་ཐམས་ཅད་མཉམ་སྦྱོར་བ། །མཁའ་འགྲོ་དྲ་བའི་ བདེ་མཆོག་ཡིན། །ཕན་ཚུན་རྗེས་འགྲོ་ཐམས་ཅད་ཀྱི། །སྣ་ཚོགས་བརྡ་ནི་བཤད་པར་བྱ། །མཁའ་འགྲོ་མ་ཡི་མཚན་ཉིད་དང། །ཕོ་ཉ་རྣམས་ཀྱི་མཚན་ཉིད་དང། ། སྒྲུབ་པ་པོ་ལ་ཕན་པའི་ཕྱིར། །དེ་དག་ཐམས་ཅད་བཤད་པར་བྱ་།རས་བྲིས་དང་ནི་སྐུ་གཟུགས་དང། །འབྲི་ན་དེ་བཞིན་དམ་ཚིག་དང། །སྐུ་མདོག་གི་ [141A]༄༅། །ནི་ཁྱད་པར་གྱིས། །གང་གིས་སྒྲུབ་པ་པོ་འགྲུབ་པ། །སྣ་ཚོགས་སྔགས་ཀྱིས་མཛེས་པ་ཡི། །ཕུན་སུམ་ཚོགས་པའི་དཀྱིལ་འཁོར་དང། །ལྷ་ ཡི་དམ་ཚིག་ཡིད་འོང་བ། །རྣལ་འབྱོར་མ་ནི་སྣ་ཚོགས་མཆོག་དཔའ་བོ་སྣ་ཚོགས་ཡིད་འོང་བའི། །རྣལ་འབྱོར་མ་ནི་ཡང་དག་འདུས་།མཁའ་འགྲོ་མ་ཡང་ཡང་ དག་འདུས། །རང་རིགས་སྣ་ཚོགས་མཆོག་དམ་པ། །བླ་མ་བརྒྱུད་པའི་བཀའ་བཞིན་དུ། །སློབ་མ་ལ་ནི་ཕན་པའི་ཕྱིར། །བདག་པོའི་ལས་ལ་ཤིན་ཏུ་མཁས། ། སྔགས་དང་རྒྱུད་ལ་ལེགས་པར་བསླབས། །གཞན་ཡང་ཆོ་གའི་རིམ་པ་དང། །མངོན་བརྗོད་བླ་མའི་ལས་ལ་མཁས། །ཕྱུགས་ཀྱི་མཚན་ཉིད་སྔགས་པས་རྟོགས།། སྣ་ཚོགས་རིགས་ཀྱི་ཁྱད་པར་དང། །རྣལ་འབྱོར་མ་ཡི་སྤྱོད་པ་དང། །མཁའ་འགྲོ་མ་ཡང་དེ་བཞིན་ཏེ། །ཕྱི་རོལ་མ་མོའི་ཕྱག་རྒྱ་དག་ཕག་མོ་ཡི་ནི་རིགས་ལས་ བྱུང། །དཔའ་པོ་ཀུན་གྱི་སྤྱོད་པ་དང། །འཁོར་ལོའི་སྤྱོད་པ་ཤིན་ཏུ་བསླབས། །ཕྱི་ཡི་རྣལ་འབྱོར་དབང་ཕྱུག་གི་མཚན་ཉིད་སྤྱོད་པ་དག་ལ་མཁས། །ཧེ་རུ་ཀ་ དཔལ་རིགས་ལས་བྱུང། །དགེ་བའི་སྤྱོད་པ་དག་ལ་བསླབས། །ཡུལ་གྱི་སྤྱོད་པའི་ཁྱད་པར་དང། །སློབ་དཔོན་སྤྱོད་པ་དག་ལ་མཁས་།རྣལ་འབྱོར་མ་ཡི་རྒྱུད་སྤྱོད་ [141B] །རྣལ་འབྱོར་རྒྱུད་ནི་རྒྱ་ཆེ་བ། །བྱ་བའི་རྒྱུད་ཀྱི་དབྱེ་བའི་རིམ། །ཐམས་ཅད་རྒྱུད་རྣམས་རྣམ་པར་ཤེས། །འགྲུབ་པའི་ལུང་དང་བསྟན་བཅོས་དང། །མདོ་སྡེ་སྐྱེས་རབས་དེ་བཞིན་ ཏེ༑ ༑བླ་ན་མེད་པའི་སྤྱོད་པ་དག་ཤེས་རབ་ཕ་རོལ་ཕྱིན་ལས་བྱུང། །ཕྱི་རོལ་བསྟན་བཅོས་ཡོངས་ལ་མཁས། །ཕུན་སུམ་ཚོགས་པ་སློབ་དཔོན་མཆོག་སྦྱོར་བའི་སྒོམ་པར་ ལྡན་པ་དང། །ཡིད་གཉིས་མེད་པ་ཉིད་ཀྱིས་ནི། །བཟའ་བ་ཐམས་ཅད་བཟའ་བར་བྱ། །ཡི་གེ་བརྒྱ་པས་ཐམས་ཅད་དུ། །གསང་སྔགས་བརྟན་པར་བསྒོམས་ནས་སུ། །རང་ གི་མིང་དང་ལྡན་པར་ནི། །གཅིག་ཏུ་སྤེལ་ནས་བཟླ་བར་བྱ། །རྟག་ཏུ་ཕྲེང་བའི་སྔགས་ཀྱང་བཟླ། །དོན་རྣམས་ཐམས་ཅད་འགྲུབ་པར་འགྱུར། །བླ་མ་ལས་ཀྱང་བླ་མ་སྟེ། །མཁའ་ འགྲོ་མ་ཡི་དྲ་བའི་སྡོམ། །གསང་སྔགས་བཏུས་པས་གོ་ཆ་དང་།སྙིང་པོ་དང་ནི་ཉེ་སྙིང་དང། །གསང་སྔགས་བཏུས་པར་རྗེས་སུ་བསྲུང། །དཀྱིལ་འཁོར་ཤིན་ཏུ་མཛེས་ པ་ལ༑ ༑ཡི་གེའི་དཀྱིལ་འཁོར་ལེགས་བཀོད་ནས། །དཔའ་བོ་རྣལ་འབྱོར་མ་རྣམས་བསྐྱེད། །འདི་ནི་གསང་སྔགས་ཐམས་ཅད་དོ། །མ་མོ་རྣམས་ཀྱི་དམ་པ་མཆོག་ གསང་བ་དགའ་བ་སྦས་པ་སྟེ། །གསང་སྔགས་ཐམས་ཅད་བསྡུས་པ་ཡིན། །གསང་སྔགས་ཀུན་གྱི་གནས་ཡིན་ནོ། །འགྲོ་བ་འབྱུང་བའང་མ་མོས་ཁྱབ། །དེ་ཉིད་འདི་ནི་ [142A]༄༅། །མི་བསྟན་ཏེ། །དངོས་གྲུབ་འཇོམས་པར་འགྱུར་བ་ཡིན། །སྒོམ་པ་འདི་ནི་མཆོག་ཡིན་ཏེ། །འདོད་པའི་དངོས་གྲུབ་བླ་ན་མེད། །སྐྱེ་འགྲོས་ འདི་ནི་བསྒོམས་ཙམ་གྱིས། །རྡོ་རྗེ་སེམས་དཔའི་གོ་འཕང་རྙེད་།བྱམས་པའི་གོ་ཆ་བགོས་པ་སྟེ། །སྙིང་རྗེ་ཆོས་ཀྱི་གོ་ཆ་ཡིན་།ཤེས་རབ་མཚོན་ཆར་ལྡན་པ་ཡིན། །ཉོན་ མོངས་བདུད་ནི་རྣམ་པར་སྤངས། །ཕྱིར་ལྡོག་ཆེན་མོས་སྲུང་བ་དང། །རྡོ་རྗེ་ཞལ་བཞིས་རྣམ་པར་མཚན། །སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། །ཁ་སྦྱར་གསུམ་གྱི་རྡོ་ རྗེས་མཚན། །ཐམས་ཅད་མཆོག་གི་སྲུང་བ་ཆེ། །དངོས་གྲུབ་ཐམས་ཅད་རབ་ཏུ་སྩོལ། །བཀའ་ཡི་འཁོར་ལོ་སྲུང་བ་ཆེ། །ཕུར་བུས་བགེགས་མེད་དངོས་གྲུབ་འགྱུར། ། སྲུང་བ་མཆོག་ནི་འདི་དག་གིས། །སྒྲུབ་པ་པོ་ལ་བྱང་ཆུབ་སྩོལ་།རྡོ་རྗེ་ཕུར་བུས་ར་བ་དང། །རྡོ་རྗེའི་ས་དང་དྲ་བ་དང་།སྟེང་གི་གུར་དང་བླ་རེ་ཡིས། །གདུག་པའི་བདུད་ ནི་བསྐྲད་བྱས་ནས། །མི་གསོད་གསོད་པ་མེད་པ་ཡིན། །གང་གིས་རང་སེམས་ཐུལ་བ་ཡིས། །བདག་གི་སེམས་ནི་བཅིངས་པ་ཡིན། །གང་ལ་གང་གིས་གསོད་པ་ ཡིན༑ ༑མཉམ་པའི་སེམས་ནི་དྲི་ཡིན་ཏེ། །གྲུ་བཞི་པ་ནི་བྱུག་པ་ཡིན་།ཙནྡན་དཀར་པོ་ལུས་ཡིན་ཏེ། །མཉམ་པར་གནས་པ་ཉིད་ཡིན་ནོ། །མེ་ཏོག་བཟོད་པ་རྣལ་ [142B] །འབད་པས་གཏོར་པ་ཡིན་པར་བཤད། །རང་བཞིན་དག་པ་བདུག་པ་སྟེ། །མཉམ་པའི་སྒོམ་པ་བདུག་པ་ཡིན། །མངོན་པར་བརྗོད་པའི་རྒྱུད་བླ་མ་ཆེན་པེ་ལས། དེ་ ཁོ་ན་ཉིད་ཀྱི་སྙིང་པོའི་དོན་དམ་པ་བསྟན་པ་སྟེ་ལེའུ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་རྡོ་རྗེ་མཁའ་འགྲོས་དེ་ཁོ་ན་ཉིད་ཀྱི་གསང་བ་གསུངས་ པ༑ དེ་ནས་ཡང་དག་བཤད་བྱ་བ། །མངོན་བརྗོད་རྒྱུད་ནི་བླ་མའི་བླ། །བླ་མ་བརྒྱུད་པས་བཤད་པ་བཞིན། །ཕྱི་རོལ་རྣམ་རྟོག་སྤངས་ནས་ནི། །མཉམ་པའི་དམ་ཚིག་མཆོག་ དམ་པ༑ ༑རྟོག་པ་མེད་ཅིང་དཔྱོད་པ་མེད། །འཇིགས་པ་ཐམས་ཅད་རྣམ་པར་སྤངས། །ཚེས་གྲངས་མེད་ཅིང་སྐར་མ་མེད། །བསླབ་པའི་ཆོ་གའང་ཡོད་མ་ཡིན། །གཙང་ སྤྲ་མེད་ཅིང་མི་གཙང་མེད། །དག་པའི་བྱ་བའང་ཡོད་མ་ཡིན་།དུས་དང་ཚོད་ལས་རྣམ་པར་གྲོལ། །དག་པའི་སྤྱོད་པ་རྣམ་པར་སྤངས། །རང་གི་སྔགས་རྒྱུད་སྦྱོར་བ་ཤེས། ། སེམས་ཅན་ཀུན་གྱི་དོན་ཡང་བྱེད། །རིལ་བུ་དང་ནི་རི་རྩི་དང་།ཆུ་བོ་ཆེན་པོའི་ངོགས་དག་དང། །རྒྱ་མཚོ་ཆེན་པོའི་འགྲམ་དག་དང། །ཤིང་གཅིག་དང་ནི་དགེ་བའི་ གནས༑ ༑མ་མོའི་ཁྱིམ་མམ་དུར་ཁྲོད་དམ། །སྣ་ཚོགས་དམ་པའི་ལྡུམ་ར་དང། །ལྷ་ཁང་དང་ནི་མཆོད་རྟེན་གནས། །ཁྱིམ་མམ་བཞི་མདོ་དག་ཏུ་ནི། །སྒྲུབ་པ་པོ་ཡིས་སྦྱོར་ [143A]༄༅། །བསྒྲུབས་ན། །འདོད་པ་ཀུན་གྱི་འབྲས་བུ་སྟེར། །གནས་ནི་བརྟག་པ་བྱས་ནས་ཀྱང། །ཡིད་ནི་གང་དུ་དགའ་བ་དེར། །སྣ་ཚོགས་བདེ་ མཆོད་དམ་པ་ནི། །དེ་རུ་བསྒྲུབས་ན་དངོས་གྲུབ་འགྱུར། །སེམས་སྦྱོར་མེད་པ་ཉིད་ལས་ནི། །དུ་མར་དབྱེ་བའི་སྒོམ་པ་ཡིས། །ཡེ་ཤེས་ལྔ་ཡི་བདུད་རྩིས་ནི། །ས་ ནི་བྱུག་པ་བྱས་ནས་ཀྱང། །བཟོད་པའི་ཕ་རོལ་ཕྱིན་པ་ཡི། །མེ་ཏོག་འབད་པས་དགྲམ་པར་བྱ། །སྣ་ཚོགས་ཕྱག་རྒྱ་ཡིད་འོང་གདན་།མཉམ་པར་བཞག་པས་ རྒྱ་ཆེར་བྱ། །རྩེ་གཅིག་པ་ཡི་སེམས་ཀྱིས་ནི། །བསམ་གཏན་ཕ་རོལ་ཕྱིན་པ་སྒྲུབ། །ཚངས་པའི་གནས་བཞི་ལ་གནས་ཏེ། །བསྡུ་བའི་དངོས་པོ་བཞི་པོ་བྱ། །དགེ་ བ་བཅུ་ཡང་དམིགས་ནས་ནི། །སེམས་ཅན་ཀུན་གྱི་དོན་ཡང་བྱ། །ཕྱི་དང་ནང་དུ་བལྟས་ན་ནི། །ཆོས་རྣམས་ཐམས་ཅད་སྟོང་པ་ཡིན་།བྱང་ཆུབ་ཚོགས་ཀྱི་ མཆོག་དམ་པ། །སེམས་ཙམ་ལ་ནི་རབ་ཏུ་གནས། །རང་གི་སྙིང་ག་མཁའ་དཀྱིལ་དུ། །ཉི་མའི་དཀྱིལ་འཁོར་གནས་པར་བསྒོམ། །དེ་སྟེང་དེ་ཉིད་མཆོག་གྱུར་ པ༑ ༑ཡེ་ཤེས་ལྔ་པོ་ཞི་བ་ཡིན། །སྣ་ཚོགས་འོད་ཟེར་གསལ་བ་ཡི་།རྣམ་པར་འཕྲོ་བས་ཀུན་ཏུ་ཁྱབ། །སྔོན་གྲུབ་པ་རྣམས་བསྐུལ་ནས་ནི། །བྱིན་གྱིས་བརླབས་པའང་ [143B] །ནམ་མཁའི་ཁམས་ནི་སྒོམ་དགའ་བས། །དཀྱིལ་འཁོར་མཆོག་ནི་མཐོང་བ་ཡིན། །ཏིལ་གྱི་གང་བུ་ལྟ་བུ་ཡི། །ལྷ་དང་ཁྲོ་བོས་ཁྱབ་པར་མཐོང། །སངས་ རྒྱས་བྱང་ཆུབ་སེམས་དཔའ་དང། །བྱང་ཆུབ་སེམས་དང་བླ་མའི་གཙོ། །ལྷ་མོ་སྣ་ཚོགས་མཐོང་ནས་ནི། །བདག་གིས་མཆོད་ཅིང་བརྗེད་པར་བྱ། །སངས་རྒྱས་སྤྲོས་ཏེ་ སྤྲུལ་པའི་ཚོགས། །ཁྲོ་བོའི་རྒྱལ་པོ་རྣལ་འབྱོར་མས། །འགྲོ་བ་རིགས་དྲུག་སེམས་ཅན་རྣམས། །སངས་རྒྱས་གནས་སུ་དགོད་པར་བྱེད་།ནམ་མཁའི་དཀྱིལ་ནི་ཀུན་ ཁྱབ་པའི། །མཆོག་དེ་མཐོང་ནས་བསྡུས་ནས་སུ། །ཐམས་ཅད་གསུམ་ལ་སྐྱབས་སུ་མཆི། །བྱང་ཆུབ་མཐར་ཐུག་བར་དུ་ནི། །སེམས་ཅན་མ་ལུས་གྱུར་པ་རྣམས། ། སངས་རྒྱས་གོ་འཕང་དེ་ལ་གཞག་དེ་ལ་སྒྲུབ་པ་པོས་གསོལ་གདབ་།དགེ་བའི་ལས་ལས་བྱུང་བ་ལ། །རྟག་ཏུ་བདག་ནི་སྐྱབས་སུ་མཆི་།རྨོངས་པའི་གཟུགས་ཅན་ ང་རྒྱལ་དང། །གཟུགས་དང་ཚོར་བ་འདུ་ཤེས་དང། །འདུ་བྱེད་རྣམ་ཤེས་དེ་བཞིན་ནོ། །ཨོཾ་བཧྲུཾ་ཨོཾ་ཧྲཱིཾ་ཧོཧཱུཾ། དེ་ནི་རྣམ་པར་སྣང་མཛད་དང། །རྡོ་རྗེ་ཉི་མ་གར་དབང་ཕྱུག་ རྡོ་རྗེ་རྒྱལ་པོས་ཁྱབ་པ་ཡིན། །རྡོ་རྗེ་སེམས་དཔའ་མཆོག་དེ་བཞིན། །དེ་བཞིན་གཤེགས་པ་ཐམས་ཅད་ནི། །ཧེ་རུ་ཀ་དཔལ་རྡོ་རྗེ་ཡི། །མིག་དང་རྣ་བ་སྣ་དང་ནི། །ལྕེ་དང་ [144A]༄༅། །རེག་པ་ཡིད་དེ་བཞིན། །ཨོཾ་ཧཱུཾ་ཏྲཾ་ཨཾ་ཁཾ་ཧཾ། གཏི་མུག་དང་ནི་ཞེ་སྡང་དང། །དེ་བཞིན་ཕྲག་དོག་འདོད་ཆགས་དང་།སེར་སྣ་དང་ནི་རྨོངས་ པ་ཉིད༑ ༑སྐྱེ་མཆེད་དག་ནི་ཐམས་ཅད་ལ། །དབང་ཕྱུག་རྡོ་རྗེ་ཉིད་ཡིན་ནོ། །ས་དང་ཆུ་དང་དེ་བཞིན་མེ། །རླུང་དང་ནམ་མཁའ་ཉིད་དག་གོ་ལཱཾ་མཱཾ་པཱཾ་ཏཱཾ་ཁཱཾ། ལྟུང་ བྱེད་མ་དང་གསོད་མ་དང། །འགུགས་བྱེད་དང་ནི་གར་དབང་དང་།པདྨའི་དྲ་བ་མོ་ལྷ་འོ། །མཁའ་མཉམ་ནམ་མཁའ་ལྟ་བུ་འོ། །དེ་ལྟར་ཕུང་པོ་ཁམས་དང་ནི། །སྐྱེ་ མཆེད་རྣམས་ནི་རྣལ་འབྱོར་པས། །ཐ་མལ་དངོས་པོའི་རང་བཞིན་ནི་།ཡོངས་སུ་དག་པར་ཤེས་པར་བྱ། །ཐ་མལ་ཆོས་ཀུན་ཡོངས་དག་སྟེ་།བདག་ཀྱང་ཡོངས་ སུ་དག་པ་ཡིན། །དེ་ནས་གསུམ་ལ་སྐྱབས་སུ་འགྲོ། །སྔགས་ཀྱི་སྐུ་རུ་འགྱུར་བ་ཡིས། །ཧེ་རུ་ཀ་དཔལ་དག་གྱུར་ནས། །སེམས་ཅན་ཀུན་གྱི་དོན་ཡང་བྱེད། ། ཧེ་རུ་ཀ་ཡི་གོ་འཕང་མཆོག་ཐོབ་ནས་སེམས་ཅན་མ་ལུས་པ། །འདི་ལ་འཇོག་ཅིང་འགོད་པར་ཤོག་ཨོཾ་པྲཀྲྀ་ཏི་པ་རི་ཤུདྡྷཱསརྦ་དྷརྨཱཔྲཀྲྀ་ཏི་པ་རི་ཤུདྡྷོཉཧཾ་ ཨོཾ་སྭ་བྷཱ་བཤུདྡྷཱསརྦ་དྷརྨཱས་བྷཱ་བ་ཤུདྡྷོཉཧཾ་ལན་གསུམ་བར་དུ་བཟླ་བར་བྱ། །དངོས་མེད་མདུན་སོགས་ཕྱོགས་བཅུ་རུ་།སྙིང་པོའི་ཕྲེང་བ་སྤྲོ་བར་བྱ། ། [144B] །དྲ་བ་ར་བ་དེ་བཞིན་ཏེ་།རྡོ་རྗེས་སོགས་བྱིན་གྱིས་བརླབས། །བླ་རེ་མདའ་ཡི་དྲ་བ་དང་།རྡོ་རྗེ་མེ་ནི་འབར་བར་བསྐོར། །ཕྱི་རོལ་རིང་ནས་དགོད་པར་བྱ་།ཨོཾ་མེ་དེ་ནི་[?] བཛྲི་[?]བྷ་[?]བ་བཛྲ་བནྡྷ་ཧཱུཾ། ཨོཾ་བཛྲ་པྲ་ཀ་ར་ཧཱུཾ་བཾ་ཧཱུཾ། ཨོཾ་བཛྲ་པཉྩ་ར་ཧཱུཾ་བཾ་ཧཱུཾ། ཨོཾ་བཛྲ་བི་ཏཱ་ན་ཧཱུཾ་ཁཾ་ཧཱུཾ། ཨོཾ་བཛྲ་ཤ་ར་ཛཱ་ལ་ཏྲཱཾ་ཤཾ་ཏྲཱཾ། ཨོཾ་བཛྲ་ཛཱ་ལཱ་ན་ལཱ་རྐ་ཧཱུཾ་ཧཱུཾ་ཧཱུཾ། ཧེ་རུ་ཀ་ཡི་བཀའ་འཁོར་ ལོ༑ ༑གཙོ་བོ་བརྒྱད་པོ་འབར་བ་དག་དེ་མཐོང་ནས་ནི་ལེགས་པ་རུ་།ཉི་མའི་དཀྱིལ་འཁོར་དབུས་བཞུགས་པ། །རྡོ་རྗེ་སེམས་དཔའ་རྣམ་པར་བསྒོམ། །ཞལ་གསུམ་ཕྱག་དྲུག་ ཞི་བ་སྟེ༑ ༑དག་པའི་ཤེལ་དང་ཟླ་མདོག་འདྲ། །ཕྱག་རྒྱ་ཆེ་དང་མཉམ་པར་ལྡན། །ཤེས་རབ་སྐྱིལ་ཀྲུང་ལེགས་པར་བཞུགས། །ཐོད་པའི་ཕྲེང་འདྲ་ལྡན་པའི་དབུ། །མི་བསྐྱོད་ པ་ནི་དབུ་རྒྱན་བཞུགས། །རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས་།ཐམས་ཅད་མཚན་མས་མཚན་པ་ཡིན། །དཔེ་བྱད་ཀུན་གྱིས་བརྒྱན་པ་སྟེ། །ཐོད་པ་ཁ་ཊཱཾ་ག་འཛིན་ཅིང། །རྡོ་རྗེ་ དྲིལ་བུས་ལེགས་པར་འཁྱུད། །ཞགས་པ་ལྕགས་ཀྱུ་འཛིན་མཛད་ཅིང་།དཔའ་ཆེན་བདེ་བའི་གོ་འཕང་བཞུགས། །དཀར་ཞིང་སེར་ལ་ལྗང་གུ་སྟེ། །ཞལ་གདོང་གཉིས་པོ་ རྣམ་པར་འགྱུར། །ལུགས་སུ་འབྱུང་དང་ལྡོག་ཚུལ་གྱིས། །དེ་ཡི་ཁྲོ་བོ་བརྒྱད་དག་སྤྲོ། །རྡོ་རྗེ་དྲག་པོ་ན་ལརྐཾ། །རྡོ་རྗེ་གཙུག་ཏོར་དེ་བཞིན་ཏེ། །ཐབ་སྦྱོར་རྡོ་རྗེ་གནོད་སྦྱིན་དང། །རྡོ་རྗེ་ [145A]༄༅། །ནག་པོ་སྟོབས་པོ་ཆེ། །རྡོ་རྗེ་འཇིགས་བྱེད་ཅེས་བྱ་བ་།ཁྲོ་བོ་འདི་དག་རྣམ་པར་དགོད། །སྔོ་ཞིང་སེར་ལ་དེ་བཞིན་དམར་།ལྗང་གུ་དུ་བའི་མདོག་ཅན་ ཏེ༑ ༑དཀར་ཞིང་ནག་ལ་གུར་གུམ་མདོག་རབ་འཇིགས་ཐོད་པའི་དབུ་རྒྱན་ཅན། །ཞལ་གསུམ་པ་ལ་ཕྱག་དྲུག་པ། །ཐམས་ཅད་ན་རའི་རུས་པ་ཡི། །རྒྱན་གྱི་ས་སྤུད་པ་རབ་ཏུ་ འབར༑ ༑གཡས་བརྐྱང་པ་ཡི་ཞབས་ཀྱིས་ནི། །སྣ་ཚོགས་པདྨའི་ནང་བཞུགས་ཤིང། །ཉི་མའི་དཀྱིལ་འཁོར་དབུས་ན་བཞུགས། །འཇིག་རྟེན་སྐྱོང་བ་བརྒྱད་པོ་དག་ཞབས་ཀྱིས་ མནན་པར་རྣམ་པར་བསམ། །ཐོད་པ་དང་ནི་ཁ་ཊཱཾ་འཛིན། །ཞགས་པ་ལྕགས་ཀྱུ་མཆོག་ཀྱང་འཆང། །ཐམས་ཅད་དྲིལ་བུ་ཅང་ཏེའུ་།ཤེས་རབ་བདེ་བས་ལེགས་པར་འཁྱུད།། དམར་སེར་དབུ་སྐྲ་དག་གིས་བརྒྱན། །མཆེ་བ་རྣམ་གཙིགས་འཇིགས་པ་ཅན། །སྟག་གི་པགས་པ་གོས་སུ་མནབས། །འཇིགས་པའི་ཕྲེང་བའི་རྒྱན་ཅན་ཏེ། །དེས་ནི་ བདག་ཉིད་རྒྱན་དུ་བྱས། །རྡོ་རྗེ་ཧཱུཾ་མཛད་རྣམ་པར་བསྒོམ་།ཁྲོ་ཞིང་འབར་ལ་གཡོ་བ་དང། །དྲག་ཅིང་འཇིགས་ལ་རྣམ་པར་འགྱུར། །རྒྱན་རྣམས་ཀུན་གྱིས་ལེགས་པར་ བརྒྱན༑ ༑གཡས་བརྐྱང་བ་ཡི་གནས་པས་བཞུགས། །ལྕགས་ཀྱུ་ཞགས་པ་ཁ་ཊཱཾ་འཆང། །དྲིལ་བུ་རྡོ་རྗེ་ཐོད་པ་འཛིན། །མགོ་ཡི་དོ་ཤལ་སྐུ་ལ་འཆང། །ཐོད་པའི་ཕྲེང་བའི་ [145B] །གདུག་པ་ཐམས་ཅད་ཞབས་འོག་མནན། །ཐབས་དང་ཤེས་རབ་མཉམ་པར་ལྡན། །རྡོ་རྗེ་སེམས་དཔའ་དབུ་རྒྱན་ཅན་།རྡོ་རྗེ་འཇིགས་བྱེད་བསྒོམ་པར་བྱ། །ཁྲོ་གོ་གཉིས་ པོ་རྣམ་པར་བསྒོམ། །སྟེང་དུ་གཙུག་ཏོར་འཁོར་བསྒྱུར་ཏེ། །རྡོ་རྗེ་འཇིགས་བྱེད་རྣམ་པར་བསྒོམ། །འོག་ཏུ་རྡོ་རྗེ་ས་འོག་གོ་དཀར་ལ་སྔོ་བའི་མདོག་ཅན་ཡིན། །ཐོད་པ་དང་ནི་ཁ་ཊཱཾ་འཛིན། ། འཁོར་ལོ་དང་ནི་མདུང་འཛིན་ཅིང། །ཞབས་པ་ལྕགས་ཀྱུ་དྲིལ་རྡོ་རྗེ། །གཡས་བརྐྱང་བ་ཡི་གནས་པས་བཞུགས། །ཕུར་བུ་ཁྲོ་བོ་བྱས་ནས་སུ། །དེ་ནི་ཕྱོགས་བཅུར་རྣམ་པར་སྤྲོ། །དེ་ལ་ བཀའ་ལུང་བསྒོ་བ་ནི། །བགེགས་ནི་མྱུར་དུ་མེད་པར་གྱིས། །གསང་སྔགས་རྗེས་སུ་དྲན་ནས་སུ། །ཕྱོགས་བཞི་དག་ཏུ་མཉམ་པར་གཟུགས་།མཐེ་བོང་སྡིགས་མཛུབ་སྦྱོར་བ་ཡིས། ། ཕྱོགས་བཅུ་དག་ཏུ་སེ་གོལ་བརྡབ། །ཨོཾ་སུཾ་བྷ་ནི་སུཾ་བྷ་ཧཱུཾ་ཧཱུཾ་ཕཊ་ཤར་དུའོ། །ཨོཾ་གྲྀཧྞ་གྲྀཧྞ་ཧཱུཾ་ཧཱུཾ་ཕཊ་བྱང་དུའོ་།ཨོཾ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ་ཧཱུཾ་ཕཊ་ནུབ་ཏུའོ། །ཨོཾ་ཨ་ན་ཡ་ཧོབྷ་ག་བཱཾ་བི་དྱཱ་ཡཱ་[?]ཛ་ ཧཱུཾ་ཧཱུཾ་ཕཊ་ལྷོ་ཕྱོགས་སུའོ། །གསང་སྔགས་རྒྱལ་པོ་འདི་ཡིས་ནི། །བགེགས་ཀུན་གྱི་ནི་ཀླད་པ་ལ། །རྡོ་རྗེ་ཕུར་བུས་དགོད་ཅིང་མནན། །ལུགས་སུ་འབྱུང་དང་ལྡོག་པ་ཡིན། །ཨོཾ་གྷ་གྷ་གྷ་ཏ་ཡ་ སརྦ་དུཥྚཾ་བིགྷཱན་ཧཱུཾ་ཕཊ། ཨོཾ་ཀཱི་ལ་ཡ་ཀཱི་ལ་ཡཱ་སརྦ་པཱ་པཾ་ཧཱུཾ་ཧཱུཾ་ཕཊ། །ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་ཡ་བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཏི་ཀཱ་ཡ་ཝཱཀྩི་ཏྟ་བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། ཕུར་བུ་དོ་རྗེ་ཁྲོ་བོ་རུ། །བལྟར་ [146A]༄༅། །ནས་ཡོངས་སུ་བརྟག་པར་བྱ། །ལུགས་སུ་འབྱུང་དང་ལྡོག་པ་ཡིས། །དངོས་གྲུབ་རྡོ་རྗེས་བརྡུང་བར་བྱ། །ཨོཾ་བཛྲ་ཧཱུཾ་མུངྒ་ར་བཛྲ་ཀཱི་ལ་ཡ་ཨཱ་ཀོ་ཊ་ཡ་ཧཱུཾ་ཧཱུཾ་ ཕཊ་ཕཊ། མཁས་པས་རྡོ་རྗེ་ཁྲོ་བོའི་ཚིག་གསང་སྔགས་ཚིག་ནི་དྲག་ཏུ་བཟླ། །ཨོཾ་ཁ་བཛྲ་དྷྲྀཀ་བཛྲ་ཧཱུཾ་ཀཱ་ར་ཧཱུཾ་ཕཊ། ཨོཾ་བཛྲ་ཙཎྜ་བཛྲ་ཧཱུཾ་ཕཊ། །ཨོཾ་བཛྲ་ཨ་ན་ལཱ་རྐ་བཛྲ་ཧཱུཾ་ཕཊ། ཨོཾ་བཛྲ་ ཨུཥྞཱི་ཥ་བཛྲ་ཧཱུཾ་ཕཊ། ཨོཾ་བཛྲ་ཀུཎྜ་ལི་བཛྲ་ཧཱུཾ་ཕཊ། ཨོཾ་བཛྲ་ཡཀྵ་བཛྲ་ཧཱུཾ་ཕཊ། ཨོཾ་བཛྲ་ཀཱ་ར་ལ་བཛྲ་ཧཱུཾ་ཕཊ། ཨོཾ་བཛྲ་མ་ཧཱ་བ་ལ་བཛྲ་ཧཱུཾ་ཕཊ། ཨོཾ་བཛྲ་བྷཱི་ཥ་ན་བཛྲ་ཧཱུཾ་ཕཊ། ཨོཾ་བཛྲ་ཨུཥྞཱི་ ཥ་ཙཀྲ་བརྟི་བཛྲ་ཧཱུཾ་ཕཊ། ཨོཾ་བཛྲ་པཱ་ཏཱ་ལ་བཛྲ་ཧཱུཾ་ཕཊ། བཀའ་འདི་དག་ནི་སྒྲུབ་པ་ཡིས། །དེ་མ་ཐག་ཏུ་བགེགས་མེད་འགྱུར། །མཱཾ་ས་རྐང་དང་ཞག་ཁ་ཆུ། །ཤུ་ཀྲ་རཀྟ་ལྷན་ཅིག་སྦྱར། །རྣལ་ འབྱོར་པ་ཡིས་རིལ་བུར་བྱས། །ཟོས་ན་དངོས་གྲུབ་ངེས་པར་འགྱུར་།སྔོ་ཞིང་སེར་ལ་ལྗང་གུ་ནི། །རྡོ་རྗེ་ཧཱུཾ་མཛད་རང་བྱས་ཏེ་།སེར་ཞིང་ནག་ལ་ལྗང་གུ་དང། །དུད་ཀ་སེར་ལ་སེར་སྐྱ་ དང། །དཀར་ཞིང་སེར་ལ་ལྗང་གུ་དང། །དམར་ཞིང་སེར་ལ་ལྗང་བདག་དེ་ལྟར་བཞི་ནི་བདག་པོ་བཞིན། །མི་བསྐྱོད་དབུ་རྒྱན་དམ་ཚིག་ཅན། །བསྒོམས་པས་རྡོ་རྗེ་འཛིན་པ་དགྱེས། ། འདི་ལྟར་ཁྲོ་བོ་ཐམས་ཅད་ཀྱང། །དམ་ཚིག་ལས་ནི་འགལ་མ་བྱེད་།འདི་ལྟར་སྣ་ཚོགས་དུ་མ་ཡི། །གཙོ་བོའི་བཀའ་ནི་བླང་བར་གྱིས་།རྣལ་འབྱོར་པ་ནི་གར་གནས་པ། །བགེགས་ [146B] །གཅེར་བའམ་ཡང་ན་མི་གཅེར་བའམ། །སྐྲ་གྲོལ་ཐལ་བས་ཡན་ལག་བྱུགས། །ཇི་ལྟར་ཇི་སྲིད་མ་ངལ་བར། །འཁོར་ལོ་དག་གི་བཟླས་པ་བྱ། །སྟོང་པའི་ ཡེ་ཤེས་རྡོ་རྗེ་ནི། །དད་པས་དྲན་ཞིང་མཉམ་པར་གཞག་ཨོཾ་ཤཱུ་ནྱ་ཏཱ་ཛཉཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོཉཧཾ། ཨོཾ་ཨ་ནི་མིཏྟ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོཉཧཾ། ཨོཾ་ཨ་པྲ་ཎི་ཧི་ཏ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཏྨ་ཀོཉཧཾ་ སྨིག་རྒྱུ་ཙམ་གྱི་ཡེ་ཤེས་ནི། །སེམས་ཙམ་དུ་ནི་རྣམ་པར་བརྟག་།འདི་ནི་མཁའ་དང་མཉམ་པ་ཡི། །ཆོས་མེད་ཆོས་མིན་པ་ཡང་མེད་།ནམ་མཁའ་གོས་པ་མེད་པ་ལྟར། །དངོས་པོ་མེད་ཅིང་ དམིགས་སུ་མེད། །གང་གི་སྙིང་གི་ཁ་སྦྱར་དབུས་གནས་གསལ། །ཕྲ་བར་ལྟ་བ་རང་བྱུང་མྱོང་བའི་སེམས་འཇུག་པ། །ཁམས་གསུམ་མ་ལུས་གཉིས་མེད་པར་ནི་ཉེ་བར་འགྲེ། །གསལ་བ་ཆོས་ ཀྱི་དབྱིངས་མཆོག་དེ་ལ་བདག་ཕྱག་འཚལ། །དབང་པོའི་གཡོ་བ་རྟ་ཀུན་ནང་དུ་ངེས་སྦྱར་བའི། །ཡེ་ཤེས་རྒྱལ་བ་མ་ལུས་འདུས་པའི་སྣོད་གྱུར་པ། །ཁམས་གསུམ་མ་ལུས་གཉིས་མེད་ པར་ནི་ཉེར་འགྲོ་བའི། །མཐོང་བ་མཁའ་དང་འདྲ་བར་དྲི་མེད་དཔལ་དུ་གྱུར། །སངས་རྒྱས་རྗེས་དྲན་རྣལ་འབྱོར་གྱིས། །ཆོས་ནི་རྗེས་སུ་དྲན་པ་བསྒོམ། །ཆོས་རྗེས་དྲན་པའི་རྣལ་འབྱོར་ གྱིས། །ཆོས་ཀྱི་སྐུ་ནི་རང་བྱུང་འགྱུར། །དབུས་ན་གསལ་བྱེད་རྣམ་པར་ཤེས། །ཡེ་ཤེས་མཆོག་ནི་ཤེས་རྣམས་ཀྱི། །ཤིན་ཏུ་གསལ་བར་བསྒོམས་པ་ལས། །འབར་བ་འདི་ནི་ཐེ་ཚོམ་ [147A]༄༅། །མེད༑ ༑རྟག་ཏུ་སྙིང་ལ་གནས་པ་ཡི། །ཐིག་ལེ་གཅིག་པུ་ཡི་གེ་མེད། །སྐྱེས་བུས་དེ་ནི་བསྒོམས་གྱུར་ན། །ཡེ་ཤེས་སྐྱེ་བར་གྱུར་པ་མཆོག་སེམས་པ་རྗེས་དྲན་ རྣལ་འབྱོར་གྱིས། །སེམས་དཔའ་རྗེས་སུ་དྲན་པར་བསྒོམ། །སེམས་དཔའ་རྗེས་དྲན་ཆོས་ཀྱིས་ནི། །ཆོས་ཀྱི་སེམས་དཔའ་ཁྱད་པར་འབྱུང་།བདག་ནི་སྙིང་རྗེས་ཕན་འདོགས་པ། །སྨོན་ལམ་ དབང་གིས་མཐོང་བ་དང། །མཐོང་ནས་ཇི་སྲིད་འོག་ཏུ་ནི། །ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། །རྡོ་རྗེ་སེམས་དཔའ་ཀུན་མཁྱེན་དག་།དགར་དང་སེར་དང་དེ་བཞིན་དམར། །སྔོན་པོ་ཡི་ནི་ ཞལ་དང་བཞི། །རླུང་གི་དཀྱིལ་འཁོར་རྣམ་པར་བསམ། །ཡི་གེ་ཡཾ་ལས་ཡང་དག་འབྱུང། །སྔོ་པའི་མདོག་ཅན་གཞུ་ལྟ་བུའོ། །རྒྱལ་མཚན་གྱིས་ནི་མཚན་པར་བསྒོམ། །དུད་པའི་ ཕྲེང་བ་ཁྱབ་པར་དམིགས། །དེ་ཡི་སྟེང་དུ་ཡི་གེ་རཾ། །མེ་ཡི་དཀྱིལ་འཁོར་མཆོག་དམ་པ། །གྲུ་གསུམ་པ་ལ་དམར་བའི་མདོག་འབར་བའི་ཕྲེང་བ་འབར་བས་ཁྱབ། །ཉི་མ་བྱེ་བ་ འོད་མཐའ་ཡས། །རྡོ་རྗེས་མཚན་པ་བསྒོམ་པར་བྱ། །དེ་ཡི་སྟེང་དུ་ཆུ་ཉིད་དེ། །ཡི་གེ་བཾ་མཆོག་ལས་བྱུང་བ། །དུ་ཤ་ར་ཡི་མདོག་འདྲ་བ། །ཟླུམ་ལ་འོད་ཟེར་ཕྲེང་བ་ཅན། །དེ་ཡི་ སྟེང་དུས་དཀྱིལ་འཁོར། །ལཾ་ལས་བྱུང་བ་སེར་པོ་སྟེ། །ཟུར་བཞི་པ་ལ་རྡོ་རྗེས་མཚན། །འོད་ཟེར་སེར་པོ་ཁྱབ་པར་འཁྲིགས། །རྣལ་འབྱོར་དེ་སྟེང་བསྒོམ་པ་ནི། །རི་རབ་ [147B] །ཟུར་བཞི་པ་ལ་རིན་ཆེན་བཞི། །རྩེ་མོ་བརྒྱད་ཀྱིས་རྣམ་པར་མཛེས། །ཡི་གེ་སུཾ་ལས་ལེགས་པར་བྱུང་།འོད་ཟེར་གཟི་བརྗིད་མཆོག་དམ་པའོ། །དེ་ཡི་སྟེང་དུ་ བསམ་པ་ནི། །བྲུཾ་ནི་དཀར་པོ་ལས་བྱུང་བ། །དེ་སྟེང་འཁོར་ལོར་བཅས་པ་དག་ཁང་པ་བརྩེགས་པ་རྣམ་པར་བསམ། །ཟུར་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞིས་ནི་རྣམ་པར་བརྒྱན། །དྲ་བ་དྲ་ཕྱེད་ ཀྱིས་མཛེས་ཤིང། །བ་དན་ཕྲེང་བས་རྣམ་པར་རྒྱན། །ཟུར་གྱི་ཆ་ནི་ཐམས་ཅད་དང། །སྒོ་དང་སྒོ་ཁྱུད་མཚམས་རྣམས་སུ། །རྡོ་རྗེ་རིན་ཆེན་གྱིས་བརྒྱན་ཅིང། །ཕྱི་ཡི་དཀྱིལ་འཁོར་ཐིག་གདབ་བོ། །དེ་ཡི་ནང་ དུ་འཁོར་ལོ་ནི། །བརྒྱད་པོ་དཀར་པོའི་མདོག་ཅན་ལ། །དེ་ཡི་དབུས་སུ་པདྨ་ཆེ། །སྣ་ཚོགས་འདབ་མ་བརྒྱད་པ་ལ། །ལྟེ་བ་གེ་སར་གྱིས་ཁྱབ་པ། །ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། །རྡོ་རྗེ་སེམས་དཔའ་རིག་ མར་བཅས། །དཀར་པོ་སེར་པོ་དེ་བཞིན་ཏེ། །དམར་དང་ལྗང་གུ་ཞལ་བཞི་པ། །ཞི་ཞིང་དགོད་དང་ཁྲོ་བ་དང། །རྣམ་པར་འགྱུར་བ་ཤིན་ཏུ་འཇིགས། །རྡོ་རྗེ་དྲིལ་བུས་མཉམ་པར་ལྡན། །མདུང་དང་ དགྲ་སྟ་ཅང་ཏེའུ་དང། །གྲི་གུག་ཐོད་པ་ཁ་ཊཱཾ་ག་ཚངས་པའི་པགས་པ་གོས་སུ་མནབས། །ཞགས་པ་ཚངས་པའི་མགོ་བོ་དག་།ཕྱག་ནི་བཅུ་གཉིས་དེ་བཞིན་ཏེ། །སེམས་དཔའི་སྐྱིལ་མོ་ ཀྲུང་དུ་བཞུགས། །དབུ་རྒྱན་ཐོད་པའི་ཅོད་པན་ཅན། །རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། །དཔེ་བྱད་མཚན་དང་ཡང་དག་ལྡན་།ཐུགས་ཀྱི་ཡེ་ཤེས་དམ་ཚིག་ཅན། །ཅོད་ [148A]༄༅། །པན་རྡོ་རྗེ་འཛིན་པ་ཡིན། །ཇི་ལྟར་ཐབས་བཞིན་ཤེས་རབ་དེ། །ཕྱག་རྒྱ་ལྔ་པོ་བྱིན་གྱིས་བརླབ། །རིགས་ཀྱི་དབྱེ་བས་ཕྱེ་ནས་ནི། །རྡོ་རྗེ་དབྱིངས་ཀྱི་དབང་ ཕྱུག་མཆོག་བདེ་བ་ཆེན་པོའི་ཐབས་སྦྱོར་བས། །སྐུ་ནི་གཉིས་སུ་མེད་པར་ཐིམ། །མཉམ་པ་ཉིད་ལས་བྱུང་བའི་སྐུ། །མཁའ་འགྲོའི་འཁོར་ནི་དཔའ་བོ་དང། །རྣལ་འབྱོར་མ་ དང་བཅས་པར་བྱུང། །གཡས་བསྐུམ་གཡོན་བརྐྱང་ཚུལ་གྱིས་བཞུགས་།དཀར་སྔོན་སེར་དམར་ཞལ་མདོག་སྟེ། །འཁོར་ལོ་དྲིལ་བུས་འཁྱུད་པའི་ཕྱག་སྔར་གྱི་རྡོ་རྗེ་སེམས་ སོགས་པའི། །ཕྱག་མཚན་རིམ་པར་འཛིན་པ་ཡིན། །ཐོད་པའི་ཕྲེང་བའི་རྒྱན་དང་ནི། །མགོ་བོའི་ཕྲེང་བ་རློན་པས་སྤུད། །ཟླ་བ་ཕྱེད་པ་རབ་འཛིན་པ། །ཞལ་བཞི་མཆེ་བ་རྣམ་པར་ གཙིགས། །སྤྱན་གསུམ་ཕྱག་ནི་བཅུ་གཉིས་པ། །ཚངས་པ་ལ་སོགས་པའི་ལྷ་ཞབས་ཀྱིས་གནོན་པ། ན་རའི་རུས་པའི་རྒྱན་ཅན། རྣམ་པར་སྣང་མཛད་ཀྱི་དབུ་རྒྱན་ཅན། ཕྱག་ རྒྱ་དྲུག་གིས་བརྒྱན་པ། སྟག་གི་པགས་པ་བགོས་པ། སངས་རྒྱས་མཁའ་འགྲོ་མས་པང་དུ་འཁྱུད་པ། སྐུ་ལ་ཐོད་པ་དང་གདུག་པ་ལ་སྡིགས་མཛུབ་ཀྱི་འཁོར་ལོ་འཛིན་པས་ འཁྱུད་པ། བྱིན་པ་གཉིས་ཀྱིས་འཁྲིལ་བ། བདེ་བ་དང་དགྱེས་པས་མྱོས་པ། ཁམས་དང། ཕུང་པོ་དང། སྐྱེ་མཆེད་རྣམས་བྱིན་གྱིས་བརླབས་ཏེ་སའི་ཁམས་ནི། ལཾ་སྟེ། ལྟུང་ [148B] །ཆུའི་ཁམས་ནི། མཾ་སྟེ། གསོད་བྱེད་མའོ། །མེའི་ཁམས་ནི། རཾ་སྟེ། འགུགས་བྱེད་མའོ། །རླུང་གི་ཁམས་ནི། ཡཾ་སྟེ་གར་གྱི་དབང་ཕྱུག་མའོ། །ནམ་མཁའི་ཁམས་ ནི༑ ཁཾ་སྟེ༑ པདྨའི་དྲ་བ་མའོ། །སེར་བ་དང། སྔོ་བ་དང་དམར་བ་དང། དུད་ཀ་དང། །སྔོ་བའོ། །གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད་དེ། ཨོཾ་མདོག་དཀར་པོ། ཚོར་བའི་ཕུང་པོ་རྡོ་རྗེ་ རིན་ཆེན་ཏེ། ཨཾ་གསེར་བཙོ་མའི་མདོག་ལྟ་བུ། འདུ་ཤེས་ཧྲི་སྟེ་པདྨ་གར་གྱི་དབང་ཕྱུག་དམར་པོ། འདུ་བྱེད་རྡོ་རྗེ་རྒྱལ་པོ་ཧོ་ལྗང་གུ་རྣམ་པར་ཤེས་པ་རྡོ་རྗེ་སེམས་དཔའ་ཧཱུཾ་དཀར་པོ་ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ནི། དཔལ་ཧེ་རུ་ཀ་སྟེ། ཧི་མདོག་ནག་པོ། མིག་བྲུཾ་སྟེ། གཏི་མུག་རྡོ་རྗེ་དཀར་པོ། རྣ་བ་ཧཱུཾ་ཞེ་སྡང་རྡོ་རྗེ་སྟེ། ནག་པོའོ། །སྣ་ནི། ཁཾ་ཕྲག་དོག་ རྡོ་རྗེ་སྟེ༑ སེར་པོའོ། །ངག་ཆགས་པ་རྡོ་རྗེ་སྟེ། ཨ་དམར་པའོ་།རེག་པ་ནི། སེར་སྣ་རྡོ་རྗེ་སྟེ། ཧཾ་ལྗང་གུའོ། །སྐྱེ་མཆེད་ཐམས་ཅད་དབང་ཕྱུག་རྡོ་རྗེ་སྟེ། ཧཾ་དཀར་པོའོ། །ལུས་ནི། ཧཱུཾ་སྟེ་ དཀར་པོའོ། །ངག་ནི། ཨཱསྟེ། དམར་པོའོ། །ཡིད་ནི། ཨོཾ་སྟེ། སྔོན་པོའོ། །དེ་ལྟར་ལུས་ངག་ཡིད་གསུམ་གྱི་བར་བྱིན་གྱིས་བརླབ་ཅིང་དམིགས་སོ། །དེ་ལ་ཤར་གྱི་འདབ་མའི་མཁའ་ འགྲོ་མ་ནི། སྐུ་མདོག་སྔོན་པོའོ། །ལྷོ་ཕྱོགས་ཀྱི་འདབ་མ་ལ་ལཱ་མ་ནི། ལྗང་གུ་སྟེ། སྔོ་སངས་སོ། །ནུབ་ཕྱོགས་ཀྱི་འདབ་མ་ལ་དུམ་སྐྱེས་མ་དམར་མོ། བྱང་གི་འདབ་མ་ལ་གཟུགས་ [149A]༄༅། །ཅན་མ་གསེར་གྱི་མདོག་སེར་སྐྱ་ཞལ་གཅིག་པ། ཕྱག་བཞི་པ། སྤྱན་གསུམ་པ། སྐྲ་གྲོལ་བ། ཕྱོགས་ཀྱི་གོས་འཆང་བ། གཡས་བརྐྱང་ བས་གནས་པ། འཇིགས་པའི་རྣམ་པར་འགྱུར་བ། ཕྱག་རྒྱ་ལྔས་རྣམ་པར་བརྒྱན་པ། ཐོད་པ་དང་ཁ་ཊཱཾ་ག་དང་ཅང་ཏེའུ་དང་གྲི་གུག་འཛིན་པ། ཞལ་གདོང་རྗེས་སུ་ཆགས་ པས་གནས་པ། དགྱེས་པའི་ཆགས་པས་ལྟ་ཞིང་རེག་པའོ། །མཚམས་བཞིར་བདུད་རྩི་ལྔའི་བུམ་པའི་སྟེང་དུ་བྱང་ཆུབ་ཀྱི་སེམས་ཀྱིས་གང་བའི་སྣོད་བཞི་གཞག་གོ་ཤར་ དུ་པྲེ་ཏ་པུ་རིར་སྟོབས་པོ་ཆེ་དང། འཁོར་ལོའི་ཤུགས་ཅན་མ་ནག་པོ། །བྱང་དུ་གྲྀ་ཧ་དེ་བ་ཏར་རྡོ་རྗེ་རིན་ཆེན་དང། དུམ་སྐྱེས་མ་སེར་མོ། །ནུབ་ཏུ་སཽ་རཥྚར་རྟ་མགྲིན་དང་ ཆང་ཚོང་མ་དམར་པོའོ། །ལྷོར་སུ་ཝརྞ་དའྭི་པར་ནམ་མཁའི་སྙིང་པོ་དང། འཁོར་ལོའི་གོ་ཆ་མ་ལྗང་གུའོ། །མེར་ནག་རར་དཔལ་ཁྲག་འཐུང་དང། རབ་དཔའ་མོ་དམར་པོའོ།། བདེན་བྲལ་དུ་སིནྡྷུར་པདྨ་གར་གྱི་དབང་ཕྱུག་དང། སྟོབས་ཆེན་མ་སྟེ་ཟླ་བ་དང། སེར་སྐྱའོ། །རླུང་ཕྱོགས་ན་མ་རུ་ཏར་རྣམ་པར་སྣང་མཛད་དང། འཁོར་ལོས་བསྒྱུར་མ་དུད་ཀའི་ མདོག་དང། དབང་ལྡན་དུ་ཀུ་ལུ་ཏར་རྡོ་རྗེ་སེམས་དཔའ་དང། བརྩོན་འགྲུས་ཆེན་མོ་དཀར་པོའོ། །སྟོབས་པོ་ཆེ་ལ་སོགས་པའི་དཔའ་བོ་ནི་ཞལ་གཅིག་པ། ཕྱག་བཞི་པ་ [149B] ཕྱག་གཉིས་ལ་འཁོར་ལོ་དང་དྲིལ་བུས་འཁྱུད་པ། ཕྱག་གཞན་ལ་ཁ་ཊཱཾ་ག་དང་ཅང་ཏེའུ་འཛིན་པ། ཕྱག་རྒྱ་ལྔས་བརྒྱན་པ། གཡས་བརྐྱང་བས་ བཞུགས་པའོ། །འཁོར་ལོའི་ཤུགས་ཅན་མ་ལ་སོགས་པའི་ལྷ་མོ་ནི་གདོང་གཅིག་པ། ཕྱག་གཉིས་པ། ཐོད་པ་དང། སྡིགས་མཛུབ་འཁོར་ལོ་འཛིན་པས་འཁྱུད་པ། སྤྱན་གསུམ་ པ༑ དྲག་པོའི་གཟུགས་ཅན། སྐྲ་གྲོལ་པ། གཅེར་བུ་གཉིས་སུ་མེད་པར་སྦྱོར་བར་མཉམ་པར་གནས་པ། ཕྱོགས་ཀྱི་གོས་ཅན་མ་མགྲིན་པའི་ནོར་བུ་དང། གདུ་བུ་དང་ དཔུང་རྒྱན་དང། རྣ་ཆ་དང། ཚངས་པའི་སྐུད་པ་དང། མགུལ་རྒྱན་དང། མགོའི་ཕྲེང་བ་དང། གཡེར་ཀས་འོག་པག་བྱས་པ་ཤར་དང། བྱང་དང། ནུབ་དང། ལྷོའི་ སྒོར་ཁ་གདོང་མ་དང། འུག་གདོང་མ་དང། ཁྱི་གདོང་མ་དང་ཕག་གདོང་མ་རྣམས་སོ། །མེ་དང། བདེན་བྲལ་དང། རླུང་དང་དབང་ལྡན་དུ་ནི་གཤིན་རྗེ་སྲེག་མ་དང་ གཤིན་རྗེའི་ཕོ་ཉ་མོ་དང། གཤིན་རྗེ་མཆེ་བ་མ་དང། གཤིན་རྗེ་འཇོམས་མ་རྣམས་སོ། །ཇི་ལྟར་མཁའ་འགྲོ་མ་བཞི་ནི། ཁྭ་གདོང་མ་ལ་སོགས་པའི་དབྱེ་བ་ཡང་དེ་ བཞིན་ནོ། །མཚམས་ཀྱི་ལྷ་མོ་གཟུགས་གཉིས་པ། ཡིད་འཕྲོག་བའི་ཚུལ་ཅན། ཡི་དྭགས་ཀྱི་གདན་ལ་བཞུགས་པ། དྲག་པོ་ཆེན་པོ་ཐུགས་རྗེས་སེམས་ཅན་ [150A]༄༅། །གྱི་དོན་མཛད་པའོ། །དཔའ་བོ་འདི་དག་ཐམས་ཅད་ཀྱང་དཔྲལ་བར་འཁོར་ལོའི་ཕྲེང་བ་ཅན་ནོ། །འདི་དག་ནི། སྐུའི་འཁོར་ལོ་ས་ འོག་ན་གནས་པའོ། །བཅོམ་ལྡན་འདས་དཀྱིལ་འཁོར་ལ་བཞུགས་ཏེ་དཔའ་བོ་དང་རྣལ་འབྱོར་མ་རྣམ་པ་སྣ་ཚོགས་པ་ཆགས་པའི་མིག་གིས་བལྟ་ཞིང། སྣ་ཚོགས་ རོ་བཅུད་བདེ་བ་སྟེ། །ཆགས་པའི་བདེ་བ་ཆེན་པོ་ནི། །དེ་རིང་དུ་ནི་བདག་གིས་རྙེད། །ཨ་ལ་ལ་ཧོ་དགྱེས་པ་ཆེ། །བདེ་བ་ཆེན་པོ་དེ་ཉིད་ཡིན། །བདེ་གཤེགས་ ལྷ་ནི་ཤིན་ཏུ་མཛེས། །གླུ་འདི་བླངས་པ་ཙམ་གྱིས་ནི། །དགའ་བས་སྲིད་པ་དག་ལས་གྲོལ། །བདེ་བར་གཤེགས་པ་དག་པ་སྟེ། །དཀྱིལ་འཁོར་དུ་ནི་རྣམ་ པར་བརྟག་མངལ་སྐྱེས་གླུ་ཡི་དབང་གྱུར་པར། །རྣལ་འབྱོར་ཁ་ཅིག་འདོད་པ་ཡིན། །མངལ་སྐྱེས་སྐུ་ཡི་འཁོར་ལོ་སྟེ། །ཡེ་ཤེས་དཀྱིལ་འཁོར་བལྟས་ནས་ ནི༑ ༑མཆོད་དང་བསྟོད་པ་བྱས་ནས་གཞུག་སྤྲོ་དང་བསྡུ་བའི་སྦྱོར་བ་ཡིས། །དངོས་དང་དངོས་མེད་རྣམ་པར་བསྒོམ། །རྣལ་འབྱོར་པ་ཡིས་མ་ནོར་བར། ། བཟླས་པ་ཁྲི་འམ་འབུམ་དུ་བཟླ། །སྐྱེ་བ་ཅན་གྱི་ལུས་གྲུབ་སྟེ་།མཁའ་ལ་སྤྱོད་པར་ཐེ་ཚོམ་མེད། །ཨོཾ་ཤྲཱི་ཀཱ་ཡ་ཌཱ་ཀ་རུ་ལུ་རུ་ལུ་བྷྲཱུཾ་ཧཱུཾ་ཕཊ། ཌཱ་ཀི་ནཱི་ [150B] སྙིང་པོའོ། །ཨོཾ་བྷྲཱུཾ་ཧཾ་ཧ་བྷྲཱུཾ་ཧཱུཾ་ཕཊ། ཉེ་བའི་སྙིང་པོའོ། །ཨོཾ་བུདྡྷ་ཌཱ་ཀི་ནཱི་ཡེ་བྷྲཱུཾ་བཻ་རོ་ཙ་ནཱི་ཡེ་བྷྲཱུཾ་ཧཱུཾ་ཕཊ་སཱཧཱ། སྙིང་པོའོ་།ཨོཾ་ བྷྲཱུཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་ཧཱུཾ་བྷྲཱུཾ་ཕཊ། ཉེ་བའི་སྙིང་པོའོ། །ཨོཾ་ཀྵྨཱཾ་མ་ཧཱ་བ་ལ་ཀྵྨཱཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཙཀྲ་བེ་གེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧཾ་རཾ་བཛྲ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཁཎྜ་རོ་ཧེ་ ཧུཾ་ཧཱུཾ་ཕཊ། ཨོཾ་ཧ་ཡ་གྲཱི་བཱ་ཧི་ཧུཾ་ཧཱུཾ་ཕཊ། ཨོཾ་ཤོཎྜི་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧཱུཾ་ཨཱ་ཀཱ་ཤཱ་གརྦྷ་ཧུཾ་ཧཱུཾ་ཕཊ་ཨོཾ་ཙཀྲ་ཝརྨ་ཎཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཀི་ལི་ཤྲཱི་ཧེ་རུ་ཀ་ ཀི་ལི་ཧུཾ་ཧཱུཾ་ཕཊ། ཨོཾ་སུ་བའི་རེ་ཧུཾ་ཧཱུཾ་ཕཊ། ཨོཾ་སི་ལི་པདྨ་ནི་རྟེ་ཤྭ་ར་སི་ལི་ཧུཾ་ཧཱུཾ་ཕཊ། ཨོཾ་མ་ཧཱ་བ་ལེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧི་ལེ་བཻ་རོ་ཙ་ནཱི་ཡེ་ཧི་ལི་ཧུཾ་ཧཱུཾ་ཕཊ། ཨོཾ་ཙཀྲ་ བརྟི་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་དཧི་ལི་བཛྲ་སཏ་དཧི་ལི་ཧུཾ་ཧཱུཾ་ཕཊ། ཨོཾ་མ་ཧཱ་བིརྱ་ཧུཾ་ཧཱུཾ་ཕཊ། ཨོཾ་ཀཱ་ཀཱ་སྱེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཨུ་ལཱུ་ཀཱ་སྱེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཤཱ་ནཱ་སྱེ་ཧུཾ་ཧཱུཾ་ ཕཊ༑ ཨོཾ་སཱུ་ཀ་རཱ་སྱེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དཱ་ཌྷཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དའུ་ཏཱི་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དཾཥྚཱི་ཎཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་མ་མ་མ་ཐ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ ཌཱ་ཀི་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ལཱ་མེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཁཎྜ་རོ་ཧེ་ཧུཾ་ཧཱུཾ་ཕཊ། ཨོཾ་རཱུ་བི་ཎཱི་ཡེ་ཧུཾ་ཧཱུཾ་ཕཊ། མཁའ་འགྲོ་མཁའ་འགྲོ་མ་སོགས་ལ། །ཐོག་མ་པདྨ་ [151A]༄༅། །ལ་གནས་ནས། །མཆོད་པ་བྱ་ཞིང་སྔགས་ཀྱང་བཟླ་།རྟག་ཏུ་བདག་ཉིད་ལྔ་པོ་དག་འགྲུབ་པར་འགྱུར་གྱི་གཞན་དུ་མིན། ། ཞི་བ་དང་ནི་དབང་ཉིད་དང། །རྨོངས་པར་བྱ་དང་གནོན་པ་དག་།སྐུ་ཡི་མཁའ་འགྲོས་བྱེད་པ་སྟེ། །དངོས་གྲུབ་དམ་པ་འགྲུབ་པར་འགྱུར། །དམ་ཚིག་ཅན་དག་ ལངས་དུས་སུ། །ཡན་ལག་དྲུག་ཏུ་བསྒོམ་བྱ་བ། །རྣམ་དག་ཡེ་ཤེས་མིག་གིས་ནི། །དཔའ་བོ་རྣལ་འབྱོར་མ་རྣམས་བལྟ། །ཨོཾ་ཧ་སྙིང་ག་ལ། ན་མཿ་ཧི་མགོ་ བོ་ལ། སཱ་ཧཱ་ཧུ་སྤྱི་གཙུག་ལ། ཨོཾ་བཽ་ཥཊ་ཧེ་གོ་ཆ་འོ་ཧཱུཾ་ཧཱུཾ་ཧོ་མིག་ལའོ། །ཕཊ་ཧཾ་ཡན་ལག་ཀུན་གྱི་མཚོན་ཆའོ་།དཀར་བ་སེར་དང་དམར་བ་དང། །སྔོ་དང་ ལྗང་གུ་དུད་ཁ་དང། །ཡིད་ཀྱིས་མདོག་དྲུག་རྣམ་པར་བསྒོམ། །ཨོཾ་བཾ་སངས་རྒྱས་མཁའ་འགྲོ་མ་སྟེ། ལྟེ་བ་ལའོ། །ཧཱཾ་ཨོཾ་ཡ་མི་ནི་སྟེ། སྙིང་ག་ལའོ། །ཧྲཱིཾ་མོཾ་རྨོངས་ བྱེད་མ་སྟེ། ཁ་ལའོ། །ཧྲིཾ་ཧྲཱིཾ་གཡོ་བྱེད་མ་སྟེ། མགོ་བོ་ལའོ་།ཧཱུཾ་ཧཱུཾ་སྔག་[?]བྱེད་མ་སྟེ། སྤྱི་གཙུག་ལ་འོ། །ཕཊ་ན་མཿ་ཙཎྚི་ཀ་སྟེ། ཡན་ལག་ཐམས་ཅད་ཀྱི་མཚོན་ ཆའོ༑ ༑དཔའ་བོ་རྣལ་འབྱོར་མ་ཐམས་ཅད། །མཁའ་འགྲོ་རྣམས་ནི་བཞུགས་ནས་ཀྱང། །རང་གི་ལྷ་ཡི་སྦྱོར་བ་ཡིས། །ཐམས་ཅད་འདི་ཡིས་རྣམ་པར་བརྟག། འཆི་ [151B] །ཇི་ལྟར་བདེ་བར་གནས་པར་བྱ་།རྡོ་རྗེ་དམ་ཚིག་ཅན་མཆོད་ནས། །དུས་བཞི་དག་ཏུ་བསྙེན་པ་བྱ་།མངོན་པར་བརྗོད་བའི་རྒྱུད་བླ་མའི་བླ་མ་ལས་ སྐུའི་སྡོམ་པའི་ཆོ་གའི་ལེའུ་སྟེ་བཞི་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །གསུང་གི་དཀྱིལ་འཁོར་རྣམ་བསྒོམས་ཏེ། །སྔར་གྱི་དཀྱིལ་འཁོར་དབུས་དག་ཏུ། ། གསུང་གི་འཁོར་ལོ་རྣམ་པར་བསྒོམ། །རྩིབས་བརྒྱད་དམར་པོའི་མདོག་ཅན་ལ། །ནང་གི་འདབ་མ་སྔ་མ་བཞིན། །རྡོ་རྗེ་སེམས་དཔའ་བླ་མེད་པ། །གསུང་གི་རྡོ་རྗེ་རྣམ་པར་བསྒོམ། ། གདོང་བཞི་པ་ལ་ཕྱག་བཅུ་གཉིས། །གཡས་བརྐྱང་བ་ཡི་གནས་པས་བཞུགས། །པདྨའི་མཁའ་འགྲོ་མས་འཁྱུད་ཅིང། །རྟག་ཏུ་བདེ་བ་ཆེ་ལ་བཞུགས། །པདྨ་དྲིལ་བུས་མཉམ་ པར་འཁྱུད། །དབང་ཕྱུག་ཆེན་པོའི་མགོ་བསྣམས་ཤིང། །དབང་ཕྱུག་ཆེན་པོའི་པགས་པ་ནི། །ཕྱག་གཉིས་དག་གིས་བརྐྱང་ནས་འཛིན་།ལྷག་མ་ནི། སྔ་མའི་རིམ་པ་བཞིན་དུ་ འགྱུར་རོ། །དབང་ཕྱུག་ཆེན་པོའི་འཁོར་རྣམས་ནི། །ཞབས་འོག་མནན་པར་རྣམ་པར་བལྟ། །དམར་ཞིང་སྔོ་ལ་དེ་བཞིན་སེར། །གཡོན་པ་དཀར་ལ་སྤྱན་གསུམ་པ། །རལ་བའི་ དབུ་རྒྱན་དག་གིས་བརྒྱན། །ཐོད་པའི་ཕྲེང་བས་དབུ་ལ་མཛེས་།ཟླ་བ་ཕྱེད་པ་འཆང་བ་དང། །སྣ་ཚོགས་པདྨ་རྣམ་དགོད་ཅིང་།མཆེ་བ་རྣམ་པར་གཙིགས་པ་དང། །འཇིགས་ [152A]༄༅། །པའི་ཞལ་ནི་རྣམ་འགྱུར་ཞིང། །སྒེག་པ་ལ་སོགས་ཉམས་དང་ལྡན། །སྟག་གི་པགས་པ་གོས་སུ་བགོས། །མི་མགོ་རློན་པའི་ཕྲེང་བ་ཅན། །མགུལ་ རྒྱན་གདུ་བུ་རྣ་ཆ་དང། །མགོ་བོའི་ཕྲེང་བས་རྣམ་པར་བརྒྱན་།མཆོད་ཕྱིར་ཐོགས་དང་ཐལ་བ་སྟེ། །ཕྱག་རྒྱ་དྲུག་ཏུ་རབ་ཏུ་གྲགས། །དེ་དག་ཕ་རོལ་ཕྱིན་དྲུག་སྟེ། །ཕྱག་རྒྱ་ དྲུག་གིས་རྒྱས་བཏབ་པའོ། །དེ་ཡི་པང་ན་བཅོམ་ལྡན་མ། །པདྨའི་མཁའ་འགྲོ་མ་རང་མདོག། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ་།གཅེར་བུ་སྐྲ་ནི་གྲོལ་བ་ནི། །དུམ་ བུས་བརྒྱན་པའི་སྐ་རགས་ཅན། །ཕྱག་གཡོན་ཐོད་འཛིན་འཁྱུད་པ་དང། །གདུག་པའི་བདུད་ཀྱི་ཁྲག་འཆང་ཞིང། །པད་ལྡན་ལག་པས་ཕྱོགས་ཀུན་ཏུ། །གདུག་པ་ཀུན་ ལ་སྡིགས་མཛུབ་བྱེད། །བསྐལ་པའི་མེ་ལྷ་གཟི་བརྗིད་འབར། །ཞལ་ནས་ཀྱང་ན་ཁྲག་འཛག་ཅིང། །བྱིན་པ་གཉིས་ཀྱིས་རྣམ་པར་འཁྲིལ་།བདེ་བ་ཆེན་པོ་ཐུགས་རྗེའི་ བདག། །མཁའ་འགྲོ་མ་སོགས་སྔར་བཤད་བཞིན། །པདྨ་ལ་སོགས་ཕྱོགས་བཀོད་ན། །དངོས་གྲུབ་ཐམས་ཅད་རབ་ཏུ་སྩོལ། །སྔར་བཤད་མདོག་ཏུ་གནས་པ་སྟེ།། འོན་ཀྱང་མཁའ་འགྲོ་མ་དཀར་པོ། །དུམ་སྐྱེས་མ་ནི་དེ་བཞིན་ནག་ལྷ་མོ་གཉིས་པོ་མདོག་དེ་བཞིན། །ཕྱག་གཡོན་ཁ་ཊཱཾ་ཐོད་པ་དང། །གཡས་པ་ཅང་ཏེའུ་གྲི་གུག་ [152B] །མཚམ་པ་ནི་བཞི་པོ་དག་ཏུ་ཡང། །འཆི་མེད་ལྔ་པོའི་བུམ་སྟེང་དུ། །བྱང་ཆུབ་སེམས་ཀྱི་སྣོད་ཀྱང་གཞག་གསུང་གི་འཁོར་ལོའི་ཤར་དུ་ཀཱ་མ་རུ་པ་ན་མྱུ་གུ་ཅན་དང། ས་སྲུང་མ་ སྟེ། དཀར་པོའོ། །བྱང་དུ་ཨོ་ཏེ་ན་རྡོ་རྗེ་རལ་པ་ཅན་དང། འཇིགས་བྱེད་མ་ཆེན་མོ་སྟེ། དམར་པོའོ། །ནུ་བ་ཏུ་ཏྲི་ཤ་ཀུ་ན་ན་དཔའ་བོ་ཆེན་པོ་དང། རླུང་གི་ཤུགས་ཅན་མ་སྟེ། ནག་པོའོ།། ལྷོ་རུ་ཀོ་ས་ལར་རྡོ་རྗེ་ཧཱུཾ་མཛད་དང། ཆང་འཐུང་མ་སྟེ་གནམ་མདོག་ལྗང་གུའོ། །མེའི་ཕྱོགས་སུ་ཀ་ལིངྐ་ན་རབ་བཟང་དང། སྔོ་སངས་མ་སྟེ། སེར་སྐྱའོ། །བདེན་བྲལ་དུ་ལཱཾ་པ་ཀ་ན་རྡོ་རྗེ་ བཟང་དང། རབ་བཟང་མ་སྟེ། དཀར་པོའོ། །རླུང་གི་ཕྱོགས་སུ་ཀཱ་ཉྩི་ན་འཇིགས་བྱེད་ཆེན་པོ་དང། རྟ་རྣམ་སྟེ། ལྗང་གུའོ་།དབང་ལྡན་ན་ཧི་མ་ལ་ཡ་ན་མིག་མི་བཟང་དང། བྱ་གདོང་མ་སྟེ་ གནམ་མདོག་སྔོ་སངས་སོ། །གསུང་གི་འཁོར་ལོ་ས་ལ་སྤྱོད་པའོ་།མྱུ་གུ་ཅན་ལ་སོགས་པའི་དཔའ་བོ་ནི། ཞལ་གཅིག་པ། ཕྱག་བཞི་པ་སྤྱན་གསུམ་པ་རལ་པའི་ཅོད་པན་ ཅན། དར་དཔྱང་དང་ལྡན་པ། ཕྱག་གཉིས་ན་པདྨ་དང། དྲིལ་བུས་འཁྱུད་པ། གཡོན་པའི་ཕྱག་ན་ཁ་ཊྭཾ་ག་གཡས་ན་ཅང་ཏེའུ་ཕྱག་རྒྱ་ལྔ་ལ་སོགས་པས་བརྒྱན་པ། །གཡས་ བརྐྱང་བའི་གནས་པས་བཞུགས་པའོ། །ཨེ་རཱ་བ་ཏི་ལ་སོགས་པའི་ལྷ་མོ་རྣམས་ནི། ཕྱག་གཉིས་པ། ཞལ་གཅིག་པ། ཐོད་པ་དང། སྡིགས་མཛུབ་པདྨ་ཅན་གྱིས་འཁྱུད་པ་ [153A]༄༅། །མགུལ་རྒྱན་དང། གདུ་བུ་དང། དཔུང་རྒྱན་དང། རྣ་རྒྱན་དང། ཚངས་པའི་སྐུད་པ་དང་ལྡན་པའོ། །ཐོད་པའི་ཕྲེང་བའི་མགུལ་རྒྱན་ཅན། །འོག་པག་དག་ གི་སྐུ་རགས་ལྡན། །ཁ་གདོང་ལ་སོགས་དབྱེ་བ་ཡིས། །སྔར་བཤད་སྒོ་སྲུང་ལ་སོགས་བཞིན། །གཤིན་རྗེ་སྲེག་སོགས་ལྷ་མོ་རྣམས་།མཚམས་བཞི་འདི་ལྟར་ཤེས་པར་ བྱ༑ ༑དཔའ་བོ་འདི་དག་ཐམས་ཅད་ཀྱང། །དཔྲལ་པ་པདྨའི་ཕྲེང་བ་ཅན། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་ཀུན། །སྐུ་གསུང་ཐུགས་སུ་རྣམ་པར་བརྟག། སྔར་བཤད་པ་ཡི་ཆོ་ ག་བཞིན། །ཡི་གེ་རྣམས་ནི་དགོད་ཅིང་སྒོམ། །ཐུགས་ནི་ཨཱ་སྟེ་དམར་པོ་ཡིན། །གསུང་ནི་ཨོཾ་སྟེ་དཀར་པོར་བཤད། །རྡོ་རྗེ་སྐུ་ནི་ཧཱུཾ་ཡིན་ཏེ། །ནམ་མཁའ་ཟླ་བ་ལྟ་བུའོ།། དཀྱིལ་འཁོར་དག་ནི་ཐམས་ཅད་ཀྱང། །ཐམས་ཅད་སྦྱོར་ཞིང་བསྒོམས་ནས་སུ། །ཡེ་ཤེས་འཁོར་ལོ་དེ་མཐོང་ནས། །དབང་བསྐུར་བས་ནི་གཞུག་པར་བྱ། །ཐམས་ཅད་ བྱུང་སྟེ་ཐིམ་ནས་སུ། །ཐམས་ཅད་སྒོམ་ཞིང་བསམ་པར་བྱ། །སྐུ་གསུང་ཐུགས་ཀྱི་རིམ་པ་ཡིས། །སྤྲོ་བསྡུ་དག་གི་སྦྱོར་བར་བྱ། །ཨོཾ་ཤྲཱི་ཝཱ་ཀ་ཌཱ་ཀ་ཨཱ་རོ་ལི་ཀ་ཧཱུཾ་ཕཊ། ཧཱུཾ་ ཌཱ་ཀི་ནཱི་ཛཱ་ལ་ཤཾ་པ་རཾ་སཱ་ཧཱ། སྙིང་པོའོ། །ཨོཾ་ཨཱ་རོ་ལི་ཀ་ཧྲཱི་ཧཱུཾ་ཕཊ། ཉེ་བའི་སྙིང་པོའོ། །ཨོཾ་པདྨ་ཌཱ་ཀི་ནི་ཡེ་ཧྲཱི་ཧུཾ་ཧཱུཾ་ཕཊ་སཱ་ཧཱ། སྙིང་པོའོ། །ཨོཾ་སརྦ་པདྨ་ཌཱ་ཀི་ནཱི་པེ་ཨ་ཧུཾ་ཧཱུཾ་ཕཊ་སཱ་ཧཱ་ [153B] །ཨོཾ་ཌཱ་ཀི་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ལཱ་མེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཁཎྜ་རོ་ཧེ་ཧུཾ་ཧཱུཾ་ཕཊ། ཨོཾ་རཱུ་པི་ཎཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཕཊ་ཨཾ་ཀུ་རི་ཀ་ཕཊ་ཧུཾ་ཧཱུཾ་ཕཊ་ཨོཾ་ཨཻ་རཱ་བ་ཏཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ ད་ཧ་བཛྲ་ཛ་ཊི་ལ་ད་ཧ་ཧུཾ་ཧཱུཾ་ཕཊ། ཨོཾ་མ་ཧཱ་བཧཻ་ར་བའི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་པ་ཙ་མ་ཧཱ་བའི་ར་པ་ཙ་ཧུཾ་ཧཱུཾ་ཕཊ། ཨོཾ་བཱ་ཡུ་བེ་གེ་ཧུཾ་ཧཱུཾ་ཕཊ། ཨོཾ་བྷཀྵ་བཛྲ་ཧཱུཾ་ཀ་ར་བྷཀྵ་བ་ས་རུ་དཧི་ར་ཨནྟྲ་མཱ་ལཱ་བ་ལཾ་བི་ནེ་ ཧུཾ་ཧཱུཾ་ཕཊ། ཨོཾ་སུ་ར་བྷ་ཀྵཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་སུ་བྷ་དྲེ་གྲྀཧྞ་སབྟ་པཱ་ཏཱ་ག་ག་ཏ་བཧུ་ཛཾ་ག་སརྦ་བཱ་ཏརྫ་ཡ་ཏ་རྫ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་ཤྱཱ་མ་དེ་བའི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཨ་ཀ་ཌྜྷྱ་བཛྲ་བཛྲ་བྷ་དྲ་ཨཱ་ ཀཌྜྷྱ་ཧུཾ་ཧཱུཾ་ཕཊ། ཨོཾ་སུ་བྷ་དྲེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧྲཱྀ་མ་ཧཱ་བཧཻ་ར་བ་ཧྲཱཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧ་ཡ་ཀརྞེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཛྞཽཾ་བི་རཱུ་པཱཀྵ་ཡེ་ཛྞཽཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཁ་གཱ་ན་ནེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཀཱ་ཀཱ་སྱེ་ཧཱུཾ་ཧཱུཾ་ཕཊ་ ཨོཾ་ཨུ་ལཱུ་ཀ་སྱེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཤཱ་ནཱ་སྱེ་ཧུཾ་ཧཱུཾ་ཕཊ་ཨོཾ་སཱུ་ཀཱ་རཱ་སྱེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དཱ་ཌྷཱི་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དུ་ཏཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དཾཥྚི་ཎཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་མ་ཐ་ནཱི་ཡེ་ཧུཾ་ ཧཱུཾ་ཕཊ། རྡོ་རྗེ་དམ་ཚིག་གིས་མཆོད་ནས། །བཟླས་པའི་ཆོ་ག་རབ་ཏུ་བྱ། །དགུག་པ་དང་ནི་རྒྱས་པ་ཉིད། །སྣ་ཚོགས་ལས་ནི་འགྲུབ་པར་འགྱུར། །ཆོས་ཅན་ཡིད་འོང་གྱུར་པ་སྟེ། །ངག་ གི་དངོས་གྲུབ་འགྲུབ་པར་འགྱུར། །མཆོག་དང་བར་མ་ཐམས་ཅད་དང་།ཐ་མ་ཐམས་ཅད་མཐར་གནས་ལ། །དེ་ལ་ཐམས་ཅད་གནས་པ་སྟེ་།སྣ་ཚོགས་གདུལ་བའི་མཆོག་ [154A]༄༅། །དམ་པ༑ ༑འདོད་པའི་ཆགས་པས་རྗེས་སུ་ཆགས་པས་རྗེས་སུ་ཆགས། །འདོད་པའི་དགའ་བས་མྱོས་པ་དག། བདག་ཉིད་ཆེན་པོ་སྒྲུབ་པ་པོ། །དེ་ཡི་དབང་དུ་གནས་ པ་ཡིན། །སྣ་ཚོགས་པདྨ་མཛེས་གནས་ནས། །རྣལ་འབྱོར་ཆེན་པོ་རྣམ་པར་སྤྱོད། །བྷུརྦྷུ་འདོད་ཆགས་ཆོས་ཀྱི་བདག། བདེ་བ་ཆེ་ལ་རྣམ་པར་བཞུགས། །ལངས་པའི་དུས་ སུ་དམ་ཚིག་ནི། །དྲི་ཆེན་རྡོ་རྗེ་ཆུ་བཟའ་ཞིང། །ཆོས་ཀྱི་ཕུང་པོ་རྫོགས་གྱུར་ནས། །རིག་པའི་རྒྱལ་པོ་ལ་སོགས་འགྲུབ། །ཨོཾ་ཧ་སྙིང་ག་ལ། ན་མཿ་ཧི་མགོ་ལ། ཥ་སཱ་ཧཱ་ཧུ་ཨཱ་ རོ་ལི་ཀ་སྤྱི་གཙུག་ལ། བཽཥྚ་ཧེ་གོ་ཆ། ཧཱུཾ་ཧཱུཾ་ཧོ་མིག་ལའོ་།ཕཊ་ཧཾ་མཚོན་ཆའོ། །ཆོས་ཀྱི་རྡོ་རྗེ་དང། རྣམ་པར་སྣང་མཛད་དང། པདྨ་གར་གྱི་དབང་ཕྱུག་དང། རྡོ་རྗེ་འཇིགས་ བྱེད་དང། རྡོ་རྗེ་ཉི་མ་དང། རྟ་མཆོག་སྟེ། དམར་བ་དང། སེར་བ་དང། དཀར་བ་དང། སྔོ་བ་དང། དམར་བ་དང་གུར་གུམ་གྱི་མདོག་དང། ལྗང་གུ་སྟེ། བྱེ་བྲག་གོ། ཨོཾ་ བཾ་པདྨའི་མཁའ་འགྲོ་མ་སྟེ། ལྟེ་བ་ལའོ། །ཧཾ་ཡོཾ་པདྨ་ཡ་མི་ནི་དང། ཧྲཱིཾ་མོཾ་པདྨ་རྨོངས་བྱེད་མ་དང། ཧྲཱིཾ་ཧྲཱིཾ་པདྨ་གཡོ་བྱེད་མ་དང། ཧཱུཾ་ཧཱུཾ་པདྨ་སྐྲག་བྱེད་མ་དང། ཕཊ་ཕཊ་ཧཾ་པདྨ་ ཙཎྜིཀ་སྟེ། སྙིང་ག་དང། མགོ་དང། སྤྱི་གཙུག་དང། མིག་དང། ཆོས་ཀྱི་མཚོན་ཆ་རྣམས་སོ། །དམར་བ་དང། སྔོ་བ་དང་དཀར་བ་དང། སེར་བ་དང། ལྗང་གུ་དང་ [154B] །བཟླས་པའི་དུས་སུ་དགོད་པ་སྟེ། །ཇི་ལྟར་བདེ་བར་སྤྱད་པར་བྱ། །དཔའ་བོ་རྣལ་འབྱོར་མ་རྣམས་ཀྱི། །གོ་འཕང་གནས་ནི་བཞུགས་པ་ཡིན། །མཉམ་ པར་བཞག་པས་དྲོད་འབྱུང་བ། །རྩེ་གཅིག་དམིགས་པས་བླང་བྱ་སྟེ་།གསུང་གི་རྡོ་རྗེ་མཉམ་པ་ཉིད། །རང་གི་ལྷ་ཡི་སྦྱོར་བ་ཡི་།ཆོས་རྣམས་ཐམས་ཅད་རབ་ཏུ་བརྟག་རྡོ་ རྗེ་ཆུ་དང་རྣམ་སྣང་དང། །སྦྲང་རྩི་མར་དཀར་ལྷན་ཅིག་སྦྱར། །ལྕེ་ཡི་དམ་ཚིག་སྦྱོར་བ་ཡིས། །སྙིང་པོའི་ཡེ་ཤེས་དེ་ཉིད་དོ། །བདག་པོ་དབུ་རྒྱན་ལ་བསྒོམས་ལ། །ཅི་བདེ་བར་ནི་ བཟའ་བ་བཟའ། །ལྷ་ཡི་གཟུགས་སུ་གྱུར་ནས་སུ། །འདོད་པའི་ལྷ་ཡི་བདག་པོར་སྐྱེ། །བཟའ་བའོ་མའི་བཏུང་བ་ཡིས། །ནད་དང་རྒ་བ་རྣམ་པར་སྤངས། །སེམས་ཅན་རྗེས་སུ་ ཆགས་པ་ཡི། །ལྷ་མོ་གླུ་འདིས་བསྐུལ་བ་ཡིས། །བྱང་ཆུབ་ཆོས་རྣམས་ཐམས་ཅད་ཀྱི། །སེམས་ཅན་དོན་ནི་བླ་མེད་མཛད། །བརྩོན་འགྲུས་ཕ་རོལ་ཕྱིན་པ་ཡིས། །ཐུགས་རྗེ་ བསྐྱེད་ཅིང་བསྟན་པར་མཛད། །གསང་བའི་ཆོས་ནི་བསྟན་ནས་ཀྱང་།ངག་གི་དངོས་གྲུབ་མཆོག་ཀྱང་འགྲུབ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟ་བར་ནི་བསྟན་ པས་གྲོལ། །དེ་ཉིད་རྣལ་འབྱོར་མས་བསྐུལ་ནས། །སྣ་ཚོགས་དུ་མ་མང་པོ་ཡི། །དམ་ཚིག་མཆོད་པ་ངོ་མཚར་རྨད། །མིག་བྱེ་ནས་ནི་བསྟོད་པ་ནི། །ཨཱ་པར་ཏ་རུ་སུ་ར་ཏ་ [155A]༄༅། །སུ་ཁ་བཱ་ཧཱ་སུ་ཁ་མེ་ཏཱ་སཽ་ཁྱ་མ་ཡ། ས་མ་ཡ་ར་མ་ར་མ་ཧོ། །སུར་ཏ་སོ་བྱ་ཡ་ཏྲེ་ས་མ་ཙ་རི་ཏི། སུ་ར་ཏ་སཽ་ཁྱ་ཡ་ཏྲེ་ས་མ་ཙ་རི་ཏི། །སུ་ག་ཏ་སཱ་ནྟ་མ་ཡ་པྲ་བི་འི་ བི་ཀུརྦ་བི་ཀུརྦ། སུ་ར་ཏ་དི་ཡ་པདྨ་ཛྭ་ལེ། པྲ་བི་ཛིམྤ་ཛིམྤ། སུ་ར་ཏོ་སུ་ཁ་པདྨ་ཛྭ་ལེ། པྲ་བི་ནནྟ་ན་རྟ་སུ་ཁ་ས་ད་ན་པདྨ་ཛྭ་ལེ། པྲ་བི་མརྡ་སུ་ར་ཏ་མ་བ་སི་བི་ཤྭ་ཛ་ལེ་ཧོ་ཧ་ཧཱུཾ་ཧ་ཧ་ཧོ། །ཛ་ ཡ་མཧཱ་སུ་ཁ་སུ་ཁ་ཏེ་ཛེ་མ་ཡ་ར་མ་ར་མ་ཧོ། །སུ་ར་ཀེ་ཏུ་སུ་ཁ་བ་ཧཱུཾ་བི་ཏི་ཏེ་ཛ་མུ་ཀ་ཛ་ཡ་ཏེ་ཛ་ར། ཧ་ན་ཏ་ཧོ་བ་རཱ་ཧ། ས་སུ་ཁ་ཧོ་ཧཱུཾ་ཧོ་ཧོ་སུ་ར་ཏོ་ཏཱ་ར་ག་སུ་ཁ་ར་ཏི་རཱི་ཛི་ན་པར་མ་ཤྲཱི་ར་ཏི་ ཧོ༑ ༑པ་ར་མ་ཧེ་ཏུ་མྷཱ་སུ་ཁ་ཧོ། །སུ་ཁ་མ་ནུ་ཡོ་ན་ར་བ་ར་མེ་ཤྭ་ར་ཧོ། །ཧོ་བྷ་ག་ཝཱ་ན་མྷཱ་སུ་ཁཾ་ཧཱུཾ་ཧོ། །བ་ཧུཾ་བི་ཏི་བི་ཤྭ་ཛཱ་ལ་རི་ཏ་བི་ཤྭ་མ་ཧོ། །སུ་ར་ཏི་སུ་ཁཾ་ག་ཙིཏྟ་པ་ར་མ་མཧཱ་སུ་ ཁ་ཧོ། །སུ་ཁུ་མ་ནུ་གྲྀཧྫྱ་ཧོ། །སུ་ར་ཏ་ཨུཏྟ་མ་སནྡི་སུ་ཁཾ་ཨ་ཨཱ་རོ་ལི་ཀ། ཨ་མ་ཧཱ་སུ་ཁ་གྲྀ་ཧྫྱ་ཧོ། །གླུ་འདི་དག་ནི་བླངས་ཙམ་གྱིས། །དགའ་ཞིང་བདེ་བ་ཡང་དག་འདུས། །བདེ་བ་ཆེན་ པོ་ཡིད་འདོད་པ། །དངོས་གྲུབ་ཀྱང་ནི་འཐོབ་པར་འགྱུར། །འཁོར་ཚོགས་ཆེན་པོ་བྱིན་བརླབས་ནས། །དཀྱིལ་འཁོར་ཆེན་པོ་དགྱེས་པ་ཆེ་།པདྨ་དྲ་བའི་སྡོམ་པ་ཡིན། །མངོན་པར་ བརྗོད་པའི་རྒྱུད་བླ་མ་ལས། གསུང་གི་སྡོམ་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །ཐུགས་ཀྱི་དཀྱིལ་འཁོར་དམ་པ་སྟེ། །གཞལ་ཡས་ [155B] །འཁོར་ལོ་མཆོག་ནི་དགོད་པར་བྱ་།སྔོན་པོའི་མདོག་ཅན་གཟི་བརྗིད་ཆེ། །གསང་བ་ལས་བྱུང་རྩིབས་བརྒྱད་པ། །དེ་ཡི་དབུས་སུ་པདྨ་ནི། །སྣ་ཚོགས་ པདྨ་གེ་སར་ཅན། །འདབ་མ་བརྒྱད་དུ་བཤད་པ་སྟེ། །རྣམ་དག་གདན་དུ་བྱས་པ་ཡིན། །དེ་ཡི་དབུས་སུ་ཟླ་བ་བསྒོམ། །དེར་ནི་ཟླ་བ་ཁྱབ་པར་ནི། །རྡོ་རྗེ་སེམས་དཔའ་བདེ་བ་ཆེ། །ལྷ་ མཆོག་གྲོལ་ཞིང་བཞེངས་པར་གྱུར། །ཨོཾ་ཧཱུཾ་ཨ་མཧཱ་སུ་ཁ་ཨ་ལ་ལ་ཧོ། །མྷཱ་སུ་ར་ཏ་སྟྭཾ་སུ་ར་ཏ་སུ་ཁ་བི་ཡོ་ག་སུ་ར་ཏ་ཨུཏྟ་མ་བོ་དཧི་སུ་ཁཾ། སུ་ཁ་མ་ནུ་སིདྡྷི་ཧོ། །སུ་ར་ཏ་བ་ཡ་སཽ་ཁྱ་མ་ཡ་ ཨོཾ་ཨཱ་ཧཱུཾ་ཧོཿ་བྷ་ག་ཝཱ་ན་མྷཱ་སུ་ཁ་ཨུཏྟ་ར་ཨུཏྟ་ར་སརྦྦ་ཨུཏྟ་མ་སཽ་ཁྱ་མ་ཡ་ཧཱུཾ། ཨ་ལ་ལ་ཧོ། །མཧཱ་སུ་ཁ་སྟྭཾ། བ་ར་མ་སུ་ཁཱ་མ་ལཻ་དུ་བི་བི་ཨུཏྟ་མ་ཛཱ་ལ་སུ་ཁཾ་ཨ་ལ་ལ་ཧོ། །སུ་ར་ཏེ་སཽ་ ཁྱ་མ་ཡ། བཅོམ་ལྡན་བདེ་བ་ཆེན་པོ་ནི། །འཁོར་དང་བཅས་པར་མཉམ་པར་བཞེངས། །ཐུགས་ཀྱི་འཁོར་ལོ་ཞལ་བཞི་པ། ཕྱག་བཅུ་གཉིས་པ། གཡས་བརྐྱང་གཡོན་བསྐུམ་ པའི་ཞབས་ཀྱིས་བཞུགས་པ། སྤྱན་གསུམ་པ། མཆེ་བ་རྣམ་པར་གཙིགས་པ། སྔོ་བ་དང། དཀར་བ་དང། སེར་བ་དང། དམར་བའི་ཞལ། རྡོ་རྗེ་དང་དྲིལ་བུས་འཁྱུད་པ། ཁྱབ་འཇུག་ གི་མགོ་བོ་ཕྱག་ན་བསྣམས་པ། ཁྱབ་འཇུག་གི་པགས་པ་རློན་པ་བརྐྱང་ནས་ཕྱག་གཞན་གཉིས་ན་བསྣམས་པའོ། །ལྷག་མ་སྐུའི་མཁའ་འགྲོ་དང་མཚུངས་སོ། །ཐོད་པའི་ཕྲེང་བ་ [156A]༄༅། །ཅན༑ མགོའི་ཕྲེང་བ་འཆང་བ། མགོའི་ཕྲེང་བས་སྐུ་རགས་བཅིངས་པ། རྡོ་རྗེ་སེམས་དཔའ་དབུ་རྒྱན་ཅན། །ཟླ་བ་ཕྱེད་པའི་རྒྱན་ཡང་འཆང། །སྣ་ཚོགས་ རྡོ་རྗེ་ཅོད་པ་ན་གནོན། །སྟག་གི་པགས་པ་གོས་སུ་མན་བས། །ཕྱག་རྒྱ་དྲུག་གིས་རྣམ་པར་བརྒྱན། །མདུན་གྱི་མཁའ་འགྲོ་མ་ནི། ཞལ་གཅིག་པ། ཕྱག་གཉིས་པ། སྤྱན་གསུམ་ པ༑ སྐྲ་གྲོལ་བ། གཙེར་བུ་དུམ་བུས་བརྒྱན་པ། སྐ་རགས་ཅན། ཕྱག་གཡོན་པ་ཐོད་པ་ཐོགས་པས་འཁྱུད་པ། གཡས་པ་རྡོ་རྗེ་སྡིགས་མཛུབ་ཅན། །སྐ་རགས་གཡེར་ཀའི་སྒྲ་ སྒྲོག་པ། །ཆོས་ཀྱི་སྒྲ་ནི་ཡིད་འོང་བ། །འབྱུང་བར་འགྱུར་བ་བྱེ་བ་སྙེད། ཆོས་ཀྱི་དབྱིངས་ཏེ་སྟོང་པ་ཡིན། །མཉམ་པ་ཉིད་དང་སོ་སོར་རྟོག། །བྱ་བྱེད་པ་ཡང་དེ་བཞིན་བསྒོམ། །སྦྱོར་ བ་མཆོག་གི་དམ་པ་སྟེ། །རྣམ་དག་ལེགས་པར་བརྟགས་ནས་སུ། །མཉམ་ཉིད་ཆོས་ཀྱི་རོ་གཅིག་བྱས། །འཁོར་ལོ་ལ་ནི་རྣམ་པར་བལྟ། །ཤར་གྱི་འདབ་མར་མཁའ་འགྲོ་དང།། ལྷོ་ཕྱོགས་ལཱ་མ་དེ་བཞིན་ཏེ། །ནུབ་ཕྱོགས་དུམ་སྐྱེས་མ་དང་ནི་།བྱང་ཕྱོགས་གཟུགས་ཅན་མ་དེ་བཞིན། །དཀར་དང་སེར་དང་དེ་བཞིན་དམར། །ལྗང་གུའི་མདོག་ཅན་མཆོག་ དམ་པ༑ ༑ཐོད་པ་དང་ནི་ཁ་ཊཱཾ་འཛིན། །ཅང་ཏེའུ་གྲི་གུག་དེ་བཞིན་ཏེ། །སྤྱན་གསུམ་པ་ལ་བཞིན་རྣམས་བསྒྱུར། །གཅེར་བུ་སྐྲ་གྲོལ་འཇིགས་བ་ཅན། །གཡས་བརྐྱང་བ་ཡི་གནས་ [156B] །འདོད་པའི་ཆགས་པས་ལེགས་པར་མྱོས། །ཅུང་ཟད་ངོ་ཚའི་མིག་ཟུར་དང། །ནུ་མ་རབ་རྒྱས་དགའ་བ་འཛིན། །ཞལ་གྱི་མཆེ་བ་ཅུང་ཟད་གཙིགས། །ཕྱག་རྒྱ་ལྔ་ཡིས་ རྒྱ་ཡང་གདབ། །མཚམས་བཞི་རུ་ནི་བུམ་པ་དག། ཡེ་ཤེས་བདུད་རྩི་གང་བས་དགོད། །དེ་སྟེང་བྱང་ཆུབ་སེམས་ཀྱིས་ནི། །ཡོངས་སུ་གང་བར་གཞག་པར་བྱ། །ཐུགས་ཀྱི་འཁོར་ ལོའི་ཤར་ཕྱོགས་སུ་པཱུ་ལི་ར་མ་ལ་ཡ་ན་ཐོད་པའི་དུམ་བུ་དང་རབ་གཏུམ་མ་སྟེ། དཀར་པོའོ། །བྱང་དུ་ཛཱ་ལནྡྷ་ར་ན་ཀེང་རུས་ཆེན་པོ་དང། གཏུམ་མིག་མ་སྟེ། སེར་བོའོ། །ནུབ་ཏུ་ཨཽ་ ཌྱན་ན་ཀེང་རུས་ཅན་དང། འོད་ལྡན་མ་སྟེ། དམར་པོའོ། །ལྷོ་ཕྱོགས་སུ་ཨརྦུ་ཏ་ན་མ་ཆེ་བ་རྣམ་པར་གཙིགས་པ་དང། སྣ་ཆེན་མ་སྟེ། ལྗང་གུའོ། །མེའི་ཕྱོགས་ན་གོ་དཱ་བ་རི་ན་ལྷ་དགྲ་ དང། དཔའ་བའི་བློ་གྲོས་མ་ནམ་མཁའི་མདོག་ཅན་མའོ། །བདེན་བྲལ་དུ་རཱ་མེ་ཤྭ་ར་ན་འོད་དཔག་མེད་དང། མིའུ་ཐུང་མ་སྟེ། དཀར་སྐྱའོ། །རླུང་གི་ཕྱོགས་ན་དེ་བི་ཀོ་ཊི་ན་རྡོ་རྗེའི་ འོད་དང། ལངྐའི་དབང་ཕྱུག་མ་སྟེ། ལྗང་གུ་དང། མུ་ཏིག་ལྟ་བུའོ། །དབང་ལྡན་ན་མ་ལཱ་བ་ན་རྡོ་རྗེ་ལུས་དང། ཤིང་གྲིབ་མ་སྟེ། པདྨ་དང། སེར་སྐྱའོ། །ཐུགས་ཀྱི་འཁོར་ལོ་ནམ་ མཁའ་ལ་སྤྱོད་པའོ། །ཐོད་པའི་དུམ་བུ་ལ་སོགས་པའི་དཔའ་བོ་ནི་གདོང་གཅིག་པ། ཕྱག་བཞི་པ། རལ་པའི་ཅོད་པན་ཅན། ཐུགས་རྗེས་ཁྲོ་ཞིང་འཇིགས་པ། རྡོ་རྗེ་དང་དྲིལ་བུའི་ [157A]༄༅། །ཕྱག་གཉིས་ཀྱིས་འཁྱུད་པ། གཡོན་པ་དང་གཡས་པའི་ཕྱག་གཉིས་ལ་ཁྭ་ཊཱཾ་ག་དང། ཅང་ཏེའུ་འཆང་བ། ཕྱག་རྒྱ་ལྔས་བརྒྱན་པ། གཡས་བརྐྱང་ པས་བཞུགས་པའོ། །རབ་གཏུམ་མ་ལ་སོགས་པའི་ལྷ་མོ་རྣམས་ནི། ཞལ་གཅིག་པ། ཕྱག་གཉིས་པ། སྡིགས་མཛུབ་ཀྱིས་ཐོད་བ་འཁྱུད་པ་སྤྱན་གསུམ་པ། སེར་སྐྱའི་གཟུགས་ ཅན་ནོ༑ ༑སྐྲ་གྲོལ་བ། གཟུགས་གཉིས་པ། གཉིས་སུ་མེད་པར་མཉམ་པར་ལྡན་པ། ཕྱོགས་ཀྱི་གོས་ཅན་རྣམ་པར་རོལ་པ། མགྲིན་པའི་ནོར་བུ་དང། གདུ་བུ་དང། དཔུང་རྒྱན་དང་ རྣ་ཆ་དང། ཚངས་པའི་སྐུད་པ་དང། མགུལ་རྒྱན་དང། མགོ་བོའི་ཕྲེང་བ་དང། གཡེར་ཀའི་སྐུ་རགས་ཅན། སྒོ་དང་ཟུར་གྱི་ལྷ་མོ་རྣམས། །ཁྭ་གདོང་གཤིན་རྗེ་སྲེག་ལ་སོགས།། ཇི་ལྟར་མཁའ་འགྲོ་མདོག་བཞིན་དུ། །ཁྭ་གདོང་ལ་སོགས་དེ་བཞིན་ནོ། །མཚམས་རྣམས་ལྷ་མོ་དེ་བཞིན་ཏེ། །གཟུགས་གཉིས་འཛིན་ཅིང་ཡིད་འཕྲོག་པའོ། །ཕྱག་སོགས་དེ་ ལྟར་བསྒོམས་ནས་ནི། །དངོས་གྲུབ་ཐམས་ཅད་རབ་ཏུ་སྩོལ། །ཡེ་ཤེས་འཁོར་ལོ་དེ་མཐོང་ནས། །མཆོད་དང་བསྟོད་དང་དབང་ཡང་བསྐུར་།སྒོམ་པ་རྩེ་གཅིག་བྱས་ན་ནི། །བདག་ མེད་མ་ཡི་གོ་འཕང་གནས། །སྙིང་པོ་ཡེ་ཤེས་དམ་ཚིག་ནི། །སྒྲུབ་པོས་འདོད་པ་ཀུན་གྱི་ཕྱིར། །སྐུ་གསུང་ཐུགས་ལ་རྣམ་བཀོད་ནས་།སངས་རྒྱས་མཆོག་ནི་རྣམ་པར་སྤྲོ། །རྟག་ [157B] །ཡེ་ཤེས་ལྔ་ཡི་བདུད་རྩི་ཆུ། །དམ་ཚིག་མཆོད་པའི་སྦྱོར་བ་ཡིས། །ཆོ་ག་བཞིན་དུ་བཟླས་པ་བྱ། །ཨོཾ་ཤྲི་ཙིཏྟ་ཌཱ་ཀི་དཧི་ཀ་ཨ་ཁཾ་ཧུཾ་ཧཱུཾ་ཕཊ། ཌཱ་ཀི་ནཱི་ཛཱ་ལ་ཤཾ་བ་ར་ ཧུཾ་ཧཱུཾ་ཕཊ། སྙིང་པོའོ། །ཨོཾ་ཧྲཱི་ཧ་ཧ་ཧུཾ་ཧཱུཾ་ཕཊ། ཉེ་བའི་སྙིང་པོའོ། །ཨོཾ་བཛྲ་ཌཱ་ཀི་ནཱི་ཧུཾ་ཧཱུཾ་ཕཊ། ཉེ་བའི་སྙིང་པོའོ། །ཨོཾ་སརྦ་བཛྲ་ཌཱ་ཀི་ནཱི་ཡེ་བཛྲ་བརྞ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། སྙིང་པོ་དང་ཉེ་བའི་སྙིང་ པོའོ། །ཨོཾ་ཌཱ་ཀི་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ལཱ་མེ་ཧུཾ་ཧཱུཾ་ཕཊ་ཨོཾ་ཁཎྜ་རོ་ཧེ་ཧུཾ་ཧཱུཾ་ཕཊ། ཨོཾ་རཱུ་པི་ཎི་ཧུཾ་ཧཱུཾ་ཕཊ། ཨོཾ་ཀ་རཾ་ཁཎྜ་ཀ་པཱ་ལ་ཀ་ར་ཧུཾ་ཧཱུཾ་ཕཊ། ཨོཾ་པྲ་ཙ་ཎྜེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཀུ་རུ་མཧཱ་ཀཾ་ཀཱ་ལ་ཀུ་རུ་ ཧུཾ་ཧཱུཾ་ཕཊ། ཨོཾ་ཙཎྜཱ་ཀྵི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་བནྡྷ་ཀཾ་ཀཱ་ལ་བནྡྷ་ཧུཾ་ཧཱུཾ་ཕཊ། ཨོཾ་པྲ་བྷ་པ་ཏཱི་ཡེ་ཧུཾ་ཧཱུཾ་ཕཊ་ཨོཾ་ཏཱ་ས་ཡ་བི་ཀ་ཌ་དཾ་ཥྚཾ་ཎི་ཏཱ་ས་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་མ་ཧཱ་ན་སེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཀྵོ་བྷ་ཡ་སུ་ ར་བཻ་རི་ཎ་ཀྵོ་བྷ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་བའི་ར་མ་ཏཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧྲོཾ་ཨ་མི་ཏཱ་བྷཱ་ཧྲོཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཁརྦ་རཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧྲ་བཛྲ་བྷཱ་ཧྲ་ཧུཾ་ཧཱུཾ་ཕཊ། ཨོཾ་ལཾ་ཀེ་ཤཱ་རཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཕེཾ་བཛྲ་ དེ་ཧ་ཕེཾ་ཧུཾ་ཧཱུཾ་ཕཊ། ཨོཾ་དྲུ་མཙྪ་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཀཱ་ཀཱ་སྱེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཨུ་ལཱུ་ཀཱ་སྱེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཤཱ་ནཱ་སྱེ་ཧུཾ་ཧཱུཾ་ཕཊ། ཨོཾ་སཱུ་ཀ་རཱ་སྱེ་ཧུཾ་ཧཱུཾ་ཕཊ་ཨོཾ་ཡ་མ་དཱ་ཌྷཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དུ་ ཏཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དཾ་ཥྚི་ཎཱི་ཡེ་ཧུཾ་ཧཱུཾ་ཕཊ་ཨོཾ་ཡ་མ་མ་ཐ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། བཟླས་པ་སྒོམ་པར་ལྡན་བྱས་ནས། །སྤྲོ་དང་བསྡུ་བའི་རིམ་པ་ཡིས། །སྔགས་པ་མྱུར་དུ་འགྲུབ་པ་སྟེ།། [158A]༄༅། །རྡོ་རྗེ་སེམས་དཔའི་གོ་འཕང་རྙེད། །མཉམ་པའི་དམ་ཚིག་དམ་ཚིག་མཆོག་ཐུགས་ཀྱི་རྙེད་པས་ཁྱབ་པ་ལ། །རྣལ་འབྱོར་ཆེན་པོ་རྣམ་པར་སྤྱོད། །མཁའ་ ལ་སྤྱོད་པ་ཉད་ཐོབ་འགྱུར། །འདི་ནི་ཁམས་གསུམ་ཐམས་ཅད་དུ། །གོ་འཕང་མཆོག་ལ་ལེགས་པར་བཞུགས། །ལངས་བའི་དུས་སུ་དམ་ཚིག་ཅན་།ཡན་ལག་དྲུག་ཏུ་སྦྱོར་བ་ བཤད། །ཨོཾ་ཧཿ་སྙིང་ག་སྟེ། རྡོ་རྗེ་སེམས་དཔའ་དཀར་པོ། །ན་མ་ཧི་མགོ་ལ་སྟེ། རྣམ་པར་སྣང་མཛད་སེར་པོ། །སཱ་ཧཱ་ཧུ་སྤྱི་གཙུག་ལ་སྟེ། པདྨ་གར་གྱི་དབང་ཕྱུག་ཟླ་བ་དང་སེར་ སྐྱའོ༑ ༑བཽ་ཥཊ་ཧེ་གོ་ཆ་སྟེ། ཧེ་རུ་ཀ་ནམ་མཁའི་མདོག་ཅན་ནོ། །ཧཱུཾ་ཧཱུཾ་ཧོ་མིག་ལ་སྟེ། རྡོ་རྗེ་ཉི་མ་གསེར་བཙོ་མ་ལྟ་བུའོ། །ཕཊ་ཧཾ་ནི། ཡན་ལག་ཐམས་ཅད་ཀྱི་མཚོན་ཆ་སྟེ། རྟ་ མཆོག་ལྗང་གུ་སེར་སྐྱའོ། །ཨོཾ་བཾ་ལྟེ་བ་ལ་སྟེ། རྡོ་རྗེ་མཁའ་འགྲོ་ནམ་མཁའ་དང་སེར་སྐྱའོ། །ཧཾ་ཡོཾ་སྙིང་ག་ལ་ཡ་མི་ནི་དཀར་མོའོ། །ཧྲཱིཾ་མོཾ་ཁ་ལ་སྟེ། རྨོངས་བྱེད་མ་དམར་མོའོ། །ཧྲེཾ་ ཧྲཱིཾ་མགོ་ལ་སྟེ། གཡོ་བྱེད་མ་སེར་མོའོ། །ཧཱུཾ་ཧཱུཾ་སྤྱི་གཙུག་ལ་སྟེ། སྐྲག་བྱེད་མ་སྔེན་མོའོ། །ཕཊ་ཕཊ་ཡན་ལག་ཐམས་ཅད་ཀྱི་མཚོན་ཆ་སྟེ། ཙ་ཎྜི་ཀ་དམར་སེར་རོ། །ཇི་ལྟར་བདེ་བར་ ཆོ་ག་བཞིན་དུ་སྤྱོད་ཅིང་གནས་སོ། །འགྲོ་བ་དུ་མའི་བསམ་པལ་།ཐུགས་ཀྱི་རྡོ་རྗེ་ཚུལ་ཅན་འདི། །གཉིས་མེད་སྦྱོར་བ་མཐའ་ཡས་པ། །སྲིད་པ་ཀུན་གྱི་དངོས་པོར་གནས། །དྲི་ [158B] །ཡི་གེ་མེད་ཅིང་བརྗོད་དུ་མེད་།མངོན་པར་བརྗོད་པའི་རྒྱུད་བླ་མ་ལས། ཐུགས་ཀྱི་སྡོམ་པ་དང་བླ་མའི་བསྙེན་བཀུར་གྱི་ལེའུ་སྟེ་དྲུག་པའོ།། །།དེ་ ནས་གཞན་ཡང་བཤད་བྱ་བ། །དཀྱིལ་འཁོར་དམ་ཚིག་མཆོག་གྱུར་པ་།འདོད་པའི་གསང་བ་ཀུན་སྟེར་བ། །ཤིན་ཏུ་གསང་བའི་དངོས་གྲུབ་སྩོལ། །སྒྲུབ་པ་པོ་ལ་ཕན་པའི་ཕྱིར། །སྒྲུབ་ པའི་དོན་ནི་བཤད་པར་བྱ། །དཀྱིལ་འཁོར་སྔ་མའི་དབུས་སུ་ནི་།པདྨ་འདབ་མ་བརྒྱད་པ་བྲི། །སྣ་ཚོགས་མདོག་ཅན་གེ་སར་བཅས་།འདོད་པ་ཀུན་གྱི་འདྲས་བུ་སྟེར། །དེ་ཡི་དབུས་སུ་ ཡི་གེ་ཧཱུཾ། །རྡོ་རྗེ་སེམས་དཔའ་རྣམ་པར་བསྒོམ། །མཚན་རྣམས་ཐམས་ཅད་ཡོངས་སུ་རྫོགས། །དཔེ་བྱད་ཀུན་གྱིས་རྣམ་པར་བརྒྱན། །དགྱེས་པ་ཆེན་པོའི་སྦྱོར་བ་ཡིས། །གཉིས་མེད་ གཉིས་སུ་མེད་པའི་མཆོག། བྱང་ཆུབ་སེམས་ཀྱི་རྒྱུ་ལས་ནི། །བྱང་ཆུབ་ཟླ་བ་དྲི་མེད་པ། །དེ་མཐོང་ལྷ་མོ་ལངས་ནས་ནི། །གླུ་འདི་ཡིས་ནི་བསྐུལ་བར་བྱེད། །ཧཱུཾ། རོལ་ཅིག་རོལ་ཅིག་ དགྱེས་པ་ཧོ། །བདེ་བ་ཆེན་པོའི་རྡོ་རྗེ་ནི། །བདེ་བ་ཆེན་པོ་རོ་ཉིད་ལས། །འདི་ཉིད་དུ་ནི་བཞེངས་སུ་གསོལ། །ཨ་ལ་ལ་ཧོ་དགྱེས་པ་ཆེ། །ཁྱོད་ནི་བདེ་བའི་མཆོག་ཡིན་ཏེ། །ཁྱོད་ཀྱི་ཞལ་ ནི་ཁུམས་ཙམ་གྱིས། །བདག་གིས་འདིར་ནི་རོ་གཅིག་རྙེད། །ཀྱེ་མའོ་བཅོམ་ལྡན་བདེ་ཆེན་དགྱེས། །ཨོཾ། རྡོ་རྗེ་སེམས་དཔའ་ལེགས་དགྱེས་ཁྱོད། །རོ་དང་རོ་མཆོག་ཐམས་ཅད་དེ།། [159A]༄༅། །དགྱེས་པ་ཆེན་པོ་བདེ་བ་རྣམས། །རྟག་པར་དངོས་གྲུབ་ཀུན་ལ་ཡང། །རོལ་ཅིག་རོལ་ཅིག་ལྷ་མོ་ལ། །རྣལ་འབྱོར་མ་ནི་ཐམས་ཅད་དང། །བཅོམ་ལྡན་ རྡོ་རྗེ་ཆེན་པོ་ནི། །ལྷ་མོའི་པདྨ་དགྱེས་ལ་རོལ། །ཧཱུཾ། ཨ་ལ་ལ་ཧོ་དགྱེས་པ་ཆེ། །བཅོམ་ལྡན་འདོད་ལ་དགྱེས་པ་ཁྱོད། །འདོད་པའི་དངོས་གྲུབ་ལེགས་པར་སྩོལ། །པདྨ་མཆོག་ལ་ དགྱེས་པར་རོལ། །ཨོཾ། ཨ་ལ་ལ་ཧོ་དགྱེས་པ་ཆེ། །ཚོགས་ཀྱི་བདེ་བས་དུས་རྟག་ཏུ། །རྡོ་རྗེ་མཆོག་ནི་འཛིན་པ་ཡིས། །པདྨའི་ཞལ་མཆོག་བྱེ་བ་ཡི། །པདྨ་ལ་ནི་རོལ་པར་མཛོད།། ཇི་ལྟར་བུང་བས་སྦྲང་རྩི་བཞིན། །ལྷ་རྣམས་པདྨ་ཉིད་ལ་རོལ་།ཀྱེ་མ་གྲོགས་པོ་དགྱེས་ཆེན་འདིར། །རྡོ་རྗེ་མཆོག་ནི་བདེ་བར་སྦྱར། །དུས་ཀུན་བདེ་བ་འདིར་མཛོད་ཅིག། དེ་རིང་ དུས་ནི་འདི་ཉིད་དུ། །ཡང་དག་བྱང་ཆུབ་འདུས་པ་ཡིན། །ཨ་ལ་ལ་ཧོ་དགྱེས་པ་ཆེ། །བདེ་ཆེན་ཀུན་ཏུ་དགྱེས་མཆོག་རོལ། །ཨ་ལ་ལ་ཧོ་དགྱེས་པ་ཆེ། །གླུ་འདི་དག་གིས་བསྐུལ་ ནས་སུ༑ ༑མཉམ་ཉིད་ལས་ནི་བཅོམ་ལྡན་འདས། །སྡོམ་པའི་རྡོ་རྗེ་བཞེངས་པར་གྱུར། །འཁོར་དང་བཅས་པར་གཟིགས་ནས་ནི། །བཅོམ་ལྡན་འདས་ནི་ཞལ་བཞི་པ། །སྔོ་བ་ དང༑ སེར་བ་དང། དམར་བ་དང། ལྗང་གུའི་ཞལ་ཏེ། སྤྱན་གསུམ་པ། ཕྱག་བཅུ་གཉིས་པ། གཡས་བརྐྱང་བས་འཇིགས་བྱེད་ཆེན་པོ་དང་དུས་མཚན་ཞབས་འོག་ཏུ་ [159B] ཕྱག་གཉིས་རྡོ་རྗེ་དྲིལ་བུ་བསྣམས་པས་དམ་ཚིག་རྡོ་རྗེ་ཕག་མོ་ལ་འཁྱུང་པ། ཕྱག་གཞན་གཉིས་པོ་ན་ཚོགས་བདག་གི་པགས་པ་འཛིན་པ། གཡས་པའི་གསུམ་པ་ན་ཅང་ཏེའུ་ བཞི་པ་ལ་དགྲ་སྟ། ལྔ་བ་ལ་གྲི་གུག། དྲུག་པ་ལ་རྡོ་རྗེ་མདུང་བསྣམས་པ། ཕྱག་གཡོན་པའི་གསུམ་ན་རྡོ་རྗེ་ཁ་ཊཱཾ་ག། བཞི་པ་ལ་ཁྲག་གིས་བཀང་བའི་ཐོད་པ། ལྔ་པ་ལ་རྡོ་རྗེ་ཞགས་པ་དྲུག་ པ་ལ་བདུད་བཞིའི་མགོ་བོ་བསྣམས་པའོ། །རལ་པའི་ཅོད་པན་རྒྱན་ཆ་ཅན། །དབུ་ལ་ཐོད་པའི་ཕྲེང་བ་འཆང། །ཟླ་བ་ཕྱེད་པ་དབུ་ལ་འཛིན། །དབུ་ལ་སྣ་ཚོགས་རྡོ་རྗེས་མཚན། །འཇིགས་པའི་ མཆེ་བ་རྣམ་བསྒྱུར་ཞལ། །སྒེག་པ་ལ་སོགས་ཉམས་དང་ལྡན། །སྟག་གི་པགས་པ་གོས་སུ་མནབས། །མི་ཡི་མགོ་བོའི་ཕྲེང་བ་འཛིན། །མགྲིན་ནོར་གདུ་བུར་ན་ཆ་དང། །མགོ་ཡི་ནོར་བུས་རྣམ་ པར་བརྒྱན། །ཚངས་པའི་སྐུད་པ་ཐལ་བ་སྟེ། །ཕྱག་རྒྱ་དྲུག་ཏུ་རབ་ཏུ་གྲགས། །དེ་ཡི་པང་ན་བཅོམ་ལྡན་མ། །དམ་ཚིག་རྡོ་རྗེ་ཕག་མོ་ནི། །སྐུ་མདོག་དེ་དང་འདྲ་བར་བྱ། །ཞལ་གཅིག་པ་ལ་ཕྱག་ གཉིས་པ། །སྤྱན་གཉིས་པ་ལ་སྐྲ་གྲོལ་བ། །གཅེར་བུ་སྐ་རགས་འོག་པག་གིས་རྣམ་པར་བརྒྱན་པ། ཕྱག་གཡོན་པས་འཁྱུད་པ་སྟེ། བདུད་ཀྱི་ཁྲག་གིས་ཡོངས་སུ་གང་བའི་ཐོད་པ་ བསྣམས་བ། གཡས་པ་ན་སྡིགས་མཛུབ་རྡོ་རྗེ་དང་བཅས་པས་ཕྱོགས་བཅུར་སྡིགས་པར་བྱེད་པ། བསྐལ་པའི་མེ་ཡི་གཟི་བརྗིད་ཅན། །ཁྲག་ལ་དགྱེས་ཤིང་ཞལ་ནས་འཛག། བྱིན་ [160A]༄༅། །བ་གཉིས་ཀྱིས་མཉམ་པར་འཁྱུད། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །ཆོས་ཀུན་གནས་ནི་དགེ་བ་ཡིན། །ཨཱ་ལི་ཀཱ་ལི་ལས་བྱུང་བ། །རྣམ་པར་རྟོག་པ་ མེད་པ་སྟེ། །ཆོས་དང་ཆོས་མིན་རྣམ་པར་སྤངས། །པད་འདབ་ལྷ་མོ་དགོད་པ་ཡིས། །དངོས་གྲུབ་ཐམས་ཅད་རབ་ཏུ་སྩོལ། །མཁའ་འགྲོ་མ་དང་ལཱ་མ་དང། །དུམ་སྐྱེས་མ་དང་གཟུགས་ ཅན་མ། །གཡོན་ཕྱོགས་བསྐོར་བའི་དགོད་པ་ཡིས། །རྣལ་འབྱོར་མ་ལ་དངོས་གྲུབ་སྩོལ། །ནག་ཅིང་སེར་ལ་དེ་བཞིན་དམར། །ལྗང་གུ་དྲག་པོའི་གཟུགས་ཅན་ཏེ། །ཐམས་ཅད་ཞལ་ གསུམ་ཕྱག་དྲུག་པ། །སྤྱན་གསུམ་གཡས་བརྐྱང་གནས་པས་བཞུགས་།གཅེར་བུ་དབུ་སྐྲ་གྲོལ་བ་སྟེ། །བདུད་བཞི་ཞབས་ཀྱིས་གནོན་པ་དང། །ཆགས་ཤིང་ཞེན་པས་མྱོས་པ་ དང། །ཐོད་པ་དག་གི་དབུ་རྒྱན་ཅན། །ཕྱག་རྒྱ་ལྔས་ནི་རྣམ་པར་བརྒྱན། །ནག་ཅིང་སྔོ་ལ་ལྗང་བ་དང། །ཤིན་ཏུ་འཇིགས་ཤིང་སྡང་མིག་ཅན། །སེར་ཞིང་ནག་ལ་ལྗང་གུ་སྟེ། །སྙིང་ རྗེའི་རོ་ནི་ཡོངས་སུ་རྫོགས། །དམར་ཞིང་ནག་ལ་ལྗང་བ་དང་།སྒེག་པ་ལ་སོགས་ཉམས་ཀྱི་འཁོར། །ལྗང་ཞིང་ནག་ལ་སེར་བ་དང། །འཇམ་ཞིང་ཁྲོ་བས་འཇིགས་པ་དང། །ཐོད་ པ་དང་ནི་ཁ་ཊཱཾ་འཛིན། །གཡོན་པ་ཅང་ཏའུ་གྲི་གུག་སྟེ། །མགོ་བོ་རྡོ་རྗེ་མདུང་གཡས་ན། །མཚམས་ནི་བཞི་བོ་དག་ཏུ་ཡང། །བུམ་པ་བདུད་རྩི་ལྔ་ཡི་ཆུས། །ཡོངས་སུ་གང་བའི་ [160B] །བྱང་ཆུབ་སེམས་ཀྱིས་གང་སྣོད་གཞུག། ཁྭ་གདོང་ལ་སོགས་ལྷ་མོ་རྣམས། །གཡས་བརྐྱང་བ་ཡི་གནས་པས་བཞུགས་།ནག་དང་སྔོ་སངས་དམར་སེར་སྐྱ། །ཞལ་གཅིག་ པ་ལ་ཕྱག་བཞི་པ། །སྤྱན་གསུམ་དྲག་པོའི་གཟུགས་ཅན་ལ། །སྐྲ་གྲོལ་བ་ཡིས་རྣམ་པར་བརྒྱན། །ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། །ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །གཅེར་བུ་ཡི་དྭགས་ གདན་དུ་མནན། །འདོད་པའི་སྙིང་རྗེས་རྣམ་པར་མྱོས། །གཡོན་པར་མགོ་བོ་ཁ་ཊཱཾ་ག། གཡས་ན་ཐོད་པ་གྲི་གུག་གོ། །མཚམས་ནི་བཞི་པོ་དག་ཏུ་ཡང། །གཤིན་རྗེ་སྲེག་སོགས་མཁའ་ འགྲོ་མ། །ཞལ་གཅིག་པ་ལ་ཕྱག་བཞི་པ། །གཡས་བརྐྱང་པ་ཡི་གནས་པས་བཞུགས། །སྤྱན་གསུམ་པ་ལ་ཡི་དྭགས་གདན། །སྐྲ་གྲོལ་པ་ཡང་རབ་ཏུ་འཇིགས། །ཐོད་པའི་ཕྲེང་ བའི་དབུ་རྒྱན་ཅན། །ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །གཅེར་བུ་སྣ་ཚོགས་གཟུགས་ཅན་ལ། །དགའ་ཞིང་བདེ་བས་རྣམ་པར་མྱོས་།གཡོན་ལ་ཐོད་པ་ཁ་ཊཱཾ་ག། གཡས་ལ་ ཅང་ཏེའུ་གྲི་གུག་སྟེ། །གཡོན་ནས་བསྐོར་ཞིང་དགོད་བྱས་ན་།མཚམས་ཀྱི་དངོས་གྲུབ་སྩོལ་བར་འགྱུར། །ཁྭ་གདོང་ལ་སོགས་སྒོར་དགོད་པ། །གཡས་ནས་བསྐོར་ཞིང་དགོང་པར་ བྱ༑ ༑ཁམས་དང་སྐྱེ་མཆེད་ཕུང་པོ་རྣམས། །སྐུ་གསུང་ཐུགས་སུ་རྣམ་པར་བསྒོམ། །སྔར་བཤད་རིམ་པའི་སྦྱོར་བ་ཡིས། །གོ་ཆ་བཞིན་དུ་དགོད་པར་བྱ། །དབང་ཆེན་དང་ནི་ཆུ་ [161A]༄༅། །དང་ནི། །མེ་དང་རླུང་གི་དཀྱིལ་འཁོར་གྱི། །དེ་ཡི་དབུས་སུ་བཀོད་པ་ནི། །ས་སོགས་བཞི་པོ་དག་ཡིན་ནོ། །ལྟུང་བྱེད་མ་དང་གསོད་མ་ཉིད། །འགུགས་བྱེད་ མ་དང་གར་མ་དག། དེ་ཉིད་ནམ་མཁའི་ཁམས་ཡིན་ཏེ། །པདྨའི་དྲ་བ་སྟོང་པ་ཡིན། །གཟུགས་ནི་རྣམ་པར་སྣང་མཛད་ཡིན། །ཚོར་བ་རྡོ་རྗེ་ཉི་མ་ཡིན། །འདུ་ཤས་གར་དབང་རྒྱལ་པོ་ སྟེ༑ ༑འདུ་བྱེད་རྡོ་རྗེ་རྒྱལ་པོ་ཡིན། །རྣམ་ཤེས་རྡོ་རྗེ་སེམས་དཔའ་སྟེ། །བདེ་གཤེགས་ཀུན་ཉིད་ཧེ་རུ་ཀ། །མིག་ནི་གཏི་མུག་རྡོ་རྗེ་སྟེ་།རྣ་བ་ཞི་སྡང་རྡོ་རྗེ་ཡིན། །སྣ་ནི་ཕྲག་དོག་རྡོ་རྗེ་སྟེ།། ལྕེ་ནི་ཆགས་པ་རྡོ་རྗེ་ཡིན། །ལུས་ནི་སེར་སྣ་རྡོ་རྗེའོ། །སྐྱེ་མཆེད་ཀུན་དབང་རྡོ་རྗེའོ། །ཧཱུཾ་ནི་ཐུགས་ཀྱི་རྡོ་རྗེ་སྟེ། །ཨཱ་ཞེས་བྱ་བ་གསུང་དུ་འགྱུར། །ཨོཾ་ནི་སྐུ་ཡི་རྡོ་རྗེ་སྟེ། །ཧེ་ནི་རྡོ་རྗེ་ཡེ་ཤེས་ ཡིན༑ ༑ལུས་སོགས་རིམ་པའི་སྦྱོར་བ་ཡིན། །དངོས་པོ་ཐམས་ཅད་རྣམ་པར་བསྒོམ། །བདེ་བའི་ཆགས་པ་བཅོམ་ལྡན་འདས། །ཆགས་པ་མེད་པའང་དེ་བཞིན་ཏེ། །ཡེ་ཤེས་ འཁོར་ལོ་དེ་མཐོང་ནས། །མཆོད་དང་བསྟོད་དང་དབང་ཡང་བསྐུར་།རྗེས་སུ་ཆགས་པའི་སྦྱོར་བ་དག། འཇུག་བས་མཉམ་པའི་བཅུད་དུ་འགྱུར། །དངོས་དང་དངོས་མེད་རྣམ་ བསྒོམས་ནས། །སྤྲོ་དང་བསྡུ་བའི་སྦྱོར་བྱས་ནས། །སྦྱོར་བའི་དམ་ཚིག་མཆོད་པ་ཡིས། །ཆོ་ག་བཞིན་དུ་བཟླས་པར་བྱ། །ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུཾ་ཧཱུཾ་ཕཊ། ཌཱ་ཀི་ནཱི་ཛཱ་ལ་སཾ་བ་ [161B] སྙིང་པོའོ། །ཨོཾ་ཧྲཱི་ཧ་ཧ་ཧཱུཾ་ཧཱུཾ་ཕཊ་ཉེ་བའི་སྙིང་པོའོ། །ཨོཾ་བཛྲ་བཻ་རོ་ཙ་ན་ནི་ཡེ་ཧཱུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་སརྦ་བུདྡྷ་ཊཱ་ཀི་ནཱི་ཡེ་བཛྲ་ཝརྞྞ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ། ཕག་མོའི་སྙིང་པོ་དང། ཉེ་བའི་སྙིང་ པོའོ། །ཨོཾ་ཌཱ་ཀི་ནཱི་ཧཱུཾ་ཧཱུཾ་ཕཊ། ཨོཾ་ལཱ་མེ་ཧཱུཾ་ཧཱུཾ་ཕཊ་ཨོཾ་ཁཎྚ་རོ་ཧེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་རུ་པི་ཎཱི་ཡེ་ཧཱུཾ་ཧཱུཾ་ཕཊ་ཨོཾ་ཀཱ་ཀཱ་སྱེ་ཧཱུཾ་ཧཱུཾ་ཕཊ། །ཨོཾ་ཨུ་ལཱུ་སྱེ་ཧཱུཾ་ཧཱུཾ་ཕཊ་ཨོཾ་སཱ་ནཱ་སྱེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་སཱུ་ཀ་རཱ་ སྱེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དཱ་ཌྷཱི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དའུ་ཏཱི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དཾ་ཥྚི་ཎཱི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་མ་ཐ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ། སྤྲོས་དང་བསྡུ་བའི་སྦྱོར་བ་ཡིས། །སྒོམ་པ་མཆོག་ནི་ བསྒོམ་པར་བྱ། །འདི་ནི་རྣལ་འབྱོར་མ་རྣམས་ཀྱི། །མཆོག་ཏུ་གསང་བ་སྨྲས་པ་ཡིན། །བཅུ་དྲུག་ཆ་ནི་ཡོངས་རྫོགས་པ། །སྔགས་དང་གསང་སྔགས་ཀུན་གྱི་གཙོ། །སྒོམ་པའི་དུས་ལས་ ལངས་ནས་ནི། །གོ་ཆ་གཉིས་ནི་རྣམ་པར་དགོད། །ཨོཾ་ཧ་རྡོ་རྗེ་སེམས་དཔའ་སྙིང་ག་ལ། ན་མཿ་ཧི་རྣམ་བར་སྣང་མཛད་མགོ་བོ་ལ། སཱཧཱ་ཧུ་པདྨ་གར་གྱི་དབང་ཕྱུག་སྤྱི་གཙུག་ལ། བཽ་ ཥཊ་ཧེ་ཁྲག་འཐུང་སྟེ། དཔུང་པ་ལའོ། །ཧཱུཾ་ཧཱུཾ་ཧོ་རྡོ་རྗེ་ཉི་མ་སྟེ། མིག་ལའོ། །ཕཊ་ཧཾ་རྟ་མཆོག་སྟེ། ཡན་ལག་ཐམས་ཅད་ཀྱི་མཚོན་ཆའོ། །ཨོཾ་བཾ་རྡོ་རྗེ་ཕག་མོ་སྟེ། ལྟེ་བ་ལའོ། །ཧཾ་ ཡོཾ་ཡ་མི་ནི་སྟེང། །སྙིང་ག་ལའོ། །ཧྲིཾ་མོཾ་རྨོངས་བྱེད་མ་སྟེ། ལྕེ་ལའོ། །ཧྲེཾ་ཧྲཱིཾ་གཡོ་བྱེད་མ་སྟེ། མགོ་བོ་ལའོ། །ཧཱུཾ་ཧཱུཾ་སྐྲག་བྱེད་མ་སྟེ། སྤྱི་གཙུག་ལའོ། །ཕཊ་ཧཾ་གཏུམ་མོ་སྟེ་ཡན་ [162A]༄༅། །ལག་ཐམས་ཅད་ཀྱི་མཚོན་ཆའོ། །འདི་ལྟར་དངོས་དང་དངོས་མེད་མཉམ། །ཐམས་ཅད་ཆོས་སུ་རོ་གཅིག་སྟེ། །མཉམ་པ་ཉིད་ལ་རྣམ་པར་བཞུགས། ། མཉམ་པའི་ཡེ་ཤེས་ལྔ་པོ་འདི། །རྣལ་འབྱོར་དམ་ཚིག་ཅན་གྱིས་སྐྱོངས། །དུས་བྮིའམ་ཡང་ན་དུས་གསུམ་དུ། །ཅི་ཙམ་ནུས་པ་བསྲུང་བར་བྱ། །འདི་ནི་གསང་བའི་མཆོག་ ཡིན་ཏེ། །གང་ལ་ཡང་ནི་བསྟན་མི་བྱ། །མངོན་པར་བརྗོད་པའི་རྒྱུད་བླ་མ་ཆེན་པོ་ལས། སྡོམ་པའི་དམ་ཚིག་བསྟན་པ་སྟེ་ལེའུ་བདུན་བའོ།། །།དེ་ནས་ཆོ་ གའི་གཞུང་བཞིན་བཤད། །པདྨ་འདབ་བརྒྱད་ལེགས་པར་མཛེས། །སྣ་ཚོགས་འདབ་མ་ཡིད་འོང་བ། །ཉི་མའི་དཀྱིལ་འཁོར་དབུས་སུ་ནི་།པདྨའི་རྒྱལ་པོ་རྣམ་པར་བསམ།། ལྟེ་བར་སྣ་ཚོགས་རྡོ་རྗེ་སྟེ། །རྡོ་རྗེ་རྩེ་མོ་ལྔ་པའོ། །དེ་ལ་ལྟེ་བའི་དབུས་སུ་ནི། །ཉི་མའི་དཀྱིལ་འཁོར་གྱིས་མཚན་པ། །དེ་སྟེང་ཨཱ་ལི་ཀཱ་ལི་སྟེ། །དབུས་སུ་རེག་བྱ་སྟོང་པ་ཡིན།། རྡོ་རྗེ་སེམས་དཔའ་མཆོག་གིས་ཁྱབ། །བདག་ཉིད་ཧེ་རུ་ཀ་དཔལ་ཉིད་།ཞལ་གདོང་ལྔ་ལ་ཕྱག་བཅུ་གཉིས། །སྤྱན་གསུམ་རྣམ་པར་འགྱུར་བ་སྟེ། །གཡས་བརྐྱང་བ་ཡི་ གནས་པས་བཞུགས། །གཡོན་བརྐྱང་བ་ཡང་དེ་བཞིན་བཞུགས། །འཇིགས་བྱེད་དང་ནི་དུས་མཚན་ཉིད། །ཞབས་ཀྱི་འོག་ཏུ་མནན་པར་བྲི་།སྟག་གི་པགས་པ་གོས་སུ་ [162B] །ཐུགས་རྗེ་ཁྲོ་བོས་རྣམ་པར་རོལ། །ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། །རལ་པའི་ཅོད་པན་རྒྱན་དུ་ཐོགས། །ཟླ་བ་ཕྱེད་པའི་སྤྱི་གཙུག་ལ། །སྣ་ཚོགས་རྡོ་རྗེས་དབུ་ལ་ མནན༑ ༑སྒེག་པ་ལ་སོགས་ཉམས་དང་ལྡན། །མི་མགོའི་ཕྲེང་བ་འཛིན་པ་སྟེ། །ཐོད་རློན་ཕྲེང་བས་རྣམ་པར་བརྒྱན། །མགུལ་རྒྱན་གདུ་བུ་རྣ་ཆ་དང། །ཐོད་བའི་ཕྲེང་བས་དབུ་ལ་ བརྒྱན༑ ༑ཚངས་པའི་སྐུད་པ་ཐལ་བ་སྟེ། །ཕྱག་རྒྱ་དྲུག་པོ་རྣམ་པར་བསྒོམ། །ཕྱག་གཉིས་ཐོད་པའི་དྲིལ་བུ་ཡིས། །ཕག་མོ་ལ་ནི་རྣམ་པར་འཁྱུད། །ཕྱག་གཞན་གཉིས་པོ་དག་ གིས་ནི། །འཇིགས་བྱེད་ཆེན་པོའི་པགས་རློན་བསྣམས། །གཡས་པའི་ཕྱག་གསུམ་པ་ལ་རྡོ་རྗེ་གསོར་ཞིང་བདན་གསུམ་པ་འཛིན་པ། ཕྱག་བཞི་པ་ལ་མདུང་རྩེ་ལྔ་པ། ལྔ་པ་ ལ་དགྲ་སྟ། དྲུག་པ་ལ་རྡོ་རྗེ་ཅང་ཏེའུ་རྣམས་སོ། །གཡོན་པའི་ཕྱག་གསུམ་པ་རྡོ་རྗེ་ཁ་ཊཱཾ་ག། བཞི་པ་ལ་རྡོ་རྗེ་ཞགས་པ་ལྔ་པ་ལ་གྲི་གུག། དྲུག་པ་ལ་དྲག་པོའི་མགོ་བོ། །པང་ན་ གནས་པའི་ཕག་མོ་ནི། བཅོམ་ལྡན་འདས་ཀྱི་མདོག་ཅན་ཕྱག་གཉིས་པ་ཞལ་གཅིག་པ། སྤྱན་གསུམ་པ། སྐྲ་གྲོལ་བ། །གཅེར་བུ་དུམ་བུས་བརྒྱན་པའི་སྐ་རགས་ཅན། །ཕྱག་ གཡོན་པ་ལ་བྱང་ཆུབ་ཀྱི་སེམས་ཀྱིས་གང་བའི་ཐོད་པ་བསྣམས་པས་འཁྱུད་པ། ཕྱག་གཡས་བའི་སྡིགས་མཛུབ་ཀྱིས་གདུག་པ་ཀུན་ལ་ཕྱོགས་སུ་སྡིག་མཛུབ་བྱེད་ཅིང་གྲི་གུག་ [163A]༄༅། །འཛིན་པ། །བསྐལ་པའི་མེ་ཡི་གཟི་བརྗིད་ཅན། །ཁྲག་ལ་དགྱེས་ཤིང་ཁྲག་འཛག་པ། །བྱིན་པ་གཉིས་ཀྱིས་ལེགས་པར་འཁྲིལ་།བདེ་བའི་མཆོག་ གི་དམ་པའོ། །དྲག་པོའི་གཟུགས་ཅན་རྣམ་པར་འགྱུར། །ཐུགས་རྗེའི་ཆགས་པས་རྣམ་པར་རོལ། །རྡོ་རྗེ་སེམས་དཔའི་དབུ་རྒྱན་ཅན། །ཧེ་རུ་ཀ་དཔལ་རྣམ་པར་བསྒོམ། །ནམ་ མཁའི་མདོག་ཅན་སེར་བ་དང། །དམར་དང་ལྗང་གུ་སེར་སྐྱའོ་།ཁྲོ་དང་བཞད་དང་སྒེག་པ་དང། །རྔམ་དང་ཞི་བར་ལྡན་པ་དང། །ཁམས་དང་སྐྱེ་མཆེད་ཕུང་པོ་དང། །རེག་ པའང་དེ་བཞིན་སྒོམ་པ་སྟེ། །མཁའ་འགྲོ་ལཱ་མ་དེ་བཞིན་ཏེ། །དུམ་སྐྱེས་མ་དང་གཟུགས་ཅན་མ། །ཕྱག་བཞི་པ་ལ་གདོང་གཅིག་པ་།སྤྱན་གསུམ་པ་ལ་དྲག་པོའི་གཟུགས་ སྐྱིལ་མོ་ཀྲུང་ནི་ཕྱེད་པར་བཞུགས། །ཕྱོགས་ཀྱི་གོས་ཅན་མཆོག་ཡིན་ནོ། །ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། །སྐྲ་གྲོལ་བ་ཡིས་རྣམ་པར་བརྒྱན། །ལྷ་མོ་ཕྱག་རྒྱ་ལྔ་འཆང་ ཞིང། །འདོད་པའི་རྣམ་གྲོལ་རབ་ཏུ་སྟེ། །ཤར་དང་ལྷོ་དང་ནུབ་དང་ནི། །བྱང་གི་ཕྱོགས་སུ་རྣམ་པར་དགོད། །དཀར་དང་སེར་བ་དེ་བཞིན་དུ། །དམར་དང་ལྗང་གུ་ཆགས་པས་མྱོས།། ཐོད་པ་དང་ནི་ཁ་ཊཱཾ་འཛིན། །དྲིལ་བུ་ཅང་ཏེའུ་གྲི་གུག་འཆང། །མཚམས་བཞི་དག་ཏུ་བུམ་པ་བཞི། །ཡེ་ཤེས་ལྔ་ཡིས་ཡོངས་གང་བ། །ཐོད་པའོ་མས་ཡོངས་གང་བས། །བུམ་ [163B] །གཡོན་ནས་བསྐོར་ཞིང་བཀོད་ནས་ཀྱང། །ཡེ་ཤེས་སེམས་དཔའ་བཀུག་ནས་སུ། །མཆོད་དང་བསྟོད་དང་གཞུག་པར་བྱ། །ཡིད་ངག་ལུས་ལ་བཀོད་ནས་ནི།། གོ་འཕང་མཆོག་ནི་བསྒོམ་པར་བྱ། །ཧཱུཾ་ཨཱ་ཨོཾ་ནི་རྣམ་པར་བསྒོམ། །གསང་སྔགས་ཇི་བཞིན་བཟླས་ན་ནི། །དངོས་གྲུབ་ཐམས་ཅད་རབ་ཏུ་སྩོལ། །ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུཾ་ཧཱུཾ་པཊ། ། ཌཱ་ཀི་ནཱི་ཛཱ་ལ་སཾ་བ་ར་སཱཧཱ། ཨོཾ་ཧྲཱི་ཧ་ཧ་ཧཱུཾ་ཧཱུཾ་ཕཊ། སྙིང་པོ་དང། ཉེ་བའི་སྙིང་པོའོ། །ཨོཾ་བཛྲ་བཻ་རོ་ཙ་ནི་ཡེ་ཧཱུཾ་ཧཱུཾ་ཕཊ་སཱཧཱ། །ཨོཾ་སརྦ་བུདྡྷ་ཊ་ཀི་ནཱི་ཡེ་བཛྲ་བརྞ་ནི་ཡེ་ཧཱུཾ་ཧཱུཾ་ཕཊ་སཱཧཱ། །ལྷ་ མོའི་སྙིང་པོ་དང། །ཉ་བའི་སྙིང་པོའོ། །ཨོཾ་ཌཱ་ཀི་ནཱི་ཧཱུཾ་ཧཱུཾ་ཕཊ། ཨོཾ་ལཱ་མེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཁཎྚ་རོ་ཧེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་རཱུ་པི་ཎཱི་ཡ་ཧཱུཾ་ཧཱུཾ་ཕཊ། ཁྲོ་བོའི་སྤྲུལ་པ་སྤྲོས་ནས་ནི། །འགྲོ་བ་གསུམ་པོ་ རྫོགས་པར་བྱས། །སྒོམ་པར་བཟླས་པར་ལྡན་པ་ཡིས། །བདག་གིས་སྤྲོ་དང་བསྡུ་བར་བྱ། །ཁམས་གསུམ་མ་ལུས་ཀུན་ཏུ་ཡང། །ལུས་ངག་ཡིད་གསུམ་ཅི་བདེར་སྤྱད། །དམ་ཚིག་ཅན་ བསྒོམས་ལངས་ནས་ནི། །གོ་ཆ་གཉིས་པོ་བགོ་བར་བྱ། །ཨོཾ་ཧ་རྡོ་རྗེ་སེམས་དབའ་སྟེ། སྙིང་ག་ལའོ། །ན་མཿ་ཧི་རྣམ་པར་སྣང་མཛད་སྟེ། མགོ་བོ་ལའོ། །སཱཧཱ་ཧུ་པདྨ་གར་དབང་ སྟེ། སྤྱི་གཙུག་ལའོ། །བཽ་ཥཊ་ཧེ་དཔལ་ཁྲག་འཐུང་སྟེ། དཔུང་པ་གཉིས་ལའོ། །ཧཱུཾ་ཧཱུཾ་ཧོ་རྡོ་རྗེ་ཉི་མ་སྟེ། མིག་ལའོ། །ཕཊ་ཧཾ་རྟ་མཆོག་སྟེ། ཡན་ལག་ཐམས་ཅད་ཀྱི་གོ་ཆའོ། ། [164A]༄༅། །ཨོཾ་བཾ་རྡོ་རྗེ་ཕག་མེ་སྟེ། ལྟེ་བ་ལའོ། །ཧཾ་ཡོཾ་ཡ་མི་ནི་སྟེ། །སྙིང་ག་ལའོ། །ཧྲཱི་མོཾ་རྨོངས་བྱེད་མ་སྟེ། ཁ་ལའོ། །ཧྲེཾ་ཧྲཱིཾ་གཡོ་བྱེད་མ་སྟེ། མགོ་བོ་ལའོ། །ཧཱུཾ་ཧཱུཾ་ སྐྲག་བྱེད་མ་སྟེ། སྤྱི་གཙུག་ལའོ། །ཕཊ་ཕཊ་ཨོཾ་ནི། ཙཎྜི་ཀ་སྟེ། ཡན་ལག་ཐམས་ཅད་ཀྱི་མཚོན་ཆའོ། །འདི་ནི་དམ་ཚིག་ངོ་བོ་སྟེ། །དངོས་པོ་ཀུན་གྱི་རང་བཞིན་ནོ། །སྔགས་ དབྱི་བས་ཆོས་བདག་རྣལ་འབྱོར་ནི། །བདག་ཉིད་ཆོས་སུ་སྦྱོར་བ་ཡིས། །ཇི་ལྟར་བདེ་བར་སྤྱད་པར་བྱ། །མངོན་པར་བརྗོད་པའི་རྒྱུད་བླ་མ་ལས། །གནས་ཀྱི་རིམ་པ་སྟེ་ལེའུ་བརྒྱད་པའོ།། །། དེ་ནས་གཞན་ཡང་བཤད་བྱ་བ། །དཔའ་བོ་གཅིག་བུའི་ཆོ་ག་ནི་།སྔགས་པས་ལྟེ་བར་རྣམ་བསམས་པ། །རླུང་དང་མེ་ཡི་དབུས་སུ་ན་།དེའི་སྟེང་དུ་སྣ་ཚོགས་པདྨ། དེའི་ སྟེང་དུ་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་ཐོད་པ་ཡེ་ཤེས་ལྔའི་བདུད་རྩིས་གང་བ། དེའི་དབུས་སུ་ཨཱ་ལི་ཀཱ་ལི་ལུགས་སུ་འབྱུང་བ་དང། ལུགས་ལས་ལྡོག་པའི་ཚུལ་ དུ་གཉིས་ལྟབ་ཏུ་བྱས་ལ། ཧཱུཾ་བྱིན་གྱིས་བརླབས་པའི་རྡོ་རྗེ་སེམས་དཔའི་སྦྱོར་བ་དགའ་ཞིང་དགྱེས་བ་ལས་བྱུང་བ་ནི། དཔལ་ཐུགས་རྗེའི་བདག་ཉིད་ཧེ་རུ་ཀ་ཆགས་ པས་རྣམ་པར་འཁོར་བར་བསྒོམ་མོ། །དེ་ཡང་ཞལ་བཞི་པ། ཕྱག་བཅུ་གཉིས་པ། ཞབས་གཡས་པ་བརྐྱང་བས་བཞུགས་པ། མཆེ་བ་རྣམ་པར་གཙིགས་པ་ [164B] ཞལ་རྣམ་པར་འགྱུར་བ། ཐོད་པའི་ཕྲེང་བ་ཅན། །དཔའ་བོའི་ཕྱག་རྒྱ་དྲུག་གིས་སྐུ་ལུས་ཕྱག་རྒྱས་བཏབ་པ་འཇིགས་བྱེད་ཆེན་པོ་དང། དུས་མཚན་གཉིས་ཀྱི་མགོ་ དང་ནུ་མ་མནན་པ། སྟག་གི་པགས་པ་མནབས་པ། སྙིང་རྗེའི་རོས་འཁོར་བ། རྡོ་རྗེ་ཕག་མོ་ལ་འཁྱུད་བའི་ཕྱག་གཉིས་ལ་རྡོ་རྗེ་རྩེ་དགུ་པ། རྡོ་རྗེ་དྲིལ་བུ། ཕྱག་གཞན་གཉིས་ ལ་ཚོགས་ཀྱི་བདག་པོའི་ཕགས་པའི་སྟོབས་འཛིན་པ། གཡས་པའི་ཕྱག་གསུམ་པ་ལ་རྡོ་རྗེ་མདུང། བཞི་པ་ལ་ལྕགས་ཀྱུ། །ལྔ་པ་ལ་རྡོ་རྗེ་གྲི་གུག། དྲུག་པ་ལ་རྡོ་རྗེ་ཅང་ཏེའུ་ཕྱག་ གཡོན་པའི་གསུམ་པ་ན་ཐོད་པ་རྐང་གིས་ཡོངས་སུ་གང་བ། རྣལ་འབྱོར་གྱི་མཆོད་ཕྱིར་ཐོགས་པ་དང། རྡོ་རྗེ་ཁ་ཊཱཾ་ག། སྟེང་དུ་རྩེ་མོ་ལྔ་པའི་རྡོ་རྗེ་རབ་ཏུ་འཇིགས་པའི་རྡོ་རྗེ་དྲིལ་བུ་ རབ་ཏུ་འཕྱང་བ། སྣ་ཚོགས་བ་དན་རབ་ཏུ་དཔྱངས་པ། དབུས་སུ་སྣ་ཚོགས་རྡོ་རྗེས་མཚན་པ། འོག་ནས་རྡོ་རྗེ་རྩེ་གཅིག་པ། བཞི་པ་ལ་རྡོ་རྗེ་ཞགས་པ། ལྔ་པ་ལ་ཚངས་པའི་མགོ་ བོ༑ ༑དྲུག་པ་ལ་དགྲ་སྟ་བསྣམས་པ། ཞལ་མདོག་སྔོ་བ་དང། སེར་བ་དང། དམར་བ་དང། ལྗང་གུ་རབ་ཏུ་འཇིགས་སུ་རུང་བ། སྒེག་པ་དང། དགོད་པ་དང། འགྱིང་བག་ ཅན་དུ་བཞུགས་པའོ། །དེའི་མདུན་དུ་ཨཱ་ལི་ཀཱ་ལི་ལས་བྱུང་བའི་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་འཁྱུད་ནས་བཞུགས་ཏེ། སྐུ་མདོག་དམར་པོ། ཕྱག་བཞི་པ། ཞལ་ [165A]༄༅། །བཞི་པ། སྤྱན་གསུམ་པ། དབུ་སྐྲ་གྲོལ་བ། གཅེར་བུ་དུམ་བུའི་སྐ་རགས་ཅན། །ཕྱག་གཡོན་བ་ན་ཐོད་བ། བྱང་ཆུབ་ཀྱི་སེམས་དང་གདུག་པའི་ བདུད་ཀྱི་རཀྟས་ཡོངས་སུ་གང་བ། གཡས་པའི་སྡིགས་མཛུབ་ཅན་ལ་རྡོ་རྗེ་གྲི་གུག་ཐོགས་པ། ཕྱག་གཞན་གཉིས་ལ་ཅང་ཏེའུ་དང་ཁ་ཊཱཾ་ག་བསྣམས་པ། བསྐལ་པའི་ མེ་ལྟར་གཟི་བརྗིད་ཅན། ཞལ་ནས་ཁྲག་འཛག་ཅིང་ཁྲག་ལ་དགའ་བ། བྱིན་པ་གཉིས་མཉམ་པར་བསྣོལ་བ། བདེ་བ་ཆེན་པོའི་སྙིང་རྗེའི་བདག་ཉིད་ཅན། དམར་བ་ དང། ལྗང་གུ་དང། སེར་བ་དང། སྔོ་བའི་ཞལ། གདུག་ཅིང་འཇིགས་པར་མཛད་པའོ། །བཅོམ་ལྡན་འདས་ཀྱི་ཞལ་དང། སྐུ་མདོག་ཇི་ལྟ་བ་ཕྱག་དང་སྐུ་མདོག་ཀྱང་ དེ་བཞིན་དུ་བྲིས་ཏེ། འདི་ལ་རྣལ་འབྱོར་པ་མཆོག་གིས་ནང་གི་གནས་ལ་སོགས་པའི་རིམ་པར་དགོད་དོ། །པུ་སྟེ་ཐོད་པའི་དུམ་བུ་དང། །རབ་གཏུམ་མིན་མགོ་ལའོ། ། ཛཱ་སྟེ། ཀེང་རུས་ཆེན་པོ་དང། གཏུམ་མའི་མིག་ཅན་མ་ནི། སྤྱི་གཙུག་ལའོ། །ཨོཾ་སྟེ། ཀེང་རུས་ཅན་དང། འོད་ལྡན་མ་ནི། རྣ་བ་གཡས་པར་རོ། །ཨ་སྟེ། མཆེ་བ་ རྣམ་པར་གཙིགས་པ་དང། སྣ་ཆེན་མ་ནི། སྤྱི་བོའི་རྒྱབ་ཏུ་གནས་སོ། །གོ་སྟེ། ལྷ་དགྲ་དང། དཔའ་བོའི་བློ་གྲོས་མ་ནི། རྣ་བ་གཡོན་པར་རོ། །རཱ་སྟེ། སྨིན་མའི་ [165B] མི་ཐུང་མའོ། །དེ་སྟེ། མིག་གཉིས་སུ་ནི་རྡོ་རྗེའི་འོད་དང། ལངྐའི་དབང་ཕྱུག་མའོ། །མཱ་སྟེ། དཔུང་རྩར་ནི་རྡོ་རྗེ་ལུས་དང། ཤིང་གྲིབ་མའོ། །ཉེ་ བའི་གནས་ཏེ། ཐུགས་ཀྱི་དཀྱིལ་འཁོར་ནམ་མཁའ་ལ་སྤྱོད་པའོ། །ཀཱ་སྟེ། མཆན་ཁུང་གཉིས་སུ་ནི་མྱུ་གུ་ཅན་དང། ས་སྲུང་མའོ། །ཨོཾ་སྟེ། ནུ་མ་གཉིས་སུ་རྡོ་རྗེ་རལ་པ་ཅན་དང་ འཇིགས་བྱེད་ཆེན་མོ་སྟེ། ཞིང་ངོ། །ཏྲི་སྟེ། ལྟེ་བའི་དབུས་སུ་སྟོབས་པོ་ཆེ་དང། རླུང་གི་ཤུགས་ཅན་མའོ། །ཀོ་སྟེ། སྣ་རྩེར་ནི་རྡོ་རྗེ་ཧཱུཾ་མཛད་དང། ཆང་འཐུང་མ་སྟེ། ཉེ་བའི་ ཞིང་ངོ། །ཀ་སྟེ། ཁ་ལ་ནི་རབ་བཟང་དང། སྔོ་སངས་ལྷ་མོའོ། །ལཱ་སྟེ། མགྲིན་པར་ནི་རྡོ་རྗེ་འོད་དང། རབ་བཟང་མ་སྟེ་ཚནྡོ་ཧཱོ། །ཀ་སྟེ། སྙིང་ལ་ནི་རྡོ་རྗེ་འཇིགས་བྱེད་ དང༑ རྟ་རྣ་མའོ། །ཧི་སྟེ། བཤད་སྒོ་ལ་མིག་མི་བཟང་དང། བྱ་གདོང་མ་སྟེ། ཉེ་བའི་ཚནོ་ཧཱོ། །གསུང་གི་འཁོར་ལོས་ལ་སྤྱོད་པའོ། །པྲེ་སྟེ། མཚན་མ་ལ་ནི་སྟོབས་པོ་ཆེ་ དང། འཁོར་ལོའི་ཤུགས་མའོ། །གྲྀ་སྟེ། གཞང་ལ་ནི་རྡོ་རྗེ་རིན་ཆེན་དང། དུམ་སྐྱེས་མའོ། །འདུས་བ་ཅན་ནོ། །སཽ་སྟེ། བརཱ་གཉིས་སུ་རྟ་མགྲིན་དང་ཆང་ཚོང་མའོ། །སུ་ སྟེ༑ བྱིན་པ་གཉིས་ལ་ནི་ནམ་མཁའི་སྙིང་པོ་དང། འཁོར་ལོའི་གོ་ཆ་མའོ། །ཉེ་བའི་འདུས་བ་ཅན་ནོ། །ན་སྟེ། སོར་མོ་རྣམས་ལ་ནི་དཔལ་ཧེ་རུ་ཀ་དང། ཤིན་ཏུ་དཔའ་མོའོ།། [166A]༄༅། །སི་སྟེ། རྐང་པ་གཉིས་སུ་ནི་པདྨ་གར་གྱི་དབང་ཕྱུག་དང། སྟོབས་ཆེན་མོའོ། །དུར་ཁྲོད་དོ། །ས་སྟེ། མཐེ་བོང་གཉིས་ལ་ནི་རྣམ་པར་སྣང་མཛད་ དང༑ འཁོར་ལོས་བསྒྱུར་མའོ། །ཀུ་སྟེ། པུས་མོ་གཉིས་སུ་རྡོ་རྗེ་སེམས་དཔའ་དང། བརྩོན་འགྲུས་ཆེན་མོའོ། །ཉེ་བའི་དུར་ཁྲོད་དེ་སྐུའི་འཁོར་ལོ་ས་འོག་ན་གནས་པའོ།། མཁའ་འགྲོ་མ་ནི། རྡོ་རྗེ། ལཱ་མ་ནི། དྲིལ་བུ། དུམ་སྐྱེས་མ་དང་གཟུགས་ཅན་མ་ནི། །གླང་པོ་ཆེའི་པགས་པ་འཛིན་པའི་ཁུ་ཚུར་།ཁྭ་གདོང་མ་ནི། །རྡོ་རྗེ་མདུང། འུག་གདོང་ མ་ནི། ལྕགས་ཀྱུ། ཁྱི་གདོང་མ་ནི། གྲི་གུག། །ཕག་གདོང་མ་ནི་ཅང་ཏེའུ། གཤིན་རྗེ་སྲེག་མ་ནི། ཐོད་པའི་ཁ་ཊཱཾ་ག་མ། གཤིན་རྗེ་ཕོ་ཉ་མ་ནི། ཞགས་པ་མ། གཤིན་རྗེ་ མཆེ་བ་མ་ནི། ཚངས་པའི་མགོ་བོ་མ། གཤིན་རྗེ་འཇོམས་མ་ནི། དགྲ་སྟ་མ། བྱང་ཆུབ་སེམས་ཀྱི་སྣོད་ནི། ཞལ་བཞིའི་ངོ་བོ། །སའི་ཁམས་ནི། འབེབས་མ། ཆུའི་ཁམས་ ནི། གསོད་མ། མེའི་ཁམས་ནི། འགུགས་མ། རླུང་གི་ཁམས་ནི། གར་གྱི་དབང་ཕྱུག་མ། ནམ་མཁའི་ཁམས་ནི། པདྨའི་དྲ་བ་ཅན་ནོ་།གཟུགས་ཀྱི་ཕུང་པོ་ནི། རྣམ་པར་སྣང་ མཛད། ཚོར་བའི་ཕུང་པོ་ནི། རྡོ་རྗེ་ཉི་མ། འདུ་ཤེས་ཀྱི་ཕུང་པོ་ནི། པདྨ་གར་གྱི་དབང་ཕྱུག། འདུ་བྱེད་ཀྱི་ཕུང་པོ་ནི་རྡོ་རྗེ་རྒྱལ་པོ། རྣམ་པར་ཤེས་པའི་ཕུང་པོ་ནི། རྡོ་རྗེ་སེམས་ [166B] དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ནི། དཔལ་རྡོ་རྗེ་ཧེ་རུ་ཀའོ། །མིག་གཉིས་ནི། གཏི་མུག་རྡོ་རྗེ། རྣ་བ་གཉིས་ནི། ཞེ་སྡང་རྡོ་རྗེ། སྣ་ནི། སེར་སྣ་རྡོ་རྗེ། ཁ་ནི་ འདོད་ཆགས་རྡོ་རྗེ། རེག་བྱ་ནི། ཕྲག་དོག་རྡོ་རྗེ། སྐྱེ་མཆེད་ཐམས་ཅད་ནི་དབང་ཕྱུག་རྡོ་རྗེ། ཡིད་ནི། མི་འཁྲུགས་པ། ངག་ནི་ཚེ་དཔག་མེད། ལུས་ནི། རྣམ་པར་སྣང་མཛད་དོ། །ཨོཾ་ ཧ་སྙིང་ལ་རྡོ་རྗེ་སེམས་དཔའ། ན་མཿ་ཧི་མགོ་ལ་རྣམ་པར་སྣང་མཛད། སཱཧཱ་ཧུ་སྤྱི་གཙུག་ལ་པདྨ་གར་གྱི་དབང་ཕྱུག། བཽ་ཥཊ་ཧེ་དཔུང་པ་གཉིས་ལ་ཧེ་རུ་ཀ། ཧཱུཾ་ཧཱུཾ་ཧོ་མིག་གཉིས་ སུ་རྡོ་རྗེ་ཉི་མ། ཕཊ་ཧཾ་ཡན་ལག་ཐམས་ཅད་དུ་རྟ་མཆོག་གི་གོ་ཆའོ། །ཨོཾ་བཾ་ལྟེ་བ་ལ་རྡོ་རྗེ་ཕག་མོའོ། །ཧཾ་ཡོཾ་སྙིང་ལ་ཡ་མི་ནིའོ། །ཧྲཱིཾ་མོཾ་ནི། ཁ་ལ་རྨོངས་བྱེད་མའོ། །ཧྲཱིཾ་ཧྲཱིཾ་ནི། མགོ་ ལ་སྐྱོད་བྱེད་མའོ། །ཧཱུཾ་ཧཱུཾ་སྤྱི་གཙུག་ལ་སྐྲག་བྱེད་མའོ་།ཕཊ་ཕཊ་ཙཎྚི་ཀ་སྟེ། ཡན་ལག་ཐམས་ཅད་ཀྱི་གོ་ཆའོ། །མཛུབ་མོ་མདུད་བྱས་གུང་མོ་ངེས་པར་སྦྱར། །མཐེ་བོང་རྡོ་རྗེ་བརྟན་ པོར་རབ་ཏུ་སྦྱར། །དེ་ཡི་དཔྲལ་བའི་དབུས་སུ་རབ་བཞག་ནས། །བསྐོར་ཞིང་བསྐོར་བས་ཀུན་ཏུ་བསྐོར་བར་བྱ། །རྐང་པ་མནན་ཅིང་སྟེང་དུ་བལྟ། །གྱེན་དུ་ཕེཾ་གྱི་སྒྲ་སྒྲོག་ཅིང། ། ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པའི། །དཔའ་བོ་རྣལ་འབྱོར་མ་རྣམས་འགུགས། །ཇཿ་ཧཱུཾ་བཾ་ཧོཿ། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་སྦྱོར་བས་དགུག་ཅིང་རབ་ཏུ་ [167A]༄༅། །གཞུག་སྟེ་བཅིང་ལ་དབང་དུ་བསྡུའོ། །དཔའ་བོ་དང་རྣལ་འབྱོར་མ་དེས་ནམ་མཁའི་དཀྱིལ་ཡོངས་སུ་གང་བར་མཐོང་བཞིན་དུ་ཐོད་པ་བདུད་རྩི་ལྔས་ཡོངས་ སུ་གང་བས་སྟངས་ཐབས་དང་བཅས་པས་དབང་བསྐུར་དབུལ་ལོ། །ཇི་ལྟར་བལྟམས་པ་ཙམ་གྱིས་ཀྱང། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་པ། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་ བཞིན་བདག་གིས་ཁྲུས་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བཧི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧུཾ་ཧཱུཾ། རླུང་དང་མེའི་དཀྱིལ་འཁོར་གྱི་སྟེང་དུ་ཐོད་པ། དེར་ཡི་གེ་ཨ་བསྐྱེད་པ་ལ་ཡེ་ཤེས་ལྔའི་ བདུད་རྩིས་ཡོངས་སུ་གང་བ། ཟླ་བའི་ཆ་བཅུ་དྲུག་པ་ལ་ཡི་གེ་ཧཱུཾ་དང་ཨཱ་ཨོཾ་གྱིས་བྱིན་གྱིས་བརླབས་ཏེ། ཡི་གེ་གསུམ་པའི་སྤྲོ་བ་ལས་འཁོར་ལོ་གསུམ་འབྱུང་བར་བསྒོམ་ མོ༑ ༑ཨོཾ་ས་མ་ཡ་ཤུདྡྷ་སརྦ་དྷརྨ་ས་མ་ཡ་ཤུདྡྷོཉྷཾ་ཆོས་ཐམས་ཅད་ཀྱི་བཅུད་མཉམ་པར་གནས་པར་བསམ་མོ། །ཡེ་ཤེས་ལྔ་ཡི་སྦྱོར་བ་ཡིས། །རྡོ་རྗེ་བདུད་རྩིའི་ཆུ་ བཏུང་ངོ། །ཨོཾ་བཛྲ་ཨ་མྲྀ་ཏ་ཨུ་ཏ་ཀ་ཧཱུཾ་ཋ་ཋ་ཏྲཾ་ཨ་ཁཾ་ཧཱུཾ་ཨོཾ། །ཡེ་ཤེས་བཟླས་པའི་སྦྱོར་བ་ཡིས། །འཁོར་ལོ་མཆོག་ནི་རྣམ་པར་སྤྲོ། །དུང་ཆེན་ཕྲེང་བ་བླངས་ནས་ནི། །དེ་ནས་ དེ་ལ་བཟླས་པར་བྱ། །རང་སྲོག་རྩོལ་བ་བྱས་ནས་ནི། །བསྒོམས་པས་དེ་མ་ཐག་ཏུ་འབར། །ཨོཾ་བཛྲ་ཤྲཱི་ཧེ་ཧེ་རུ་རུ་ཀཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཊཱ་ཀི་ནཱ་ཛཱི་ལ་སཾ་བ་ར་སཱཧཱ། ཨོཾ་ཧྲཱི་ཧ་ཧ་ཧུཾ་ [167B] སྙིང་པོ་དང། ཉེ་བའི་སྙིང་པོའོ། །ཨོཾ་བཛྲ་བཻ་རོ་ཙ་ན་ནཱི་ཡེ་ཧུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་སརྦ་བུདྡྷ་ཊཱ་ཀི་ནཱི་ཡེ་བཛྲ་བརྞྞ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ་སཱཧཱ་ལྷ་མོའི་སྙིང་པོ་དང། ཉེ་བའི་སྙིང་བོའོ། །ཅི་སྟེང་ བར་མ་གྱུར་ན། །དེ་ལྟར་བཟླས་ཤིང་བསམ་གཏན་བྱ། །ངལ་བར་གྱུར་ན་རྣམ་དག་བསྒོམ། །དེ་ལ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཏེ། གང་ཞེ་ན། ལུས་དྲན་པ་ཉེ་བར་ གཞག་པ་ནི། མཁའ་འགྲོ་མའོ། །ཚོར་བ་དྲན་པ་ཉེ་བར་གཞག་པ་ནི། ལཱ་མའོ། །ཆོས་དྲན་པ་ཉེ་བར་གཞག་པ་ནི། དུམ་སྐྱེས་མའོ་།སེམས་དྲན་པ་ཉེ་བར་གཞག་པ་ནི། གཟུགས་ ཅན་མའོ། །འདུན་བའི་རྫུ་འཕྲུལ་གྱི་རྐང་པ་ནི། རབ་ཏུ་གཏུམ་མོའོ། །བརྩོན་འགྲུས་ཀྱི་རྫུ་འཕྲུལ་གྱི་རྐང་པ་ནི། གཏུམ་པའི་མིག་ཅན་མའོ། །དཔྱོད་པའི་རྫུ་འཕྲུལ་གྱི་རྐང་པ་ནི་ འོད་ལྡན་མའོ། །སེམས་ཀྱི་རྫུ་འཕྲུལ་གྱི་རྐང་པ་ནི། སྣ་ཆེན་མོའོ། །ཡེ་ཤེས་ཀྱི་པདྨ་རྣམ་པར་སྦྱང་བའོ། །དད་པའི་དབང་པོ་ནི། བརྟན་པའི་བློ་ཆེན་མའོ། །བརྩོན་འགྲུས་ཀྱི་དབང་པོ་ནི། མིའུ་ ཐུང་མའོ། །དྲན་པའི་དབང་པོ་ནི། ལངྐའི་དབང་ཕྱུག་མའོ་།ཏིང་ངེ་འཛིན་གྱི་དབང་པོ་ནི། ཤིང་གྲིབ་མའོ། །ཐུགས་ཀྱི་འཁོར་ལོ་རྣམ་པར་སྦྱང་བའོ། །ཤེས་རབ་ཀྱི་དབང་པོ་ནི། །ས་སྲུང་ མའོ༑ ༑དད་པའི་སྟོབས་ནི། འཇིགས་བྱེད་མའོ། །བརྩོན་འགྲུས་ཀྱི་སྟོབས་ནི། རླུང་གི་ཤུགས་ཅན་མའོ། །དྲན་པའི་སྟོབས་ནི། ཆང་འཐུང་མའོ། །ཏིང་ངེ་འཛིན་གྱི་སྟོབས་ནི། སྔོ་སངས་ [168A]༄༅། །ལྷ་མོའོ༑ ༑ཤེས་རབ་ཀྱི་སྟོབས་ནི། ཤིན་ཏུ་བཟང་མོའོ་།ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི། རྟ་རྣ་མའོ་།བརྩོན་འགྲུས་ཡང་དག་བྱང་ཆུབ་ ཀྱི་ཡན་ལག་ནི། ཁྭ་གདོང་མའོ། །གསུང་གི་འཁོར་ལོ་རྣམ་པར་སྦྱང་བའོ། །དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི། འཁོར་ལོའི་ཤུགས་ཅན་མའོ། །ཤིན་ཏུ་སྦྱངས་པ་ཡང་ དག་བྱང་ཆུབ་ཀྱི་ཡན་ལག་ནི། དུམ་སྐྱེས་མའོ། །ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི། ཆང་ཚོང་མའོ་།དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི། འཁོར་ ལོའི་གོ་ཆ་མའོ། །བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི། ཤིན་ཏུ་དཔའ་མོའོ། །ཡང་དག་པའི་ལྟ་བ་ནི། སྟོབས་ཆེན་མའོ་།ཡང་དག་པའི་རྟོག་པ་ནི། འཁོར་ལོས་ བསྒྱུར་མའོ། །ཡང་དག་པའི་ངག་ནི། དཔའ་མོ་ཆེན་མོའོ། །སྐུའི་འཁོར་ལོ་རྣམ་པར་སྦྱང་བའོ། །ཡང་དག་པའི་ལས་ཀྱི་མཐའ་ནི་ཁྭ་གདོང་མའོ། །ཡང་དག་པའི་འཚོ་བ་ནི། འུག་ པའི་གདོང་ཅན་ནོ། །ཡང་དག་བའི་རྩོལ་བ་ནི། ཁྱི་གདོང་ཅན་ནོ་།ཡང་དག་པའི་དྲན་པ་ནི། ཕག་གདོང་མའོ། །རྣམ་པར་ཐར་པ་བཞིའི་སྒོའོ། །ཡང་དག་པའི་ཏིང་ངེ་འཛིན་ ནི༑ བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་སྟེ། ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རྡོ་རྗེའི་རང་གི་ངོ་བོ་ནི་བདག་ཁོ་ནའོ། །དགེ་བའི་ཆོས་མ་སྐྱེས་པ་རྣམས་ [168B] གཤིན་རྗེ་སྲེག་མའོ། །དགེ་བའི་ཆོས་སྐྱེས་པ་རྣམས་ཡང་དག་པར་སྲུང་བ་ནི། གཤིན་རྗེ་ཕོ་ཉ་མའོ། །མི་དགེ་བའི་ཆོས་སྐྱེས་པ་རྣམས་ཡང་དག་པར་སྤོང་བ་ནི། གཤིན་རྗེ་ མཆེ་བ་མའོ། །མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེད་པ་ནི་གཤིན་རྗེ་འཇོམས་མའོ། །དམ་ཚིག་གི་འཁོར་ལོའི་རྣམ་པར་སྦྱོང་བའོ། །འདི་ལྟར་མ་ལུས་པ་བསྒོམས་ན། །སྒྲུབ་ པོས་ངེས་པར་འགྲུབ་པར་འགྱུར། །སེམས་ཅན་དོན་དུ་རྣལ་འབྱོར་བདག་མཉམ་ཉིད་དམ་ཚིག་དམ་པའོ། །འཁོར་ལོ་ལྔ་པོ་སོ་སོ་ཡི། །ཆོ་ག་སོ་སོའི་དབྱེ་བ་བསྒོམ། །མངལ་སྐྱེས་ སོ་སོའི་དབྱེ་བ་དག་འཁོར་ལོ་ལྔ་ཡི་མཆོག་ཉིད་ཅན། །རྣལ་འབྱོར་མ་སོགས་གཙོར་སྒོམ་པ། །སོ་སོའི་དབྱེ་བའི་དབྱེ་བ་ཡིན། །ཇི་ལྟར་རྡོ་རྗེ་ཧེ་རུ་ཀ། །དེ་བཞིན་ལྷ་མོའི་དབུས་སུ་ནི་ སངས་རྒྱས་མཁའ་འགྲོ་མ་སྦྱོར་བ། །རྣལ་འབྱོར་མ་ཡི་འཁོར་དེ་བཞིན། །རྡོ་རྗེ་སྐུ་ཡི་དཔའ་བོ་དག། བྷ་གའི་དབུས་སུ་རྣམ་པར་བསྒོམ། །ཇི་ལྟར་སྒོམ་པའི་རིམ་པ་ཡིས། །དེ་ལྟར་ འཁོར་ལོ་གསུམ་དུ་སྦྱོར། །བྷ་ག་ལྔ་པོ་བདག་གིས་བསྒོམ། །དབུས་སུ་མཁའ་འགྲོ་མ་སྦྱོར་དང། །པདྨའི་མཁའ་འགྲོ་མ་སྦྱོར་དང། །རྡོ་རྗེ་མཁའ་འགྲོ་མ་དབྱེ་ལ་ བྷ་གའི་དབུས་སུ་འཁོར་ལོ་གསུམ། །ཧེ་རུ་ཀ་ནི་མཆོག་ཉིད་བསྒོམ་།དམ་ཚིག་འཁོར་ལོ་བསྒོམས་པ་ལ། །དམ་ཚིག་མཁའ་འགྲོ་མའི་དཀྱིལ་འཁོར། །ཡེ་ཤེས་མཁའ་ [169A]༄༅། །འགྲོ་མའི་དཀྱིལ་འཁོར། །སྣ་ཚོགས་པདྨ་ལ་སོགས་དབུས་།ཡེ་ཤེས་འཁོར་ལོའི་སྦྱོར་བ་དག། །དེ་འདི་བྷ་གའི་དབུས་དག་ཏུ་།འཁོར་ལོ་ལྔ་ པ་དག་ལ་བསྒོམ། །དཔའ་བོ་གཅིག་པུ་ཧེ་རུ་ཀ། ཇི་བཞིན་ཕག་མོ་དེ་བཞིན་དུ། །སྐུ་མདོག་ཞལ་དང་ཕྱག་དང་མཚན། །དེ་ཉིད་སྣ་ཚོགས་པདྨར་བསྒོམ། །ད་ཉིད་པདྨའི་དབུས་ དག་ཏུ༑ ༑ཧེ་རུ་ཀ་ནི་མཆོག་ཉིད་བསྒོམ། །ཐོད་པ་ལྷན་ཅིག་མཉམ་པར་ནི། །ལྔ་ཡི་དབྱེ་བ་བདག་སྦྱོར་ཏེ། །རྣལ་འབྱོར་མ་ཡི་རིམ་པ་བསྒོམ། །བྷ་གའི་དབུས་སུ་རྣམ་པར་ བསྒོམ༑ ༑འཁོར་ལོའི་བདག་པོ་མཐོང་མ་གྱུར། །འཁྱུད་པ་ཡི་ནི་ཕྱག་རྒྱ་ཅན། །དཔའ་བོ་འཁོར་ལོ་དེ་ལ་བསམ། །རང་རང་གི་ནི་རྣལ་འབྱོར་མ། །སྙིང་དུ་སྦས་པ་རྣམ་པར་ བསྒོམ༑ ༑ཚོགས་ཀྱི་འཁོར་ལོའི་རྣལ་འབྱོར་ནི། །ཕྱག་བཞི་ཡིས་ནི་རྣམ་པར་མཛེས། །གཉིས་ནི་འཁྱུད་པའི་ཕྱག་ཡིན་ཏེ། །གཞན་ནི་སྣ་ཚོགས་མཚན་མ་འཛིན། ། ཕྱག་གཉིས་དག་ནི་འཁྱུད་པ་དང། །དེ་ཡི་བྷ་གའི་དབུས་སུ་ནི་།དཔའ་བོ་ས་སྒོམ་པ་མ་མཐོང་ངོ། །ཀུན་རྫོབ་སྤས་པའི་སྦྱོར་བ་ནི། །སྒོམ་པའི་མཆོག་ཀྱང་མ་མཐོང་ངོ། །སྒོ་པ་ ལས་སྐྱེས་རིམ་སྦྱོར་བའི། །སྒོམ་པའི་རྣམ་པར་སྒོམ་པ་ནི། །ལྔ་པོ་འདུས་པའི་བསམ་པ་སྟེ། །སྒོང་སྐྱེས་མཆོག་ནི་སྒོམ་པའོ། །འཁོར་ལོའི་དབྱེ་བའི་དབྱེ་བ་ཡིས། །འདི་ [169B] །ཇི་ལྟར་བསམ་པའི་བྱེ་བྲག་གིས་།དེ་ལྟར་འདོད་པ་སྒོམ་པའོ། །བདག་པོའི་དབྱེ་བའི་དབྱེ་བ་ཡིས་།རིགས་ཀྱི་དབྱེ་བ་རྣམ་པར་བསྒོམ། །ལྷ་མོའི་དབྱེ་བ་[?] དབྱེ་བ་མིས། །བདག་པོ་ཡང་ནི་རྣམ་པར་བསྒོམ། །མིག་གི་དབྱེ་བའི་དབྱེ་བ་ཡིས། །མཁའ་འགྲོ་མ་ཡི་སྒྲ་ལ་སྦྱོར། །ཡང་ན་སྐུ་གསུམ་དབྱེ་གང་གིས། །དེ་ནི་བདག་པོར་བྱ་གང་ཡིན། །བདག་ ལ་སོགས་དབྱེ་བ་ཡིས། །འཁོར་ལོའི་དབྱེ་བའི་དབྱེ་བ་ཡིན། །རིགས་ཀྱི་དབྱེ་བ་ཐམས་ཅད་ཀྱིས། །དཔའ་བོ་རྣལ་འབྱོར་མ་ཡིས་དབྱེ། །མངལ་སྐྱེས་གླུ་ཡི་སྦྱོར་བ་ཡིས། །[?]སྒོམ་པ་རྣམས་ནི་ ཡོངས་སུ་བརྟག། སྒོང་སྐྱེས་[?]མེད་པ་སྟེ། །སྒྲ་དང་སྒྲ་ཉམས་སྤངས་པའོ། །འདི་ནི་རང་བྱུང་བཅོམ་ལྡན་འདས། །རྣལ་འབྱོར་བདེ་བའི་མཆོག་དམ་པ། ཁ་ཅིག་གི་ནི་རྣལ་འབྱོར་ འདོད༑ ཁ་ཅིག་རྣལ་འབྱོར་འདོད་མིན་ཏེ། །གླུ་སྒྲ་ལ་སོགས་སྤངས་པ་ཡི། །དངོས་པོ་མེད་པའི་གོ་འཕང་བཞུགས། །ཕྲ་ཞིང་མི་ཟད་དངོས་པོ་མེད། །གཟུང་དང་འཛིན་པ་རྣམ་སྤངས་ པའོ༑ ༑གླུ་སྒྲ་ལ་སོགས་བཅས་པ་ཡིས། །གོ་འཕང་མཆོག་གི་ལོངས་སྤྱོད་ནི། །གླུ་སྒྲ་ལ་སོགས་སྤངས་པ་ཡི། །དངོས་པོ་མེད་པའི་གོ་འཕང་བཞུགས། །ཕྲ་ཞིང་མི་ཟད་དངོས་པོ་མེད་ གཟུང་དང་འཛིན་པ་རྣམ་སྤངས་པའོ། །གོ་འཕང་མཆོག་གི་ལོངས་སྤྱོད་ནི། །གླུ་སྒྲ་ལ་སོགས་བཅས་པ་ཡི། །འདོད་པའི་ཡོན་ཏན་ཐམས་ཅད་ཀྱང། །ཕན་དང་སྙིང་བརྩེར་བདག་གིས་ [170A]༄༅། །བཟའ༑ ༑སེམས་ཅན་དོན་ལ་བརྩོན་པ་ཡིས། །བཟོད་པ་བརྩོན་འགྲུས་མཆོག་དམ་པ། །རྣལ་འབྱོར་པས་གླུ་མི་སྨད་ཅིང། །མཁའ་འགྲོ་མས་ནི་ ཕན་པར་དབྱེས། །ཧོ༑ སྲིད་པ་གསུམ་ན་བདེ་བརྙེས་གཙོ། །ཨ་ལ་ལ་ཧོ། །རྒྱལ་བ་བདེ་ཅན་གྲེང་བའི་ཚོགས། །པདྨ་ལ་ནི་རྡོ་རྗེ་རོལ་།ཨ་ལ་ལ་ཧོ། །བདེ་གཤེགས་བྲལ་བའི་བཞད་ ལས་གྲོལ། །བདག་པོ་དགྱེས་པ་ཀུན་གྱི་བཅུད། །ཆགས་པས་རབ་ཏུ་དགྱེས་མཛད་ཅིང། །སྲིད་པ་གསུམ་ན་ཚོགས་ཀྱི་བཅུད། །ཨ་ལ་ལ་ཧོ། །དགྱེས་པས་མངོན་པར་གྲོལ་ བ་པོ༑ ༑བདག་ནི་འདོད་ལས་རང་གྲོལ་མཛོད། །ཨཱ་ལ་ལས་ནི་བྱུང་བ་ཡིས། །པདྨ་ཡི་ནི་རྣལ་འབྱོར་པས། །གླུ་ཡི་རྒྱལ་པོ་འདི་བླངས་པས། །རྡོ་རྗེའི་རྣལ་འབྱོར་བདེ་བ་ནི། ། པདྨའི་དྲ་བ་ལས་བཞེངས་སོ། །འདིས་བསྐུལ་བས་ནི་མགོན་པོ་རྣམས་།བདེ་ཆེན་བདེ་ཕྱིར་གཞལ་ཡས་ནས། །སངས་རྒྱས་ཐམས་ཅད་བཞེངས་འཁྲུངས་ཏེ། །རྒྱལ་བ་མ་ལུས་ སྐྱེ་བར་འགྱུར། །གླུ་དང་བཅས་པའི་དངོས་པོ་མེད། །སྒོང་སྐྱེས་ཆ་ནི་སྤངས་པ་ཡིས། །དེ་ཡི་གཟུགས་ནི་མ་མཐོང་སྟེ། །བདེ་བ་མེད་ཅིང་སྡུག་བསྔལ་མེད། །གཉིས་སུ་མེད་ཅིང་ དངོས་པོ་མེད། །བརྟག་པའི་སྤྱོད་ཡུལ་རྣམ་པར་བརྟག་ཚེས་དང་ཆོས་ལས་རྣམ་གྲོལ་ཞིང། །སྡིག་པ་ཉས་པས་མི་གོས་སོ། །ཐམས་ཅད་གཉིས་མེད་རྣམ་གྲོལ་བའི། །སྒོང་ [170B] །གླུས་ནི་གཉིད་ལས་སད་པས་ན། །རྨོངས་པས་མཁས་པ་མི་སྨད་དོ། །མ་རྟོགས་པ་དང་རྟོགས་བྱའི་ཕྱིར། །སེམས་ཅན་དོན་དུ་སངས་རྒྱས་སོ། །ཞིང་སྐྱེས་ལྷན་ ཅིག་སྐྱེས་ལྷ་མོ། །གནས་སྐྱེས་རྣལ་འབྱོར་མ་དེ་བཞིན། །རིགས་སྐྱེས་ལྷ་མོ་སྐྱེས་ལྷ་མོ། །མི་སྣང་མཁའ་སྤྱོད་མ་དེ་བཞིན། །ཐ་མའི་སྐྱེ་བ་མཆོག་ཉིད་དེ། །བར་མ་སྣ་ཚོགས་དམ་པ་ ཡིན༑ ༑སུམ་ཅུ་པ་ནི་ས་ལ་སྤྱོད། །ས་འོག་སྤྱོད་པ་འོག་ན་གནས་།གནོད་སྦྱིན་མ་དང་གླུ་མོ་དང། །མི་འམ་ཅི་མོ་དྲི་ཟ་མོ། །ལྷ་མོ་ཐམས་ཅད་སྔོན་གྲུབ་དང། །གཞན་ཡང་བདེ་ གཤེགས་བསམ་པ་ཅན། །དཀོན་མཆོག་གསུམ་ལ་བདག་དགའ་བ། ཐམས་ཅད་ཕྱི་ཡི་དཀྱིལ་འཁོར་ལོ། །སྣ་ཚོགས་གླུ་ནི་ཉེར་སྤྱད་ཅིང། །རྟག་ཏུ་གླུ་ནི་བླང་བར་བྱ། ། སྣ་ཚོགས་རོ་ཡི་བདེ་བ་ཡིས། །ལྷ་མོ་མཁའ་འགྲོའི་གཙོ་བོ་མཆོད་།རླུང་གི་དཀྱིལ་འཁོར་ལ་གནས་ནས། །སྐུ་ཡི་འཁོར་ལོ་རྣམ་པར་བསྒོམ། །མཁས་པས་ཆུ་ལ་རབ་གནས་ ནས༑ ༑གསུང་གི་དཀྱིལ་འཁོར་རྣམ་པར་བསྒོམ། །མེ་ཡི་དཀྱིལ་འཁོར་ལ་གནས་ནས། །ཐུགས་ཀྱི་དཀྱིལ་འཁོར་བདེ་བ་ཆེ། །དབང་ཆེན་དཀྱིལ་འཁོར་ལ་གནས་ནས། །དམ་ཚིག་ དཀྱིལ་འཁོར་མཆོག་དམ་པ། །ཡེ་ཤེས་དཀྱིལ་འཁོར་དེ་ཉིད་ནི། །དེ་ལས་བསམ་ཞིང་རྣམ་པར་བསྒོམ། །བྷ་གའི་དཀྱིལ་འཁོར་དབུས་སུ་ནི་།སྣ་ཚོགས་པདྨའི་རྣམ་པ་ [171A]༄༅། །བསྒོམ༑ ༑ཉི་མའི་དཀྱིལ་འཁོར་དབུས་སུ་ནི། །དཔའ་བོ་གཅིག་པུ་རྣམ་པར་བསྒོམ། །འཁོར་ལོ་པདྨ་རྡོ་རྗེ་ཕྲེང། །འཁོར་ལོ་གསུམ་པོ་ཡོངས་སུ་ བསྐོར༑ ༑ཇི་ལྟར་དམ་ཚིག་མཆོག་འཁྲོ་ལོ། །སྣ་ཚོགས་རྡོ་རྗེའི་ཕྲེང་གིས་བསྐོར། །ཡི་དྭགས་རྣམ་པ་ལྔས་དེ་བཞིན། །ཕྱི་རོལ་དཀྱིལ་འཁོར་ཡོངས་སུ་བསྐོར། །ཕྱི་རོལ་དུར་ཁྲོད་ མ་རུངས་པའི། །སྣ་ཚོགས་མདོག་ཅན་མཆོག་དམ་པ། །སྣ་ཚོགས་ཤིང་ནི་ཉམས་དགའ་བ། །ཁྱི་དང་ལྕེ་སྤྱང་འཇིགས་པ་དང། །བྱ་རོག་འུག་པ་ཆུ་སྐྱར་དང། །བྱ་རྒོད་དང་ནི་སི་བི་ཀ་ སྲེག་པའི་ས་ཡང་དེ་བཞིན་ཏེ། །ཀེང་རུས་གསལ་ཞིང་བསྐྱོན་པ་དང། །རག་རོག་བསྲེགས་པ་རྣམ་པར་འཕྱང། །དེ་བཞིན་ཕྱེད་ཚིག་ཕྱེད་མ་ཚིག་མགོ་བོ་ཐོད་པ་རྗེ་ངར་དང། །ཁོག་པ་ལག་ པ་མགོ་བོ་དང། །ལྕེ་སྤྱང་སྒྲ་ནི་སྒྲོག་པ་དང། །སྦྲུལ་ནི་སྣ་ཚོགས་དགའ་བར་གནས། །སེངྒེ་ཕག་དང་སྟག་དང་ནི། །ར་དང་ལུག་དང་དེ་བཞིན་ཏེ། །གླང་པོ་ཁྱི་དང་བོང་བུ་གླང། །རྔ་མོ་སྣ་ཆོགས་ བདེ་བའི་མཆོག་བཟའ་བ་རྣམ་པ་སྣ་ཚོགས་དང། །ཆང་གི་བཏུང་བའི་མཆོག་རྣམས་དང། །དཔའ་བོ་འདུས་པའི་མཆོག་དག་དང། །རྣལ་འབྱོར་མ་ནི་མཆོག་སྣ་ཚོགས། །ཐོད་པ་ ཁ་ཊཱཾ་ག་འཛིན་ཅིང། །གྲི་གུག་ཅང་ཏེའུ་མཆོག་རྣམས་དང་།སྣ་ཚོགས་ལྷ་ཡི་རྔ་དག་དང། །རོ་མཆོག་བཟའ་བ་སྣ་ཚོགས་དང། །སྣ་ཚོགས་ཙུམྤ་ཨཱ་ལི་ཀ་ཀུ་ཤ་ལེ་ [171B]དེ་ལྟ་བུ་ཡི་དུར་ཁྲོད་དུ། །གནོད་སྦྱིན་རོ་ལངས་སྲིན་པོ་ལ། །གཏོར་མ་དེ་ལ་སྦྱིན་བྱ་ཞིང། །ཧེ་རུ་ཀ་ཡི་གཟུགས་རྣམས་བསྒོམ། །ཅང་ཏེའུ་རྡོ་རྗེ་དྲིལ་བུ་དང། ། སིལ་སྙན་གར་རྣམས་རབ་ཏུ་བྱ། །ཕྱོགས་ཀྱི་གོས་ཅན་ཕྱག་རྒྱ་སྦྱོར། །ཧཱུཾ་ཕཊ་ཅ་ཅོའི་སྒྲ་འབྱིན་ཅིང། །ཞབས་གཡས་བརྐྱང་བའི་སྦྱོར་བ་ཡིས། །འབར་བའི་ཕྱག་རྒྱ་བཅིངས་ ནས་སུ༑ ༑ཁ་ནི་དམ་ཚིག་གིས་བཀང་ནས། །འདི་ལ་གསང་སྔགས་རྗེས་དྲན་བྱ། །ཨོཾ་ཨཱ་ཨ་ར་ལི་ཧོ་ཛཧཱུཾ་བཾ་ཧོཿ། བཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟྭཾ་དྲི་ཤྱ་ཧོ། །འདི་ནི་གསུམ་མཾ་བཞི་ལྔ་རུ་།ཡང་ དང་ཡང་དུ་བརྗོད་པར་བྱ། །ལུགས་སུ་འབྱུང་དང་ལྷག་པ་ཡིས་།ཐོད་པར་དེ་རྣམས་ལ་ཡང་སྦྱིན། །རྡོ་རྗེ་ཐལ་མོ་གྱེ་ན་ཕྱེ་ནས། །འདི་ལ་གསང་སྔགས་འདབ་པར་བྱ། །ཨོཾ་ཁ་ཁ་ ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ་རཀྵ་ས་བྷཱུ་ཏ་པྲེ་ཏ་པི་ཤཱ་ཙ་ཨུན་མཱ་ད་ཨ་པསྨཱ་ར་ཌཱ་ཀ་ཌཱ་ཀི་ནྱཱ་ད་ཡ། ཨི་མཾ་བི་ལཾ་གྲིཧྞ་ནྟུ། ས་མ་ཡ་རཀྵཾ་ཏུ། མ་མ་སརྦ་སིདྡྷིམྨེ་པྲ་ཡ་ཙྪནྟུ། ཡ་ཐཻ་བཾ་ཡ་ ཐེཥྚཾ༑ བྷུཉྫ་ཐ། ཛི་གྷྲ་ཐ། མཱ་ཏི་ཀྲ་མ་ཐ། མ་མ་སརྦ་ཀཱརྟ་ཡཱ་ས་ད་སུ་ཁ་བི་ཤུདྡྷ་ཡེ་ས་ཧ་ཡི་ཀཾ་བྷ་བནྟུ་ཧཱུཾ་ཧཱུཾ་ཕཊ་ཕཊ་སཱཧཱ། ཆོ་ག་འདི་ཡི་རིམ་པ་ཡིས་།ཐུན་མཚམས་བཞི་རུ་ སྦྱིན་པར་བྱ། །གཅིག་པུ་བདེ་བར་གནས་ནས་སུ། །མ་ཧཱ་མ་ས་དོན་བྱ་བསྟེན། །རྣལ་འབྱོར་མཉམ་པར་བཞག་ནས་ནི། །འདི་ལ་ཐམས་ཅད་བཟའ་བར་བྱ། །ངེས་པར་བརྗོད་ [172A]༄༅། །པའི་རྒྱུད་བླ་མའི་བླ་མ་ལས། གཉིས་སུ་མེད་པའི་འཁོར་ལོའི་རིམ་པར་ཕྱེ་བ་བསྟན་པ་སྟེ་ལེའུ་དགུ་པའོ།། །།དེ་ནས་གཞན་ཡང་ བཤད་བྱ་བ། །དག་པའི་གནས་ཀྱི་ཆོ་ག་སྟེ། །གསང་བའི་ཆོ་གའི་གསང་བ་ནི། །མཁའ་འགྲོ་མ་ཡི་སྙིང་པོ་མཆོག་གསང་སྔགས་ཀུན་གྱི་གནས་སྦྱོར་བ། །དངོས་གྲུབ་ ཐམས་ཅད་སྩོལ་བ་ཡིན། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ལ་དབང་ཕྱུག་ཆེན་པོའི་རྡོ་རྗེའི་འཁོར་དང། མངག་གཞུག་དང་བཅས་པ་མཁའ་འགྲོ་ཆེན་པོ་ དང། མཁའ་འགྲོ་མའི་ཚོགས་རྣམས་དང། གཞན་ཡང་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་ཆེན་པོ་རྡོ་རྗེ་འཛིན་པ་རྣམས་རང་གི་བདག་པོ་ལ་ཕྱག་བྱས་ཏེ་གསོལ་པ། ཨེ་ མའོ་བདེ་བའི་སེམས་དཔའ་ཁྱོད། །ཨེ་མའོ་བདེ་བའི་གཙོ་བོ་ཡིས་།མཁའ་འགྲོ་མ་ཡི་གསང་བ་མཆོག་རང་གི་དཀྱིལ་འཁོར་བཤད་དུ་གསོལ། །སངས་རྒྱས་རྣལ་འབྱོར་ རྣལ་འབྱོར་ཆེ། །རྡོ་རྗེ་རྣལ་འབྱོར་མཆོག་གྱུར་པ། །རང་གི་གསང་བའི་དཀྱིལ་འཁོར་གསུངས། །འཇིག་རྟེན་གསུམ་གྱི་བདེ་བ་འབྱུང། །རྡོ་རྗེ་རིན་ཆེན་པདྨ་ཆེ། །སྣ་ཚོགས་སྦྱོར་དང་སྣ་ཚོགས་ གར༑ ༑རང་གི་དཀྱིལ་འཁོར་དག་པ་གསུངས། །གཞལ་ཡས་ཟུར་བཞི་རབ་ཏུ་མཛེས། །སྒོ་བཞི་དང་ནི་ཡང་དག་ལྡན། །རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། །དཀྱིལ་ [172B] །དེ་ཡི་དབུས་སུ་འཁོར་ལོ་གཉིས་།ཐུགས་དང་གསུང་གི་འཁོར་ལོ་མཆོག་རྩིབས་བརྒྱད་པ་ལ་སྔོ་དང་དམར། །རྡོ་རྗེ་པདྨས་རྣམ་པར་བསྐོར། །ཕྱི་རོལ་ འཁོར་ལོས་བསྐོར་བར་བྲི། །དཀྱིལ་འཁོར་དཀྱིལ་འཁོར་མཆོག་གི་ནི་།ཕྱི་རོལ་རྣལ་འབྱོར་མ་སྣ་ཚོགས། །གླུ་དང་གར་གྱི་རྣམ་པར་རོལ། །ཕྱི་རོལ་ཡི་དྭགས་ཕྲེང་པ་ཡི། །སྣ་ཚོགས་ མདོག་ནི་མཆོག་དམ་པ། །ལག་པའི་གར་གྱིས་གར་བྱེད་པ། །གདོང་ནི་རྣམ་བསྒྱུར་ལྕེ་ཡང་བསྐྱོད། །དེ་དབུས་སྟོང་པར་གྱུར་པ་སྟེ། །ཟླ་བར་ཡི་གེ་ཧཱུཾ་མཆོག་ཡིན། །དེར་ནི་རྡོ་རྗེ་ཁྱབ་པ་སྟེ། །རྡོ་རྗེ་ སེམས་དཔའ་རྣམ་པར་བསྒོམ། །ཞལ་གསུམ་ཕྱག་ནི་དྲུག་པ་སྟེ། །སྐུ་གསུམ་སྙིང་རྗེའི་ཉམས་དང་ལྡན། །ཕྱག་རྒྱ་ཆེ་དང་ཡང་དག་ལྡན། །རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས། །སྣ་ ཚོགས་པདྨའི་གདན་སྟེང་དུ། །ཟླ་བའི་དཀྱིལ་འཁོར་དབུས་སུ་ནི་།དཀར་ཞིང་སྔོ་ལ་གུར་གུམ་ཞལ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི། །ཐོད་པ་དང་ནི་ཁ་ཊཱཾ་འཛིན། །རྡོ་རྗེ་དྲིལ་བུས་ཡང་ དག་འཁྱུད། །ཅང་ཏིའུ་ཚངས་པའི་མགོ་བོ་འཆང། མི་བསྐྱོད་པ་ཡི་ཅོད་བན་འཛིན། །མཁའ་འགྲོའི་གནས་ནི་དགོད་བྱ་སྟེ། །དཔའ་བོའང་དེ་བཞིན་དགོད་པར་བྱ། །ཁམས་ དང་ཕུང་པོ་སྐྱེ་མཆེད་རྣམས། །སྐུ་གསུང་ཐུགས་སུ་རྣམ་པར་བསྒོམ། །ལྷ་མོའང་དེ་འདྲའི་གཟུགས་ཅན་ཏེ། །ཕྱག་རྒྱ་ཆེན་པོ་བདེ་བ་ཡིན། །སྙིང་གར་མཾ་གྱི་ས་བོན་ནི། །ཟླ་བའི་དཀྱིལ་ [173A]༄༅། །འཁོར་དབུས་དག་ཏུ། །ཧོ་གཉིས་དང་ནི་བཅས་པ་རུ། །སྔོན་དུ་དངོས་གྲུབ་རྗེས་དྲན་ནས། །ཕྱག་རྒྱ་འདི་ཡིས་རྒྱས་བཏབ་སྟེ་།དེ་མ་ཐག་ཏུ་ལྷ་མོ་ ཡི༑ ༑སྙིང་གའི་གསང་བའི་པདྨ་ལ། །ཆགས་པར་སྤྱོད་པར་གྱུར་ནས་སུ། །མགོན་པོ་ཆེན་པོ་ཆགས་པ་ཡིས། །རྡོ་རྗེ་སེམས་དཔའི་བདེ་བ་ཆོས། །དེ་དང་ལྷན་ཅིག་རོལ་པ་ སྟེ༑ ༑དབང་པོ་གཉིས་ནི་སྦྱོར་བར་འགྱུར། །དཔའ་བོ་རྣལ་འབྱོར་མ་རྣམས་ཀྱི། །ཡིད་ནི་དགའ་བར་གྱུར་ནས་སུ། །དགའ་བ་ཡི་ནི་བསམ་པ་ཡིས། །ཅང་ཏེའུ་སྒྲ་ཡིས་བསྐུལ་ ན་ནི༑ ༑མཉམ་ཉིད་དགའ་ལས་བཞེངས་པར་འགྱུར། །ཨཱ་ལི་ཀཱ་ལི་མཉམ་སྦྱོར་བ། །བདེ་བ་ཆེན་པོ་དགྱེས་པར་འགྱུར། །དེ་ནས་ནམ་མཁའ་དང་ཆོས་ཀྱི་དབྱིངས་ཀྱི་མཐའ་ གཏུགས་པ་ཐམས་ཅད་ཀྱི་རྡུལ་དང་མཉམ་པའི་དེ་བཞིན་གཤེགས་པ་ཐམས་ཅད་འཁོར་དང་བཅས་པ་དང། གསང་བའི་དཔའ་བོ་དང། མཁའ་འགྲོ་མ་དང་བཅས་ པས་ཁྱབ་པ། བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོས་མདུན་དུ་བདར་བ། །མ་ལུས་ཤིང་ལུས་པ་མེད་པའི་མཁའ་འགྲོ་དང། མཁའ་འགྲོ་མའི་ཚོགས་དང། ཕྱིའི་རིག་ མའི་བདག་ཉིད་ཕོ་ཉ་དང། ཕོ་ཉ་མའི་ཚོགས་རྒྱ་ཆེ་བ་རྣམས་ངོ་མཚར་དུ་གྱུར་ནས་མིག་གིས་ལྟ་ཞིང་མཉམ་པར་འཁྱུད་དེ། གར་གྱི་རྣམ་པར་འཕྲུལ་པ་ཡིས། །དགའ་བོ་ཆེན་པོས་ [173B] །སྤྱི་བོར་ཐལ་མོ་སྦྱར་བྱས་ནས། །བྱིན་གྱི་རླབས་ཀྱིས་དགྱེས་པ་ཡིས། །མགོན་པོ་ཆེན་པོ་དགྱེས་པ་ཡིས་གླུ་འདི་དག་གིས་བསྐུལ་བར་བྱ། །ཨེ་མའོ་ངོ་མཚར་ རྨད་ཀྱི་ཆོས། །ཨེ་མའོ་ངོ་མཚར་རྨད་ཀྱི་ལུགས། །ཨེ་མའོ་ངོ་མཚར་རྨད་ཀྱི་གསང། །ཨེ་མའོ་བདེ་བ་ལས་བྱུང་བ། །ཨེ་མའོ་ཀུན་ཏུ་བཟང་པོའི་དོན། །ཨེ་མའོ་བདེ་བ་ཡང་ དག་འདུས། །ཨེ་མའོ་བདེ་ཆེན་དག་པ་སྟེ། །ཨེ་མའོ་བདེ་བ་བདེ་བའི་མཆོག་ཨེ་མའོ་གསང་སྔགས་མཉམ་སྦྱོར་བ། །ཨེ་མའོ་ཐུགས་ཀྱི་སྤྱོད་པ་སྟེ། །ཨེ་མའོ་མཉམ་ཉིད་ ཕྱག་རྒྱར་ལྡན། །ཨེ་མ་གྲུབ་པ་ཡང་དག་འབྱུང། །ཨེ་མ་ཕ་རོལ་ཕྱིན་པ་ཡིས། །ཨེ་མ་རིག་པ་རྗེས་ཆགས་པ། །ཨེ་མ་སྣ་ཚོགས་ལས་ཆེན་པོ། །ཨེ་མ་ཁ་སྦྱར་གསུམ་དག་པ། །ཨེ་ མ་རྡོ་རྗེ་མཉམ་ལ་སྦྱོར། །ཨེ་མ་པདྨ་རྣམ་འབྱེད་པ། །ཨེ་མ་དབང་པོ་གཉིས་མཉམ་ལྡན། །ཨེ་མ་རྨད་བྱུང་མཉམ་པ་སྟེ། །ཨེ་མ་དག་པའི་གར་ཆེན་ཏེ། །ཨེ་མ་དྲི་མེད་གླུ་རེ་ ལེགས༑ ༑ཨེ་མ་རོལ་མོ་ལེགས་སྦྱོར་བ། །ཨེ་མ་ཕཊ་ཀྱིས་མུན་སེལ་བ་།ཨེ་མ་མེ་ཏོག་ན་བཟའ་མཛེས། །ཨེ་མ་བདུག་པ་གྷ་ཏི་བདུག་ཨེ་མ་སྒྲོན་མ་གཏི་མུག་སེལ། །ཨེ་ མ་དྲི་མཆོག་བསིལ་བ་སྟེ། །ཨེ་མ་རྣལ་འབྱོར་མཉམ་སྦྱོར་བ། །ཨེ་མ་སྒྱུ་འཕྲུལ་མཁའ་ལྟ་བུ། །ཨེ་མ་གདོད་ནས་སངས་རྒྱས་གདོད་ནས་རྡོ་རྗེ་སྟེ། །ཨེ་མ་གདོད་ནས་རིན་ཆེན་བདེ་ [174A]༄༅། །བ་རབ་སྩོལ་བ། །ཨེ་མ་གདོད་ནས་པདྨ་གདོད་ནས་བྲིས་པ་སྟེ། །ཨེ་མ་སྣ་ཚོགས་སྒྱུ་འཕྲུལ་རྣམ་པར་འཕྲུལ་པ་ཡིན། །ཨེ་མ་ངོ་མཚར་ རྨད་སངས་རྒྱས། །ཨེ་མ་ངོ་མཚར་འདི་ཉིད་རྨད། །ཨེ་མ་ངོ་མཚར་སེམས་ཅན་རྣམས། །ཨེ་མ་ངོ་མཚར་ལྷ་མོ་ཡིན། །འདིས་བསྐུལ་བས་ནི་མགོན་པོ་རྣམས། །མཆོག་ཏུ་སྦྱོར་ བའི་ས་བོན་ལས། །གུར་གུམ་གྱི་ནི་མདོག་ལྟ་བུ། །རྡོ་རྗེས་མཚན་པ་འབྱུང་བར་འགྱུར། །ཞལ་དྲུག་ཕྱག་ནི་བཅུ་གཉིས་པ། །ཕག་མོ་ཡིས་ནི་རྣམ་པར་བརྒྱན། །དཔའ་ཆེན་འཇམ་ པའི་རྡོ་རྗེ་ནི། །སྐྱིལ་ཀྲུང་ཕྱེད་པར་ཡང་དག་གནས། །སྤྱན་གསུམ་པ་ལ་རབ་ཏུ་བཞད། །དྲག་ཅིང་འཇིགས་ལ་རྔམ་པ་དང་།སྙིང་རྗེ་གར་གྱི་ཉམས་ཅན་ཏེ། །འཇིགས་བྱེད་དང་ ནི་དུས་མཚན་དག། །ཞབས་ཀྱི་འོག་ཏུ་མནན་པར་བཞུགས། །ཡང་ན་གཡས་བརྐྱང་གནས་པ་ཡིས། །རྣལ་འབྱོར་འབྱུང་བ་ཆེན་པོ་སྐྱེས་།ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། ། སྣ་ཚོགས་པདྨ་དག་ལ་བཞུགས། །གེ་སར་གསར་པའི་མདོག་ཅན་ལ་།ཕྱག་རྒྱ་དེས་ནི་རྣམ་པར་བརྒྱན། །སྔོ་ཞིང་ལྗང་ལ་སེར་བ་དང། །དམར་ཞིང་དཀར་ལ་ཞི་བ་སྟེ། །ཐོད་པའི་ཕྲེང་ བའི་དབུ་རྒྱན་ཅན། །སངས་རྒྱས་གཟུགས་ཀྱིས་རྣམ་པར་མཛེས། །རྡོ་རྗེ་དྲིལ་བུ་མཉམ་པར་ལྡན། །ལྷ་མོའི་སྐུ་ཙ་འཆིར་བ་དང་།ཚངས་པའི་སྐུད་པ་འཛིན་མཛད་ཅིང། །དྲག་པོའི་ [174B] །རྐེད་པར་འཆིང་ཞིང་བཞུགས་པ་ཡིན། །ཐོད་པ་ཁཊཱཾ་ག་འཛིན་ཅིང། །རལ་གྲི་ཨུདྤལ་འདབ་བསྣམས་ཤིང། །ལྕགས་ཀྱུ་ཞགས་པ་ཅང་[?]ཏེའུ། ། མགོ་བོ་གཞུ་ཡང་དེ་བཞིན་ནོ། །དེ་ཡི་སྐུ་མདོག་ཕྱག་མཚན་བཞིན་།རྡོ་རྗེ་ཕག་མོ་ཆེན་མོ་ནི། །ཆགས་པ་ཆེན་པོའི་གོ་འཕང་གནས་།བྱིན་པ་གཉིས་ཀྱིས་ལེགས་པར་འཁྲིལ། །དགའ་ བ་ཆེན་པོ་ཡིད་འོང་བ། །མགོ་བོའི་ཕྲེང་བས་སྐུ་ལུས་བརྒྱན་།ཕྱག་རྒྱ་དྲུག་གིས་རྣམ་པར་མཚན། །འདི་ལྟར་སྔགས་པས་བསྒོམས་བྱས་ཏེ། །འཇམ་དཔལ་རྡོ་རྗེ་བདེ་བ་ཆེ། ། གནས་སོགས་བདག་པོར་སྦྱོར་བ་ཡིས། །ཡེ་ཤེས་ལ་སོགས་བདག་པོ་ཀུན་།མཁའ་འགྲོ་དྲ་བའི་སྦྱོར་བ་སྟེ། །སྡོམ་པ་སྔོམ་པའི་མཆོག་ཡིན་ནོ། །ཐོག་མ་ཐུགས་ཀྱི་ འཁོར་ལོ་སྟེ། །ཤར་ཕྱོགས་ཀྱི་རྩིབས་སུ་པུལླཱིར་མ་ལ་ཡ་ན་ཐོད་པའི་དུམ་བུ་དང། རང་གཏུམ་མ་སྟེ། དཀར་བ་དང། སྔོ་བ་དང་ལྗང་གུའོ། །བྱང་ཕྱོགས་སུ་ཛཱ་ལནྡྷ་ར་ན་ཀེང་ རུས་ཆེན་པོ་དང། གཏུམ་མིག་མ་སྟེ། སེར་བ་དང། སྔོ་བ་དང་ལྗང་གུའོ། །ནུབ་ཕྱོགས་སུ་ཨཽ་ཌི་ཡཱ་ན་ན་ཀེང་རུས་ཅན་དང་འོད་ལྡན་མ་སྟེ། དམར་བ་དང། སྔོ་བ་ དང། ལྗང་གུའོ། །ལྷོ་རུ་ཨར་བུ་ད་ན་མཆེ་བ་རྣམ་པར་གཙིགས་པ་དང། སྣ་ཆེན་མ་སྟེ་ལྗང་གུ་དང། སེར་བ་དང། དམར་བའོ་།མེའི་ཕྱོགས་ལ་གའོ་དཱ་བ་རིར་ལྷ་ [175A]༄༅། །དགྲ་དང། དཔའ་བོའི་བློ་གྲོས་མ་སྟེ། དམར་བ་དང། སེར་བ་དང། ལྗང་གུའོ། །བདེན་བྲལ་དུ་རཱ་མེ་ཤྭ་ར་ན་འོད་དཔག་མེད་དང། མི་ཐུང་མ་སྟེ། དཀར་ བ་དང། སེར་བ་དང་ལྗང་གུའོ། །རླུང་གི་ཕྱོགས་སུ་དེ་བི་ཀོ་ཊི་ན་རྡོ་རྗེའི་འོད་དང། ལངྐའི་དབང་ཕྱུག་མ་སྟེ། ནམ་མཁའི་མདོག་ཅན། སེར་བ་དང། ལྗང་གུའོ། །དབང་ལྡན་དུ་མཱ་ལ་ བ་ན་རྡོ་རྗེ་ལུས་དང། ཤིང་གྲིབ་མ་སྟེ། ལྗང་གུ་དང། སེར་བ་དང། སྔོ་བའོ། །ཐུགས་ཀྱི་འཁོར་ལོ་སྟེ་ཐོད་པའི་དུམ་བུ་ལ་སོགས་པའི་དཔའ་བོ་ནི། རབ་གཏུམ་མ་ ལ་སོགས་པ་རྡོ་རྗེ་དང་དྲིལ་བུ་འཛིན་པས་འཁྱུད་པའོ། །གཉིས་པ་གསུང་གི་འཁོར་ལོ་ཡང་ཤར་ཕྱོགས་ཀྱི་རྩིབས་སུ་ཀཱ་མ་རུ་ཕན་མྱུ་གུ་ཅན་དང། ས་སྲུང་མ་སྟེ། དཀར་བ་ དང། སྔོ་བ་དང། ལྗང་གུའོ། །བྱང་ཕྱོགས་སུ་ཨོ་ཏྲེ་ན་རྡོ་རྗེ་རལ་པ་ཅན་དང། འཇིགས་བྱེད་ཆེན་མོ་སྟེ། ལྗང་གུ་དང། སེར་བ་དང། སྔོ་བའོ། །ནུབ་ཏུ་ཏྲི་ཤ་ཀུ་ནེ་ན་ དཔའ་བོ་ཆེན་པོ་དང། ཞུང་[?]གི་ཤུགས་ཅན་མ་སྟེ། སྔོ་བ་དང་སེར་བ་དང། ལྗང་གུའོ། །ལྷོ་རུ་ཀོ་ས་ལ་ན་རྡོ་རྗེ་ཧཱུཾ་མཛད་དང། ཆང་འཐུང་མ་སྟེ། དམར་བ་དང། སེར་བ་ དམ། ལྗང་གུའོ། །མེའི་ཕྱོགས་སུ་ཀ་ལིངྐར་རབ་བཟང་དང། སྔོ་བ་སངས་མ་སྟེ། ལྗང་གུ་དང། སེར་བ་དང། དམར་བའོ། །བདེན་བྲལ་དུ་ལཱཾ་པ་ཀ་ན་རྡོ་རྗེ་འོད་དང། རབ་ [175B] སེར་བ་དང། སྔོ་བ་དང། ལྗང་གུའོ། །རླུང་གི་ཕྱོགས་སུ་ཀཱཉྩི་ན་འཇིགས་བྱེད་ཆེན་པོ་དང། རྟ་རྣམ་སྟེ་དུད་པའི་མདོག་དང། སེར་བ་དང། སྔོ་བའོ། །དབང་ལྡན་གྱི་ ཕྱོགས་སུ་ཧི་མ་ལ་ཡ་ན་མིག་མི་བཟང་དང། བྱ་གདོང་མ་སྟེ་གནམ་གྱི་མདོག་དང། སེར་བ་དང། ལྗང་གུའོ། །གསུང་གི་འཁོར་ལོ་སྟེ་མྱུ་གུ་ཅན་ལ་སོགས་པ་དང། ས་སྲུང་མ་ལ་ སོགས་པ་ནི། པདྨ་དང་པདྨའི་དྲིལ་བུ་འཛིན་པས་འཁྱུད་པ། དེ་ལྟར་མཁའ་ལ་སྤྱོད་པ་དང། ས་ལ་སྤྱོད་པའི་འཁོར་ལོ་གཉིས་པོ་ཡིན་ནོ། །གསུམ་པའི་སྐུ་རྡོ་རྗེ་འབྱུང་བ་ནི། ཟུར་བཞི་ པ་ལ་སྒོ་བཞི་པ་སྟེ། ཤར་ཕྱོགས་ཀྱི་སྒོར་པྲེ་ཏ་པུ་རི་ན་སྟོབས་པོ་ཆེ་དང། འཁོར་ལོའི་ཤུགས་ཅན་མ་སྟེ། སྔོ་བ་དང། སེར་བ་དང། ལྗང་གུའོ། །བྱང་ཕྱོགས་ཀྱི་སྒོ་ལ་གྲྀ་ཧ་དེ་བ་ ཏཱ་ན་རྡོ་རྗེ་རིན་ཆེན་དང། དུམ་སྐྱེས་མ་སྟེ། སེར་བ་དང། སྔོ་བ་དང། ལྗང་གུའོ། །ནུབ་ཀྱི་སྒོར་སཽ་རཥྚ་ན་རྟ་མགྲིན་དང་ཆང་ཚོང་མ་སྟེ། དམར་བ་དང། སེར་བ་དང། ལྗང་ གུའོ༑ ༑ལྷོའི་སྒོར་སུ་ཝརྞ་དའྭི་པ་ན་ནམ་མཁའི་སྙིང་པོ་དང་འཁོར་ལོའི་གོ་ཆ་མ་སྟེ། དཀར་བ་དང། སྔོ་བ་དང། ལྗང་གུའོ་།མེའི་ཕྱོགས་སུ་ན་ག་ར་ན་ཁྲག་འཐུང་མ་དང་ རབ་དཔའ་མོ་སྟེ། ནམ་མཁའི་མདོག་དང། སེར་བ་དང། ལྗང་གུའོ་།བདེན་བྲལ་དུ་སིནྡྷུ་ན་པདྨ་གར་གྱི་དབང་ཕྱུག་དང། སྟོབས་ཆེན་མ་སྟེ། སེར་བ་དང། སྔོ་བ་དང། ལྗང་ [176A]༄༅། །གུའོ༑ ༑རླུང་གི་ཕྱོགས་སུ་མ་རུ་ཏ་ན་རྣམ་པར་སྣང་མཛད་དང། འཁོར་ལོས་བསྒྱུར་མ་སྟེ། དཀར་བ་དང། སྔོ་བ་དང་ལྗང་གུའོ། །དབང་ལྡན་དུ་ཀུ་ལུ་ ཏཱ་ན་རྡོ་རྗེ་སེམས་དཔའ་དང། བརྩོན་འགྲུས་ཆེན་མོ་སྟེ། དཀར་བ་དང། སྔོ་བ་དང། ལྗང་གུའོ། །སྐུའི་འཁོར་ལོ་སྟེ་སྟོབས་པོ་ཆེ་ལ་སོགས་པ་ནི། འཁོར་ལོའི་ཤུགས་ཅན་མ་ ལ་སོགས་པས་འཁོར་ལོ་དང། འཁོར་ལོའི་དྲིལ་བུ་ལ་སོགས་པས་འཁྱུད་པའོ། །དཔའ་བོ་འདི་ཐམས་ཅད་གཡས་བརྐྱང་པས་བཞུགས་པ། སྤྱན་གསུམ་བ། ཞལ་གསུམ་ པ༑ ཕྱག་དྲུག་པ། ཐོད་པ་དང། ཁ་ཊཱཾ་ག་དང། ཅང་ཏེའུ་དང། གྲི་གུག་བསྣམས་པ། ཇི་ལྟར་དཔའ་བོའི་ཕྱག་དང། ཕྱག་མཚན་བཞིན་དུ་མཁའ་འགྲོ་མ་རྣམས་ཀྱང་དེ་ བཞིན་ཏེ། ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། །རང་གི་རིགས་ཀྱི་མཆོག་གིས་བརྒྱན། །ཐམས་ཅད་ཕྱག་རྒྱ་ལྔ་འཛིན་ཅིང། །སྟག་གི་པགས་པ་གོས་སུ་མནབས། །ལྷ་མོ་དགུ་སྐྲ་ གྲོལ་བ་སྟེ། །བྱིན་པ་གཉིས་ཀྱིས་ལེགས་པར་འཁྲིལ། །ཐམས་ཅད་ཕྱོགས་ཀྱི་གོས་འཆང་ཞིང། །སྐུ་ལུས་འཇིགས་པ་རྣམ་པར་བསྒྱུར་།དེའི་དབུས་འཇམ་པའི་རྡོ་རྗེ་ནི། །ཟླ་བ་ ཕྱེད་པ་འཛིན་པའི་མཆོག་སྣ་ཚོགས་རྡོ་རྗེ་རྣམ་གནོན་པའོ་།ཕག་མདོང་བུ་སྐྲ་གྲོལ་བ་སྟེ། །གཅེར་བུ་འོག་པག་སྐ་རགས་ཅན་།ཡེ་ཤེས་འཁོར་ལོ་བཀུག་ནས་ནི། །སྔ་མའི་ཆོ་ [176B] །བཅུ་གནས་ཐིམ་པར་རྣམ་པར་བསྒོམ་།སྤྱོད་པ་བཞི་རུ་བྱིན་གྱིས་བརླབས། །དཔའ་བོ་རྣལ་འབྱོར་མ་ཐམས་ཅད། །གནས་ལ་སོགས་པའི་རིམ་པར་ དགོད༑ ༑ཁམས་དང་ཕུང་པོ་སྐྱེ་མཆེད་རྣམས། །སྐུ་གསུང་ཐུགས་ཀྱི་དམ་པ་སྟེ། །སྙིང་པོ་ཡེ་ཤེས་མཆོག་གྱུར་པ། །དབང་བསྐུར་ཡང་ནི་དབུལ་བར་བྱ། །དེ་ནས་གོ་ཆ་དགོད་ བྱ་སྟེ༑ ༑མཁས་པས་ཡེ་ཤེས་བཟླས་བ་ནི། །སྲོག་རྩོལ་བསྔམས་ཏེ་ལེགས་བཟླས་པ། །སྒོམ་པའི་བསྒོམས་པས་གསང་བར་བྱ། །ཨོཾ་ཨཱམཾ་ཧཱུཾ། སྤྲོ་བསྡུ་དག་གི་སྦྱོར་བ་ཡིས། ། གཉིས་མེད་ཕྲེང་པའི་སྔགས་ཀྱང་བཟླ། །དེ་ནས་དམ་ཚིག་སེམས་དཔའ་ནི། ཆོ་ག་བཞིན་དུ་བཟླ་བར་བྱ། །ཨོཾ་ཤྲཱི་མྙྫུ་བྫྲ་དཧྲྀ་ཀ་ཨཱཧཾ་ཧཱུཾ་ཕཌ། ཌཱ་ཀི་ནཱི་ཛཱ་ལ་སཾ་བ་རམ་ཧཱུཾ་ཕཌ་སཱཧཱ། ཨོཾ་ བཛྲ་བཱ་རཱ་ཧི་ཧུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་ཀ་ར་ཀ་ར་ཁཎྜ་ཀ་པཱ་ལི་ཧུཾ་ཧཱུཾ་ཕཊ། ཨོཾ་པྲ་ཙཎྜ་ཧུཾ་ཧཱུཾ་ཕཊ། ཨོཾ་ཀུ་རུ་ཀུ་རུ་མ་ཧཱ་ཀཾ་ཀཱ་ལ་ཧུཾ་ཧཱུཾ་ཕཊ། ཨོཾ་ཙཎྜཱ་ཀྵཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་བནྡྷ་ཀཾ་ཀཱ་ལ་ཧུཾ་ཧཱུཾ་ ཕཊ༑ ཨོཾ་པྲ་བྷ་བ་ཏཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཏྲཱ་ས་ཡ་ཏྲཱ་ས་ཡ་བི་ཀ་ཊ་དཾ་ཥྚི་ཎི་ཧུཾ་ཧཱུཾ་ཕཊ། ཨོཾ་མ་ཧཱ་ནཱ་སེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཀྵོ་བྷ་ཡ་ཀྵོ་བྷ་ཡ་སུ་ར་བཻ་རི་ཎི་ཧུཾ་ཧཱུཾ་ཕཊ་ཨོཾ་བའི་ར་མ་ཏཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ ཧྲཽཾ་ཧྲཽཾ་ཨ་མི་ཏཱ་བྷཱ་ཧུཾ་ཧཱུཾ་ཕཊ། ཨོཾ་ཁརྦ་རཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧྲ་ཧྲ་བཛྲ་པྲ་བྷ་ཧུཾ་ཧཱུཾ་ཕཊ། ཨོཾ་ལངྐེ་ཤྭ་རི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཕེཾ་ཕེཾ་བཛྲ་དེ་ཧ་ཧུཾ་ཧཱུཾ་ཕཊ། ཨོཾ་དྲུ་མཙྪཱ་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཕཊ་ [177A]༄༅། །ཕཊ་ཨངྐུ་རི་ཀ་ཧུཾ་ཧཱུཾ་ཕཊ། ཨོཾ་ཨཻ་རཱ་བ་ཏཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ད་ཧ་ད་ཧ་བཛྲ་ཊི་ལ་ཧུཾ་ཧཱུཾ་ཕཊ། ཨོཾ་མ་ཧཱ་བའཻ་ར་བི་ཧུཾ་ཧཱུཾ་ཕཊ། ཨོཾ་པ་ཙ་པ་ཙ་མཧཱ་བའི་ར་ཧུཾ་ཧཱུཾ་ ཕཊ༑ ཨོཾ་བཱ་ཡུ་བེ་གེ་ཧུཾ་ཧཱུཾ་ཕཊ། ཨོཾ་བྷཀྵ་བྷཀྵ་བཛྲ་ཧཱུཾ་ཀཱ་ར་བ་སཾ་རུ་དཧི་ར་ཨནྟྲ་མཱཾ་ལཱཾ་བ་ལི་ནི་ཧུཾ་ཧཱུཾ་ཕཊ། ཨོཾ་སུ་ར་བྷཀྵཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་སུ་བྷ་དྲ་སཔྟ་པཱ་ཏཱ་ལ་ག་ཏ་བཧུ་ཛི་ག་ སརྦཾ་བཱ་ཏ་རྫ་ཡ་ཏ་རྫ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་ཤྱཱ་མ་དེ་བའི་ཧུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ཀཌྜྷྱ་ཨཱ་ཀཌྜྷྱ་བདྲ་བྷ་དྲ་ཧུཾ་ཧཱུཾ་ཕཊ། ཨོཾ་སུཾ་བྷ་དྲོ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧྲིའ་ཧྲིའ་མ་ཧཱ་བཧཻ་ར་པ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧ་ཡ་ཀ་རྞྞ་ཧུཾ་ ཧཱུཾ་ཕཊ། ཨོཾ་ཇྞཽཾ་ཇྞཽཾ་བི་རུ་བཱཀྵ་ཧུཾ་ཧཱུཾ་ཕཊ། ཨོཾ་ཁ་གཱ་ན་ན་ཧུཾ་ཧཱུཾ་ཕཊ། ཨོཾ་ཀྵྨཱཾ་ཀཥྨཱཾ་མ་ཧཱ་པ་ལེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཙ་ཀྲ་བེ་གེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧཾ་ཧཾ་རཏྣ་བཛྲ་ཧུཾ་ཧཱུཾ་ཕཊ། ཨོཾ་ཁཎྜ་རོ་ཧེ་ཧུཾ་ཧཱུཾ་ ཕཊ༑ ཨོཾ་ཧྲཱིཾ་ཧྲཱིཾ་ཧ་ཡ་གྲཱྀ་བ་ཧུཾ་ཧཱུཾ་ཕཊ། ཨོཾ་ཤོཎྜི་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧུཾ་ཧཱུཾ་ཨཱ་ཀཱ་ཤ་གརྦྷ་ཧུཾ་ཧཱུཾ་ཕཊ་ཨོཾ་ཙ་ཀྲ་པ་རྨི་ཎཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཀི་ལི་ཀི་ལི་ཧེ་རུ་ཀ་ཧུཾ་ཧཱུཾ་ཕཊ། ཨོཾ་ སུ་བི་རེ་ཧུཾ་ཧཱུཾ་ཕཊ། ཨོཾ་སི་ལི་སི་ལི་པདྨ་ནརྟེ་ཤྭ་རི་ཧུཾ་ཧཱུཾ་ཕཊ། ཨོཾ་མ་ཧཱ་བ་ལེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧི་ལི་བཻ་རོ་ཙ་ནཱི་ཧུཾ་ཧཱུམ་ཕཊ། ཨོཾ་ཙཀྲ་བ་རྟྟི་ནཱི་ཡེ་ཧུཾ་ཧཱུཾ་ཕཏ། ཨོཾ་དཧི་ལི་དཧི་ལི་བཛྲ་ སཏ་ཧུཾ་ཧཱུཾ་ཕཊ། ཨོཾ་མཧཱ་བའི་རྱེ་ཧུཾ་ཧཱུཾ་ཕཊ། དུང་ཆེན་ཕྲེང་བ་བླངས་ནས་ནི། །གསང་སྔགས་ཆོ་ག་བཞིན་དུ་བཟླ། །དུས་བཞིར་སྦྱོར་བ་བྱས་ནས་ནི། །བཟླས་དང་སྒོམ་པ་རྩེ་ [177B] །རྣལ་འབྱོར་མྱུར་དུ་གྲུབ་ནས་ནི། །གསང་སྔགས་གྲུབ་པའི་རིམ་པ་ཡིས། །བདག་ཉིད་ཕྱག་རྒྱར་ལྡན་བྱས་ནས་།སྔགས་པས་རྟག་ཏུ་མཆོད་པར་བྱ། །སྔགས་ པས་དཀྱིལ་འཁོར་ཞུགས་ནས་ནི། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་བསྒོམ། །རང་གི་ལྷ་ཡི་སྦྱོར་བ་ཡིས། །དཀྱིལ་འཁོར་མཆོག་ནི་འགྲུབ་པ་ཡིན། །དཀྱིལ་འཁོར་ལྷ་ ཡི་སྦྱོར་བ་ཡིས། །དངོས་གྲུབ་ཐམས་ཅད་རབ་ཏུ་སྩོལ། །མངོན་པར་བརྗོད་པའི་རྒྱུད་བླ་མའི་ཡང་བླ་མ་ལས། འཁོར་ལོ་གསུམ་གྱི་དཀྱིལ་འཁོར་གྱི་ཆོ་གའི་རིམ་པ་སྟེ་ལེའུ་ བཅུ་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །རིགས་ཀྱི་དབྱེ་བའི་མཆོག་དམ་པ། །གནས་སོགས་སྤྱོར་བའི་རིམ་པ་ཡིས། །ཕྱོགས་ཀྱི་རིམ་པ་རྣམ་ པར་དབྱེ། །ཐམས་ཅད་མཆོག་གི་སྦྱོར་ཆེན་པོ། །རྣལ་འབྱོར་དབང་ཕྱུག་རབ་ཏུ་འགྲུབ། །རྡོ་རྗེ་སྐུ་ལས་ངེས་འབྱུང་བ། །དཀྱིལ་འཁོར་དཀྱིལ་འཁོར་དམ་པའོ། །དེ་ནས་ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་དང། ཡང་དཔའ་བོ་དང། རྣལ་འབྱོར་མ་ཐམས་ཅད་འདུས་ཤིང་འོངས་ནས་སངས་རྒྱས་བཅོམ་ལྡན་འདས་བདེ་བ་ ཆེན་པོའི་བདག་པོ་རྡོ་རྗེ་འཛིན་པ་ཆེན་པོ་དང། །མིག་ཡངས་དགའ་བས་གར་བྱེད་ཅིང། །མྱུར་བས་བསྡུས་པའི་རིམ་པ་ཡིས། །རྐང་པ་གཡས་དང་གཡོན་གྱིས་ནི། །མདུན་ [178A]༄༅། །དུ་གོམ་སྟབས་སྤྲོས་པ་ཡིས། །འདི་ལྟར་རྣམ་བསྒྱུར་འཁྲོས་པའི་སྤྱན། །སྨིན་མ་འདེགས་དང་འཁོར་བར་ལྡན། །སྐྱེ་མེད་ཕྱག་རྒྱར་འགྲོ་བ་དག་ མིག་གི་ཕྱག་རྒྱས་ཕྱག་འཚལ་ཏེ། །རྡོ་རྗེ་སེམས་དཔའ་ཆེན་པོ་ལ་རྣམ་པ་དུ་མས་བསྐུལ་ནས་ཞུས་ཏེ་རྣལ་འབྱོར་མ་ཆེན་མོ་ཐམས་ཅད་དགྱེས་པའི་དཀྱིལ་འཁོར་གསུངས་ པ༑ བཅོམ་ལྡན་འདས་ཀྱི་དེ་ཉིད་དང། །དཀྱིལ་འཁོར་མཆོག་ནི་མཛེས་པ་སྟེ། །དགྱེས་པ་ཆེན་པོའི་རྡོ་རྗེ་ནི། །ཐམས་ཅད་སངས་རྒྱས་བདེ་བ་ཆེ། །རོལ་པའི་བདེ་བ་ ཆེན་པོ་ནི། །དེ་རིང་དུ་ནི་བདག་གིས་རྙེད། །ཨ་ལ་ལ་ཧོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །བདེ་བ་ཆེན་པོ་མཆོག་ཏུ་དགྱེས་།གླུ་འདི་དག་ནི་བླངས་པ་ཡིས། ། ཤིན་ཏུ་སྲིད་པ་ངེས་ལྡོག་པ། །དེ་བཞིན་གཤེགས་པ་དག་པ་ཆེ་།དཀྱིལ་འཁོར་དུ་ནི་རྣམ་པར་བརྟག་དེ་ནས་བཅོམ་ལྡན་འདས་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའ་ དགོངས་ཤིང་སྤྱན་རྣམ་པར་ཕྱེ་སྟེ་འཁོར་བཞི་རྣམ་པར་འཁོར་བའི་གར་གྱིས་སྨིན་མ་འདེགས་ཤིང། མདུན་དུ་གཟིགས་ཤིང་གོམ་སྟབས་ཀྱིས། །དྲེགས་པས་སྙེམས་ པར་རྣམ་འཁོར་བའི། །སྐུ་གསུང་ཐུགས་ནི་རྡོ་རྗེ་རང། །དེ་ཉིད་འདི་ལ་བཞུགས་པ་ཡིན། །དཀྱིལ་འཁོར་དང་ནི་དཀྱིལ་འཁོར་མིང། །རྡོ་རྗེ་ཡེ་ཤེས་ཐུགས་ལ་གནས། །རྟོགས་ [178B] །རྡོ་རྗེ་དྐྱིལྐ་འཁོར་མཆོག་ཡིན་ནོ་།ཟླ་བའི་དཀྱིལ་འཁོར་མཆོག་ཡིན་ནོ། །ཟླ་བའི་དཀྱིལ་འཁོར་གང་པ་ནི། དགྱེས་པ་ཆེན་པོའི་རྡོ་རྗེ་འོ། །རི་མོ་མཁན་ གྱིས་དཀར་པོ་ལྟར། །བང་ཆུབ་སེམས་མཆོག་དའི་ལྟ་བུ། །སྔོ་ཞིང་འབར་བ་སྣ་ཚོགས་པའི་།རླུང་གིས་བསྐྱོད་པའི་མེ་ལྟ་བུ། །ཟླ་བ་ཕྱེད་པས་བདག་ཉིད་མཛེས། །རྡོ་རྗེའི་དཀྱིལ་ འཁོར་དག་ལ་བཞུགས། །ཆ་བརྒྱད་དཀྱིལ་འཁོར་ཡིད་འོང་བ། །འབར་བའི་ཉི་མ་དང་བཅས་པ། །དཀྱིལ་འཁོར་རྡོ་རྗེ་རིན་ཆེན་དེ། །བདེ་བ་མཆོག་ནི་འགྲུབ་པ་འགྱུར། །པདྨ་འདབ་ བརྒྱད་ཁ་ཕྱེ་བ། །ལྟེ་བ་གེ་སར་གྱིས་ཁྱབ་པ། །པདྨ་པདྨ་ཉིད་ལས་ནི། །དགའ་བའི་དཀྱིལ་འཁོར་འབྱུང་བ་ཡིན། །དཀྱིལ་འཁོར་མཆོག་ནི་མཐོང་བ་ན། །བྱིན་ཟ་འབར་བ་ཇི་བཞིན་དུ། ། ལས་ཀྱི་རྡོ་རྗེ་དཀྱིལ་འཁོར་དུ། །ལས་རྣམས་ཐམས་ཅད་འགྲུབ་པར་འགྱུར། །འདི་ལྟར་དེ་དག་མཐའ་ཡས་པ། །དཀྱིལ་འཁོར་དུ་ནི་རབ་ཏུ་བརྟག་གང་དུ་གང་ལ་སྤྲུལ་པ་ནི། །རྡོ་རྗེ་ སེམས་དཔའ་ལས་བྱུང་ཡིན། །ཐམས་ཅད་བདག་ཉིད་ཀུན་ཏུ་བཟང། །ནམ་མཁའི་ཁམས་ནི་ཀུན་ཏུ་ཁྱབ། །མཁའ་དབྱིངས་ས་ཡི་མཆོག་གྱུར་པར། །ཁང་པ་བརྩེགས་པར་ རྣམ་པར་བསྒོམ། །ཁང་པ་བརྩེགས་པའི་དབུས་དཀྱིལ་དུ། །དཀྱིལ་འཁོར་ལྔ་ནི་རྣམ་པར་བརྟག་སྣ་ཚོགས་པདྨ་མཛེས་པ་ལ། །ཇི་ལྟའི་གནས་སུ་རྣམ་པར་དགོད། ། [179A]༄༅། །དབུས་མའི་དཀྱིལ་འཁོར་དབུས་སུ་ནི། །ཧེ་རུ་ཀ་ནི་རྣམ་པར་བསྒོམ། །སྔར་བཤད་སྐུ་མདོག་གནས་རྣམས་དང། །ཕག་མོའི་བདེ་ལ་རྣམ་པར་ གནས༑ ༑ཤར་དུ་པུ་ལི་ར་མ་ལ་ཡར་ཐོད་པའི་དུམ་བུ་དང། རབ་གཏུམ་མའོ། །བྱང་དུ་ཛ་ལནྡྷ་རར་ཀེང་རུས་ཆེན་པོ་དང། རབ་གཏུམ་མའི་མིག་ཅན་མའོ། །ནུབ་ཏུ་ཨུཌྱི་ན་ ལ་ཀེང་རུས་ཅན་དང། །འོད་ལྡན་མའོ། །ལྷོ་རུ་ཨར་བུ་དར་མཆེ་བ་རྣམ་པར་གཙིགས་པ་དང།། སྣ་ཆེན་མའོ། །དབུས་མའི་དཀྱིལ་འཁོར་དེའི་ཤར་གྱི་དཀྱིལ་འཁོར་གྱིས་དབུས་སུ་ གོ་ད་བ་རིར་ལྷ་དགྲ་དང། དཔའ་བོའི་བློ་གྲོས་མའོ། །ཤར་གྱི་ཕྱོགས་སུ་རཱ་མེ་ཤྭ་རར་འོད་དཔག་མེད་དང། མིའུ་ཐུང་མའོ་།བྱང་ཕྱོགས་སུ་དེ་བི་ཀོ་ཊི་ན་རྡོ་རྗེའི་འོད་དང། ལངྐའི་ དབང་ཕྱུག་མའོ། །ནུབ་ཏུ་མཱ་ལཱ་བ་ན་རྡོ་རྗེའི་སྐུ་དང། ཤིང་གྲིབ་མའོ། །ལྷོ་ཕྱོགས་སུ་ཀཱ་མ་རུ་པ་ན་མྱུ་གུ་ཅན་དང། ས་སྲུང་མའོ། །བྱང་ཕྱོགས་ཀྱི་དཀྱིལ་འཁོར་གྱི་དབུས་སུ་ ཨོ་ཏྲེ་ན་རྡོ་རྗེ་རལ་པ་ཅན་དང། འཇིགས་བྱེད་ཆེན་མོའོ། །ཤར་དུ་ཏྲི་ཤ་ཀུ་ནན་དཔའ་བོ་ཆེན་པོ་དང།། རླུང་གི་ཤུགས་ཅན་མའོ་།བྱང་དུ་ཀོ་ས་ལ་ན་རྡོ་རྗེ་ཧཱུཾ་མཛད་དང་ ཆང་འཐུང་མའོ། །ནུབ་ཕྱོགས་སུ་ཀ་ལིངྐ་ན་རབ་བཟང་དང་སྔོ་བསངས་ལྷ་མོའོ། །ལྷོ་ཕྱོགས་སུ་ལཱཾ་པ་ཀ་ན་རྡོ་རྗེ་རབ་བཟང་དང། ཤིན་ཏུ་བཟང་མོའོ། །ནུབ་ཀྱི་དཀྱིལ་ [179B] རྟ་རྣ་མའོ། །ཤར་ཕྱོགས་སུ་ཧི་མ་ལ་ཡ་ན་མིག་མི་བཟང་དང། བྱ་གདོང་མའོ། །བྱང་དུ་པྲེ་ཏ་པུ་རིར་སྟོབས་པོ་ཆེ་དང་ འཁོར་ལོའི་ཤུགས་ཅན་མའོ། །ནུབ་ཏུ་གྲྀ་ཧ་དེ་བ་ཏཱ་ན་རྡོ་རྗེ་རིན་ཆེན་དང། དུམ་སྐྱེས་མའོ། །ལྷོ་རུ་སཽ་རཱཥྚ་ན་རྟ་མགྲིན་དང། །ཆང་ཚོང་མའོ། །ལྷོ་ཕྱོགས་ཀྱི་དཀྱིལ་འཁོར་གྱི་ དབུས་སུ་ཝརྞ་དྲྭི་པ་ན་ནམ་མཁའི་སྙིང་པོ་དང། འཁོར་ལོའི་གོ་ཆ་མའོ། །ཤར་དུ་ན་ག་ར་ན་དཔལ་ཁྲག་འཐུང་དང། །རབ་དཔའ་མོའོ། །བྱང་དུ་སིནྡྷུ་ན་པདྨ་གར་གྱི་དབང་ཕྱུག་དང་ སྟོབས་ཆེན་མའོ། །ནུབ་ཏུ་མ་རུ་ན་རྣམ་པར་སྣང་མཛད་དང་འཁོར་ལོས་བསྒྱུར་མའོ། །ལྷོ་རུ་ཀུ་ལུ་ཏཱ་ན་རྡོ་རྗེ་སེམས་དཔའ་དང། བརྩོན་འགྲུས་ཆེན་མོའོ། །ཐོད་པའི་དུམ་བུ་ལ་སོགས་ པའི་དཔའ་བོ་དང། རབ་ཏུ་གཏུམ་མ་ལ་སོགས་པ་ཐམས་ཅད་ཀྱང་གཟུགས་སྣ་ཚོགས་པ། ཞལ་གསུམ་པ། ཕྱག་དྲུག་པ། སྤྱན་གསུམ་པ་གཡས་བརྐྱང་བས་བཞུགས་པ། ཕྱག་རྒྱ་ ལྔས་རྒྱས་བཏབ་པ། ལྷ་མོ་གཅེར་བུ་སྐྲ་གྲོལ་བ། ཐོད་པ་དང་ཁ་ཊཱཾ་ག་དང། ཅང་ཏེ་འུ་དང། གྲི་གུག་དང། རྡོ་རྗེ་དང་དྲིལ་བུས་འཁྱུད་པ། ལྷ་མོའི་བྱིན་པ་གཉིས་ཀྱིས་འཁྲིལ་བ་ དགྱེས་པ་ཆེན་པོའི་དགའ་བའི་རོས་རྣམ་པར་མྱོས་པའོ། །དབུས་ཀྱི་དཀྱིལ་འཁོར་དཔའ་པོ་ཡིན། །ཟུར་བཞི་བུམ་པའི་སྟེང་དུ་ནི། །བྱང་ཆུབ་སེམས་ཀྱིས་ཡོངས་གང་བའི་ [180A]༄༅། །ཐོད་པའི་སྣོད་ནི་གཞག་པར་བྱ། །དཀྱིལ་འཁོར་གཞན་གྱི་ཟུར་ལ་ནི། །བུམ་པའི་ཐོད་པ་གཉིས་པོ་དགོད། །མཚམས་ཀྱི་ཆར་མཁའ་འགྲོ་མ་ལ་སོགས་ པའི་ལྷ་མོ་བཞི་པོ་གཟུགས་ཕྱེད་པ་བུད་མེད་དབང་ཕྱུག་མ་སྟེ་ཞལ་གསུམ་པ། སྤྱན་གསུམ་པ། གཡས་བརྐྱང་བའི་གནས་པས་བཞུགས་པ། ཕྱོགས་ཀྱི་གོས་ ཅན༑ སྐྲ་གྲོལ་བ། ཕྱག་རྒྱ་ལྔ་བརྟན་པར་འཛིན་པའོ། །རྡོ་རྗེ་ཕྲེང་བས་ཡོངས་བསྐོར་བ། །དཀྱིལ་འཁོར་ལྔ་ཡི་ཕྱི་རོལ་ཏུ་།འབར་བའི་དཀྱིལ་འཁོར་སྣ་ཚོགས་བྲི། །དཔའ་ བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱང་སྣ་ཚོགས་པདྨའི་སྟེང་དུ་ཡི་དྭགས་ཀྱི་གདན་ལ་བཞུགས་པ། སྒོ་བཞིའི་ཤར་ཕྱོགས་སུ་ཁྭ་གདོང་མ་ཁྲོས་པའི་མིག་ཅན། །ཤེལ་མིག་ ཁྲོས་པའི་ཞལ་མངའ་བ། གྲི་གུག་དང། མགོ་བོ་དང། ཐོད་པ་དང། ཁ་ཊཱཾ་ག་དང། དྲིལ་བུ་དང། ཅང་ཏེའུ་འཆང་བ། སྤྱན་གསུམ་པ། ཞལ་གསུམ་པ། སྐྲ་གྲོལ་བ་ གཅེར་བུ་སྣ་ཚོགས་པའི་མདོག་ཅན་གཡས་བརྐྱང་བས་གནས་པ། ཡི་དྭགས་དང་སྣ་ཚོགས་པདྨ་ལ་བཞུགས་པ། འབར་བའི་དཀྱིལ་འཁོར་གྱི་དབུས་ན་བཞུགས་ཏེ་ཕྱག་ རྒྱ་ལྔས་རྣམ་པར་བརྒྱན་པའོ། །འུག་གདོང་མ་དང། ཁྱི་གདོང་མ་དང། ཕག་གདོང་མ་ནི། ཇི་ལྟར་ཁྭ་གདོང་མའི་མདོག་དང་ཕྱག་དང། འདུག་སྟངས་དང། གདན་ [180B] །བོང་བུ་དང། རྔ་མོ་དང། ར་དང། བྱི་ལའི་ཞལ་ཏེ། ཤིན་ཏུ་དྲག་པོས་མངོན་དུ་གསོལ་བའོ། །གཤིན་རྗེ་སྲེག་མ་ནས་གཤིན་རྗེ་འཇོམས་མའི་བར་ནི། གང་བྱེད་ པའི་དབང་ཕྱུག་མ་སྟེ། ཞལ་གསུམ་པ། ཕྱག་དྲུག་པ། སྤྱན་གསུམ་པ། གཡས་བརྐྱང་བས་གནས་པ། ཕྱོགས་ཀྱི་གོས་ཅན། སྐྲ་གྲོལ་བ་སྣ་ཚོགས་པདྨ་དང་ཡི་དྭགས་ མནན་པ། ཕྱག་རྒྱ་ལྔས་བྱིན་གྱིས་བརླབས་པ། ཐོད་པ་དང། ཁ་ཊཱཾ་འཛིན་པ། མགོ་བོ་དང། གྲི་གུག་བསྣམས་པ། ཅང་ཏེའུ་དང་རྡོ་རྗེ་དང། མདུང་འཛིན་པ་ མཆེ་བ་རྣམ་པར་གཙིགས་པ། འཇིགས་སུ་རུང་བ། ཐམས་ཅད་ཀྱང་མི་མགོའི་ཐོད་པའི་ཕྲེང་བརྒྱན་དུ་འཆང་བ། ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། །རྡོ་རྗེ་སེམས་དཔའི་ དབུ་རྒྱན་ཅན། །ཅོད་པན་རྡོ་རྗེའི་ཕྲེང་བས་བྱས། །རྡོ་རྗེ་ལས་བྱས་རྒྱན་ཅན་ཏེ། །སྣ་ཚོགས་རྡོ་རྗེ་ཟླ་ཕྱེད་ཀྱིས། །དབུ་ལ་མནན་ཅིང་བརྒྱན་པ་ཡིན། །ཇི་ལྟར་བཅོམ་ ལྡན་མདོག་བཞིན་དུ། །རྡོ་རྗེ་ཕག་མོའི་ཞལ་མདོག་ཕྱག་ཕྱག་རྒྱ་འདུག་སྟངས་ལས་ཀྱང་དེ། །གཅེར་བུ་སྐྲ་ནི་གྲོལ་བ་སྟེ། །དུམ་བུའི་སྐ་རགས་རྒྱན་ཅན་ཏེ། ། འོད་ཀྱང་རྡོ་རྗེ་ཕག་མོ་ཡི། །སྟེང་གི་ཞལ་གདོང་དཀར་པོ་སྟེ་།མཆེ་བ་རྣམ་པར་གཙིགས་པ་འོ། །ཇི་ལྟར་གནས་ཀྱི་རིམ་པ་དག་།འབུམ་པ་མངོན་བརྗོད་རིམ་པ་ [181A]༄༅། །ལས༑ རྣལ་འབྱོར་མ་ཡི་དཀྱིལ་འཁོར་གྱི། །ལེའུ་རྡོ་རྗེ་སེམས་དཔས་བཤད། །གཞན་དུ་རྡོ་རྗེ་མཁའ་འགྲོ་དང། །མངོན་བ་རྗོད་རྒྱུད་ཀྱི་དང་པོ་ ཡི༑ ༑ལེའུ་ལ་ངེ་པར་འགལ་བ་མེད། །སྙོམས་པའི་དཀྱིལ་འཁོར་གྱི་ནི་ཆོ་ག་སྟེ། །ལྔ་པོ་ལྔ་པའི་བདག་ཉིད་སྦྱོར་ཆེན་པོ། །སྡོམ་པའི་ཆོ་ག་སྦས་པ་གསང་བ་སྟེ། །མཁའ་ འགྲོམ་ནི་མ་ལུས་ཐམས་ཅད་ཀྱི། །འདི་ལྟར་གཞན་དུ་བཀའ་ཡི་ཕྱོགས་བཞིན་དུ། །བུམ་པ་རྣམ་པ་སྣ་ཚོགས་པ། །བུམ་བ་སྣ་ཚོགས་ཆོ་ག་བཞིན། །གསེར་དང་དངུལ་ལས་ བྱས་པ་སྟེ། །སྣ་ཚོགས་གོས་ཀྱིས་མཛེས་པ་དང། །མེ་ཏོག་ཕྲེང་བས་རྣམ་པར་བརྒྱན། །འཆི་མེད་ལྔ་ཡིས་ཡོངས་སུ་བཀང། །རྣམ་ལྔ་སྨན་དང་ཡང་དག་ལྡན། །རིན་ཆེན་ ལྔ་དང་བཅས་པ་དང། །འབྲུ་ལྔ་དག་གིས་རྣམ་པར་མཛེས། །དཀྱིལ་འཁོར་ཕྱོགས་དང་མཚམས་རྣམས་སུ། །བུམ་པ་བཅུ་དྲུག་བཞག་ནས་ཀྱང། །མཁའ་འགྲོ་ མ་ནི་སྣ་ཚོགས་མཆོད། །གླུ་དང་གར་དང་བདེ་བ་ཆེ། །ཕྱོགས་ཀྱི་གོས་ཅན་སྐྲ་གྲོལ་བ། །སྣ་ཚོགས་རོལ་མོའི་སྒྲ་དང། །སྣ་ཚོགས་ཡི་དྭགས་ཕྲེང་བ་ཡིས། །དཀྱིལ་ འཁོར་ཕྱི་རོལ་ཡོངས་སུ་བསྐོར། །དེ་ཡི་ཕྱི་རོལ་མུ་ཁྱུད་ཀྱི་།དབུས་སུ་མཁའ་འགྲོ་མ་ཡིན་ཏེ། །ཕྱི་རོལ་སྐ་རགས་ཀྱིས་བསྐོར་བ་།དུར་ཁྲོད་རྣམ་པར་འཇིགས་པ་ [181B]སྣ་ཚོགས་དུ་མས་རྣམ་པར་མཛེས། །མདུན་དུ་ཡེ་ཤེས་དམ་ཚིག་གི་དཀྱིལ་འཁྲོ་མཆོག་ནི་མཐོང་ནས་ཀྱང། །མངོན་བརྗོད་དམ་ཚིག་དེ་བཞིན་མཆོད། །རིམ་པ་བཞི་ དུ་དབང་ཡང་བསྐུར། །མཁས་པས་ལུས་ལ་བཀོད་ནས་ནི། །གཅིག་ཏུ་བསྡུས་ཏེ་ཐིམ་ནས་སུ། །དཔའ་བོ་དང་ནི་རྣལ་འབྱོར་མ། །ཕུང་པོ་ཁམས་དང་སྐྱེ་མཆེད་གནས། །གོ་ ཆ་གཉིས་པོ་བགོ་བར་བྱ། །འཁྲོ་ལོ་ཐམས་ཅད་རྣམ་བསྒོམས་ནས་།ཕུང་པོ་ཁམས་དང་སྐྱེ་མཆེད་དང། །ལུས་ངང་ཡིད་ལ་རྣམ་པར་དགོད། །ཡེ་ཤེས་སེམས་དཔའ་སྙིང་ ལ་དགོད། །སྣ་ཚོགས་ཡིད་དུ་འོང་བ་ཡི། །དམ་ཚིག་ལྷ་ཡི་མཆོད་པས་མཆོད། །ཡེ་ཤེས་བཟླས་པའི་བྱ་བ་དག་རངས་མེད་པ་ནི་རྣམ་བར་སྤྲོས། །དུང་ཆེན་ཕྲེང་བ་བླངས་ ནས་སུ༑ ༑མཉམ་པར་བཞག་ནས་བཟླས་པ་བྱ། །དེར་ནི་ཡེ་ཤེས་འཁོར་ལོ་ལ། །མཁས་པས་མཆོད་བསྟོད་བཟླས་པ་བྱ། །སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །རྣལ་ འབྱོར་པ་ཡིས་སྨོན་ལམ་གདབ། །ཐེག་པ་ཆེན་པོའི་ཆོས་རྣམས་ནི་།རྣལ་འབྱོར་པ་ཡིས་མྱུར་བར་འགྲུབ། །ཨོཾ་བཛྲ་ཧེ་ཧེ་རུ་རུ་ཀཾ་ཤྲཱི་ཌཱ་ཀི་ནཱི་ཛཱ་ལ་ཤཾ་བ་རཾ་ཧཱུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་ ཧྲཱི་ཧ་ཧ་ཧཱུཾ་ཧཱུཾ་ཕཊ། སྙིང་པོ་དང་ཉེ་བའི་སྙིང་པའོ་།ཨོཾ་བཛྲ་པཻ་རོ་ཙ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་བརྞ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ་སཱཧཱ་ལྷ་མོའི་སྙིང་པོ་དང་ཉེ་བའི་སྙིང་ [182A]༄༅། །པོའོ༑ ༑ཨོཾ་ཁཎྜ་ཀ་པཱ་ལི་ཀ་ར་ཀ་ར་ཧུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་པྲ་ཙཎྜེ་ཧུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་མ་ཧཱ་ཀཾ་ཀཱ་ལ་ཀུ་རུ་ཀུ་རུ་ཧུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་ཙཎྜ་ཀྵི་མེ་ཧུཾ་ ཧཱུཾ་ཕཊ་སཱཧཱ། ཨོཾ་ཀཾ་ཀཱ་ལ་བནྡྷ་བནྡྡྷ་ཧུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་པྲ་བྷཱ་བ་ཏཱི་ཡ་ཧུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་བི་ཀ་ཊ་དཾ་ཥྚི་ཎ་ཏྲ་ས་ཡ་ཏྲ་ས་ཡ་ཧུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་མ་ཧཱ་ནཱ་སེ་ཧུཾ་ཧཱུཾ་ཕཊ་སཱཧཱ་ ཨོཾ་སུ་རུ་བའི་རི་ཎཱི་ཀྵོ་བྷ་མ་ཀྵོ་བྷ་ཡ་སཱཧཱ། ཨོཾ་བའི་ར་མ་ཏཱི་ཡེ་ཧུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་ཨ་མི་ཏཱ་བྷ་ཧྲཽཾ་ཧཱཽཾ་ཧུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་ཁརྦ་རི་ཡེ་ཧུཾ་ཧཱུཾ་ཕཊ་སཱཧཱ་ཨོཾ་བཛྲ་ཕྲ་བྷཱ་ཧྲ་ཧྲ་ཧུ་ཧཱུ་ཕཊ་སཱཧཱ་ ཨོཾ་ལཾ་ཀེ་ཤྭ་རཱི་ཡེ་ཧུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་བཛྲ་དེ་ཧ་ཕཻཾ་ཕཻཾ་ཧུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་བཛྲ་དྲུ་མཙྪ་ཡེ་ཧུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་ཨཾ་ཀུ་རི་ཀ་ཕཊ་ཧུཾ་ཧཱུཾ་ཕཊ་སཱཧཱ་ཨོཾ་ཨཻ་ར་བ་ཏཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སཱཧཱ་ ཨོཾ་བཛྲ་ཛ་ཊི་ལ་ད་ཧ་ད་ཧ་ཧུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་མ་ཧཱ་བཧེ་ར་པཱི་ཡེ་ཧུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་མ་ཧཱ་བའི་ར་པ་ཙ་པ་ཙ་ཧུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་བཱ་ཡུ་བེ་གེ་ཧུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་བཛྲ་ཧཱུཾ་ཀཱ་ར་བྷཀྵ་བྷཀྵ་ བ་ས་རུ་དཧི་ར་ཨནྟ་མཱ་ལཱ་བ་ལཾ་པི་ནི་ཧུཾ་ཧཱུཾ་ཕཊ་སཱཧཱ་ཨོཾ་སུ་ར་བྷཀྵཱི་ཡེ་ཧུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་སུ་བྷ་དྲ་གྲྀཧྞ་གྲྀཧྞ་སཔྟ་པཱ་ཏཱ་ལ་ག་ཏ་བཧུ་ཛཾ་ག་སརྦཾ་བཱ་ཏརྫྫ་ཡ་ཏཱརྫྫ་ཡ་ཧུཾ་ཧཱུཾ་ཕཊ་ སཱཧཱ། ཨོཾ་ཤྱཱ་མ་དེ་བའི་ཡེ་ཧུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་བཛྲ་བྷ་དྲ་ཨཱ་ཀཌྜྷྱ་ཨ་ཀཌྜྷྱ་ཧུཾ་ཧཱུཾ་ཕཊ་སཱྷཱ། ཨོཾ་སུ་བྷ་དྲེ་ཧུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་ཧཱ་བཧཻ་ར་བ་ཧྲིཾ་ཧྲིཾ་ཧུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་ཧ་ཡ་ཀརྞེ་ཧུཾ་ཧཱུཾ་ [182B] ཨོཾ་བི་རཱུ་པཱཀྵི་ཛྞཽཾ་ཛྞཽཾ་ཧུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་ཁ་གཱ་ན་ནེ་ཧུཾ་ཧཱུཾ་ཕཊ་སྷཱཧཱ། ཨོཾ་མ་ཧཱ་པ་ལ་ཀྵྨཱཾ་ཀྵྨཱཾ་ཧུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་ཙཀྲ་བེ་ཀེ་ཧུཾ་ཧཱུཾ་ང་ཊ་སཱཧཱ། ཨོཾ་རཏྣ་བཛྲ་ཧཾ་ཧཾ་ཧྲཾ་ཧཱུཾ་ཕཊ་སཱཧཱ་ ཨོཾ་ཁནྜ་ངོ་ཧེ་ཧུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་ཧ་ཡ་གྲཱི་བ་ཧྲཱིཾ་ཧྲཱིཾ་ཧུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་ཤེ་ཎྜི་ནཱི་ཡེ་ཧུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་ཨ་ཀཱ་ཤ་གརྦྷ་བའུཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སཱཧཱ་ཨོཾ་ཙ་ཀྲ་ཝ་རྨི་ཎཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་ཧེ་རུ་ཀ་ཀི་ལི་ ཀི་ལི་ཧུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་སུ་བའི་རེ་ཧཱུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་པདྨ་ནརྟེ་ཤྭ་ར་སི་ལི་སི་ལི་ཧུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་མ་ཧཱ་བ་ལ་ཧུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་བཻ་རོ་ཙ་ན་ཧི་ལི་ཧི་ལིཨ་ཧུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་ཙཀྲ་ཝརྟེ་ནི་ཡེ་ ཧུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་བཛྲ་སཏ་དཧི་ལི་དཧི་ལི་ཧུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་མ་ཧཱ་བཱིརྱེ་ཧུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་ཌཱ་ཀཱི་ནཱི་ཡེ་ཧུཾ་ཧཱུཾ་ཕཊ་སཱཧཱ་ཨོཾ་ལཱ་མེ་ཧུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་ཁཎྜ་རོ་ཧེ་ཧུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་རཱུ་པི་ཎཱི་ ཡེ་ཧུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་ཀཱ་ཀཱ་སྱེ་ཧུཾ་ཧཱུཾ་སཱཧཱ། ཨོཾ་ཨུ་ལཱུ་ཀཱ་སྱེ་ཧུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་ཤྭ་ནཱ་སྱེ་ཧཱུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་སཱུ་ཀ་རཱ་སྱེ་ཧུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་ཡ་མ་དཱ་ཌྷཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་ཡ་མ་དའུ་ ཏཱི་ཡེ་ཧུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་ཡ་མ་དཾཥྚྲི་ཎཱི་ཡེ་ཧུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་ཡ་མ་མ་ཐ་ན་ཡེ་ཧུཾ་ཧཱུཾ་ཕཊ་སཱཧཱ། འདི་ནི་ཇི་ལྟའི་རིམ་པ་ཡིས། །གཞན་ལ་ཕན་ཕྱིར་དམ་ཚིག་ཅན། །མཆོད་དང་སྒོམ་དང་ བཟླས་པ་བྱ། །ཞི་བ་དང་ནི་རྒྱས་པ་འཕེལ། །ཡིད་དུ་འོང་བའི་དངོས་གྲུབ་ཐོབ། །སྒོང་སྐྱེས་དབྱེ་བའི་མཆོག་དམ་པ། །སྦྱོར་བས་འདོད་པས་ཐམས་ཅད་སྩོལ། །ཇི་ལྟའི་ལས་རྣམས་ [183A]༄༅། །བྱས་ནས་ནི། །འགྲུབ་པར་ཡང་ནི་ཐ་ཚོམ་མེད། །སྦྱོང་བའི་དངོས་གྲུབ་དམ་པའི་མཆོག་བླ་མའི་ངང་ལས་རྙེད་པར་འགྱུར། །གཞན་ཡང་ན་ལ་ འབྱོར་མ་ཡི་གནས། །བརྒྱུད་པའི་རིམ་པའི་མཆོག་གྱུར་པ། །ཡང་ན་སྔོན་གྱི་དངོས་གྲུབ་ནི། །རྨི་ལམ་དུ་ནི་སྟོན་པ་ཡིན། །གཞན་ཡང་བླ་མའི་གོ་འཕང་བརྙེས་བ་ནི། །རྣ་ལ་ འབྱོར་མ་ཡིས་རབ་ཏུ་སྩོལ། །དམ་ཚིག་མཆོག་གི་གསང་བ་དང་།སྦས་པ་འདི་ནི་བསྟན་མི་བྱ། །རྣལ་འབྱོར་མ་ཡི་ཐུགས་དང་ནི་།སངས་རྒྱས་ཐུགས་ནི་མཆོག་ གྱུར་བ༑ ༑མཁའ་འགྲོ་མ་ཡི་སྙིང་པོ་གསང། །རྣལ་འབྱོར་སྦྱོར་བའི་མཆོག་ཡིན་ནོ། །མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས། དངོས་གྲུབ་ཀྱི་གནས་ཀྱི་རིམ་པའི་ ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་སྦྱོར་བ་བཤད་བྱ་བ། །འདོད་པའི་དོན་ཀུན་སྒྲུབ་བྱེད་པ། །བླ་མ་ལས་ཀྱང་བླ་མ་ས།ཨེ་མཁའ་འགྲོ་མ་ཡི་དྲ་བའི་ སྡོམ༑ ༑ཕག་མོ་བདག་མོ་ཆེན་མོ་ནི། །རྣལ་འབྱོར་མ་ཡིས་ལེགས་བསྒྲུབས་པ། །འདི་ནི་ཀུན་གྱི་རྣལ་འབྱོར་ཏེ། །རྣལ་འབྱོར་སྙིང་པོ་བསྡུས་པ་ཡིན། །པདྨ་འདབ་བརྒྱད་ ལ་བྲི་བ༑ ༑སྣ་ཚོགས་མདོག་ཅན་མཆོག་དམ་པ། །ལྟེ་བ་གེ་སར་བཅས་པ་ལ། །ཐམས་ཅད་ཡོངས་སུ་དག་པའི་གདན། །དེ་ཡི་དབུས་སུ་ཟླ་བའི་ཆ། །དེ་བཞིན་དག་ཅིང་དྲི་ [183B] ༑དེ་སྟེང་ཨཱ་ལི་ཀཱ་ལི་སྟེ། །དབུས་སུ་བཾ་གྱིས་རྣམ་པར་བརྒྱན། །དེ་དབུས་ལྷ་མོ་བཞེངས་པ་ནི། །རྡོ་རྗེ་ཕག་མོ་རྣལ་འབྱོར་མ། །ཞལ་བཞི་པ་ལ་ཕྱག་བཅུ་གཉིས། །སྦྱན་གསུམ་ པ་ལ་ཞལ་རྣམ་བསྒྱུར། །ཀྱིལ་མོ་ཀྲུང་ནི་ཕྱེད་པར་བཞུགས། །གར་གྱིས་རྣམ་པར་ལེགས་བརྒྱན་ཅིང། །ཕྱོགས་ཀྱི་གོས་ཅན་སྐྲ་གྲོལ་བ་།ཕྱེད་ནི་བུད་མེད་བང་ཕྱུག་ཞལ། །དཀར་ ལ་དམར་པའི་གཟུགས་འཛིན་ཅིང། །ཐོད་པའི་ཅོད་པན་རྣམ་པར་བརྒྱན། །རྡོ་རྗེ་དྲིལ་བུ་ཕྱག་ན་འཆང། །པདྨ་འཁྱིལ་བས་རྣམ་བསྐོར་ཅིང། །དཔྲལ་བ་ཡི་ནི་ཕྱག་རྒྱ་འབར། ། གཉིས་ཀྱིས་མི་ཡི་པགས་པ་མནབས། །ཐོད་པ་དང་ནི་ཁ་ཊཱཾ་འཆང། །ཞགས་པ་ལྕགས་ཀྱུ་མཆོག་ཀྱང་འཛིན། །ཅང་ཏེའུ་གྲི་གུག་ཚངས་པ་ཡི། །མགོ་བོ་གདོང་ནི་བཞི་པ་སྟེ།། སྔོ་ཞིང་སེར་ལ་ལྗང་བ་ཡིས། །ཞལ་གྱིས་ལྷ་མོ་རྣམ་བར་བརྒྱན། །ཞལ་གདོང་མཆེ་བ་རྣམ་གཙིགས་ཤིང། །ཟླ་བ་ཕྱེད་པས་རྣམ་བར་བརྒྱན། །སྣ་ཚོགས་རྡོ་རྗེ་དབུ་རྒྱ་ན་མཚན། ། དངོས་གྲུབ་ཐམས་ཅད་རབ་ཏུ་སྩོལ། །ཕྱག་རྒྱ་དྲུག་གིས་རྒྱས་བཏབ་ཅིང། །ལྷ་མོ་དུམ་བུའི་སྐ་རགས་རྒྱན། །གཡེར་ཀའི་སྐུ་རགས་སྒྲ་དང་ལྡན། །རྐང་གདུབ་དག་གིས་ལེགས་ པར་བརྒྱན། །དཔུང་དག་གིས་རྣམ་བར་མཛེས། །དཔྲལ་བ་ལ་ནི་རྡོ་རྗེའི་ཕྲེང། །རྡོ་རྗེས་མཚན་པའི་ཕྱག་རྒྱ་ཅན། །སྐུ་ལུས་མཛེས་ཤིང་ཡིད་འཕྲོག་པའོ། །ཤར་གྱི་འདབ་མར་ [184A]༄༅། །མཁའ་འགྲོ་མ། །སེངྒེའི་གདོང་སྟེ་རྣམ་པར་འཇིག་།གཡོན་དུ་ཕག་གི་གདོང་ཅན་ཏེ། །ལྷ་མོ། །མཱ་མ་རབ་འཇིགས་མ་།ནུབ་ཏུ་ལྷ་མོ་གླང་པོའི་གདོང་ དུམ་སྐྱེས་མ་ནི་དབང་མའོ། །ལྷོ་རུ་ལྷ་མོའི་ཚུལ་ཅན་ནོ། །གཟུགས་ཅན་མ་སྟེ་རྟ་ཡི་གདོང། །སྤྱན་གསུམ་པ་ལ་སྣ་ཚོགས་གཟུགས། །ཐོད་པ་ཁ་ཊྭཾ་ག་འཛིན་ཅིང། །མགོ་དང་གྲི་ གུག་ཕྱག་ན་བསྣམས། །གཅེར་བུ་དབུ་སྐྲ་གྲོལ་བ་ལ། །གར་གྱིས་ཀྱང་ནི་ལེགས་པར་མཛེས། །ཡི་དྭགས་རྒྱབ་ལ་སྐྱིལ་ཀྲུང་ཕྱེད་།བཞིན་རྣམས་བསྒྱུར་ཞིང་རབ་ཏུ་འཇིགས། ། འཇིགས་བྱེད་དང་ནི་དུས་མཚན་དག་ལྷ་མོའི་ཞབས་ཀྱི་འགྲོ་ཏུ་མནན། །མེ་སོགས་མཚམས་ནི་བཞི་པོ་ལ། །བྱང་ཆུབ་སེམས་ལ་སོགས་པའི་སྣོད། །བུམ་པའི་སྟེང་དུ་རྣམ་ པར་དགོད། །དུང་དང་ཀུན་ད་ཟླ་བའི་མདོག་འཁྲོ་ལོ་རྩི་བས་ན་དྲུག་པ་བྲི། །མཁས་པས་དེ་དབུས་བྲི་བ་ནི། །མ་མོའི་རིགས་ནི་བཞི་པ་སྟེ། །མཱ་མ་ཀཱི་དང་སྤྱན་དང་ནི། །ལྷ་མོ་ སྒྲོལ་མ་གོས་དཀར་མ། །སྔོ་དང་དཀར་དང་དམར་བ་སྟེ། །ལྷ་མོ་རྡོ་རྗེ་རིགས་དབང་ཕྱུག་དཀར་དང་སྡོ་དང་དམར་བའི་ཞལ། །ལྷ་མོ་རྟག་པའི་རིགས་ཡིན་ནོ། །ལྗང་དང་དཀར་དང་ དམར་པ་ཡི། །ལྷ་མོ་ལས་ཀྱི་རིགས་ཡིན་ནོ། །དམར་དང་སེར་དང་ལྗང་གུ་ཡི། །ལྷ་མོ་པདྨའི་རིགས་ཡིན་ནོ། །སྤྱན་གསུམ་པ་ལ་སྐྲ་གྲོལ་ཞིང། །ཕྱོགས་ཀྱི་གོས་མཆོག་འཇིག་པ་ [184B] ༑རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། །ཕྱག་རྒྱ་དྲུག་གིས་རྣམ་བར་བརྒྱན། །ཐོད་པ་དང་ནི་ཁ་ཊཱཾ་འཛིན། །རང་གི་ཕྱག་མཆན་བཞི་པ་སྟེ། །རྡོ་རྗེ་ལ་བོར་ལོ་ཀུན་རྡོ་རྗེ་།པདྨ་ དམར་པོ་མཆོག་དམ་པ། །ཐམས་ཅད་དེ་བཞིན་དྲིལ་བུ་འཛིན། །ཐོད་པ་འཁྱིལ་བས་རྣམ་བར་བསྐོར་བདུད་བཞི་ཞབས་ཀྱིས་རྣམ་གནོན་ཅིང་ག་ར་དང་གླུ་ཡིས་བཞད་པའི་ ཞལ༑ ༑སྣ་ཚོགས་པདྨ་ཟླ་དབུས་བཞུགས། །རིགས་ཀྱི་དངོས་གྲུབ་རབ་སྟེར་བའོ། །ཕྱག་ན་མགོ་བོ་ཅང་ཏེའུ་བསྣམས། །རྡོ་རྗེ་གྲི་གུག་གིས་རྣམ་བརྒྱན། །ཧོད་པའི་བྲང་བའི་དབུ་ རྒྱན་ཅན། །མགོ་ཡི་ཕྲེང་བས་རྣམ་བར་བརྒྱན། །ཟུར་གྱི་ཆ་ནི་ཐམས་ཅད་དུ། །གནས་ལ་སོགས་པའི་རིམ་བ་དགོད། །ཤར་དུ་རྩིབས་དྲུག་འཁོར་ལོ་ལ། །ཇི་ལྟའི་རྗེས་འབྲང་ལྷ་མོ་ དགོད༑ ༑ཐོག་མའི་ཟུར་ལ་པུ་ལཱི་ར། །མ་ལ་ཡ་ན་རབ་གཏུམ་མའོ།།གཉིས་པ་ཛ་ལནྡྷ་ར་གཏུམ་མིག་མའོ། །གསུམ་པ་ཨུཌྱན་ན་འོད་ལྡན་མའོ། །བཞི་པ་ཨར་བུད་ན་སྣ་ཆེན་ མའོ༑ ༑ལྔ་པ་གོ་ད་བཱ་རི་ན་དཔའ་བའི་བློ་གྲོས་མའོ། །དྲུག་པ་རཱ་མེ་ཤྭ་ར་ན་མིའུ་ཐུང་མའོ། །གཉིས་པ་བྱང་གི་འཁྲོ་ལོའི་རྩིབས་དྲུག་པ་དི་པཱི་ཀོ་ཊི་ན་ལངྐའི་དབང་ཕྱུག་མའོ། ། གཉིས་པ་མཱ་ལ་བ་ན་ཤིང་གྲིབ་མའོ། །གསུམ་པ་ཀཱ་མ་རུ་པ་ན་ས་སྲུང་མའོ། །བཞི་པ་ཨོ་དྲེ་ན་འཇིགས་བྱེད་མའོ། །ལྔ་པ་ཏྲི་ཤ་ཀུ་ནི་ན་རླུང་གི་ཤུགས་ཅན་མའོ། །དྲུག་པ་ཀོ་ས་ལ་ན་ [185A]༄༅། །ཆང་འཐུང་མའོ། །ནུབ་ཀྱི་འཁོར་ལོ་གསུམ་པའི་རྩིབས་དྲུག་གི་ཤར་དུ་ཀ་ལིངྐ་ན་སྔོ་བསངས་ལྷ་མོའོ། །གཉིས་པ་ལམ་པ་ཀ་ན་རབ་བཟང་མའོ། །གསུམ་པ་ཀཱཾ་ཙི་ན་རྟ་རྣ་མའོ་ བཞི་པ་ཧི་མ་ལ་ཡན་བྱ་གདོང་མའོ། །ལྔ་པ་པྲེ་ཏ་པུ་རིན་འཁོར་ལོའི་ཤུགས་ཅན་མའོ། །དྲུག་པ་གྲྀ་ཧ་དེ་བ་ཏཱ་ན་དུ་མ་སྐྱེས་མའོ། །ལྷོའི་འཁོར་ལོ་བཞི་པའི་རྩིབས་དྲུག་གི་ཤར་ལ་སཻ་རཱཥྚ་ན་ཆང་ཚང་མའོ། ། གཉིས་པ་ན་སུ་བརྞ་དྭི་པ་ན་འཁྲོ་ལོའི་གོ་ཆ་མའོ། གསུམ་པ་ན་རབ་ཏུ་དཔའ་མོའོ། །བཞི་པ་སིནྡྷཱུན་སྟོབས་ཆེན་མའོ། །ལྔ་པ་མ་རུ་ཏ་ན་འཁྲོ་ལོས་བསྒྱུར་མའོ། །དྲུག་པ་ཀུ་ལུ་ཏཱ་ན་བརྩོན་འགྲུས་ཆེན་ མོའོ༑ ༑ཐོག་མ་དཀར་ཞིང་ལྗང་བ་དང། །ཐོད་པ་དང་ནི་ཁ་ཊཱཾ་ག། །འཁོར་ལོ་ཅང་ཏེའུ་གྲི་གུག་གོ། །གཉིས་པ་བྱད་ནི་སྔོ་ལ་སེར། །རྡོ་རྗེ་ཐོད་པ་ཁ་ཊྭཾ་ག། །ཅང་ཏེའུ་དང་ནི་གྲི་གུག་གོ། །གསུམ་པ་ནུབ་ནི་དམར་པ་ སེར༑ ༑ཐོད་པ་དང་ནི་ཁ་ཊྭཾ་ག་པདྨ་ཅང་ཏེའུ་གྲི་གུག་གོ་།བཞི་པ་ལྷོ་ཡི་ལྷ་མོ་ནི། །སེར་དམར་སྣ་ཚོགས་རྡོ་རྗེ་དང་ཅང་ཏེའུ་གྲི་གུག་ག་ཐོད་བ་དང། །ཁ་ཊྭཾ་ག་ཡང་ཡོངས་སུ་འཛིན་།ལྷ་མོ་དེ་དག་ཐམས་ ཅད་ཀྱང། །ཕྱེད་ནི་བུད་མེད་དབང་ཕྱུག་མའོ། །སྤྱན་གསུམ་པ་ལ་ཕྱག་བཞི་པ། །གཅེར་བུ་དབུ་སྐྲ་གྲོལ་བ་དང། །སྐྱིལ་མོ་ཀྲུང་ཕྱེད་གར་བཅས་པས། །ཡི་དྭགས་རྒྱབ་ལ་ཞབས་ཀྱིས་བཞུགས། ། ཐོད་པའི་ཕྲོད་པའི་དབུ་རྒྱན་ཅན། །ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །རྐང་རྒྱན་དང་ནི་སྐ་རགས་དང། །དབུ་རྒྱན་རྡོ་རྗེས་མཚན་པའོ། །འཁོར་ལོ་དེ་ཡི་རྒྱབ་ཏུ་ནི། ཤར་དུ་རྡོ་རྗེ་ [185B] །བྱང་དུ་འཁྲོ་ལོའི་ཕྲེང་བ་སྟེ། །ནུབ་ཏུ་སྣ་ཚོགས་རྡོ་རྗེ་ཕྲེང། །ལྷོ་རུ་པདྨའི་ཕྲེང་བའོ། །དབུས་སུ་རྡོ་རྗེ་ཕྲེང་བས་བརྒྱན། །ཟུར་གྱི་ཆ་ནི་ཐམས་ཅད་དུ། །སྣ་ཚོགས་ རྡོ་རྗེ་མཉམ་བར་བྲི། །དེ་རྒྱབ་ཡི་དྭགས་སྣ་ཚོགས་ཀྱི། །ཕྲེང་བས་མཁས་པས་བསྐོར་བར་བྱ། །ཕྱིར་རོལ་དཀྱིལ་འཁྲོ་སྒོ་རྣམས་དང། །ཟུར་གྱི་ཆ་ནི་བཞི་པོ་ལ། མཁའ་ལོ་ འདུས་པའི་གཟུགས་དེ་ནི། །མཉམ་པར་བཞག་ནས་བྲི་ཞིང་དགོས། །ཁྭ་གདོང་ཤར་དུ་དགོད་པ་སྟེ། །སྔོ་ལ་དམར་དང་ཡིད་འཕྲོག་པ་།འགུག་གདོང་བྱང་སྒོར་དགོད་པ་སྟེ། །ལྗང་ ཞིང་དམར་ལ་ལེགས་པར་མཛེས། །ཁྱི་གདོང་ནུབ་ཀྱི་སྒོ་ལ་ནི། །སེར་ཞིང་དུད་ཀ་རབ་ཏུ་གདུག་ཕག་གདོང་ལྷོ་རུ་དགོད་པ་ནི། །ལྗང་ཞིང་སྔོ་བའི་གཟུགས་ཅན་ནོ། །སྤྱན་གསུམ་ བཞིན་བསྒྱུར་རབ་གདུག་ཅིང།། དམ་པ་ཕྱོགས་ཀྱི་གོས་འཆང་བའོ་།མིག་གཡན་དང་ནི་གཟུགས་མི་སྡུག་གཡས་བརྐྱང་པ་ཡི་ཞབས་ཀྱིས་བཞུགས། །སྣ་ཚོགས་པདྨའི་ཉི་ དབུས་བཞུགས། །ཕྱག་རྒྱ་ལྔ་ཡིས་རྣམ་བར་བརྒྱན། །ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། །སྣ་ཚོགས་གཟུགས་ཅན་ཡིད་འཕྲོག་པ་།གཅིར་བུ་སྐྲ་གྲོལ་རྣམ་བར་འཇིགས། །གཤིན་རྗེ་སྲེག་ མ་མ་ཧེ་གདོང། །མེ་ཡི་ཕྱོགས་སུ་རྣམ་པར་བཞུགས། །གཤིན་རྗེ་ཕོ་ཉ་བོང་བུའི་གདོང། །བདེན་བྲལ་ཕྱོགས་སུ་རྣམ་པར་བཞུགས། །གཤིན་རྗེ་མཆེ་བ་རྔ་མོའི་གདོང། །གདུག་པ་རླུང་ [186A]༄༅། །ཕྱོགས་རབ་ཏུ་བཞུགས། །གཤིན་རྗེ་འཇོམས་མ་རྟ་ཡི་གདོང་།འདི་དག་ཆགས་པས་རབ་ཏུ་མྱོས། །ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། །སྣ་ཚོགས་ གཟུགས་ཅན་ཡིད་འཕྲོག་མའོ། །གཅེར་བུ་དབུ་སྐྲ་གྲོལ་བ་ལ། །སྐྱིལ་ཀྲུང་ཕྱེད་པར་གར་དང་བཅས། །མཆེ་བ་རྣམ་པར་གཅིགས་པའི་ཞལ་།སྤྱན་གསུམ་པ་ལ་གཡོ་བའི་ སྐུ༑ ༑སྣ་ཚོགས་པདྨའི་ཉི་དབུས་བཞུགས། །མི་སྡུག་རྗེས་སུ་ཆགས་པས་མྱོས། །ཐམས་ཅད་ཡི་དྭགས་སྟེང་ན་བཞུགས། །འཁོར་ལོ་སོགས་པའི་དཀྱིལ་འཁོར་རྣམས། །ཐོད་ པ་ཁ་ཊཱཾ་ག་འཛིན་ཅིང། །གྲི་གུག་དང་ནི་མགོ་བོ་འཆང་།ཕྱག་གཡས་དག་ན་ཅང་ཏེའུ་ཡི། །ཤིན་ཏུ་འཇིགས་པའི་སྒྲ་ཡང་སྒྲོག་ཕྱི་རོལ་བསྐོར་བའི་ཚུལ་ཅན་ནོ། །གཞན་དུ་ རྣམ་པ་དུ་མ་ཡི། །གླུ་དང་གར་གྱི་མཆོད་པ་དང། །སྣ་ཚོགས་དམ་ཚིག་དམ་པ་ཡི། །མེ་ཏོག་སྤོས་དང་མར་མེ་དང། །དྲི་དང་ཕྲེང་བ་བྱུག་པ་དང། །ལྷ་ཡི་གོས་ཀྱི་རྣམ་པ་དང། ། ལྷ་མོ་སི་ལ་སྙན་མཆོག་དམ་པ། །ཕྱི་རོལ་རྣལ་འབྱོར་མ་དག་མཆོད། །དེ་ཡི་དབུས་མདུན་མཐའ་ཡས་པའི། །ཐམས་ཅད་དུ་ནི་འཁོར་ཡོངས་ཀྱིས། །ནམ་མཁའི་ཁམས་ནི་ ཡོངས་གང་བའི། །ཕག་མོའི་མཆོག་ནི་དམ་པ་དང། །རྣལ་འབྱོར་མ་གདུག་རྣམས་ཀྱང་མཆོད། །མཆོག་འདི་དག་ནི་གསང་ཞིང་སྦ། །སུ་ལ་ཡང་ནི་མི་བརྗོད་དོ། །ཕྱི་རོལ་ཡི་ [186B] །དཀྱིལ་འཁོར་མཆོག་གི་རང་བཞིན་ནི་།རྣམ་པར་འཕྲུལ་པ་དགོད་བྱ་སྟེ། །ཇི་ལྟའི་རིམ་པས་རྗེས་སུ་དགོད་།སེན་མོ་སོ་ནི་རབ་གཏུམ་མའོ། །སྐྲ་དང་སྤུ་ནི་ གཏུམ་མིག་མའོ། །པགས་པ་དང་དྲི་མ་ནི། འོད་ལྡན་མའོ། །ཤ་ནི་སྣ་ཆེན་མའོ། །རྩ་རྒྱུས་ནི། དཔའ་བོའི་བློ་གྲོས་མའོ། །རུས་པ་ནི། མིའུ་ཐུང་མའོ། །མཁལ་མ་ནི། ལངྐའི་ དབང་ཕྱུག་མའོ། །སྙིང་ནི། ཤིང་གྲིབ་མའོ། །མིག་ནི། ས་སྲུང་མའོ། །མཁྲིས་པ་ནི། འཇིགས་བྱེད་ཆེན་མོའོ། །གློ་བ་ནི། རླུང་གི་ཤུགས་ཅན་མའོ། །རྒྱུ་མ་ནི། ཆང་འཐུང་མའོ། ། གཉེ་མ་ནི། སྔོ་བསངས་ལྷ་མོའོ། །ལྟོ་བ་ནི། རབ་བཟང་ལྷ་མོའོ་།ལྒང་བ་ནི། རྟ་རྣ་མའོ། །སྐྲ་མཚམས་ནི། བྱ་གདོང་མའོ། །བད་ཀན་ནི། འཁོར་ལོའི་ཤུགས་ཅན་མའོ། ། རང་ནི༑ དུམ་སྐྱེས་མའོ། །ཁྲག་ནི། ཆང་ཚོང་མའོ། །རྡུལ་ནི་འཁོར་ལོའི་གོ་ཆ་མའོ། །ཚིལ་ནི། ཤིན་ཏུ་དཔའ་མོའོ། །མཆི་མ་ནི་སྟོབས་ཆེན་མའོ། །མཆིལ་མ་ནི་ འཁོར་ལོས་བསྒྱུར་མའོ། །སྣབས་ནི། བརྩོན་ཆེན་མའོ། །པུ་ལླཱི་ར་མ་ལ་ཡ་སྟེ། མགོ་པོ་ལ་རབ་གཏུམ་མའོ། །ཛའ་ལནྡྷ་ར་སྟེ། སྤྱི་གཙུག་ལ་གཏུམ་མའི་མིག་ཅན་མའོ། ། ཨུ་ཌྱི་ན་ཏེ། རྣ་བ་གཡས་པར་འོད་ལྡན་མའོ། །ཨར་བུ་ད་སྟེ་སྤྱི་བོའི་རྒྱབ་ཏུ་སྣ་ཆེན་མའོ། །གོ་ད་བ་རི་སྟེ། རྣ་བ་གཡོན་པར་བརྟན་པའི་བློ་ཅན་མའོ། །རཱ་མེ་ཤྭ་ར་སྟེ། སྨིན་ [187A]༄༅། །མའི་དབུས་སུ་མིའུ་ཐུང་མའོ། །དེ་བའི་ཀོ་ཊི་སྟེ། མིག་ཏུ་ལངྐའི་དབང་ཕྱུག་མའོ། །མཱ་ལ་བ་སྟེ། ཕྲག་བ་གཉིས་སུ་ཤིང་གྲིབ་མའོ། །ཀཱ་མ་རཱུ་བ་ སྟེ༑ མིག་གཉིས་ལ་ས་སྲུང་མའོ། །ཨོ་ཏྲེ་སྟེ། ནུ་མ་གཉིས་སུ་འཇིགས་བྱེད་ཆེན་མོའོ། །ཏྲི་ཤ་ཀུ་ནི་སྟེ། ལྟེ་བར་རླུང་གི་ཤུགས་ཅན་མའོ། །ཀོ་ས་ལ་སྟེ། སྣ་རྩེར་ཆང་ འཐུང་མའོ། །ཀ་ལིངྐ་སྟེ། ཁར་ཤྱཱ་མ་དེ་བའོ། །ལཾ་པཱ་ཀ་སྟེ། མགྲིན་པར་ཤིན་ཏུ་བཟང་མོའོ། །ཀཱཾ་ཙི་སྟེ། སྙིང་གར་རྟ་རྣམ་མའོ། །ཧི་མ་ལ་ཡ་སྟེ། འདོམས་སུ་བྱ་གདོང་ མའོ༑ ༑ཕྲེ་ཏ་པུ་རི་སྟེ། མཚན་མ་ལ་འཁོར་ལོའི་ཤུགས་ཅན་མའོ་།གྲྀ་ཧད་བ་ཏཱ་སྟེ། གཞད་ལ་དུ་མ་སྐྱེས་མའོ། །སཽ་རཱཥྚ་སྟེ་བརླ་གཉིས་ལ་ཆང་ཚོང་མའོ། ། སུ་བརྞ་དའྭི་བ་སྟེ། རྗེ་རར་གཉིས་ལ་འཁོར་ལོའི་གོ་ཆ་མའོ་།ན་ག་ར་སྟེ། སོར་མོ་རྣམས་ལ་དཔའ་བོའི་བློ་གྲོས་མའོ། །སིནྡྷུ་སྟེ། རྐང་པའི་བོ་ལ་ལ་སྟོབས་ཆེན་མའོ། །མ་རུ་ སྟེ༑ མཐེ་བོང་གཉིས་ལ་འཁོར་ལོས་བསྒྱུར་མའོ། །ཀུ་ལུ་ཏཱ་སྟེ་པུས་མོ་གཉིས་ལ་བརྩོན་ཆེན་མའོ། །སའི་ཁམས་ནི། འཕེབས་མ་ཆུའི་ཁམས་ནི། གསོད་མ་ མའི་ཁམས་ནི། འགུགས་མ། རླུང་གི་ཁམས་ནི། གར་གྱི་དབང་ཕྱུག་མའོ། །ནམ་མཁའི་ཁམས་ནི། པདྨའི་དྲ་བ་མའོ། །གཟུགས་ཀྱི་ཕུང་པོ་ནི། རྣམ་པར་སྣང་མཛད་ [187B] རྡོ་རྗེ་ཉི་མ། འདུ་ཤེས་ཀྱི་ཕུང་པོ་ནི། གར་གྱི་དབང་ཕྱུག་འདུ་བྱེད་ཀྱི་ཕུང་པོ་ནི། རྡོ་རྗེ་ཆགས་པ། རྣམ་པར་ཤེས་པའི་བྱང་པོ་ནི། རྡོ་རྗེ་སེམས་དཔའ། དེ་ བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ནི། རྡོ་རྗེ་ཤྲཱི་ཧེ་རུ་ཀའོ། །མིག་ནི། གཏི་མུག་རྡོ་རྗེ། རྣ་བ་ནི། ཞེ་སྡང་རྡོ་རྗེ། སྣ་ནི། སེར་སྣ་རྡོ་རྗེ། དག་ནི། ཆགས་བ་རྡོ་རྗེ། ལུས་ནི་ ཕྲག་དོག་རྡོ་རྗེ། སྐྱེ་མཆེད་ཐམས་ཅད་ནི། དབང་ཕྱུག་རྡོ་རྗེ་ཡིད་ནི། མི་འཁྲུགས་རྡོ་རྗེ། ངག་ནི། དཔག་མེད་རྡོ་རྗེ། ལུས་ནི་སྣང་མཛད་རྡོ་རྗེ། འདི་དག་དགོད་པར་བྱ་བ་ ནི༑ ཡེ་ཤེས་འཁོར་ལོ་མཐོང་བ་ཡིན། །སྦྱོར་བ་འདི་ལ་གནས་ན་ནི་།དེ་ཡིས་ཐམས་ཅད་བསྒོམས་པར་འགྱུར། །དབང་བསྐུར་མཆོད་དང་དམ་ཚིག་དང། །སྒོམ་པ་མཉམ་ པ་བཅུད་དུ་བྱེད། །དེ་སྙིང་ཡེ་ཤེས་སེམས་དཔའ་ལ། །ཡེ་ཤེས་བདུད་རྩི་བཅུད་ཀྱིས་མཆོད། །ལུས་ངག་ཡིད་ཀྱི་དམ་ཚིག་རྣམས། །སེམས་དང་སེམས་མིན་ལེགས་པར་ བརྟག་བཟླས་དང་སྒམ་པའི་སྦྱོར་བ་ཡིས། །རྣམ་རྟོག་ཐམས་ཅད་སྤངས་ནས་ནི། །དམ་ཚིག་མཆོག་གི་བཟླས་པ་ཡིས། །གསང་སྔགས་རྒྱལ་པོ་མཆོག་ཀྱང་འགྲུབ། །ཨོཾ་ བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་སརྦ་པུདྡྷ་ཌཱ་ཀཱི་ནཱི་ཡེ་བཛྲ་བརྞ་ཎཱི་[?]ཧུཾ་ཧཱུཾ་ཕཊ་སཱཧཱ། བསྟོད་དང་མིང་དུ་ཡང་དག་སྦྱར། །ཧཱུཾ་ཧཱུཾ་ཕཊ་དང་ལྡན་པ་ཡི། །རབ་གཏུམ་མ་སོགས་གསང་ [188A]༄༅། །སྔགས་དག་སྦྱར་ནས་མཆོག་གི་བཟླས་པ་བྱ། །བཟླས་པ་ཡོངས་སུ་རྫོགས་ནས་ནི། །ཞི་བའི་བཏུང་བ་མཆོག་ཀྱང་བཏུང་།ཆོས་རྣམས་ཐམས་ ཅད་ཡོངས་མཉམ་པའི། །མཉམ་པའི་དམ་ཚིག་མཆོག་ཡིན་ཏེ། །དེ་བས་དེ་བསྒོམ་རྣམ་པར་དག་སུམ་ཅུ་བདུན་པའི་གོ་འཕང་མཆོག་བདག་མེད་ཆོས་དང་ལམ་དང་ ནི༑ ༑དཀྱིལ་འཁོར་མཆོག་ལ་རབ་ཏུ་བཞུགས། །ཤེས་རབ་ཕ་རོལ་རྣལ་འབྱོར་མ། །རྣལ་འབྱོར་ལས་ནི་ངལ་བསོས་ནས། །མཚན་མེད་གོ་འཕང་གནས་ནས་སུ། །མཚན་ མེད་ལ་ནི་མཉམ་པར་བརྟེན། །ཆོས་རྣམས་མེད་ཅིང་མཚན་མ་མེད་།ཆོས་མིན་ཆོས་ཅན་དག་ཀྱང་མེད། །རྟེན་འབྲེལ་ཆོས་ཀྱང་མཁའ་དང་མཉམ། །དངོས་པོ་མེད་ཅིང་ མཚན་མ་མེད། །དེ་ཉིད་བཞི་ལ་འདིར་གནས་ན། །ཡེ་ཤེས་མིག་གིས་མཐོང་བ་ཡིན། །གནས་སོགས་འཁོར་ལོ་ངེས་པར་ཡང། །ཉི་ཟེར་རྡུལ་དང་མཉམ་པར་མཐོང། །སྐྲ་ ཡི་རྩེ་མོ་འབུམ་བཤགས་པའི། །ཆ་ཡང་ཡོངས་སུ་རྟོགས་ཤིང་མཐོང། །བྷ་གའི་དབུས་ན་བཞུགས་པ་ཡིས། །ཧེ་རུ་རྣལ་འབྱོར་མ་ལྷན་ཅིག་འཁོར་ལོས་བསྒྱུར་བ་རབ་ སྦྱོར་བ༑ ༑ཁྭ་གདོང་ལ་སོགས་ཕྱི་རོལ་དགོད། །ཧེ་རུ་ཀ་དཔལ་བདག་པོ་ནི། །མཁའ་འགྲོ་བཞི་ཡིས་ཡོངས་སུ་བསྐོར། །ཕན་ཚུན་བདག་པོས་བྱ་བ་ནི། །རྡོ་རྗེ་སེམས་སོགས་ [188B] །རྣལ་འབྱོར་མ་དང་ཐུན་མོང་འགྲུབ། །སྦྱོར་བ་གསུམ་ནི་དམ་ཚིག་མཆོག་ཁམས་གསུམ་བདག་པོ་ཆེན་པོ་ནི། །རྣམ་པར་སྤྱོད་པར་མཐོང་མ་གྱུར། །མི་འགྲུབ་འཁོར་ ལོས་བསྒྱུར་བ་དང། །ཁམས་གསུམ་བདག་པོའི་རྒྱལ་པོར་འགྱུར། །གྲུབ་ན་དེ་ན་རྣལ་འབྱོར་ཆེ། །སྲིད་པ་གསུམ་གྱི་བདག་པོ་འཐོབ། །དེ་བཞིན་ཆོ་གའི་སྦྱོར་བ་ཡིས། །སྟོབས་ ཀྱིས་ཤི་བ་བཟའ་བར་བྱ། །མཚམས་མེད་པ་ནི་བྱེད་པ་དག་བཀུག་ལ་མཁས་པས་བྱིན་གྱིས་བརླབ། །གཞན་དུ་དངོས་གྲུབ་འཇིག་པར་འགྱུར་།ཇི་ལྟར་འདོད་པའི་འཚོ་བའི་ འབྲས༑ ༑ཕྱུགས་གསད་པ་ཡི་སྦྱོར་བ་ནི། །རྣལ་འབྱོར་མ་ལ་ཞུས་ཏེ་བྱ། །ལྷ་བཤོས་སྒྲུབ་པའི་སྦྱོར་བ་འོ། །མ་དང་སྲིང་མོ་ལྷན་ཅིག་ཏུ། །མཆོག་དང་བར་མ་དེ་བཞིན་ཏེ། ། གཞན་དུ་བུ་མོ་ལྷན་ཅིག་ཏུ། །དབང་པོ་གཉིས་ནི་མཉམ་སྦྱོར་བ་།མཉམ་པ་མཆོག་གི་སྒྲུབ་པའོ། །རང་གི་ལྷ་ཡི་སྦྱོར་བ་ཡིས་།འདོད་པ་ལྔ་ནི་སྤྱད་པར་བྱ། །ཕག་མོ་རུ་ནི་ བདག་བསྒོམས་ཏེ། །ལྟེ་བར་སྡིགས་མཛུབ་བཞག་ནས་ནི། །མཁའ་འགྲོ་མ་སོགས་འཁོར་ལོར་བཞུགས། །ལྷ་མོ་རབ་ཏུ་དང་བྱས་ནས། །སྒོ་དགུ་ལ་ནི་ཞུགས་ནས་ཀྱང། ། སྙིང་པོ་པདྨ་ཕུག་ནས་ནི། །རྣལ་འབྱོར་མ་ནི་བརྒྱབ་ཙམ་གྱིས་།རྨ་སྐྱེས་མཆོག་ནི་བཏུང་བར་བྱ། །བསྣུན་པ་དེ་ཡིས་ཟོས་ན་ནི་།སངས་རྒྱས་འགྱུར་གྱི་གཞན་དུ་མིན། །མངོན་ [189A]༄༅། །པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས། རྣལ་འབྱོར་མའི་གནས་སྒྲུབ་པའི་མཚན་མའི་རིམ་པ་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །། དེ་ནས་གཞན་ཡང་བཤད་བྱ་བ། །རྣལ་འབྱོར་དཔའ་བོའི་ཆོ་ག་དང། །རྣལ་འབྱོར་མ་ཡི་གནས་འབྱུང་བ། །འདུས་པ་བདག་གིས་བཤད་པར་བྱ། །དཔའ་བོ་རྣལ་འབྱོར་མ་ཐམས་ ཅད༑ ༑བླ་མའི་བཀའ་ལས་གཞན་དུ་མིན། །ཐམས་ཅད་མཁའ་འགྲོ་མ་རྣམས་ནི། །ངེས་པར་ལེགས་བ་སྩོལ་བར་འགྱུར། །རེའུ་མིག་དགུ་པ་དབུས་སུ་སྟེ། །ཕྱི་རོལ་དུ་ནི་བཅུ་ དྲུག་བྲི༑ ༑རེའུ་མིག་དབུས་ཀྱི་དཀྱིལ་དུ་ཡང། །ཤིན་ཏུ་མཛེས་པའི་པདྨ་བྲི། །སྣ་ཚོགས་པདྨ་བརྒྱད་པ་སྟེ། །ལྟེ་པ་དང་ནི་གེ་སར་བཅས། །དེ་དབུས་ཟླ་བ་བལྟ་བྱས་ཏེ། །ཨ་ལ་སོགས་ བ་རྣམ་པར་སྦྱར། །ཨཱ་ལི་ཀཱ་ལི་མཉམ་བྱས་ཏེ། །ཧཱུཾ་ནི་ནང་དུ་ཆུད་པར་བྱ། །རྡོ་རྗེ་སེམས་དཔས་ཀུན་ཁྱབ་པ། །ཧེ་རུ་ཀ་ནི་རྣམ་པར་བསྒོམ། །ཞལ་ལྔ་ཕྱག་ནི་བཅུ་པ་སྟེ། ། ཕག་མོ་ཡིས་ནི་ཡོངས་སུ་བརྒྱན། །དཀར་ཞིང་སྔོ་ལ་དེ་བཞིན་དམར། །ལྗང་གུ་སེར་པོ་སྟེང་དུ་སྟེ། །སྤྱན་གསུམ་པ་ལ་འཇིགས་པའི་ཞལ། །གཡས་བརྐྱང་པ་ཡི་གནས་པས་ བཞུགས། །འཇིགས་བྱེད་དང་ནི་དུས་མཚན་ཉིད། །ཤིན་ཏུ་མྱོས་པས་ཞབས་འོག་གནོན། །ཐོད་པའི་ཕྲེང་པའི་དབུ་རྒྱན་ཅན། །ཟླ་བ་ཕྱེད་པ་འཛིན་པས་མཛེས། །སྣ་ཚོགས་རྡོ་རྗེ་ཅོད་ [189B] །རལ་པའི་དབུ་རྒྱན་དབུ་ལ་འཆིང། །ཕྱག་རྒྱ་དྲུག་གིས་རྒྱས་བཏབ་ཅིང། །སྐུ་ལ་རྡོ་རྗེ་རྒྱན་གྱིས་སྤུད། །རྡོ་རྗེ་དྲིལ་པུ་མཉམ་པར་ལྡན། །བདེ་བ་ཆེན་པོའི་བདེ་བ་མཆོག་ རྩེ་གསུམ་དང་ནི་ཅང་ཏེའུ་འཛིན། །རྡོ་རྗེ་གྲི་གུག་དེ་བཞིན་ཏེ་།ཐོད་པ་ཁ་ཊཱཾ་ཚངས་པའི་མགོ་དགྲ་སྟ་དང་ནི་ཞགས་པའོ་།གཡས་དང་གཡོན་གྱི་ཕྱག་ལ་ནི། །ན་རའི་ཕགས་ པ་གོས་སུ་མན་བས། །ཞབས་གཉིས་མཉམ་པར་འཁྲིལ་བ་ནི། །ཕག་མོ་ཡིས་ནི་ཁ་སྦྱར་བྱས། །དེ་མདོག་ཕྱག་དང་བཞུགས་སྟངས་ཅན་།དབུ་སྐྲ་གྲོལ་ཞིང་གཅེར་བུ་སྟེ། །སྟག་ གི་པགས་པ་གོས་སུ་མན་བས། །དུམ་བུའི་རྒྱན་གྱི་སྐ་རགས་ཅན་།དྲག་པོའི་ཐོད་པའི་ཕྲེང་བ་ཅན། །ཐུགས་རྗེའི་ཆགས་པས་རྣམ་པར་མྱོས། །ཤར་གྱི་འདབ་ལ་མཁའ་འགྲོ་ མ༑ ༑བྱང་དུ་ལཱ་མ་མཁའ་འགྲོ་མ། །ནུབ་ཏུ་དུམ་སྐྱེས་མ་ཡིན་ནོ་།ལྷོ་རུ་གཟུགས་ཅན་མཁའ་འགྲོ་མ། །ནག་དང་སྔོ་བསངས་དམར་སེར་སྐྱ། །ཕྱོགས་ཀྱི་གོས་འཆང་གཡས་ བརྐྱང་བཞུགས། །ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། །སྐྲ་གྲོལ་གཉིས་སུ་མེད་པ་སྟེ། །ཟུར་གྱི་ཆ་ནི་ཐམས་ཅད་དུ། །བྱང་ཆུབ་སེམས་ཀྱི་སྣོད་ཀྱང་བཞག་ཐོད་པ་ཁ་ཊཱཾ་དྲིལ་བུ་ དང། །ཅང་ཏེའུ་གྲི་གུག་མགོ་བོ་ཐོགས། །ཞལ་གསུམ་སྤྱན་གསུམ་བཞིན་རྣམས་བསྒྱུར། །དྲག་པོ་ཆགས་པའི་ཆགས་པས་མྱོས། །བཅོམ་ལྡན་བདེ་བས་གཟིགས་ནས་ནི།། [190A]༄༅། །བདེ་བ་ཆེ་ལ་རྗེས་སུ་ཆགས། །མགོ་པོའི་དོ་ཤལ་འཆང་བ་ཡིས། །ཧེ་རུ་ཀ་ནི་རྣམ་པར་བསྒོམ། །འདི་ལྟར་རེའུ་མིག་དབུས་དཀྱིལ་དུ། །མཆོག་དེ་དག་ ཀྱང་བསྒོམ་པར་བྱ། །དེ་ཡི་ཤར་གྱི་རེ་མིག་ལ་པུ་ལླཱི་ར་མ་ལ་ཡན་ཐོད་པའི་དུམ་བུ་དང། རབ་གཏུམ་མ་སྟེ། སེར་པོའོ། །བྱང་དུ་ཛཱ་ལནྡྷ་ར་ན་ཀེང་དུས་ཆེན་པོ་དང། གཏུམ་ མིག་མ་སྟེ། སྔོན་པོའོ། །ནུབ་ཏུ་ཨུ་ཊྱན་ན་ཀེང་རུས་ཅན་དང། འོད་ལྡན་མ་སྟེ། དཀར་པོའོ། །ལྷོ་རུ་ཨར་བུ་ད་ན་མཆེ་བ་རྣམ་པར་གཙིགས་པ་དང། སྣ་ཆེན་མ་སྟེ་ ལྗང་གུའོ། །མེའི་ཕྱོགས་སུ་གོ་ད་པ་རི་ན་ལྷ་དགྲ་དང། དཔའ་བོའི་བློ་གྲོས་མ་སྟེ། དམར་པོའོ། །བདེན་བྲལ་དུ་རཱ་མེ་ཤྭ་ར་ན་འོད་དཔག་མེད་དང། མིའུ་ཐུང་མ་སྟེ། པདྨའི་ མདོག་ཅན་ནོ། །རླུང་ཕྱོགས་སུ་དེ་བི་ཀོ་ཏི་ན་རྡོ་རྗེ་འོད་དང་ལངྐའི་དབང་ཕྱུག་མ་སྟེ། དུད་ཀ་སྔོན་པོའོ། །དབང་ལྡན་དུ་མཱ་ལ་བ་ན་རྡོ་རྗེ་ལུས་དང། ཤིང་གྲིབ་མ་སྟེ། ལྗང་གུ་ དང། མུ་ཏིག་ལྟ་བུའོ། །ཕྱག་ན་རྡོ་རྗེ་དང་དྲིལ་བུས་འཁྱུད་པའོ། །དེ་ལ་རེའུ་མིག་གཉིས་པའི་ཤར་ཕྱོགས་སུ་ཀཱ་མ་རཱུ་པ་ན་མྱུ་གུ་ཅན་དང། ས་སྲུང་མ་སྟེ། དམར་པོའོ། །བྱང་དུ་ ཨོཾ་དྲེན་རྡོ་རྗེ་རལ་བཅན་དང། འཇིགས་བྱེད་ཆེན་མོ་སྟེ། ལྗང་གུའོ། །ནུབ་ཏུ་ཏྲི་ཤ་ཀུ་ནི་ན་དཔའ་བོ་ཆེན་པོ་དང། རླུང་གི་ཤུགས་ཅན་མ་སྟེ། སྔོན་པོའོ། །ལྷོ་ཕྱོགས་ཀོ་ས་ལ་ན་རྡོ་རྗེ་ཧཱུཾ་ [190B] ཆང་འཐུང་མ་སྟེ། དཀར་པོའོ། །མེའི་ཕྱོགས་སུ་ཀ་ལིངྐ་ན་རབ་བཟང་དང། སྔོ་བསངས་ལྷ་མོ་སྟེ། ནམ་མཁའ་སེར་སྐྱའོ། །བདེན་བྲལ་དུ་ལཾ་པཱ་ཀ་ན་རྡོ་རྗེ་བཟང་དང་ རབ་བཟང་མ་སྟེ། དམར་པོའོ། །རླུང་གི་ཕྱོགས་སུ་ཀཱཾ་པོ་ཙིན་འཇིགས་བྱེད་ཆེན་པོ་དང། རྟ་རྣམ་སྟེ། སེར་བོའོ། །དབང་ལྡན་དུ་ཧི་མ་ལ་ཡན་མིག་མི་བཟང་དང། བྱ་གདོང་མ་ སྟེ༑ སྔོན་པོའོ། །པདྨ་དང་དྲིལ་བུ་འཛིན་པས་འཁྱུད་པའོ། །རེའུ་མིག་གསུམ་པའི་ཤར་དུ་པྲེ་ཏ་པུ་རི་ན་སྟོབས་པོ་ཆེ་དང། །འཁོར་ལོའི་ཤུགས་ཅན་མ་སྟེ། ནམ་མཁའ་དང་ སེར་སྐྱའོ། །བྱང་དུ་གྲྀ་ཧ་དེ་བཱ་ཏཱ་ན་རྡོ་རྗེ་འོད་དང་དུ་མ་སྐྱེས་མ་སྟེ་སེར་པོའོ། །ནུབ་ཏུ་སཽ་རཱཥྜ་ན་རྟ་མགྲིན་དང་ཆང་ཚོང་མ་སྟེ། དམར་པོའོ། །ལྷོ་ཕྱོགས་སུ་བརྞ་དྭི་པ་ན་ནམ་ མཁའི་སྙིང་པོ་དང། འཁོར་ལོའི་གོ་ཆ་མ་སྟེ། སྔོན་པོའོ་།མེའི་ཕྱོགས་སུ་ན་ག་ར་ན་དཔལ་ཁྲག་འཐུང་དང། རབ་དཔའ་མོ་སྟེ། དུད་པའི་མདོག་ཅན་ནོ། །བདེ་ན་བྲལ་དུ་སིནྡྷུ་ ན་པདྨ་གར་གྱི་དབང་ཕྱུག་དང། སྟོབས་ཆེན་མ་སྟེ། ལྗང་གུའོ་།རླུང་གི་ཕྱོགས་སུ་མ་རུ་ཏ་ན་རྣམ་པར་སྣང་མཛད་དང། འཁོར་ལོས་བསྒྱུར་མ་སྟེ། སྔོན་པོའོ། །དབང་ལྡན་དུ་ཀུ་ལུ་ཏཱ་ མ་རྡོ་རྗེ་སེམས་དཔའ་དང། བརྩོན་འགྲུས་ཆེན་མོ་སྟེ། དཀར་པོའོ་།འཁོར་ལོ་དང་དྲིལ་བུ་འཛིན་པས་འཁྱུད་པའོ། །གཞན་ཡང་ཐོད་པ་དང། ཁ་ཊཱཾ་ག་དང། ཅང་ཏེའུ་དང། གྲི་གུག་ [191A]༄༅། །དང། མགོ་བོ་འཛིན་པ། ཕྱག་དྲུག་པ། ཞལ་གསུམ་པ་སྟེ་ཞལ་ནི། མན་ངག་གི་རྗེས་སུ་འབྲང་བས་བསྟན། སྤྱན་གསུམ་པ་གཡས་ བརྐྱང་བས་བཞུགས་པ། ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །སྟག་གི་པགས་པ་གོས་སུ་མན་བས། །མགོ་བོའི་ཕྲེང་བས་བརྒྱན་པ་སྟེ་།ཐོད་པའི་ཕྲེང་བའི་ཅོད་པན་ཅན། །རྡོ་རྗེ་ཕྲེང་ དང་ཕད་འཁོར་ལོ། །ཇི་ལྟའི་རིམ་པས་དཔྲལ་བར་བརྒྱན། །ལྷ་མོ་སྐྲ་གྲོལ་གཅར་བུ་སྟེ། །བྱིན་པ་གཉིས་ཀྱིས་ལེགས་པར་འཁྲིལ། །ཇི་ལྟར་ཐབས་བཞིན་ཤེས་རབ་སྟེ། ། མཚན་མའི་ཕྱག་རྒྱ་ལེགས་ཁྱབ་པ། །ཟུར་བཞི་པ་ལ་སྒོ་བཞི་པ་།རྟ་བབས་བཞིས་ནི་རྣམ་པར་བརྒྱན། །དྲ་བ་དྲ་ཕྱེད་ཀྱིས་བརྒྱན་པ། །དར་དང་ཕྲེང་བས་རྣམ་པར་བརྒྱན། །འཁོར་ ལོའི་གཟུགས་ཅན་ལ་བཀོད་ནས། །ཇི་ལྟར་མཛེས་པར་རབ་ཏུ་བརྟག། །འདི་ལྟར་ཕྱི་ཡི་འཁོར་ལོ་ཡི། །དེ་ལ་སྒོ་སྲུང་རྣམས་ཀྱང་དགོད་།མཚམས་དང་ཟུར་དུ་ལྷ་མོ་རྣམས།། མཁས་པས་བྲི་བར་བྱ་བ་སྟེ། །ཆོ་ག་དུ་མ་ཐོས་ནས་ནི། །འབད་པས་གཅིག་ཏུ་བསྡུས་པ་ཡིན། །ཤར་གྱི་སྒོར་ནི་ཁྭ་གདོང་མ། །ཞལ་གསུམ་པ་ལ་ཕྱག་དྲུག་པ། །གཡས་ དང་གཡོན་གྱི་ཞལ་གདོང་ནི། །བྱ་རོག་ཆུ་སྐྱར་ཞལ་ཡིན་ཏེ། །མི་འུ་ཐུང་ལ་མི་སྡུག་ཞལ། །བྱང་གི་སྒོར་ནི་འུག་གུ་དང། །འུག་པ་བྱི་ལ་རྣམ་མཛེས་ཏེ། །གཡས་དང་ [191B]ལྕེ་བསྐྱོད་འཇིགས་པའི་གཟུགས་ཅན་མ། །ནུབ་ཏུ་བྷ་བ་གི་ཞེས་པ། །ཁྱི་དང་སེངྒེའི་གདོང་པ་ཅན་།གཡོན་བ་དང་ནི་གཡས་པ་ཡི། །ལྕེ་བསྐྱོད་ཤིན་ཏུ་མཛེས་ པའོ༑ ༑ལྷོ་ཕྱོགས་ས་འཛིན་ལྷ་མོ་ནི། །ཕག་གདོང་མ་ཧེའི་གཟུགས་ཅན་ཏེ། །གཡས་དང་གཡོན་གྱི་ཞལ་གདོང་ནི། །ཟབ་ཅིང་དྲག་ལ་འཇིགས་པ་འོ། །ཐོག་མ་ཁྭ་གདོང་ཞེས་ བྱ་བ༑ ༑གཉིས་པ་འུག་པ་དེ་བཞིན་ཏེ། །གསུམ་པ་ཁྱི་ཡི་གདོང་ཅན་ལ། །བཞི་པ་དག་ནི་ཕག་ཉིད་དོ། །སྔོ་དང་དུད་ཀ་དཀར་པོའི་གདོང། །ལྗང་གུ་སེར་པོ་དམར་པོ་སྟེ། །སེར་ཞིང་དམར་ ལ་སྔོ་བའི་ཞལ། །དཀར་དང་སྔོ་དང་ལྗང་གུའི་མདོག་དང་པོ་མེ་ནས་དབང་ལྡན་བར། །གཤིན་རྗེ་སྲེག་མ་ཕོ་ཉ་མོ། །གཤིན་རྗེ་མཆེ་བ་འཇོམས་པ་ཉིད། །དམར་དང་སེར་དང་ལྗང་ གུ་དང། །སྔོ་དང་སེར་དང་ལྗང་གུ་དང། །དུད་ཀ་སེར་དང་ལྗང་གུ་དང། །དཀར་དང་སེར་དང་ལྗང་གུ་སྟེ། །དེ་དག་ཞལ་གསུམ་ཕྱག་དྲུག་སྟེ། །སྤྱན་གསུམ་གཡས་པ་བརྐྱང་བས་བཞུགས།། ཕྱོགས་ཀྱི་གོས་འཆང་གསུས་པ་འཕྱང། །དབུ་སྐྲ་དག་ནི་གྲོལ་བ་སྟེ། །ཕྱག་རྒྱ་ལྔ་ཡིས་རྒྱས་བཏབ་ཅིང། །འཁོར་ལོ་དག་ནི་ཐམས་ཅད་ཀྱང། །ཡི་དྭགས་སྟེང་དུ་རྣམ་པར་བཞུགས་ སྣ་ཚོགས་པདྨ་ཉི་མ་དང། །ཟླ་བའི་དཀྱིལ་འཁོར་དག་ལ་བཞུགས་།ཐོད་པ་དང་ནི་ཁ་ཊཱཾ་ག་ཞགས་པ་ལྕགས་ཀྱུ་ཅང་ཏེའུ་དང་།མགོ་བོ་གྲི་གུག་ཕྱག་ན་འཆང། །ཐོད་པའི་ཕྲེང་བས་ [192A]༄༅། །རྣམ་པར་བརྒྱན། །དགའ་ཞིང་དགྱེས་པས་རྣམ་པར་མྱོས་།རྗེས་སུ་ཆགས་པའི་ཞལ་གདོང་ནི། །འཇིགས་པའི་སྡང་མིག་འགྱུར་བ་འོ། །དེ་ནས་ གཤིན་རྗེ་སྲེག་སོགས་སྒོ། །ཁྭ་གདོང་ལ་སོགས་མཚམས་སུ་སྟེ། །རང་གི་ཐབས་དང་མཉམ་པར་གཞག་སྦྱོར་བའི་རིམ་པ་བསྒོམས་ནས་ནི་།འཁོར་ལོ་དཔའ་བོ་ཐམས་ ཅད་ཀྱང། །ཇི་བཞིན་རྡོ་རྗེ་མཁའ་འགྲོ་སྟེ། །སྔ་མའི་རྗེས་སུ་ཐམས་ཅད་ཀྱང། །མཁའ་འགྲོ་མ་སོགས་ཀུན་དེ་བཞིན། །ཇི་བཞིན་བླ་མའི་བཀའ་བཞིན་དུ། །ཇི་ལྟར་འདོད་པ་ གནས་དེ་བཞིན། །ཇི་ལྟར་སེམས་ཀྱི་ཁྱད་པར་གྱིས། །རྣལ་འབྱོར་མ་ཡི་དཀྱིལ་འཁོར་བསྒོམ། །བུམ་པ་སྣ་ཚོགས་སྦྱོར་བ་ཡིས། །ཐོད་པ་ཡིས་ནི་ཡོངས་སུ་བརྒྱན། ། འོ་མས་བཀང་བའི་ཐོད་པ་ནི། །བུམ་པའི་སྟེང་དུ་གཞག་པར་བྱ་།ཕྱི་རོལ་ཡོངས་སུ་བསྐོར་བ་སྟེ། །སྣ་ཚོགས་མཁའ་འགྲོ་མ་གནས་པ། །གླུ་དང་གར་ནི་ཉེར་ལྡན་པས། ། སྣ་ཚོགས་རོལ་མོ་རྣམ་པར་སྤྲུལ། །མེ་ཏོག་བདུག་སྤོས་མར་མེ་དང་།དྲི་དང་གོས་མཆོག་དམ་པ་སྟེ། །སྣ་ཚོགས་དམ་ཚིག་རོ་ཡི་ཟས་།སྣ་ཚོགས་བཟའ་བ་ཆང་གིས་ མཆོད༑ ༑དཀྱིལ་འཁོར་སྣ་ཚོགས་མཆོག་དམ་པ། །ཕྱི་རོལ་ཡི་དྭགས་གྱིས་ཡོངས་བསྐོར། །དངོས་དང་དངོས་མེད་རྣམ་པར་བསྒོམ། །བླ་མའི་མན་ངག་བཀའ་བཞིན་ [192B] ༑རྡོ་རྗེ་པད་བསྐོར་འཁོར་ལོ་ནི། །ཟུར་བཞི་པར་ནི་རབ་ཏུ་གནས། །མཚམས་སུ་རྡོ་རྗེ་ཕྱེད་པས་མཚན། །རྡོ་རྗེ་ཀ་བའི་མདུན་དབུས་སུ། །རེའུ་མིག་རྡོ་རྗེ་ལྡན་པར་བྱ། །སྣ་ཚོགས་པ་ ཡི་ཆོ་ག་མཆོག་གནས་སོགས་རིམ་པས་དགོད་པར་བྱ། །ཁམས་དང་ཕུང་པོ་དེ་བཞིན་ཏེ། །སྐྱེ་མཆེད་དྲུག་ཀྱང་རྣམ་པར་དགོད། །ཡེ་ཤེས་རྡོ་རྗེ་རྣམ་པར་བསྒོམ། །སྐུ་གསུང་ཐུགས་ སུ་སྦྱོར་བ་ཡིས། །ཡེ་ཤེས་འཁོར་ལོ་མཐོང་བ་ན། །ཨརྒྷཾ་ཞབས་བསིལ་དག་གིས་མཆོད། །དམ་ཚིག་སྣ་ཚོགས་མཆོག་དམ་པ། །སྣ་ཚོགས་པ་ཡི་ཁྱད་པར་གྱིས། །མཱཾ་ས་རཀྟ་ དག་གིས་མཆོད། །གོ་ཆ་གཉིས་པོ་སྦྱོར་བ་ཡིས། །ཕྱག་རྒྱ་ཡེ་ཤེས་མཆོག་དམ་པ། །རོ་གཅིག་མ་ལུས་བསྒོམས་ན་ནི། །ཡེ་ཤེས་འཁོར་ལོ་རྣམ་པར་བསྒོམ། །རེག་པ་ཡི་ནི་ཁྱད་ པར་གྱིས། །མཁས་པས་སྦྱོར་བ་གསུམ་དུ་སྦྱར། །བསྒོམས་པས་རྣམ་པར་དག་པའི་དོན། །མཁས་པས་སུམ་ཅུ་རྩ་བདུན་ཏེ། །ཡེ་ཤེས་བཟླས་པའི་སྦྱོར་བ་ཡིས། །དམ་ཚིག་ གསུམ་གྱི་མཆོག་གིས་བཟའ། །སྤྲོ་དང་བསྡུ་བའི་སྦྱོར་བ་ཡིས་།བཟླས་པའི་བསྒོམ་བ་རྣམ་པར་བསྒོམ། །དུས་བཞི་དག་ཏུ་དམ་ཚིག་ཅན། །གནས་སྦྱོར་མཁས་བས་བསྲུང་བར་ བྱ༑ ༑ས་སྟེང་དུ་ནི་མཐོང་བ་ཀུན། །ཐམས་ཅད་ཧེ་རུ་ཀ་དཔལ་གཟུགས། །འགྲོ་བ་དྲུག་པོའི་སྲིད་པ་སྦྱངས། །སེམས་ཅན་དོན་ནི་གཞལ་མེད་བྱས། །ཐམས་ཅད་ཞུགས་ཏེ་ཞུགས་ [193A]༄༅། །སྦྱོར་བས། །འདིས་ནི་ཐམས་ཅད་གཞུག་པར་བྱ། །འདི་ནི་སྦྱོར་བ་ངེས་པ་སྟེ། །ངེས་པའི་དངོས་གྲུབ་ཐོབ་པར་འགྱུར། །དུང་ཆེན་ཕྲེང་བ་དག་ གིས་ནི༑ ༑དམ་ཚིག་མཆོག་གིས་བཟླས་པ་བྱ། །ཚོགས་ཀྱི་གོ་ཆའི་རིམ་པ་བཞིན། །རྣལ་འབྱོར་པ་ཡིས་སྔགས་མཆོག་བཟླ། །ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཌཱ་ཀི་ནཱི་ཛཱ་ལ་སཾ་བ་ རཾ་ཧུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་ཧྲཱི་ཧ་ཧ་ཧུཾ་ཧཱུཾ་ཕཊ་སཱཧཱ་སྙིང་པོ་དང་ཉེ་བའི་སྙིང་པོའོ། །ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ་སཱཧཱ་ ཕག་མོའི་སྙིང་པོ་དང་ཉེ་བའི་སྙིང་པོའོ། །ཨོཾ་ཀ་ར་ཀ་ར་ཁཎྜ་ཀ་པཱ་ལི་ཧུཾ་ཧཱུཾ་ཕཊ། ཨོཾ་པྲ་ཙཎྜེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཀུ་རུ་ཀུ་རུ་མ་ཧཱ་ཀཾ་ཀ་ལ་ཧུཾ་ཧཱུཾ་ཕཊ། ཨོཾ་ཙཎྜཱ་ཀྵཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་བནྡྷ་བནྡྷ་ ཀཾ་ཀ་ལ་ཧུཾ་ཧཱུཾ་ཕཊ། ཨོཾ་པྲ་བྷཱ་བ་ཏཱི་ཡེ་ཧུཾ་ཧཱུཾ་ཕཊ་ཨོཾ་ཏྲཱ་ས་ཡ་ཏྲཱ་ས་ཡ་བི་ཀ་ཊ་དཾ་ཥྚི་ཎི་ཧུཾ་ཧཱུཾ་ཕཊ། ཨོཾ་མ་ཧཱ་ནཱ་སེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཀྵོ་བྷ་ཡ་ཀྵོ་བྷ་ཡ་སུ་ར་བཻ་རི་ཎི་ཧུཾ་ཧཱུཾ་ཕཊ། ཨོཾ་བའི་ར་མ་ཏྲཱི་ཡེ་ཧུཾ་ཧཱུཾ་ཕཊ་ ཨོཾ་ཧྲཽཾ་ཧྲཽཾ་ཨ་མི་ཏྲཱ་བཧེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཁརྦ་རི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧྲ་ཧྲ་བཛྲ་པྲ་བཧེ་ཧུཾ་ཧཱུཾ་ཕཊ། ཨོཾ་ལཾ་ཀེ་ཤྭ་རཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཕེཾ་ཕེཾ་བཛྲ་དེ་ཧེ་ཧུཾ་ཧཱུཾ་ཕཊ། ཨོཾ་དྲུ་མཙྪ་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ ཕཊ་ཕཊ་ཨཾ་ཀུ་རི་ཀེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཨཻ་རཱ་བ་ཏཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ད་ཧ་ད་ཧ་བཛྲ་ཛ་ཊི་ལ་ཧུཾ་ཧཱུཾ་ཕཊ། ཨོཾ་མ་ཧཱ་བཧཻ་ར་བ་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་པ་ཙ་པ་ཙ་མ་ཧཱ་བའི་ར་ཧུཾ་ཧཱུཾ་ཕཊ། ཨོཾ་བཱ་ཡུ་བེ་ [193B] ཨོཾ་བྷཀྵ་བྷཀྵ་བཛྲ་ཧཱུཾ་ཀཱ་ར་བ་ས་རུ་དཧི་ར་ཨནྟྲ་མཱ་ལཱ་བ་ལཾ་བི་ནི་ཧུཾ་ཧཱུཾ་ཕཊ། ཨོཾ་སུ་ར་བྷཀྵི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་སུ་བྷ་དྲ་ས་པ་པཱ་ཏཱ་ལ་ག་ཏ་བཧུ་ཛཾ་ག་སརྦ་བཱ་ཏ་རྫྫ་ཡ་ ཏརྫྫ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་ཤྱཱ་མ་དེ་བའི་ཡེ་ཧུཾ་ཧཱུཾ་ཕཊ་ཨོཾ་ཨཱ་ཀཌྜྷྱ་ཨཱ་ཀཌྜྷྱ་བཛྲ་བྷ་དྲེ་ཧུཾ་ཧཱུཾ་ཕཊ། ཨོཾ་སུ་བྷ་དྲེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧྲིཾ་ཧྲིཾ་མ་ཧཱ་བཧཻ་ར་བ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧ་ཡ་ཀརྞེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཛྞཽཾ་ཛྞཽཾ་ བི་རཱུ་པཱཀྵ་ཧུཾ་ཧཱུཾ་ཕཊ། ཨོཾ་ཁ་ག་ན་ནེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཀྵྨཱཾ་ཀྵྨཱཾ་མ་ཧཱ་བ་ལ་ཧུཾ་ཧཱུཾ་ཕཊ། ཨོཾ་ཙཀྲ་བེ་གེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧཾ་ཧཾ་རཏྣ་བཛྲ་ཧུཾ་ཧཱུཾ་ཕཊ། ཨོཾ་ཁཎྜ་རོ་ཧེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧྲིཾ་ཧྲིཾ་ཧ་ཡ་གྲཱི་བ་ཧུཾ་ཧཱུཾ་ཕཊ་ ཨོཾ་ཤཽཎྜི་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧཱུཾ་ཧཱུཾ་ཨཱ་ཀཱ་ཤ་གརྦྷེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཙཀྲ་བ་རྨི་ཎཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཀི་ལི་ཀི་ལི་ཧེ་རུ་ཀ་ཧུཾ་ཧཱུཾ་ཕཊ། ཨོཾ་སུ་བའི་རེ་ཧུཾ་ཧཱུཾ་ཕཊ་ཨོཾ་ཤི་ལི་ཤི་ལི་པདྨ་ན་རྟེ་ཤྭ་རི་ ཧུཾ་ཧཱུཾ་ཕཊ། ཨོཾ་མ་ཧཱ་བྷ་ལེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧི་ལི་ཧི་ལི་བཻ་རོ་ཙ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཙ་ཀྲ་བརྟི་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་དཧི་ལི་དཧི་ལི་བཛྲ་སཏ་ཧུཾ་ཧཱུཾ་ཕཊ། ཨོཾ་མ་ཧཱ་བའི་རྱེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཌཱ་ཀི་ནཱི་ཡེ་ ཧུཾ་ཧཱུཾ་ཕཊ། ཨོཾ་ལཱ་མེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཁཎྜ་རོ་ཧེ་ཧུཾ་ཧཱུཾ་ཕཊ། ཨོཾ་རཱུ་པི་ཎཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཀཱ་ཀཱ་སྱེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཨུ་ལཱུ་ཀཱ་སྱེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཤཱ་ནཱ་སྱེ་ཧུཾ་ཧཱུཾ་ཕཊ། ཨོཾ་སཱུ་ཀ་རཱ་སྱེ་ཧུཾ་ཧཱུཾ་ ཕཊ༑ ཨོཾ་ཡ་མ་དཱ་ཌྷཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དུ་ཏཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དཾཥྚཱི་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་མ་ཐ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། རྣལ་འབྱོར་ཆོ་ག་བཟླས་ཙམ་གྱིས་།རྡོ་རྗེ་ [194A]༄༅། །བཀུག་ཅིང་གནས་ནས་སུ། །འཁྲུག་ཅིང་རབ་ཏུ་གཡོ་བ་སྟེ་།ལུས་ལས་འོད་འབར་དགོད་པ་དང། །དེ་ཡི་མིག་ནི་འབར་བ་དང། །ཚིག་འཇམ་ པ་དང་འབར་བ་དང། །རྣལ་འབྱོར་པས་ནི་བཟླས་ཙམ་གྱིས། །རྡོ་རྗེ་འཇུག་པ་མཐོང་བ་དང། །སྔགས་པ་མཉམ་བཞག་བཟླས་ནས་ནི་།དམ་ཚིག་སྤྱོད་པ་ལྡན་བྱས་ནས། །སྲོག་ དང་རྩོལ་བ་བསྔམས་བྱས་ཏེ། །གསལ་བྱེད་ཧུཾ་ནི་བརྗོད་ནས་ཀྱང་།ཆོས་ཀྱི་དབྱིངས་སུ་སྤྲོ་བར་བྱ། །སེམས་ཅན་ཀུན་ལ་ཕན་པ་དང་།གདུལ་དཀའ་བ་དག་འདུལ་བའི་ ཕྱིར༑ ༑སངས་རྒྱས་ཆོས་རྣམས་མདུན་དུ་སྤྲོ། །ཁྲོ་བོའི་གོ་འཕང་དེ་མཐོང་ནས། །ཁམས་གསུམ་དག་ཏུ་བསྡུ་བར་བྱ། །ལུས་ངག་ཡིད་ལ་བཅུག་ནས་ཀྱང། །ས་སྟེང་དུ་ ནི་སྤྱོད་པ་སྤྱད། །མཉམ་གཞག་མིན་པའི་རྣལ་འབྱོར་པས། །སྙིང་རྗེས་བརླན་པ་ཉིད་ཀྱིས་ནི། །སེམས་ཅན་ཐམས་ཅད་མཐོང་བ་ནི་།སྲིད་པ་གསུམ་པོ་ཧེ་རུ་ཀ། །སྔགས་ པ་ཅི་དང་ཅི་ཟ་བ། །དམ་ཚིག་མཆོག་ནི་བསྒོམས་ནས་ཀྱང། །ཐམས་ཅད་ཆོས་ཀྱི་དབང་ཕྱུག་རྒྱལ། །མཉམ་པ་ཉིད་ལ་རབ་ཏུ་གནས་།དམ་ཚིག་ཅན་ནི་ལངས་དུས་སུ།། བླ་མ་མཆོད་པ་རྗེས་དྲན་ནས། །བྱང་ཆུབ་སེམས་ཀྱི་ཆུས་ཁྲུས་བྱ། །ཡིད་འོང་ཕྱག་རྒྱ་ལ་གནས་ནས། །ཁྲོ་བོ་སངས་རྒྱས་དཔའ་བོ་དང། །རྣལ་འབྱོར་མ་དང་མཁའ་འགྲོ་ [194B] ༑གོ་འཕང་དུ་ནི་བྱིན་བརླབས་ནས། །ཡིད་འོང་མཆོད་པ་དག་ཏུ་བཤད། །མཁའ་དབྱིངས་དཀྱིལ་འཁོར་ཁྱབ་པ་ལ། །སྨོན་ལམ་དག་ནི་བྱ་བ་ཡིན། །དེ་མ་ཐག་པའི་རྣལ་འབྱོར་ གྱིས༑ ༑རྒྱུ་དང་མི་རྒྱུ་མཐོང་བ་ནི། །རང་བཞིན་དག་པ་བཅོམ་ལྡན་འདས། །རང་བཞིན་ཡང་ནི་དངོས་མེད་བྱས། །སེམས་ཅན་རང་བཞིན་དག་པ་སྟེ། །སྲིད་པ་མཆོག་ཏུ་བྱས་པ་ ཡིན༑ ༑རྡོ་རྗེ་ཕག་མོ་བླ་མེད་པ། །ཕྱག་རྒྱ་རུ་ནི་བྱིན་བརླབས་ནས། །རང་གི་ལྷ་ཡི་སྦྱོར་བ་ཡིས། །ཐམས་ཅད་འདི་ལྟར་རབ་ཏུ་བརྟག་མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ ལས༑ རེའུ་མིག་དགོད་པ་དང། གནས་བསྡུ་བ་བསྟན་པ་སྟེ་ལེའུ་བཅུ་གསུམ་པའོ།། །།དེ་ནས་གསང་བ་བཤད་བྱ་བ། །གནས་དང་འདུས་པ་མཆོག་ཡིན་ པས༑ ༑དངོས་གྲུབ་ཀུན་གྱི་རང་བཞིན་ནི། །མཉམ་པར་འདྲེས་པ་བཅུད་དུ་འགྱུར། །གཉིས་མེད་བློས་ནི་མཉམ་བཞག་སྟེ། །འཁོར་ལོ་གསུམ་མདོག་ལྡན་པར་ནི། །དཀྱིལ་འཁོར་ གྲུ་བཞིའི་དབུས་དག་ཏུ། །ཉི་ཤུ་རྩ་བཞིའི་འཁོར་ལོ་མཆོག་དེ་ཡི་དབུས་སུ་པདྨ་ཆེ། །སྣ་ཚོགས་པདྨ་ལེགས་པར་མཛེས། །འདབ་མ་བརྒྱད་པ་ལྟེ་བར་བཅས། །གེ་སར་དག་ གིས་ཉེ་བར་མཛེས། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞིས་ནི་རྣམ་པར་བརྒྱན། །ཕྲེང་བ་དང་ནི་ཕྲེང་ཕྱེད་བརྒྱན་།མཚན་ཉིད་ཀུན་དང་ཡང་དག་ལྡན། །ཉི་མའི་དཀྱིལ་ [195A]༄༅། །འཁོར་དབུས་སུ་ནི། །རྡོ་རྗེ་སེམས་དཔའ་བདེ་བ་ཆེ། །ཨཱ་ལི་ཀཱ་ལི་ཞུ་གྱུར་ལས། །ཡེ་ཤེས་ལྔ་ནི་རྣམ་པར་བསྒོམ། །དེ་ཡི་ཡོངས་སུ་འཕེལ་ འགྱུར་བས། །རྡོ་རྗེ་ཧེ་རུ་ཀ་རྣམ་བསྒོམ། །དུས་མཐའི་མེ་ཆེན་ཚོལ་བ་ཡིས། །གདུལ་དཀའ་ཐམས་ཅད་རབ་ཏུ་གཤེག་འཇིགས་བྱེད་དང་ནི་དུས་མཚན་དག་ཞབས་ ཀྱི་འོག་ཏུ་རྣམ་གནོན་ཅིང། །ཞལ་གྱི་མཆེ་བ་རྣམ་པར་གཙིགས་།སྤྱན་གསུམ་འཇིགས་པ་རབ་ཏུ་འཇིགས། །སྐུ་ལུས་དག་ནི་སྔོན་པོ་ལས་།སྡོ་ཞིང་འབར་བའི་སྐུ་ ཡང་སྤྲུལ། །ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། །སངས་རྒྱས་ལྔས་ནི་བྱིན་གྱིས་བརླབས། །སྣ་ཚོགས་རྡོ་རྗེ་དབུ་རྒྱན་ཅན། །ཟླ་བ་ཕྱེད་པ་རྣམ་པར་མཛེས། །ཞལ་དྲུག་དཔའ་ པོ་མི་སྡུག་པ། །སྒེག་པ་དང་ནི་བཞད་བ་དང། །དྲག་ཤུལ་འཇིགས་པའི་སྐུ་ལུས་ཅན། །ཕྱག་རྒྱ་དྲུག་གིས་རྒྱས་བཏབ་ཅིང། །སྐུ་ནི་སྣ་ཚོགས་རྒྱན་གྱིས་སྤུད། །ཕག་མོ་དང་ནི་ ཡང་དག་ལྡན། །བྱིན་པ་དག་གིས་གཉིས་མེད་འཁྱུད། །གཡས་བརྐྱང་བ་ཡི་ཞབས་གནས་ཤིང། །གཡོན་བརྐྱང་བ་ཡི་ཞབས་ཀྱིས་བཞུགས་།ཧ་ཧ་མཛད་ཅིང་ཧུཾ་ཧཱུཾ་མཛད། །ཧི་ཧི་མཛད་ཅིང་འཇིགས་པ་ཅན། ། ཧུཾ་ཧཱུཾ་མཛད་ཅིང་ཕཊ་ཕཊ་ཅན། །ཨ་ཊ་ཊ་ཡི་སྒྲ་ཆེན་སྨྲ་།སྔོ་ཞིང་སེར་ལ་དེ་བཞིན་དམར། །ལྗང་གུ་དཀར་པོ་དེ་བཞིན་ཏེ་།སྟེང་གི་ཞལ་གདོང་གདུག་པ་ཆེ། །ཟས་སུ་གདུག་པ་ [195B] །རྡོ་རྗེ་དྲིལ་བུ་མཉམ་ལྡན་པས། །ལྷ་མོ་དག་གི་ནུ་མ་འཚིར། །དྲག་པོའི་པགས་པའི་གོས་མནབས་ཤིང། །ཁྲག་རློན་འཛག་པར་བ་གསོལ་ཏེ། །ཐོད་པ་དང་ནི་ཁ་ཊཱཾ་འཛིན། ། མདུང་དང་གྲི་གུག་ལྕགས་ཀྱུ་དང། །ཞགས་པ་དང་ནི་མགོ་བོ་འཛིན། །གདུག་པ་གཏུམ་ཞིང་ཅང་ཏེའུ་དང། །མདུང་ནི་འབར་བའི་ཕྱག་རྒྱ་ཅན། །དཔྲལ་བ་དག་ཏུ་ཉེ་བར་མཛེས། ། དེ་ལྟའི་ཕྱག་དང་སྐུ་མདོག་བཞུགས། །དབུ་སྐྲ་གྲོལ་ཞིང་གཅེར་བུ་སྟེ། །འདི་ལྟའི་ཕྱག་རྒྱ་རྣམ་པར་བསྒོམ། །དུམ་བུའི་སྐ་རགས་ཀྱིས་བརྒྱན་ཅིང། །ཕག་མོ་ཡང་ནི་འདི་འདྲར་ བསྒོམ༑ ༑རྣལ་འབྱོར་སོམ་ཉི་སྤངས་ནས་ནི། །ཐབས་དང་ཤེས་རབ་མཉམ་ལྡན་པས། །ཐུགས་རྗེ་ཆགས་པའི་བདེ་བ་ཡིས། །སེམས་ཅན་དོན་གྱི་ཕྱིར་བྱུང་སྟེ། །སྙིང་རྗེ་ཆེན་པོས་ བརླན་པ་ཡིས། །ནམ་མཁའི་སྦྱོར་བའི་ལོངས་སྤྱོད་ཀྱིས། །ཐུགས་རྗེ་ཆེན་པོའི་བཅུད་བདེ་བས། །འགྲོ་དྲུག་སྲིད་པ་རྣམ་སྦྱངས་ནས་།སེམས་ཅན་དེ་ནི་མཆོག་ཉིད་མཛད། །སྟོང་ པའི་ཡེ་ཤེས་ལས་བྱུང་ཞིང། །རྟོགས་པ་མེད་པའི་གནས་བཞི་ལ་།རང་བཞིན་མེད་ཅིང་མཆོག་ཏུ་ཕྲ། །ཐིག་ལེ་སྒྲ་ནི་རྣམ་སྤངས་པ། །མཉམ་པའི་དམ་ཚིག་མཐོང་ནས་ ནི༑ ༑ཕྱི་དང་ནང་གི་མཆོག་གྱུར་པ། །སྙིང་པོ་ཡེ་ཤེས་དམ་ཚིག་ནི། །ཟླ་བའི་དཀྱིལ་འཁོར་དབུས་དག་ཏུ། །དེར་ནི་ཕྱག་མཚན་མདོག་མཐོང་ནས། །ཟླ་བའི་རྡོ་རྗེ་ས་བོན་ནི། །དེ་ [196A]༄༅། །འདིར་སྙིང་པོ་བསྒོམ་བྱ་སྟེ། །བསྙེན་པའི་རྣལ་འབྱོར་དག་ཏུ་བརྟག་མཁའ་འགྲོ་ལ་སོགས་རིམ་པ་ཡིས། །པདྨ་དག་ནི་དགོད་པར་བྱ། །ཤར་ དུ་མཁའ་འགྲོ་དགོད་པར་བྱ། །བྱང་དུ་དེ་བཞིན་ལཱ་མ་སྟེ། །ནུབ་ཏུ་དུམ་སྐྱེས་མ་ཡིན་ནོ། །ལྷོ་རུ་དེ་བཞིན་གཟུགས་ཅན་མ། །སྔོ་དང་ལྗང་དང་དམར་བ་དང། །སེར་དེ་དེ་བཞིན་ བཞི་པོ་ནི། །བཞིན་རྣམས་བསྒྱུར་ཞིང་སྤྱན་གསུམ་གདུག་སྐྲ་གྲོལ་ཕྱོགས་ཀྱི་གོས་ཅན་ཡིན། །རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས་།ཕྱག་རྒྱ་ལྔ་ཡིས་རྒྱས་བཏབ་ ཅིང། །ཐོད་པ་དང་ནི་ཁ་ཊཱཾ་ག་གཡོན་གྱི་དཔུང་པ་ལ་བརྟེན་ཅིང། །ཅང་ཏེའུ་གྲི་གུག་མགོ་བོ་ནི། །མཁའ་འགྲོ་མ་ཡི་དམ་ཚིག་མཆོག་བྱང་ཆུབ་སེམས་ཀྱི་ཆུས་གང་བའི། ། ཐོད་པ་བུམ་པའི་སྟེང་དུ་བཞག་འཁོར་ལོ་དགོད་པར་བྱ་བ་ནི་།སྔོན་དུ་གྲུབ་པའི་རྣལ་འབྱོར་མ། །བྱིན་གྱིས་བརླབ་སོགས་རིམ་པ་ཡིས། །ཤར་ཕྱོགས་བྱང་གི་རིམ་པ་སྟེ།། པུལླི་ར་མ་ལ་ཡ་ན་ཐོད་པའི་དུམ་བུ་དང། རབ་གཏུམ་མ་སྟེ། ནམ་མཁའ་སེར་སྐྱའོ། །ཛཱ་ལནྡྷ་ར་ན་ཀེང་རུས་ཆེན་པོ་དང། གཏུམ་མིག་མ་སྟེ། མདོག་སེར་པོའོ། །ཨཽ་ཌྱན་ན་ ཀེང་རུས་ཅན་དང། འོད་ལྡན་མ་སྟེ། མདོག་ལྗང་གུའོ། །ཨར་བུ་ད་ན་མཆེ་བ་རྣམ་པར་གཙིགས་པ་དང། སྣ་ཆེན་མ་སྟེ། མདོག་ནམ་མཁའ་སེར་སྐྱའོ། །གོ་ད་བ་རི་ན་ལྷ་དགྲ་དང་ [196B] མདོག་སེར་པོའོ། །རཱ་མེ་ཤྭ་ར་ན་འོད་དཔག་མེད་དང། མིའུ་ཐུང་མ་སྟེ། མདོག་ལྗང་གུའོ། །དེ་བའི་ཀོ་ཊ་ན་རྡོ་རྗེ་འོད་དང། ལངྐའི་དབང་ཕྱུག་མ་སྟེ། ནམ་མཁའ་ སེར་སྐྱའོ། །མཱ་ལ་བ་ན་རྡོ་རྗེ་ལུས་དང། ཤིང་གྲིབ་མ་སྟེ་མདོག་སེར་པོའོ། །ཀཱ་མ་རུ་བ་ན་མྱུ་གུ་ཅན་དང། ས་སྲུང་མ་སྟེ་མདོག་ལྗང་གུའོ། །ཨོ་དྲེ་ན་རྡོ་རྗེ་རལ་པ་ཅན་དང་ འཇིགས་བྱེད་ཆེན་མོ་སྟེ། ནམ་མཁའ་སེར་སྐྱའོ། །ཏྲི་ཤ་ཀུ་ནི་ན་འཇིགས་བྱེད་ཆེན་པོ་དང། རླུང་གི་ཤུགས་ཅན་མ་སྟེ། མདོག་སེར་པོའོ། །ཀོ་ས་ལ་ན་རྡོ་རྗེ་ཧཱུཾ་མཛད་དང། ཆང་ འཐུང་མ་སྟེ། མདོག་ལྗང་གུའོ། །ཀ་ལིངྐ་ན་རབ་བཟང་དང་སྔོ་བསངས་ལྷ་མོ་སྟེ། ནམ་མཁའ་སེར་སྐྱའོ། །ལཾ་པཱ་ཀ་ན་རྡོ་རྗེ་བཟང་པོ་དང། རབ་བཟང་མོ་སྟེ། མདོག་སེར་ པོའོ༑ ༑ཀཱཉྩི་ན་འཇིགས་བྱེད་ཆེན་པོ་དང། རྟ་རྣམ་སྟེ། མདོག་ལྗང་གུའོ། །ཧི་མ་ལ་ཡ་ན་མིག་མི་བཟང་དང། བྱ་གདོང་མ་སྟེ་ནམ་མཁའ་སེར་སྐྱའོ། །པྲེ་ཏ་པུ་རི་ན་སྟོབས་ པོ་ཆེ་དང། འཁོར་ལོའི་ཤུགས་ཅན་མ་སྟེ། མདོག་སེར་པོའོ། །གྲི་ཧ་དེ་བ་ཏཱ་ན་རྡོ་རྗེ་རིན་ཆེན་དང། དུམ་སྐྱེས་མ་སྟེ། མདོག་ལྗང་གུའོ། །སཽ་རཱཥྚ་ན་རྟ་མགྲིན་དང། ཆང་ཚོང་ མ་སྟེ༑ ནམ་མཁའ་སེར་སྐྱའོ། །སུ་བྲྞ་དྭི་པ་ན་ནམ་མཁའི་སྙིང་པོ་དང། འཁོར་ལོའི་གོ་ཆ་མ་སྟེ། མདོག་སེར་པོའོ། །ན་ག་ར་ན་ཧེ་རུ་ཀ་དང། རབ་དཔའ་མོ་སྟེ། མདོག་ལྗང་ [197A]༄༅། །གུའོ༑ ༑སིནྡྷུ་ན་པདྨ་གར་གྱི་དབང་ཕྱུག་དང། སྟོབས་ཆེན་མ་སྟེ། ནམ་མཁའ་སེར་སྐྱའོ། །མ་རུ་ཏ་ན་རྣམ་པར་སྣང་མཛད་དང། འཁོར་ལོས་བསྒྱུར་ མ་སྟེ༑ མདོག་སེར་པོའོ། །ཀུ་ལུ་ཏཱ་ན་རྡོ་རྗེ་སེམས་དཔའ་དང་བརྩོན་ཆེན་མོ་སྟེ། མདོག་ལྗང་གུའོ། །ཡང་ན་སྐུ་གསུང་ཐུགས་ཀྱི་ནི། །ཅི་འདོད་མདོག་ནི་དབྱེ་བ་བྱ། ། གཡོན་གྱི་རིམ་པ་ཇི་ལྟ་བར། །སྒོ་རྣམས་དག་ནི་བྱ་བ་སྟེ། །ཤར་དུ་ཁྭ་གདོང་མ། བྱང་དུ་འུག་གདོང་མ། ནུབ་ཏུ་ཁྱི་གདོང་མ་ལྷོ་རུ་ཕག་གདོང་མ་སྔོ་བ་དང། ལྗང་ གུ་དང། དམར་བ་དང། སེར་པོའི་མདོག་ཅན་ནོ། །མེའི་ཕྱོགས་སུ་གཤིན་རྗེ་སྲེག་མ་མདོག་དམར་པོ། །བདེན་བྲལ་གྱི་ཕྱོགས་སུ་གཤིན་རྗེ་ཕོ་ཉ་མ་མདོག་སྔོན་ པོ༑ ༑རླུང་གི་ཕྱོགས་སུ་གཤིན་རྗེ་མཆེ་བ་མ་དུད་ཀའམ་ཆར་སྤྲིན་གྱི་མདོག་ལྟ་བུ། དབང་ལྡན་གྱི་ཕྱོགས་སུ་གཤིན་རྗེ་འཇོམས་མ་མདོག་དཀར་པོ་སེར་སྐྱའོ། ། ཐོད་པའི་དུམ་བུ་ལ་སོགས་པའི་དཔའ་བོ་དང། རབ་གཏུམ་མ་ལ་སོགས་པ་འདྲ་བར་གདོང་གཅིག་པ། ཕྱག་བཞི་པ། ཞབས་གཡས་བརྐྱང་བས་བཞུགས་པ་ ཐོད་པའི་ཕྲེང་བ་ཅན། སྟག་གི་པགས་པ་མནབས་པ། ཕྱག་རྒྱ་ལྔ་འཆང་བ། ལྷ་མོའི་ཞབས་ཀྱིས་འཁྱུད་པ། གཅེར་བུ་མགོ་བོའི་ཕྲེང་བས་བརྒྱན་པ། སྤྱན་གསུམ་ [197B] ཐོད་པའི་ཕྲེང་བས་དཔྲལ་བ་བརྒྱན་པ། རྡོ་རྗེ་དང་དྲིལ་བུས་འཁྱུད་པ། གཉིས་སུ་མེད་པའི་སྦྱོར་བའི་མཉམ་པ་དང་ལྡན་པ། ལྷ་མོའི་ནུ་མ་འཚིར་བ། ཐོད་པ་དང་་ ཊཱཾ་འཛིན་པ། ཅང་ཏེའུ་འཆང་བ། ཡང་ན་རིགས་གསུམ་དབྱེ་བས་རྩ་བའི་མཚན་མ་འཛིན་པ། ཐམས་ཅད་ཕྱོགས་ཀྱི་གོས་འཆང་ཞིང། ལྷ་མོ་སྐྲ་གྲོལ་གདུག་པ་མོ།། ཁྭ་གདོང་ལ་སོགས་ལྷ་མོ་རྣམས། །སྐྲ་གྲོལ་ཕྱོགས་ཀྱི་གོས་ཅན་ལ། །གཡས་བརྐྱང་པ་ཡི་གནས་པས་བཞུགས། །སྤྱན་གསུམ་པ་ལ་ཞལ་རྣམས་བསྒྱུར། །ཐོད་པའི་ ཕྲེང་བའི་དབུ་རྒྱན་ཅན། །མགོ་བོའི་ཕྲེང་བའི་སེ་རལ་བརྒྱན་།ཐམས་ཅད་ཕྱག་རྒྱ་ལྔ་ཡང་འཆང། །འདོད་པའི་ཆགས་པས་རབ་ཏུ་མྱོས། །རང་གི་ཐབས་དང་ལྷན་ཅིག་ ཏུ༑ ༑མི་གཡོ་བ་དང་དེ་བཞིན་སྦྱོར། །ལྟོ་བ་འཕྱང་ཞིང་ལག་པ་འཕྱང། །སྐུ་ལུས་འཇིགས་ཤིང་གདོང་ཡང་བསྒྱུར། །རབ་འཇིགས་ཉི་མ་པདྨ་ཡི། །སྟེང་དུ་སྒྲུབ་པར་རབ་ གནས་ནས། །གང་ཞིང་ཇི་ལྟར་འདོད་པ་བཞིན། །རྗེས་སུ་ཆགས་པས་ཞལ་ཉིད་ནི། །དེ་ལྟ་བུ་ཡི་བསམ་པ་ཡིས། །རྣལ་འབྱོར་པས་ནི་བསྒོམ་པར་བྱ། །ཐོད་པ་ཁ་ཊཱཾ་ག་ འཛིན་ཅིང། །ཅང་ཏེའུ་གྲི་གུག་མགོ་བོ་འཆང། །དཀྱིལ་འཁོར་དག་ནི་ཐམས་ཅད་ཀུན། །ཡི་དྭགས་ལ་ནི་བཞུགས་པར་བསྒོམ། །མཁའ་འགྲོའི་ཚོགས་ཀྱི་དཀྱིལ་འཁོར་ [198A]༄༅། །ལ། །ཉེ་བསྙེན་རྗེས་སུ་རྣལ་འབྱོར་ཏེ། །དཔའ་བོའི་ཡན་ལག་སྦྱར་བ་ཡིས། །སྒྲུབ་པ་ལྷག་པའི་སྙོམས་པར་འཇུག་སེན་མོ་དང་སོ་དག་ནི་ཐོད་པའི་ དུམ་བུའོ། །སྐྲ་དང་སྤུ་དག་ནི་ཀེང་རུས་ཆེན་པོའོ། །པགས་པ་དང་དྲི་མ་དག་ནི་ཀེང་རུས་ཅན་ནོ། །ཤ་ནི་མཆེ་བ་རྣམ་པར་གཙིགས་པའོ། །རྩ་རྒྱུས་ནི་ལྷ་དགྲའོ། །རུས་ པ་ནི་འོད་དཔག་ཏུ་མེད་པའོ། །མཁལ་མ་དག་ནི་རྡོ་རྗེ་འོད་དོ་།སྙིང་ནི་རྡོ་རྗེ་སྐུའོ། །མིག་ནི་རྡོ་རྗེ་མྱུ་གུ་ཅན་ནོ། །མཁྲིས་པ་ནི་རྡོ་རྗེ་རལ་པ་ཅན། གློ་བ་ནི་དཔའ་བོ་ཆེན་པོའོ། ། རྒྱུ་མ་ནི་རྡོ་རྗེ་ཧཱུཾ་མཛད་དོ། །གཉེ་མ་ནི་རབ་ཏུ་བཟང་པོའོ་།ལྟེ་བ་ནི་རྡོ་རྗེ་བཟང་པོའོ། །ལྒང་པ་ནི་འཇིགས་བྱེད་ཆེན་པོའོ་།སྐྲ་མཚམས་ནི་མིག་མི་བཟང་ངོ། ། བད་ཀན་ནི་སྟོབས་པོ་ཆེའོ། །རྣག་ནི་རིན་ཆེན་རྡོ་རྗེའོ། །ཁྲག་ནི་རྟ་མགྲིན་ནོ། །རྡུལ་ནི་ནམ་མཁའི་སྙིང་པོའོ། །ཚིལ་ནི་དཔལ་ཧེ་རུ་ཀའོ། །མཆི་མ་ནི་པདྨ་གར་ གྱི་དབང་ཕྱུག་གོ་མཆིལ་མ་ནི་རྣམ་པར་སྣང་མཛད་དོ། །སྣབས་ནི་རྡོ་རྗེ་སེམས་དཔའོ། །པུ་ལླི་ར་མ་ལ་ཡ་སྟེ། མགོ་བོར་རབ་ཏུ་གཏུམ་མའོ། །ཛཱ་ལནྡྷ་ར་ སྟེ། སྤྱི་གཙུག་ཏུ་གཏུམ་པའི་མིག་ཅན་མའོ། །ཨུཊྱིན་སྟེ། རྣབ་གཡས་པར་འོད་ལྡན་མའོ། །ཨར་བུ་ད་སྟེ། སྤྱི་བོའི་རྒྱབ་ཏུ་སྣ་ཆེན་མ་སྟེ། གནས་སོ། ། [198B] རྣ་བ་གཡོན་པར་བརྟན་པའི་བློ་ཅན་མའོ་།ར་མེ་ཤྭ་ར་སྟེ། སྨིན་མའི་དབུས་སུ་མིའུ་ཐུང་མའོ། །དེ་བའི་ཀོ་ཊ་སྟེ། མིག་ཏུ་ལངྐའི་དབང་ཕྱུག་མའོ། །མ་ ལ་བ་སྟེ། ཕྲག་པ་གཉིས་སུ་ཤིང་གྲིབ་མ་སྟེ། ཉེ་བའི་གནས་སོ་།ཀཱ་མ་རུ་པ་སྟེ། མཆན་ཁུང་དག་ཏུ་ས་སྲུང་མའོ། །ཨོ་དྲེ་སྟེ་ནུ་མ་གཉིས་སུ་འཇིགས་བྱེད་ཆེན་མོ་སྟེ་ ཞིང་ངོ། །ཏྲི་ཤ་ཀུ་ནི་སྟེ། ལྟེ་བར་རླུང་གི་ཤུགས་ཅན་མའོ་།ཀོ་ས་ལ་སྟེ། སྣ་རྩེར་ཆང་འཐུང་མ་སྟེ། ཉེ་བའི་ཞིང་ངོ་།ཀ་ལིངྐ་སྟེ། ཁར་སྔོ་བསངས་ལྷ་མོའོ།། ལཾ་པཱ་ཀ་སྟེ། མགྲིན་པར་ཤིན་ཏུ་བཟང་མོ་སྟེ། འདུས་པ་ཅན་ནོ་།ཀཱཉྩི་སྟེ། སྙིང་གར་རྟ་རྣ་མའོ། །ཧི་མ་ལ་ཡ་སྟེ། མདོམས་སུ་བྱ་གདོང་མ་སྟེ། ཉེ་བའི་འདུས་པ་ཅན་ནོ། །པྲེ་ཏ་པུ་ རི་སྟེ། མཚན་མ་ལ་འཁོར་ལོའི་ཤུགས་ཅན་མའོ། །གྲི་ཧ་དེ་བ་ཏཱ་སྟེ། བཤང་བའི་ལམ་ལ་དུ་མ་སྐྱེས་མའི་སྟེ། འདུས་པ་ཅན་ནོ་།སཽ་རཱཥྚ་སྟེ། བརླ་གཉིས་སུ་ཆང་འཚོང་མའོ། །སུ་ བརྩ་དྭི་བ་སྟེ། བྱིན་པ་གཉིས་ལ་འཁོར་ལོའི་གོ་ཆ་མའོ། །ཉེ་བའི་འདུས་བ་ཅན་ནོ། །ན་ག་ར་སྟེ། སོར་མོ་རྣམས་ལ་ཤིན་ཏུ་དཔའ་མོའོ། །སིནྡྷུ་སྟེ། རྐང་པའི་བོལ་ལ་སྟོབས་ ཆེན་མ་སྟེ། འདི་དག་ནི་དུར་ཁྲོད་དོ། །མ་རུ་སྟེ། མཐེ་བོང་དག་ལ་འཁོར་ལོས་བསྒྱུར་མའོ། །ཀུ་ལུ་ཏཱ་སྟེ། པུས་མོ་གཉིས་ལ་བརྩོན་འགྲུས་མ་ཆེན་ [199A]༄༅། །མོའོ༑ ༑འདི་དག་ནི། ཉེ་བའི་དུར་ཁྲོད་དོ། །སའི་ཁམས་ནི། ལྟུང་བྱེད་མའོ། །ཆུའི་ཁམས་ནི། གསོད་བྱེད་མའོ། །མེའི་ཁམས་ནི། འགུགས་བྱེད་ མའོ༑ ༑རླུང་གི་ཁམས་ནི། གར་གྱི་དབང་ཕྱུག་མའོ། །ནམ་མཁའི་ཁམས་ནི། པདྨའི་དྲ་བ་མའོ། །གཟུགས་ཀྱི་ཕུང་པོ་ནི། རྣམ་པར་སྣང་མཛད་དོ། །ཚོར་བའི་ཕུང་པོ་ནི། རྡོ་རྗེ་ ཉི་མའོ༑ ༑འདུ་ཤེས་ཀྱི་ཕུང་པོ་ནི། པདྨ་གར་གྱི་དབང་ཕྱུག་གོ་།འདུ་བྱེད་ཀྱི་ཕུང་པོ་ནི། རྡོ་རྗེ་རྒྱལ་པོའོ། །རྣམ་པར་ཤེས་པའི་ཕུང་པོ་ནི། རྡོ་རྗེ་སེམས་དཔའ་སྟེ། དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ནི། དཔལ་ཧེ་རུ་ཀའོ། །མིག་གཉིས་ནི། གཏི་མུག་རྡོ་རྗེའོ། །རྣ་བ་གཉིས་ནི། ཞེ་སྡང་རྡོ་རྗེའོ་།སྣ་གཉིས་ནི། སེར་སྣ་རྡོ་རྗེའོ། ཁ་ནི་ འདོད་ཆགས་རྡོ་རྗེ། རེག་བྱ་ནི། ཕྲག་དོག་རྡོ་རྗེ། སྐྱེ་མཆེད་ཐམས་ཅད་ནི། དབང་ཕྱུག་རྡོ་རྗེ། ཡིད་ནི། མི་འཁྲུགས་རྡོ་རྗེ་ངག་ནི། དཔག་མེད་རྡོ་རྗེ། ལུས་ནི། རྡོ་རྗེ་རྣམ་སྣང་ ངོ། །འདི་དག་སྒྲུབ་པའི་རྣལ་འབྱོར་ཡིན། །རང་སྙིང་ལྕགས་ཀྱུའི་སྦྱོར་བ་ཡིས། །ཡེ་ཤེས་འཁོར་ལོ་བཀུག་ནས་སུ། །དེ་དག་སྤྲུལ་ཅིང་བཀོད་ནས་ནི། །ཇི་ལྟའི་རིམ་པས་དབང་ ཡང་བསྐུར། །ཞུགས་པར་གྱུར་ནས་བཅིང་བར་བྱ། །དགྱེས་པས་རྗེས་སུ་ཆགས་པས་སྦྱོར། །རང་གི་ངོ་བོ་གཅིག་གྱུར་ནས། །དེ་ལ་གོ་ཆ་གཉིས་པོ་དགོད། །ཨོཾ་ཧ་སྙིང་ག་ལ་ [199B] ན་མ་ཧི་མགོ་བོ་ལ་རྣམ་པར་སྣང་མཛད་སཱཧཱ་ཧུ་སྤྱི་གཙུག་ལ་པདྨ་གར་གྱི་དབང་ཕྱུག་བཽ་ཥཊ་ཧེ་ཕྲག་པ་གཉིས་ལ་ཧེ་རུ་ཀ་ཧཱུཾ་ཧཱུཾ་ཧོཿ་མིག་གཉིས་ལ་རྡོ་རྗེ་ ཉི་མའོ༑ ༑ཕཊ་ཧཾ་ལུས་ཐམས་ཅད་ཀྱི་གོ་ཆ་སྟེ། རྟ་མཆོག་གོ་།ཨོཾ་བཾ་ལྟེ་བ་ལ་རྡོ་རྗེ་ཕག་མོའོ། །ཧཾ་ཡོཾ་སྙིང་ག་ལ་ཡ་མི་ནིའོ། །ཧྲཱིཾ་ཡོཾ་ཁ་ལ་རྨོངས་བྱེད་མའོ། །ཧྲེཾ་ཧྲེཾ་མགོ་ལ་བསྐྱོད་ བྱེད་མའོ། །ཧཱུཾ་ཧཱུཾ་སྤྱི་གཙུག་ལ་སྐྲག་བྱེད་མའོ། །ཕཊ་ཕཊ་ཙཎྜི་ཀ་སྟེ། ཡན་ལག་ཐམས་ཅད་ཀྱི་མཚོན་ཆའོ། །མཛུབ་མོ་འདུད་བྱས་གུང་མོ་ངེས་པར་སྦྱར། །མཐེ་བོང་རྡོ་རྗེ་ བརྟན་པོར་རབ་ཏུ་སྦྱར། །དེ་ནི་དཔྲལ་བའི་དབུས་སུ་རང་བཞག་ནས་།བསྐོར་ཅིང་བསྐོར་བར་ཀུན་ཏུ་སྦྱར་བར་བྱ། །རྐང་པ་ཕྱེད་མནན་སྟེང་དུ་བལྟ། །གྱེན་དུ་ཕེཾ་གྱི་སྒྲ་སྒྲོག་ ཅིང། །ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པའི། །དཔའ་བོ་རྣལ་འབྱོར་མ་རྣམས་བཀུག་ཛཿ་ཧཱུཾ་བཾ་ཧོཿ། སྦྱོར་བས་བཀུག་ནས་གཞུག་པ་དང། །བཅིངས་ནས་དབང་ དུ་བྱ་བ་ཡིན། །དཔའ་བོ་རྣལ་འབྱོར་མ་རྣམས་ཀྱིས། །མཁའ་དཀྱིལ་ཡོངས་སུ་གང་མཐོང་ནས། །ཡེ་ཤེས་ཆུ་ཡི་བདུད་རྩི་ཡིས། །གང་བའི་བུམ་པ་བླངས་ནས་ནི། །ལག་པས་ དེ་ལ་དབང་བསྐུར་བྱ། །གླུ་དང་གར་གྱི་མཆོད་པ་ཡིས། །དབང་བསྐུར་དག་ནི་དབུལ་བར་བྱ། །དེ་ལ་སྔགས་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བཧི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ་ཧཱུཾ་ [200A]༄༅། །གླུ་འདི་བླངས་པས་བསྐུལ་བའམ། ཡང་ན་མཁའ་འགྲོ་མ་ཆེན་མོ་རྣམས་ཐུགས་དགྱེས་པ་དང། རབ་ཏུ་དགྱེས་པར་གྱུར་ཏེ་དབང་བསྐུར་ རོལ་མོའི་བདེ་ཆེན་པོ། །མཁའ་འགྲོ་དྲ་བའི་བདེ་ཆེན་པོ། །དགྱེས་ཆེན་གསོལ་བའི་བདེ་ཆེན་པོ། །མཁའ་འགྲོ་དྲ་བའི་བདེ་ཆེན་པོ་།གསལ་མཛད་བདེ་བ་ཆེན་པོ་སྟེ། ། མཁའ་འགྲོ་དྲ་བའི་བདེ་ཆེན་པོ། །ཨ་ལ་ལ་ཧོ། །མཆོག་ཏུ་གྱུར་པ་བདེ་ཆེན་པོ། །མཁའ་འགྲོ་དྲ་བའི་བདེ་ཆེན་པོ། །ཨ་ལ་ལ་ཧོ། །བདེ་ཆེན་ཡེ་ཤེས་དགྱེས་ནས་ནི། ། དམ་ཚིག་དམ་ཚིག་ཅན་ལ་བཞུགས། །ཡེ་ཤེས་རོ་གཅིག་བསྒོམས་ནས་ནི་།རོ་གཅིག་འཁོར་ལོའང་དེ་བཞིན་བསྒོམ། །རྡོ་རྗེ་སེམས་དཔའི་དབུ་རྒྱན་ཅན། །ཡེ་ཤེས་ལྔ་ དང་ཡང་དག་ལྡན། །རྩ་བའི་སྔགས་སོགས་དཔའ་བོ་གང། །ཚངས་པའི་སྐུད་པ་ལ་སོགས་བརྟག་རྡོ་རྗེ་ཕག་མོའི་སྔགས་གང་ཡིན་།མགུལ་ནས་མགུལ་དུ་རྣམ་པར་ བརྒྱན༑ ༑ལྷ་མོའི་སྙིང་པོའི་སྔགས་ཀྱིས་ནི། །ཕྲེང་བ་བརྒྱ་ཕྱེད་ཀྱིས་བརྒྱན་ཅིང། །གསང་སྔགས་ཡི་གེ་བདུན་པ་ཡིས། །ནོར་བུ་རྣ་ཆ་ལེགས་མཛེས་ཤིང། །སངས་རྒྱས་ཀུན་ གྱི་མཁའ་འགྲོ་མ། །པགས་པའི་གོས་ནི་འཛིན་པའི་མཆོག་རྣལ་འབྱོར་མ་དྲུག་གསང་སྔགས་ཀྱིས། །སྐ་རགས་རྒྱད་དུ་བྱས་པ་ཡིན། །གོ་ཆ་དྲུག་པོ་དག་གིས་ནི། །ཕྱག་ [200B] །འཁོར་ལོ་ཀུན་གྱི་རྣལ་འབྱོར་མ་།སྔགས་ཀྱི་བཏུང་བའི་ཐོད་པ་ཡིན། །རྣམ་སྣང་མཛད་མ་སྔགས་གང་གིས། །ཐོད་པས་སྤྱི་གཙུག་རྒྱན་དུ་བྱས། །དཔའ་ བོ་ཉི་ཤུ་རྩ་བཞི་ཡིས། །ལུས་ཀྱི་ཁམས་ལ་རྣམ་པར་བརྟག་དེ་ལྟར་བདག་ཉིད་རྣམ་བསམས་ཏེ། །ཚམ་དམ་སྔགས་ཀྱིས་ལེགས་པར་བསྲུང། །ཚངས་པར་སྤྱོད་པ་བརྟགས་ གྱུར་ནས། །རྐང་པ་བརྒྱད་པའི་སྔགས་ཀྱིས་མཆོད། །འཇིགས་པ་ཐམས་ཅད་རྣམ་སྤངས་ཏེ། །དེ་ལྟར་རྣལ་འབྱོར་བདག་ཉིད་བསམ་།སྤྲོ་དང་བསྡུ་བའི་ཡེ་ཤེས་བསྒོམ། ། སྙོམས་འཇུག་ཡེ་ཤེས་བཟླས་པ་བྱ། །རྣལ་འབྱོར་ཆེན་པོ་སྒྲུབ་ཆེན་པོ། །རྡོ་རྗེ་ཁྲོ་བོའི་ཐིག་ལེ་ལས། །ཁམས་གསུམ་དུ་ནི་སྤྲོ་བར་བྱ། །རྡོ་རྗེའི་སྣ་ཡི་རྩེ་མོ་འབར། །སྤྲོ་བྱ་ནམ་ མཁར་ཐིག་ལེ་ལས། །རྡོ་རྗེ་ཕྲ་མོ་མཐོང་གྱུར་པ། །བ་སྤུའི་ཁུང་བུའི་བར་དག་ནས། །རྒྱུ་བ་དང་ནི་མི་རྒྱུ་བར། །ཁྲོ་བོ་སངས་རྒྱས་སྤྲིན་རྣམས་སྤྲོ། །རྣམ་པར་དག་པའི་རྣལ་འབྱོར་ ནི༑ ༑སུམ་ཅུ་རྩ་བདུན་རིམ་པ་ཡིན། །ལུས་དྲན་པ་ཉེ་བར་གཞག་པ་ནི། མཁའ་འགྲོ་མའོ། །ཚོར་བ་དྲན་པ་ཉེ་བར་གཞག་པ་ནི། ལཱ་མའོ། །ཆོས་དྲན་པ་ཉེ་བར་གཞག་པ་ནི་ དུམ་སྐྱེས་མའོ། །སེམས་དྲན་པ་ཉེ་བར་གཞག་པ་ནི། གཟུགས་ཅན་མའོ། །འདུན་པའི་རྫུ་འཕྲུལ་གྱི་རྐང་པ་ནི། རབ་གཏུམ་མའོ་།བརྩོན་འགྲུས་ཀྱི་རྫུ་འཕྲུལ་གྱི་རྐང་པ་ནི་ [201A]༄༅། །མིའུ་ཐང་མའོ། །དཔྱོད་པའི་རྫུ་འཕྲུལ་གྱི་རྐང་པ་ནི། འོད་ལྡན་མའོ། །སེམས་ཀྱི་རྫུ་འཕྲུལ་གྱི་རྐང་པ་ནི། སྣ་ཆེན་མའོ། །དད་པའི་དབང་པོ་ནི། དཔའ་ བའི་བློ་གྲོས་ཅན་མའོ། །བརྩོན་འགྲུས་ཀྱི་དབང་པོ་ནི། མིའུ་ཐུང་མའོ། །དྲན་པའི་དབང་པོ་ནི། ལངྐའི་དབང་ཕྱུག་མའོ། །ཏིང་ངེ་འཛིན་གྱི་དབང་པོ་ནི། ཤིང་གྲིབ་མའོ། ། ཤེས་རབ་ཀྱི་དབང་པོ་ནི། ས་སྲུང་མའོ། །དད་པའི་སྟོབས་ནི་འཇིགས་བྱེད་ཆེན་མོའོ། །བརྩོན་འགྲུས་ཀྱི་སྟོབས་ནི། རླུང་གི་ཤུགས་ཅན་མའོ། །དྲན་པའི་སྟོབས་ནི། ཆང་ འཐུང་མའོ། །ཏིང་ངེ་འཛིན་གྱི་སྟོབས་ནི། སྔོ་བསངས་ལྷ་མོའོ་།ཤེས་རབ་ཀྱི་སྟོབས་ནི། ཤིན་ཏུ་བཟང་མོའོ། །ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི། རྟ་རྣ་མའོ།། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི། བྱ་གདོང་མའོ་།དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི། འཁོར་ལོའི་ཤུགས་ཅན་མའོ། །ཤིན་ཏུ་སྦྱངས་པ་ཡང་དག་ བྱང་ཆུབ་ཀྱི་ཡན་ལག་ནི། དུམ་སྐྱེས་མའོ། །ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི། ཆང་ཚོང་མའོ། །དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ འཁོར་ལོའི་གོ་ཆ་མའོ། །བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི། ཤིན་ཏུ་དཔའ་མོའོ། །ཡང་དག་པའི་ལྟ་བ་ནི། སྟོབས་ཆེན་མའོ། །ཡང་དག་པའི་རྟོག་པ་ [201B] འཁོར་ལོས་བསྒྱུར་མའོ། །ཡང་དག་པའི་ངག་ནི། དཔའ་བོ་ཆེན་མོའོ། །ཡང་དག་པའི་ལས་ཀྱི་མཐའ་ནི། བྱ་རོག་གདོང་ཅན་མའོ། །ཡང་དག་པའི་འཚོ་བ་ནི། འུག་པའི་གདོང་ཅན་ མའོ༑ ༑ཡང་དག་པའི་རྩོལ་བ་ནི། ཁྱིའི་གདོང་ཅན་མའོ། །ཡང་དག་པའི་དྲན་པ་ནི། ཕག་གི་གདོང་ཅན་མའོ། །ཡང་དག་པའི་ཏིང་ངེ་འཛིན་ནི། བཅོམ་ལྡན་འདས་དཔལ་ཧེ་རུ་ཀའོ། །དགེ་བའི་ ཆོས་མ་སྐྱེས་པ་རྣམས་བསྐྱེད་པ་ནི། གཤིན་རྗེ་སྲེག་མའོ། །དགེ་བའི་ཆོས་སྐྱེས་པ་རྣམས་ཡང་དག་པར་སྲུང་བ་ནི། གཤིན་རྗེ་ཕོ་ཉ་མའོ། །མི་དགེ་བའི་ཆོས་སྐྱེས་པ་རྣམས་ཡང་དག་པར་ སྤོང་བ་ནི། གཤིན་རྗེ་མཆེ་བ་མའོ། །མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེད་པ་ནི། གཤིན་རྗེ་འཇོམས་མའོ། །དམ་ཚིག་གི་འཁོར་ལོ་རྣམ་པར་སྦྱང་བའི་སྒོམ་པའོ། །དེ་ནས་ དམ་ཚིག་འཁོར་ལོ་དག་མཉམ་པར་བཞག་སྟེ་བཟླ་བར་བྱ། ཧ་ཧ་ཧཱུཾ་ཧཱུཾ། ཧི་ཧི། ཕཊ། ཧཱུཾ་ཧཱུཾ། ཨ་ཨ། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀི་ཧཱུཾ་ཧཱུཾ་ཕཊ། ཌཱ་ཀི་ནཱི་ཛཱ་ལ་ཤཾ་བ་ར་ཧཱུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་ཧྲཱི་ ཧ་ཧ་ཧུཾ་ཧཱུཾ་ཕཊ་སཱཧཱ། སྙིང་པོ་དང་ཉེ་བའི་སྙིང་པོའོ་།ཨོཾ་བཛྲ་པཻ་རོ་ཙ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་སརྦ་བུདྡྷ་ཌ་ཀི་ནཱི་ཡེ་བཛྲ་བརྞ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ་སཱཧཱ་ལྷ་མོའི་སྙིང་པོ་དང་ཉེ་བའི་སྙིང་པོའོ། །ཨོཾ་ ཌཱ་ཀི་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་ལཱ་མེ་ཧུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་ཁཎྜ་རོ་ཧེ་ཧུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་རཱུ་པི་ཎཱི་ཡེ་ཧུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་ཁཎྜ་ཀ་པཱ་ལི་ནི་ཀར་ཀ་ར་ཧུཾ་ཧཱུཾ་ཕཊ། ཨོཾ་པྲ་ཙཎྜེ་ཧུཾ་ཧཱུཾ་ཕཊ། ཨོཾ་མ་ཧཱ་ཀཾ་ [202A]༄༅། །ཀ་ལ་ཀུ་རུ་ཀུ་རུ་ཧུཾ་ཧཱུཾ་ཕཊ། ཨོཾ་ཙཎྜཱ་ཀྵཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཀཾ་ཀ་ལ་བནྡྷ་བནྡྷ་ཧུཾ་ཧཱུཾ་ཕཊ། ཨོཾ་པྲ་བྷཱ་བ་ཏཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་བི་ཀ་ཊ་དཾ་ཥྚྲིར་ཎི་ཏྲ་ས་ཡ་ཏྲཱ་ས་ཡ་ ཧུཾ་ཧཱུཾ་ཕཊ། ཨོཾ་མ་ཧཱ་ནཱ་སེ་ཧུཾ་ཧཱུཾ་ཕཊ། ཨོཾ་སུ་རཱ་བཻ་རི་ཎི་ཀྵོ་བྷ་ཡ་ཀྵོ་བྷ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་བའི་ར་མ་ཏཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཨ་མི་ཏཱ་བཧེ་ཧྲོཾ་ཧྲོཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཁརྦ་རཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ བཛྲ་པྲ་བྷཱ་ཧྲཿ་ཧྲཿ་ཧུཾ་ཧཱུཾ་ཕཊ། ཨོཾ་ལཾ་ཀེ་ཤྭ་རཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་བཛྲ་དེ་ཧ་ཕེཾ་ཕེཾ་ཧུཾ་ཧཱུཾ་ཕཊ། ཨོཾ་དྲུ་མཙྪ་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཨངྐུ་རི་ཀ་ཕཊ་ཕཊ་ཧུཾ་ཧཱུཾ་ཕཊ། ཨོཾ་ཨཻ་ར་བ་ཏཱི་ཡེ་ཧུཾ་ཧཱུཾ་ ཕཊ༑ ཨོཾ་བཛྲ་ཛ་ཊི་ལ་ད་ཧ་ད་ཧ་ཧུཾ་ཧཱུཾ་ཕཊ། ཨོཾ་མ་ཧཱ་བཧཻ་ར་བ་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་མ་ཧཱ་བའི་ར་པ་ཙ་པ་ཙ་ཧུཾ་ཧཱུཾ་ཕཊ། ཨོཾ་བཱ་ཡུ་བེ་གེ་ཧུཾ་ཧཱུཾ་ཕཊ། ཨོཾ་བཛྲ་ཧཱུཾ་ཀཱ་ར་བྷཀྵ་བྷཀྵ་བ་ས་རུ་དཧི་ར་ ཨནྟྲ་མཱ་ལཱ་བ་ལཾ་བི་ནི་ཧུཾ་ཧཱུཾ་ཕཊ། ཨོཾ་སུ་ར་བྷཀྵི་ཡེ་དུཾ་ཧཱུཾ་ཕཊ། ཨོཾ་སུ་བཧྭ་དེ་གྲྀཧྞ་གྲྀཧྞ་སཔྟ་པཱ་ཏཱ་ལ་བཧུ་ཛཾ་ག་སརྦཾ་པཱ་ཏརྫྫ་ཡ་ཏ་རྫྫ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་ཤྱ་མ་དེ་བའི་ཡེ་ཧུཾ་ཧཱུཾ་ཕཊ་ ཨོཾ་བཛྲ་བྷ་དྲ་ཨཱ་ཀཌྜྷྱ་ཨཱ་ཀཌྜྷྱ་ཧུཾ་ཧཱུཾ་ཕཊ། ཨོཾ་སུ་བྷ་དྲེ་ཧུཾ་ཧཱུཾ་ཕཊ། ཨོཾ་མ་ཧཱ་བཧཻ་ར་བ་ཧྲིཾ་ཧྲིཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧ་ཡ་ཀརྞེ་ཧུཾ་ཧཱུཾ་ཕཊ། ཨོཾ་བི་རཱུ་པཱཀྵ་ཛྞ་ཛྞཽ་ཧུཾ་ཧཱུཾ་ཕཊ། ཨོཾ་ཁ་ག་ན་ནེ་ཧུཾ་ཧཱུཾ་ ཕཊ༑ ཨོཾ་མ་ཧཱ་བ་ལ་ཀྵྨཱཾ་ཀྵྨཱཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཙཀྲ་བེ་གེ་ཧུཾ་ཧཱུཾ་ཕཊ། ཨོཾ་རཏྣ་བཛྲ་ཧཾ་ཧཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཁཎྜ་རོ་ཧི་ཧུཾ་ཧཱུཾ་ཕཊ། ཨོཾ་ཧ་ཡ་གྲཱི་བ་ཧཾ་ཧཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཤཽཎྜི་ནི་ཡེ་ཧུཾ་ཧཱུཾ་ [202B] ཨོཾ་ཨཱ་ཀཱ་[?]གརྦྷེ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཙཀྲ་བརྨཱི་ཎཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧེ་རུ་ཀ་ཀི་ལི་ཀི་ལི་ཧུཾ་ཧཱུཾ་ཕཊ། ཨོཾ་སུ་ར་བའི་རཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་པདྨ་ན་རྟེ་ཤཱ་རི་སི་ལི་སི་ལི་ཧུཾ་ཧཱུཾ་ཕཊ་ ཨོཾ་མ་ཧཱ་བ་ལེ་ཧུཾ་ཧཱུཾ་ཕཊ། ཨོཾ་བཻ་རོ་ཙ་ན་ཧི་ལི་ཧི་ལི་ཧུཾ་ཧཱུཾ་ཕཊ། ཨོཾ་ཙཀྲ་བརྟི་ནི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་བཛྲ་སཏ་དཧི་ལི་དཧི་ལི་ཧུཾ་ཧཱུཾ་ཕཊ། ཨོཾ་མ་ཧཱ་བཱིརྱེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཀཱ་ཀཱ་སྱེ་ཧུཾ་ཧཱུཾ་ཕཊ། ཨོཾ་ ཨུ་ལཱུ་ཀཱ་སྱེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཤྭ་ནཱ་སྱེ་ཧུཾ་ཧཱུཾ་ཕཊ། ཨོཾ་སཱུ་ཀ་རཱ་སྱེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དཱ་ཌྷི་ཡེ་ཧུཾ་ཧཱུཾ་ཕཊ་ཨོཾ་ཡ་མ་དའུ་ཏཱི་ཨེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དཾཥྟྲི་ཎཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་མ་ ཐ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། འདི་དག་ཇི་ལྟའི་རིམ་པ་ཡིས། །དུང་ཆེན་ཕྲེང་བ་བླངས་ནས་སུ། །ལག་གཡོན་མཐེ་བོང་སྲིན་ལག་གིས་།གསང་སྔགས་དག་ནི་བཟླས་པ་བྱ། །དུས་བཞིན་ ཇི་ལྟ་འདོད་པ་རུ། །རྣལ་འབྱོར་པས་ནི་བཟླས་པ་བྱ། །སྒོམ་པ་རྩེ་གཅིག་བྱ་བ་སྟེ། །དམ་ཚིག་དང་ནི་དམ་ཚིག་སྦྱོར། །བཟའ་དང་བཟླས་པ་བསྡུས་ནས་སུ། །ཆོ་ག་བཞིན་དུ་ གཏོར་མ་སྦྱིན། །དཀྱིལ་འཁོར་ལ་ནི་ཅི་བདེ་བར། །གཅེར་བུ་སྐྲ་གྲོལ་འདུག་པ་ཡིས། །བརྟུལ་ཞུགས་ཅན་གྱིས་གཏོར་མ་སྦྱིན། །རྐང་པ་གཡས་བརྐྱང་གནས་ནས་སུ། ། མཉམ་པར་བཞག་སྟེ་ཕྱག་རྒྱ་བཅིང། །མཛུབ་མོ་འདུད་བྱས་གུང་མོ་ངེས་པར་སྦྱར། །མཐེ་བོང་རྡོ་རྗེ་བརྟན་པོར་རབ་ཏུ་སྦྱར། །དཔྲལ་བའི་དབུས་ཀྱི་ཕྱོགས་སུ་རབ་བཞག་ [203A]༄༅། །ནས། །གཅུ་ཞིང་གཅུ་ཞིང་བསྐོར་ནས་འདི་བརྗོད་དོ། །ཨོཾ་ཨཱ་ར་ལླི་ཧོཿ་ཛཿ་ཧཱུཾ་བཾ་ཧོཿ་བཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟཱཾ་དྲི་ཤྱཱ་ཧོཿ། འདི་ནི་གསུམ་དང་བཞི་དང་ནི། །ལྔ་ཡི་ བར་དུ་བརྗོད་པར་བྱ། །སྐྲ་གྲོལ་གཅེར་བུར་བྱུང་བ་ཡིས། །རྣལ་འབྱོར་མཐོ་བའི་གནས་ནས་ལངས། །ལྷོ་ཕྱོགས་ཁ་བལྟས་གནས་པ་ཡི་།མཚན་ཕྱེད་དུ་ནི་གཏོར་མ་སྦྱིན། ། ཇི་ལྟའི་ལས་ཀྱི་རྗེས་འབྲངས་ནས། །དེ་ཉིད་གསུམ་གྱིས་མངོན་བསྔགས་ཏེ། །རྡོ་རྗེ་ཐལ་མོ་གྱེན་ཕྱེ་ནས། །གསང་སྔགས་འདི་དག་རབ་ཏུ་བརྗོད། །ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་ ཡཀྵ་རཀྵ་ས། བཧུ་ཏ། པྲེ་ཏ། པི་ཤཱ་ཙ། ཨུན་མཱ་ད། ཨ་པསྨཱ་ར། ཌཱ་ཀ་ཌཱ་ཀི་ནྱ་ད་ཡ། ཨི་མཾ་བ་ལཾ་གྲྀཧྞ་ཏུ་ས་མ་ཡ་རཀྵནྟུ་སརྦ་སིདྡྷི་མམེ་པྲ་ཡཙྪནྟུ། ཡ་ཐཻ་བཾ། ཡ་ཐེཥྚ། བྷུཉྫ་ཐ། པི་ པ་ཐ༑ ཇི་གྷྲ་ཐ། མཱ་ཏི་ཀྲ་མ་ཐ། མ་མ་སརྦཱ་ཀཱ་ར་ཏ་ཡཱ། སཏ་སུ་ཁཾ་བི་ཤུདྡྷ་ཡེ། ས་ཧ་ཡི་ཀ་བྷ་བནྟུ་ཧཱུཾ་ཧཱུཾ་ཕཊ་སཱཧཱ། དཔའ་བོ་རྣལ་འབྱོར་མ་ཐམས་ཅད། །བདེ་ཆེན་མཆན་ གྱིས་གར་མཛད་ཅིང། །བཅོམ་ལྡན་སྐུ་གསུང་ཐུགས་ལ་བཞུགས། །ཨཱ་ལི་ཀཱ་ལི་མཉམ་བྱས་ཏེ། །དེར་ནི་རེ་བའི་སྦྱོར་བ་ཡིས། །སྟེང་དུ་འབར་བའི་རེ་ཕ་ནི། །འོག་ཏུ་འཛག་པར་ བྱེད་པ་ཡིན། །འཛག་པའི་ཁུ་བའི་ཚུལ་ཅན་ནི། །འཆི་མེད་ཐིགས་པའི་གཟུགས་སུ་འགྱུར། །སྲུབ་དང་བསྲུབ་པ་ཡང་དག་སྦྱོར། །ཡེ་ཤེས་མེ་ལ་ལས་ཀྱི་རླུང། །རབ་ཏུ་ [203B] །ལྟེ་བའི་དཀྱིལ་འཁོར་དུད་པ་འབྱུང། །འོད་ཟེར་དག་ནི་འབར་བར་བྱེད། །དམ་ཚིག་འཁོར་ལོ་ངེས་དེ་བཞིན་གཤེགས་པ་ཐམས་ཅད་བསྲེགས་ནས་དེ་ བཞིན་གཤེགས་པ་ཐམས་ཅད་ཀྱི་ལོངས་སྤྱོད་ཀྱི་འཁོར་ལོར་སོང་སྟེ་ཐབས་དེས་ལན་གསུམ་དུ་བསྐོར་བ་བྱས་ནས་སྨིན་མཚམས་ཀྱི་མཛོད་སྤུ་ནས་གནད་འབྱེད་པའི་སྒོ་ ལས་འདས་ཏེ་བྱུང་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་དེ་བཞིན་གཤེགས་པ་རྣམས་བཞུགས་པ་ལ་ཡེ་ཤེས་ལྔའི་བདུད་རྩི་བླངས་ཏེ་སྤྱི་བོའི་གཙུག་གསེར་སྒོ་ཛཱ་ ལནྡྷ་ར་ཞེས་བྱ་བར་ཞུགས་ཏེ་སོའི་མཚམས་ཀྱི་བུ་གའི་ནང་དུ་སོང་ནས་ལོངས་སྤྱོད་ཀྱི་འཁོར་ལོར་ངལ་བསོས་ནས་བསྲེགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགའ་ བ་བསྐྱེད་ནས་ལྟེ་བའི་དཀྱིལ་འཁོར་དུ་གནས་པར་འགྱུར་རོ། །དེས་སྐྲའི་རྩེ་མོ་འབུམ་དུ་གཤགས་པའི་ཆ་ཙམ་ཡང་འབྱུང་བ་དང་འཇུག་པ་མཐོང་སྟེ་དགའ་ཞིང་ཇི་ལྟར་ བདེ་བར་གནས་སོ། །རང་ལྷག་ལྷ་ཡི་རྣལ་འབྱོར་གྱིས། །ཐམས་ཅད་འདི་ལྟར་རབ་ཏུ་བརྟག་བསམ་པ་མེད་ལ་བསམ་པ་སྟེ། །སེམས་ཀྱང་མཚོན་པར་བྱ་བ་མིན། །བསམ་ དུ་མེད་པའི་སྒོམ་པ་ཡིས། །དངོས་དང་དངོས་མིན་རྣམ་སྤངས་ཡིན་།སེམས་ཀྱིས་བསམས་པའི་སེམས་དེ་ནི། །རྙེད་པ་གང་ཡིན་གཟུང་བར་བྱ། །ཁ་ཊཱཾ་ག་ནི་ལྷ་ཡི་སྐུ། །ཌ་མ་རུ་ [204A]༄༅། །སྒྲ་ཤེས་རབ་ཡིན། །ཉིན་མོ་བཅོམ་ལྡན་དཔའ་བོ་སྟེ་།མཚན་མོ་རྣལ་འབྱོར་མ་རུ་བཤད། །དག་པའི་ཆོས་ཀྱི་སྤྲུལ་པ་ནི་།ཕག་མོ་དག་གི་གཟུགས་ སུ་བསྟན། །ཤྲཱི་གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་ཚོགས་རྣམ་པར་སྤངས། །རུ་ནི་བཀོད་པ་དང་བྲལ་བ། །ཀ་ནི་གང་ནའང་མི་གནས་པའོ། །རྣལ་འབྱོར་སེམས་ནི་ངལ་བསོ་ས་ ལ༑ ༑མྱ་ངན་འདས་ཞེས་བསྟན་པ་ཡིན། །རྣལ་འབྱོར་འཕོ་བའི་དུས་ཀྱི་ཚེ། །ཧེ་རུ་ཀ་སེམས་དཔའ་རྣལ་འབྱོར། །ལག་ན་མེ་ཏོག་སྣ་ཚོགས་བསྣམས། །སྣ་ཚོགས་རྒྱལ་ མཚན་བདན་ཅན། །སྣ་ཚོགས་རོལ་མོའི་སྒྲ་སྒྲོག་ཅིང། །སྣ་ཚོགས་གླུ་ཡིས་མཆོད་པར་བྱ། །འཆི་བ་ཞེས་བྱའི་རྣམ་རྟོག་འདི། །མཁའ་ལ་སྤྱོད་པའི་གནས་སུ་ཁྱེར། ། མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས། གཉིས་སུ་མེད་པར་སྦྱར་བའི་གནས་ཀྱི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །མ་ མོའི་སྒོམ་པ་དགྱེ་བར་བྱ། །གསང་སྔགས་ཀུན་གྱི་གནས་སྦྱོར་བ་།དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཐམས་ཅད་མཁྱེན་ཅིང་ཐམས་ཅད་མཛད། །བདེ་བ་ཆེན་ པོས་ཀུན་ལ་ཁྱབ། །མགོན་པོ་སངས་རྒྱས་ཀུན་བདག་སྟེ། །སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཨོཾ་ཨཾ་ཨཱཾ། ཨི་ཨཱིཾ། ཨུཾ་ཨཱུཾ། ཨེཾ་ཨཻཾ། ཨོཾ་ཨཽཾ། །ཨཾ་ཨཿ་ཧཱུཾ། འདི་ནི་བཅོམ་ [204B] །ཧེ་རུ་ཀ་ནི་དབང་ཕྱུག་མཆོག་མཁའ་ལ་དྲི་མེད་ཟླ་བ་ཡི། །ལྟེ་བའི་དབུས་སུ་བསྒོམ་པར་བྱ། །རྀཾ་རཱྀཾ་ལྀཾ་ལཱྀཾ། མཁའ་འགྲོ་མ་ནི་པད་འདབ་བཞུགས། །ཀཾ་ཁཾ་གཾ་ གྷཾ་ངཾ། ཙཾ་ཚཾ་ཛཾ་ཛྷཾ་ཉཾ། ཊཾ་ཋཾ་ཌཾ་ཌྷཾ་ཎཾ། ཏཾ་ཐཾ་དཾ་དྷཾ་ནཾ། པཾ་ཕཾ་བཾ་བྷཾ་མཾ། དེ་ཡི་ཐོད་པའི་དུམ་སོགས་དང། །གཏུམ་མིག་མ་ལ་སོགས་ཀུན་གྱིས། །སྐུ་གསུང་ཐུགས་ཀྱི་འཁོར་ལོ་ སྟེ༑ ༑དངོས་གྲུབ་ཐམས་ཅད་རབ་ཏུ་སྩོལ། །ཡཾ་རཾ་ལཾ་ཝཾ། ཤཾ་ཥཾ་སཾ་ཧཾ་ཀྵཾ། དེ་ཡི་ཁྭ་གདོང་ལ་སོགས་དང། །གཤིན་རྗེ་སྲེག་སོགས་ཀུན་གྱི་འོ། །ཡི་གེ་ཀྵ་ཡི་བདག་ཉིད་ནི། ། བདེ་བ་ཆེན་པོའི་ཤུ་ཀྲའི་གཟུགས། །ཐམས་ཅད་མཁྱེན་ཅིང་ཐམས་ཅད་གཟིགས། །སངས་རྒྱས་ཀུན་གྱི་གནས་ཡིན་ཞིང། །ཀུན་ལ་ཁྱབ་ཅིང་རྟག་ཏུ་སྟོང། །བརྗོད་དུ་མེད་ ཅིང་ཕྲ་བའི་དབུས། །འདི་ནི་ཚད་མེད་རྟག་པའི་ཐུགས། །རང་གི་གཟུགས་ནི་མཁའ་ལྟ་བུ། །འདི་ནི་བདག་ཉིད་བཅིངས་པ་སྟེ། །འདི་ནི་དགྲོལ་ལ་མཁས་པ་ཡིན། །འདི་ནི་ ལྟེ་བའི་དབུས་བཞུགས་ཤིང། །ཤུ་ཀྲའི་གཟུགས་ཀྱིས་བདེ་ཆེན་གནས་།སྐུ་གསུང་ཐུགས་ཀྱི་སྦྱོར་བ་ཡིས། །འཁོར་ལོ་གསུམ་གྱི་དབུས་སུ་དགོད། །འདི་ནི་གསང་ བ་མཆོག་ཡིན་ཏེ། །གང་ལ་ཡང་ནི་བསྟན་མི་བྱ། །སྔར་བཤད་ཕྱག་དང་ཕྱག་མཚན་དང། །གོ་ཆ་ཡང་ནི་དེ་བཞིན་ཏེ། །སྔར་བཤད་བཞིན་དུ་བཀོད་ནས་ཀྱང། །ཕུང་པོ་ [205A]༄༅། །ཁམས་དང་སྐྱེ་མཆེད་དག་དཔའ་བོའི་ཡན་ལག་རྣམ་དག་ཉིད། །བྱང་ཆུབ་ཕྱོགས་ཀྱང་དེ་བཞིན་ཏེ། །ལུགས་སུ་འབྱུང་དང་ལྡོག་པ་ཡིས།། སྔར་བཤད་འཁོར་ལོ་རྣམ་པར་དགོད། །ཐམས་ཅད་དཀར་བའི་མདོག་ཅན་ལ། །འཁོར་ལོ་གསུམ་ནི་བཅུ་དྲུག་གོ་དཔའ་བོ་ཡང་ནི་སོ་སོར་དགོད་།རྣལ་འབྱོར་མ་ཡང་སོ་ སོར་ཏེ༑ ༑རང་གི་ཐབས་ཀྱི་སྦྱོར་བ་ཡིས། །གཉིས་སུ་མེད་པའི་གནས་པ་ཡིན། །དཔའ་བོའི་རང་གི་རིག་པ་དང། །གཉིས་སུ་མེད་པར་གནས་པ་ཡིན། །མཁའ་འགྲོ་སོགས་ དང་ཁྱི་གདོང་སོགས། །རང་གི་ཐབས་དང་གཉིས་མེད་གནས། །དེ་ནི་རྡོ་རྗེ་སྙིང་པོའོ། །རྣལ་འབྱོར་མ་ཡི་དམ་པ་སྟེ། །མཆོག་ཏུ་གསང་བ་སྦས་པ་དག་རྡོ་རྗེ་སྙིང་པོས་ ཞུས་ནས་ནི། །བཅོམ་ལྡན་འདས་ཀྱིས་གསུངས་པ་ཡིན། །མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས། དཔལ་ཧེ་རུ་ཀ་དང། མཁའ་འགྲོ་མ་དང། དཔའ་བོ་དང་ རྣལ་འབྱོར་མ་རྣམས་སྒོམ་པས་བསྐྱེད་པ་སྟེ་ལེའུ་བཅོ་ལྔ་པའོ།།།།དེ་ནས་གཞན་ཡང་བཤད་བྱ་བ། །དང་པོའི་ལས་ཀྱི་སྒོམ་པ་སྟེ་།རྣལ་འབྱོར་སྦྱོར་བའི་ མཆོག་གྱུར་པ། །གཅིག་ཅར་དུ་ནི་བསྐྱེད་པ་དག་རྡོ་རྗེ་སྙིང་པོས་གསུངས་པ་ཡིན། །ཕྱག་གཉིས་པ་ལ་ཞལ་གཅིག་པ། །སྤྱན་གསུམ་པ་ལ་ཞལ་རྣམས་བསྒྱུར། །འཇིག་ [205B]གཡས་བརྐྱང་བ་ཡིས་མགོ་ལ་མནན། །རྒྱན་དྲུག་སྣ་ཚོགས་རྡོ་རྗེ་དང། །ཟླ་བ་ཕྱེད་པས་རྣམ་པར་བརྒྱན། །སྟག་གི་པགས་པ་གོས་སུ་མནབས། ། མགོ་བོའི་ཕྲེང་བས་རྣམ་པར་བརྒྱན། །ཐོད་པ་ཁ་ཊཱཾ་ག་བསྣམས་ཤིང། །དེ་ནི་རྡོ་རྗེ་མཆོག་ཀྱང་གསོར། །ཕག་མོས་ཀྱང་ནི་རྣམ་པར་ཁྲིལ། །དེ་ཡི་མདོག་དང་ཕྱག་གིས་གནས། །བྱིན་པ་ གཉིས་ཀྱིས་མཉམ་པར་འཁྱུད། །ཐོད་པ་རྡོ་རྗེ་བསྡིགས་མཛུབ་ཀྱིས་།ཕྱོགས་སུ་བསྡིགས་ཤིང་སྐྲ་གྲོལ་ལ། །དུམ་བུའི་རྒྱན་གྱིས་སྐ་རགས་ཅན། །འཁོར་ལ་སོགས་བའི་དཀྱིལ་ འཁོར་རྣམས། །ཕྱག་གཉིས་ཞལ་ནི་གཅིག་པ་སྟེ། །ཕྱག་རྒྱ་ལྔ་ནི་མཉམ་པར་སྦྱོར། །སྤྱན་གསུམ་པ་ལ་དྲག་པོའི་གཟུགས། །ཐམས་ཅད་ཡི་དྭགས་གདན་ལ་བཞུགས། །སྒོམ་ པ་མཆོག་གི་སྒོམ་པའོ། །དབུས་སུ་ཁྲག་འཐུང་རྡོ་རྗེ་ནི། །སྔོ་བའི་མདོག་ཅན་བདེ་བ་ཆེ། །པདྨའི་དབུས་སུ་སྒོམ་པ་ནི། །མཁའ་འགྲོ་མ་ནི་སེར་པོའི་མདོག་ཐུགས་ཀྱི་འཁོར་ ལོའི་དཔའ་བོ་དང། །མཁའ་འགྲོ་མ་ཡི་ཁྱད་པར་ནི། །དཔའ་བོ་མདོག་ནི་ནག་པོ་ལ། །མཁའ་འགྲོ་མ་ནི་དཀར་བ་ཉིད། །གསུང་གི་འཁོར་ལོའི་དཔའ་བོ་ནི། །དམར་བའི་མདོག་ ཅན་ཆེར་འབར་བ། །མཁའ་འྒྲོའང་དེ་བཞིན་ནག་པོ་སྟེ། །སྐུ་མདོག་གཉིས་སུ་རྣམ་པར་བསྒོམ། །སྐུ་ཡི་འཁོར་ལོའི་དཔའ་བོ་ནི། །ཟླ་བ་སེར་སྐྱས་ལེགས་བརྒྱན་པས། །དེ་ [206A]༄༅། །ལ་མཁའ་འགྲོ་མ་ཡང་དམར། །ཅི་འདོད་གཟུགས་སུའང་འགྱུར་བ་ཡིན། །ཁྭ་གདོང་ལ་སོགས་ཀུན་ལྗང་གུ། །གཤིན་རྗེ་སྲེག་སོགས་ནུན་དུད་ ཀ་དེ་ལྟར་མདོག་གི་བྱེ་བྲག་གིས། །སྒོམ་པའི་མཆོག་གིས་ཤེས་པར་བྱ། །མཁའ་འགྲོ་མ་ཐོད་ཁ་ཊཱཾ་འཛིན། །ཅང་ཏེའུ་གར་གྱིས་རྣམ་པར་བཞུགས། །ཐམས་ཅད་དབུ་སྐྲ་གྲོལ་ བ་སྟེ༑ ༑ཕྱོགས་ཀྱི་གོས་ཅན་བཞད་པའི་ཞལ། །ཐུགས་ཀྱི་འཁོར་ལོའི་དཔའ་བོ་རྣམས། །རྡོ་རྗེ་དྲིལ་བུས་ལེགས་པར་འཁྱུད། །རྣལ་འབྱོར་མ་ནི་ཐོད་རྡོ་རྗེ། །སྡིགས་མཛུབ་དང་ནི་ལྷན་ ཅིག་བཅས། །གསུང་གི་འཁོར་ལོའི་དཔའ་བོ་རྣམས། །རྣལ་འབྱོར་མ་འཁོར་སྡིགས་མཛུབ་ཅན། །པདྨ་དྲིལ་བུས་རྣམ་པར་བརྒྱན། །རྣལ་འབྱོར་མ་ནི་ཐོད་པདྨ། །བསྡིགས་ མཛུབ་དང་ནི་ལྷན་ཅིག་བཅས། །སྐུ་ཡི་འཁོར་ལོའི་དཔའ་བོ་རྣམས་།འཁོར་ལོ་དྲིལ་བུ་རབ་ཏུ་འབར། །རྣལ་འབྱོར་མ་འཁོར་སྡིགས་མཛུབ་ཅན། །ཐོད་པ་རྐང་གིས་ གང་བའོ། །ཁྭ་གདོང་ལ་སོགས་ལྷ་མོ་ནི། །ཐོད་པ་དང་ནི་ཁ་ཊཱཾ་ག་གྲི་གུག་དང་ནི་སྡིགས་མཛུབ་བཅས། །གཤིན་རྗེ་སྲེག་སོགས་ལྷ་མོ་ནི། །ཅང་ཏེའུ་མགོ་བོ་བསྡིགས་ མཛུབ་དང། །ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། །སྐྱིལ་ཀྲུང་ཕྱེད་པས་གར་དང་བཅས། །དཔའ་བོ་གཡས་བརྐྱང་གནས་པ་སྟེ་།མཁའ་འགྲོ་མ་ཡི་བྱིན་པས་འཁྲིལ། ། [206B] །ཐུགས་རྗེ་ཆགས་པའི་བདེ་བ་ཆེ། །ཡེ་ཤེས་འཁོར་ལོ་མཉམ་ལྡན་པས། །བདེ་བའི་བདེ་བ་གཅིག་ཏུ་འགྱུར། །ཆོས་ཀྱི་རོ་ལས་ཡང་དག་ འབྱུང། །རང་མིན་ས་བོན་དང་བཅས་པ། །ཕྲེང་བའི་སྔགས་དང་མཉམ་པར་སྦྱར། །གསལ་བྱེད་མཉམ་པར་སྦྱར་ནས་སུ། །ཧཱུཾ་གཉིས་ཕཊ་དང་ཡང་དག་སྦྱར། །དཔའ་བོའི་གསང་ སྔགས་ཡང་དག་སྦྱར། །རྣལ་འབྱོར་མ་ཡང་དེ་བཞིན་བཤད། །རང་གི་མིང་གི་ས་བོན་དབུས། །གསལ་བྱེད་དང་ནི་མཉམ་པར་ལྡན། །ཧཱུཾ་ཧཱུཾ་ཕཊ་ཀྱང་དེ་བཞིན་ཏེ། །སྔགས་པ་ འདི་ལྟར་སྦྱར་བར་བྱ། །དབུས་སུ་ཁྲག་འཐུང་རྡོ་རྗེ་སྟེ། །གསང་སྔགས་འདི་ནི་མཁས་པས་བཟླ། །ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཧྲཱི་ཧ་ཧ་ཧུཾ་ཧཱུཾ་ཕཊ། སྙིང་པོ་དང་ཉེ་བའི་སྙིང་པོའོ། ། ཨོཾ་བཛྲ་བཱ་རཱ་ཧི་ཧུཾ་ཧཱུཾ་ཕཊ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ། ལྷ་མོའི་སྙིང་པོ་དང་ཉེ་བའི་སྙིང་པོའོ་།དུས་བཞི་དག་ཏུ་ཆོ་ག་བཞིན། །རྣལ་འབྱོར་པ་ཡིས་བཟླས་པ་བྱ་།མདུན་དུ་བ་སྤུའི་ ཁུང་བུ་ལས། །ཆོས་དང་ལོངས་སྤྱོད་རྣམ་པར་སྤྲོ། །སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། །ཆོས་ཀྱི་འཁོར་ལོ་བསྟན་པར་བྱ་།འགྲོ་བ་རིགས་དྲུག་གྲོལ་ནས་ནི། །བླ་མེད་ གནས་སུ་འཇོག་པར་བྱེད། །སྔགས་པས་ཇི་ལྟར་འདོད་སྦྱོར་བ། །རིགས་ལྔ་རྣམས་ཀྱི་དབུས་སུ་ཡང། །གང་གིས་རིགས་གསུམ་དབུས་ཁྱབ་པ་།ཁམས་གསུམ་གྱི་ནི་བདག་ [207A]༄༅། །པོ་སྟེ༑ ༑སངས་རྒྱས་ཐམས་ཅད་ཡང་དག་འདུས། །སྐུ་གསུང་ཐུགས་ཀྱི་དབྱེ་བའོ། །མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས། ལས་ དང་པོ་པའི་སྦྱོར་བའི་སྒོམ་པ་བསྟན་པ་སྟེ་ལེའུ་བཅུ་དྲུག་པའོ།།།།རྡོ་རྗེ་སྙིང་པོས་རབ་བཤད་པ། །དངོས་གྲུབ་ཐམས་ཅད་འགྲུབ་པ་སྟེ། །ཕྱག་བཞི་པོ་ཡི་ ཆོ་ག་ཡིས། །དབང་པོ་བར་མ་རྣམ་པར་བསྒོམ། །གཅིག་ཅར་སྐྱེད་པའི་སྦྱོར་བ་ཡིས། །སྒོམ་པ་དག་ནི་རྣམ་པར་བསྒོམ། །ཕྱག་བཞི་པ་ལ་ཞལ་བཞི་པ། །སྤྱན་གསུམ་ དྲག་པོ་འཇིགས་པ་སྟེ། །གཡས་བརྐྱང་པ་ཡི་གནས་པས་བཞུགས་།འཇིགས་བྱེད་དང་ནི་དུས་མཚན་གནོན། །སྐུ་ལུས་མི་མགོའི་དོ་ཤལ་ཅན། །ཐོད་པའི་དབུ་རྒྱན་ མཆོག་ཅན་ཏེ། །ཟླ་བ་ཕྱེད་པས་མཛེས་པ་ཡིན། །སྣ་ཚོགས་རྡོ་རྗེས་རྣམ་པར་མཚན། །ཕྱག་རྒྱ་དྲུག་པོ་དྲག་པོའི་གཟུགས། །སྐུ་མདོག་དཀར་པོ་འཇིགས་པ་སྟེ། །སྔོ་ ཞིང་ལྗང་གུ་དམར་པོ་སྟེ། །སྟེང་གི་ཞལ་གདོང་རྣམ་པར་བསྒོམ་།ཐོད་པ་དང་ནི་ཁ་ཊཱཾ་འཛིན། །རྡོ་རྗེ་དྲིལ་བུ་ཅང་ཏེའུ་དང། །རྡོ་རྗེ་ཕག་མོ་མཉམ་པར་ལྡན། །ལྷ་མོའི་ཀུ་ཙ་ འཚིར་བ་སྟེ། །སྟག་གི་པགས་པ་གོས་སུ་མནབས། །ཕྱོགས་ཀྱི་གོས་མཆོག་འཛིན་པ་སྟེ། །སྐྲ་གྲོལ་དུམ་བུའི་སྐ་རགས་ཅན། །དེ་ཕྱག་ཞལ་དང་མདོག་གིས་མཚན། ། [207B] །ལཱ་མ་ལྗང་དང་སེར་པོ་སྟེ། །དུམ་སྐྱེས་མ་ནི་དམར་ལ་ལྗང། །གཟུགས་ཅན་མ་ནི་སེར་ལ་དམར། །ཐོད་པ་དང་ནི་ཁ་ཊཱཾ་འཛིན། །གྲི་གུག་མགོ་ ནི་འཛིན་པའི་མཆོག་ཅང་ཏེའུ་སྒྲ་ནི་དུ་མ་སྒྲོག་གཅེར་བུ་སྐྲ་ནི་གྲོལ་བ་སྟེ། །ཐོད་པ་དག་གིས་ཅོད་པན་བྱས། །སྤྱན་གསུམ་པ་ལ་དྲག་པོའི་ཞལ། །རང་གི་མདོག་དང་ཕྱག་ དེ་བཞིན། །སྐྱིལ་ཀྲུང་ཕྱེད་པའི་གར་ཅན་ཏེ། །བདུད་བཞི་ཞབས་འོག་གནོན་པ་དང། །འདོད་པས་ལྟ་ཞིང་རྟོག་པ་སྟེ། །ཐུགས་ཀྱི་འཁོར་ལོའི་དཔའ་བོ་ནི། །སྔོ་དང་སེར་བར་ རྣམ་པར་བསྒོམ། །དེ་བཞིན་རྡོ་རྗེ་མཁའ་འགྲོ་མའང། །དཀར་ཞིང་སྔོ་བར་རྣམ་པར་བསྒོམ། །ཐོད་པ་དང་ནི་ཁ་ཊཱཾ་འཛིན། །རྡོ་རྗེ་དྲིལ་བུས་ལེགས་པར་འཁྱུད། །ཅང་ཏེའུ་ ཡི་ནི་སྣ་ཚོགས་སྒྲ། །རྡོ་རྗེ་སྒྲ་ནི་ཡོངས་སུ་རྫོགས། །ཐོད་པ་དང་ནི་སྡིགས་མཛུབ་དང། །གྲི་གུག་དང་ནི་མི་ཐོད་འཛིན། །ལྷ་མོའི་ཕྱག་རྣམས་དེ་བཞིན་ཏེ། །བྱིན་པ་ གཉིས་ཀྱིས་ལེགས་པར་འཁྲིལ། །གཡས་བརྐྱང་པ་ཡི་གནས་པས་བཞུགས་།འཇིགས་པ་ཆེན་པོ་བཞིན་རྣམ་བསྒྱུར། །རྡོ་རྗེ་ཕྲེང་བའི་ཅོད་པན་བྱས། །དཔའ་བོ་རྡོ་རྗེས་ མཚན་པའོ། །གསུང་གི་འཁོར་ལོའི་དཔའ་བོ་གང། །དམར་ཞིང་ནག་ལ་འཇིགས་པ་སྟེ། །པདྨའི་དཔའ་བོས་རྣམ་པར་ཁྱབ། །རང་གི་ཕྱག་མཚན་འཛིན་པ་སྟེ། །པདྨའི་མཁའ་འགྲོ་ [208A]༄༅། །མ་དེ་བཞིན། །ལྗང་དང་དཀར་བའི་སྐུ་ལུས་ཅན། །སྐུ་ཡི་འཁོར་ལོའི་དཔའ་བོ་ཡང། །སེར་དང་ལྗང་བའི་སྐུ་ལུས་ཅན། །འཁོར་ལོས་དཔའ་བོ་ཡོངས་ སུ་ཁྱབ༑ ༑འཁོར་ལོས་བསྒྱུར་བའང་སྟེར་བར་བྱེད། །འཁོར་ལོ་མཁའ་འགྲོ་མ་དེ་བཞིན། །དཀར་དམར་དང་ནི་ཡིད་འཕྲོག་པའོ། །རང་གི་མཚན་དང་ཡང་དག་ལྡན། །ཆོས་ཀྱི་འཁོར་ ལོར་རབ་བསྐོར་བ། །ཁྭ་གདོང་སོགས་བཞི་མཁའ་འགྲོ་མ། །སྣ་ཚོགས་མདོག་ཅན་ཡིད་འཕྲོག་པའོ། །ཐོད་པ་དང་ནི་ཁ་ཊཱཾ་འཛིན། །གྲི་གུག་མགོ་བོ་ཅང་ཏེའུ་འཛིན། །གཤིན་རྗེ་ སྲེག་སོགས་ལྷ་མོ་ནི། །དུད་ཀ་དམར་པོ་དེ་བཞིན་ནོ། །གཤིན་རྗེ་དབྱིག་ཏོ་གྲི་གུག་མགོ་ཐོད་པ་དང་ནི་ཁ་ཊཱཾ་འཛིན། །འཁོར་གྱི་མ་སོགས་མཁའ་འགྲོ་མ། །ཡི་དྭགས་གདན་ལ་ རྣམ་པར་བཞུགས། །བྱིན་པ་གཉིས་ཀྱིས་མཉམ་པར་འཁྲིལ། །མཁའ་འགྲོ་མ་ནི་དགྱེས་པ་ཆེ། །སྐྲ་གྲོལ་ཕྱོགས་ཀྱི་གོས་འཆང་ཞིང་།ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། ། ཐམས་ཅད་ཕྱག་རྒྱ་ལྔ་འཛིན་ཅིང། །དཔའ་བོ་མཁའ་འགྲོ་མ་ཡི་འཁོར། །སྤྱན་གསུམ་དྲག་པོ་རྣམ་བསྒྱུར་བ། །དཔའ་བོ་འདོད་པའི་ཟས་ལ་རོལ། །ཆགས་པའི་མིག་ གིས་རྣམ་པར་ལྟ། །སྔར་བཤད་ཆོ་གའི་རིམ་པ་བཞིན། །གསང་སྔགས་རང་མིང་ས་བོན་དང། །དཔའ་བོ་གསང་སྔགས་འདི་རུ་བཤད་།མཁའ་འགྲོ་མ་ཡང་དེ་བཞིན་ཏེ། ། [208B] །གསང་སྔགས་མཆོག་ཀྱང་དེ་བཞིན་ནོ། །ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་ཧྲཱི་ཧ་ཧ་ཧུཾ་ཧཱུཾ་ཕཊ། ཨོཾ་བཛྲ་བཱ་རཱ་ཧི་བཾ་ཧུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་བཛྲ་བེ་ རོ་ཙ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ་སཱཧཱ། ཐམས་ཅད་བསྒོམས་ཏེ་མཐོང་བ་ན། །བདག་པོ་དང་ནི་འཁོར་ལ་སོགས། །ཡ་ཤེས་འཁོར་ལོ་དེ་མཐོང་ནས། །ལེགས་པར་དབང་བསྐུར་གཞུག་པར་ བྱ༑ ༑བསྒོམས་པས་གཅིག་ཏུ་བྱས་ནས་ནི། །བདུད་རྩི་མཆོག་གིས་ཚིམ་པར་བྱ། །ཡེ་ཤེས་བཟླས་པའི་སྦྱོར་བ་ཡིས། །ཁྲོ་བོ་ཚོགས་མཆོག་སྤྲོས་ནས་ནི། །དཔའ་བོ་མཁའ་ འགྲོ་མཐོང་བ་ན། །སྐུ་གསུང་ཐུགས་ཀྱི་རིམ་པ་ཡིས། །དམ་ཚིག་ཅན་གྱིས་བཟླས་པ་བྱ། །འཁོར་སོགས་དཔའ་བོ་མཁའ་འགྲོ་མ། །འདི་ནི་ཀུན་གྱི་གསང་སྔགས་ཏེ། །དོན་དམ་ བཟླས་པར་བཤད་པ་ཡིན། །མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས། དབང་པོ་བར་མའི་སྒོམ་པ་བསྟན་པ་སྟེ་ལེའུ་བཅུ་བདུན་པའོ།། །།དེ་ནས་གཞན་ ཡང་བཤད་བྱ་བ། །རྡོ་རྗེ་སྙིང་པོའི་གསང་བ་སྟེ། །གང་ཡང་དེ་ཉིད་རིམ་པ་དག་སྒྲུབ་པ་པོ་ལ་ཕན་པའི་ཕྱིར། །དབང་པོ་རྣོན་པོའི་སྒོམ་པ་བཤད། །བསྐྱེད་པའི་རིམ་པའི་སྦྱོར་བ་ དག་སྒོམ་པ་དེ་ཡིས་བསྒོམ་པར་བྱ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་དང། །ལམ་གྱི་རྣམ་མཁྱེན་ཡེ་ཤེས་སོ། །ཨཱ་ལི་ཀཱ་ལི་མཉམ་སྦྱོར་བ། །བདག་ཉིད་ཧེ་རུ་ཀར་ཡང་བྱ། ། [209A]༄༅། །མགོན་པོ་ཞལ་གསུམ་ཕྱག་དྲུག་པ། །སྤྱན་གསུམ་རྣམ་པར་བསྒྱུར་བའི་ཞལ། །གཡས་བརྐྱང་བ་ཡི་གནས་པས་བཞུགས། །འཇིགས་བྱེད་དང་ནི་ དུས་མཚན་གྱི། །མགོ་བོ་ལ་ནི་ཞབས་ཀྱིས་གནོན། །ན་རའི་པགས་པ་གོས་སུ་མནབས། །ཟླ་བ་ཕྱེད་པས་རྣམ་པར་བརྒྱན། །སྣ་ཚོགས་རྡོ་རྗེས་དབུ་ལ་མནན། །ཐོད་པའི་ཕྲེད་ བའི་དབུ་རྒྱན་ཅན། །སྐུ་ལུས་ཕྱག་རྒྱ་དྲུག་གིས་བཏབ། །རྡོ་རྗེ་ཕག་མོ་མཉམ་པར་ལྡན། །གཉིས་སུ་མེད་པར་སྦྱོར་བ་ཡི། །བྱིན་པ་གཉིས་ཀྱིས་ལེགས་པར་འཁྲིལ། །གཅེར་ བུ་སྐྲ་ནི་གྲོལ་བ་སྟེ། །དུམ་བུའི་རྒྱན་གྱི་སྐ་རགས་ཅན། །ཐོད་པ་ཡི་ནི་ཕྲེང་བ་སྟེ། །སྙིང་རྗེ་བདེ་བས་རྣམ་པར་མྱོས། །རྡོ་རྗེ་དྲིལ་བུ་མཉམ་ལྡན་པ། །འདོད་པའི་ཆགས་པས་ བདེ་བར་དགྱེས། །ཐོད་པ་དང་ནི་ཁ་ཊཱཾ་འཛིན། །རལ་གྲི་དང་ནི་ཅང་ཏེའུ་འཆང། །ཚངས་པའི་མགོ་བོས་ཕྱག་གཞན་ལ། །ཕྱག་རྒྱ་དྲུག་གིས་རྣམ་པར་བརྒྱན། །དེ་ཡི་སྐུ་མདོག་ ཞལ་ཕྱག་མཚན། །འོན་ཀྱང་གྲི་གུག་འཛིན་པ་ཡིན། །གནམ་མདོག་སར་སྐྱ་དམར་དང་དཀར། །རྣམ་ཐར་གསུམ་དང་སྐུ་གསུམ་དང། །ཐམས་ཅད་འཁོར་སོགས་ མཁའ་འགྲོ་མ། །དཔའ་པོ་རྣལ་འབྱོར་མ་མཁའ་འགྲོ། །ཐམས་ཅད་ཞལ་གསུམ་ཕྱག་དྲུག་པ། །སྤྱན་གསུམ་གཡས་བརྐྱང་གནས་པས་བཞུགས་།ཡི་དྭགས་གདན་ལ་ [209B] །གཉིས་སུ་མེད་པའི་སྦྱོར་བས་བཞུགས། །མཁའ་འགྲོ་མ་ནི་དཀར་སྔོ་དམར། །ལཱ་མ་ལྗང་གུ་སྔོ་ལ་དཀར། །དུམ་སྐྱེས་མ་ནི་དམར་དཀར་སྔོ། །གཟུགས་ཅན་ མ་ནི་སེར་སྔོ་དམར། །འདི་དག་ནི། སྤྱན་གསུམ་པ། གཅེར་བུ་སྐྲ་གྲོལ་བ། ཡི་དྭགས་ཀྱི་སྟེང་དུ་གཡས་བརྐྱང་བས་བཞུགས་པ། ཐོད་པ་དང། ཁྭ་ཊཱཾ་ག་དང། རལ་གྲི་དང། འཁོར་ ལོ་དང། གྲི་གུག་དང། མགོ་བོ་དང། ཅང་ཏེའུ་བསྣམས་པའོ། །ཐུགས་ཀྱི་འཁོར་ལོའི་དཔའ་བོ་དང། རྣལ་འབྱོར་མ་རྣམས་ལ་ཤར་དུ་ཐོད་པའི་དུམ་བུ་དང། རབ་གཏུམ་མ་སྟེ། སྔོ་བ་ དང། དཀར་བ་དང། དམར་བའོ། །བྱང་དུ་ཀེང་རུས་ཆེན་པོ་དང་གཏུམ་མིག་མ་སྟེ། དམར་བ་དང། དཀར་བ་དང། སྔོ་བའོ། །ནུབ་ཏུ་ཀེང་རུས་ཅན་དང། འོད་ལྡན་མ་སྟེ། དཀར་བ་དང་ དམར་པ་དང། ལྗང་གུའོ། །ལྷོ་རུ་མཆེ་བ་རྣམ་པར་གཙིགས་པ་དང། སྣ་ཆེན་མ་སྟེ། ལྗང་གུ་དང། དཀར་བ་དང། དམར་བའོ་།མེའི་ཕྱོགས་སུ་ལྷ་དགྲ་དང། དཔའ་བའི་བློ་གྲོས་མ་སྟེ་ དམར་བ་དང། སྔོ་བ་དང། དཀར་བའོ། །བདེན་བྲལ་དུ་འོད་དཔག་ཏུ་མེད་པ་དང། མིའུ་ཐུང་མ་སྟེ། སེར་བ་དང། སྔོ་བ་དང། དཀར་བའོ། །རླུང་གི་ཕྱོགས་སུ་རྡོ་རྗེའི་འོད་དང། ལངྐའི་དབང་ཕྱུག་ མ་སྟེ། སྔོ་བ་དང། དཀར་བ་དང། དམར་བའོ། །དབང་ལྡན་དུ་རྡོ་རྗེ་ལུས་དང། ཤིང་གྲིབ་མ་སྟེ། ལྗང་བ་དང། དཀར་བ་དང་དམར་བའོ། །གསུང་གི་འཁོར་ལོའི་ཤར་ཕྱོགས་སུ་མྱུ་གུ་ཅན་ [210A]༄༅། །དང། ས་སྲུང་མ་སྟེ། དམར་བ་དང། སྔོ་བ་དང། དཀར་བའོ། །བྱང་ཕྱོགས་སུ་རྡོ་རྗེ་རལ་པ་ཅན་དང། འཇིགས་བྱེད་ཆེན་མོ་སྟེ། སྔོ་བ་དང། དཀར་བ་དང་ དམར་བའོ། །ནུབ་ཏུ་དཔའ་བོ་ཆེན་པོ་དང། རླུང་གི་ཤུགས་ཅན་མ་སྟེ། ལྗང་བ་དང། དཀར་བ་དང། དམར་བའོ། །ལྷོ་རུ་རྡོ་རྗེ་ཧཱུཾ་མཛད་དང། ཆང་འཐུང་མ་སྟེ། སེར་བ་དང། སྔོ་བ་དང་ དམར་བའོ། །མེའི་ཕྱོགས་སུ་རབ་བཟང་དང། སྔོ་བསངས་ལྷ་མོ་སྟེ། ལྗང་བ་དང། སེར་བ་དང། དམར་བའོ། །བདེན་བྲལ་གྱི་ཕྱོགས་སུ་རྡོ་རྗེ་བཟང་དང། རབ་བཟང་མ་སྟེ། སྔོ་བ་དང། དཀར་ བ་དང། དམར་བའོ། །རླུང་གི་ཕྱོགས་སུ་འཇིགས་བྱེད་ཆེན་པོ་དང་རྟ་རྣམ་སྟེ། དམར་བ་དང། སྔོ་བ་དང། སེར་བའོ། །དབང་ལྡན་དུ་མིག་མི་བཟང་དང། བྱ་གདོང་མ་སྟེ། དཀར་བ་ དང། སྔོ་བ་དང། ལྗང་གུའོ། །སྐུའི་འཁོར་ལོའི་ཤར་ཕྱོགས་སུ་སྟོབས་པོ་ཆེ་དང། འཁོར་ལོའི་ཤུགས་ཅན་མ་སྟེ། དཀར་པོ་དང་སྔོན་པོ་དང། སེར་པོའོ། །བྱང་ཕྱོགས་སུ་རྡོ་ རྗེ་རིན་ཆེན་དང། དུམ་སྐྱེས་མ་སྟེ། སེར་བ་དང། སྔོ་བ་དང་ལྗང་གུའོ། །ནུབ་ཕྱོགས་སུ་རྟ་མགྲིན་དང། ཆང་ཚོང་མ་སྟེ་དམར་བ་དང། སྔོ་བ་དང། དཀར་བའོ། །ལྷོ་ཕྱོགས་ སུ་ནམ་མཁའི་སྙིང་པོ་དང། འཁོར་ལོའི་གོ་ཆ་མ་སྟེ། སྔོ་བ་དང། དམར་བ་དང། ལྗང་གུའོ། །མེའི་ཕྱོགས་སུ་ཁྲག་འཐུང་དང། རབ་དཔའ་མོ་སྟེ། ལྗང་གུ་དང། སེར་པོ་དང་ [210B] །བདེན་བྲལ་དུ་པདྨ་གར་གྱི་དབང་ཕྱུག་དང་སྟོབས་ཆེན་མོ་སྟེ། དཀར་བ་དང། སྔོ་བ་དང། ལྗང་གུའོ། །རླུང་གི་ཕྱོགས་སུ་རྣམ་པར་སྣང་མཛད་དང། འཁོར་ལོས་བསྒྱུར་མ་སྟེ་ ལྗང་བ་དང། དམར་བ་དང། སེར་བའོ། །དབང་ལྡན་གྱི་ཕྱོགས་སུ་རྡོ་རྗེ་སེམས་དཔའ་དང། བརྩོན་འགྲུས་ཆེན་མོ་སྟེ། ནམ་མཁའི་མདོག་ཅན་སྔོ་བསངས་དང། སེར་བ་དང། ལྗང་གུའོ། ། ཤར་ཕྱོགས་ཀྱི་སྒོར་ཁྭ་གདོང་མ་སྟེ། སྔོ་བ་དང། སེར་བ་དང། དམར་བའོ། །བྱང་དུ་འུག་གདོང་མ་སྟེ། ལྗང་གུ་དང། དམར་བ་དང། དཀར་བའོ། །ནུབ་ཏུ་ཁྱི་གདོང་མ་སྟེ། སེར་བ་ དང། སྔོ་བ་དང། ལྗང་གུའོ། །ལྷོ་རུ་ཕག་གདོང་མ་སྟེ། དམར་བ་དང། སྔོ་བ་དང། ལྗང་གུའོ། །མེའི་ཕྱོགས་སུ་གཤིན་རྗེ་སྲེག་མ་སྟེ། དཀར་བ་དང། སྔོ་བ་དང། ལྗང་གུའོ། །བདེན་ བྲལ་དུ་གཤིན་རྗེ་ཕོ་ཉ་མ་སྟེ། སྔོ་བ་དང། དཀར་བ་དང་དམར་བའོ། །རླུང་གི་ཕྱོགས་སུ་གཤིན་རྗེ་མཆེ་བ་མ་སྟེ། །དུད་ཀ་དང། དམར་བ་དང། དཀར་བའོ། །དབང་ལྡན་དུ་གཤིན་རྗེ་ འཇོམས་མ་སྟེ། དམར་བ་དང། སྔོ་བ་དང། དཀར་བའོ། །ཐོད་པའི་དུམ་བུ་ལ་སོགས་པ་དང། རབ་གཏུམ་མ་ལ་སོགས་པ་རྡོ་རྗེ་དྲིལ་བུས་མཉམ་པར་ལྡན་པ་རལ་གྲི་དང་ཅང་ཏེའུ་ དང། མགོ་བོ་དང། ཐོད་པ་དང། ཁ་ཊཱཾ་ག་འཛིན་པ། པདྨ་པདྨའི་དྲིལ་བུ་དང། འཁོར་ལོ་འཁོར་ལོའི་དྲིལ་བུ་སྟེ། །སྐུ་གསུང་དག་ནི་གཉིས་པོ་ཡང། །ཐུགས་ཀྱི་འཁོར་ལོ་ཇི་ལྟ་ [211A]༄༅། །པའོ༑ ༑ལྷ་མོ་ཅང་ཏེའུ་རལ་གྲི་དང། གྲི་གུག་ཀྱང་ནི་དེ་བཞིན་ཏེ། །ཁྭ་གདོང་ལ་སོགས་པ་ནི། རལ་གྲི་དང། ཅང་ཏེ་འུ་དང། གྲི་གུག་དང། ཐོད་པ་དང་ ཁ་ཊཱཾ་ག་དང། མགོ་པོ་དང། དྲིལ་བུ་འཛིན་པའོ། །གཤིན་རྗེ་སྲེག་མ་ལ་སོགས་པ་ནི། ཐོད་པ་དང། ཁ་ཊཱཾ་ག་དང། རལ་གྲི་དང། ལྕགས་ཀྱུ་དང། ཅང་ཏེའུ་དང། དྲིལ་བུ་ དང། མགོ་བོ་འཛིན་པའོ། །དེ་ཐམས་ཅད་ཀྱང་སྤྱན་གསུམ་པ། ཕྱག་རྒྱ་ལྔས་རྣམ་པར་བརྒྱན་པ། ན་རའི་པགས་པ་མནབས་པ། དཔའ་བོ་རྣམས་ནི། གཡས་བརྐྱང་བས་ བཞུགས་པ། ཐོད་པའི་ཕྲེང་བ་ཅན། རང་གི་རིགས་ཀྱི་ཅོད་པན་ཅན་ཡི་དྭགས་ཀྱི་སྟེང་ན་བཞུགས་པ། རྣལ་འབྱོར་མའི་བྱིན་པ་གཉིས་ཀྱིས་ལེགས་པར་འཁྲིལ་བ། །གཅེར་བུ་སླ་ གྲོལ་བ༑ དུམ་བུའི་རྒྱན་གྱི་སྐ་རགས་ཅན། །ཁྭ་གདོང་མ་ལ་སོགས་པ་དང། གཤིན་རྗེ་སྲེག་མ་ལ་སོགས་པའི་ལྷ་མོ་རྣམས་ནི། གཅེར་བུ་སྐྲ་གྲོལ་བ། ཡི་དྭགས་ཀྱི་སྟེང་དུ་ གཡས་བརྐྱང་བའི་ཞབས་ཀྱིས་གནས་པ། སྤྱན་གསུམ་པ། ཕྱག་རྒྱ་ལྔས་རྣམ་པར་བརྒྱན་པ། ཐོད་པའི་ཕྲེང་བ་ཅན། གསུས་པ་རློ་བ། སྐྱེ་གནས་རིང་བ་མཆེ་བ་རྣམ་པར་ གཙིགས་པའི་ཞལ་མངའ་བ། ཐུགས་རྗེའི་ཆགས་པའི་རོས་རྣམ་པར་མྱོས་པ། འཇིགས་པའི་གཡོ་བས་འཇིགས་སུ་རུང་བ། འདི་ལྟར་མ་ལུས་བསྒོམས་ནས་ནི། །ཡེ་ [211B] །ཡེ་ཤེས་ཆུ་སོགས་ཨརྒ་དང་།དམ་ཚིག་མཆོག་གིས་མཆོད་པར་བྱ། །མཐོང་མ་ཐག་ཏུ་དབང་ཡང་བསྐུར། །མཆོད་ནས་ཐིམ་པར་བྱས་ནས་ནི། །ཡེ་ ཤེས་བཟླས་པའི་ཆོ་ག་བཞིན། །བཏབ་ནས་འཐོར་འཐུང་རབ་ཏུ་བྱ་།སྲོག་དང་རྩོལ་བའི་སྦྱོར་བ་ཡིས། །འདོད་པའི་དངོས་གྲུབ་ཐོབ་པ་ཡིན། །དམ་ཚིག་འཁོར་ལོ་བཟླས་བྱས་ ནས༑ ༑འཆི་མེད་ཡེ་ཤེས་ལྔ་ལྷན་ཅིག་གསང་སྔགས་ཁྲོ་བོའི་ཚིག་གིས་བཟླ། །བདེ་བའི་དངོས་གྲུབ་སྟེར་བར་མཛད། །དཀྱིལ་འཁོར་མ་ལུས་ཐམས་ཅད་བྱ། །མཉམ་པར་ བཞག་སྟེ་བཟླས་པ་བྱ། །ཤེས་རབ་ཐབས་ཀྱི་ཆོ་ག་བཞིན། །རྣལ་འབྱོར་བཟླས་པ་དོན་ཆེན་སྟེར། །རྣལ་འབྱོར་མ་དང་མཁའ་འགྲོ་དཔའ། །མངོན་སུམ་དུ་ནི་མཆོག་ཀྱང་ སྩོལ༑ ༑ཨོཾ་ཤྲཱི་ཨ་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཨ་ཨཱ། ཨི་ཨཱི། ཨུ་ཨཱུ་ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་ཧྲཱི་ཧ་ཧ་ཧུཾ་ཧཱུཾ་ཕཊ། ཨོཾ་བཛྲ་བཻ་རོ་ཙ་ནཱ་ཡེ་ཧུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་ སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་བརྞྞ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ་སཱཧཱ། དཔལ་ཁྲག་འཐུང་དང། ཕག་མོའི་སྙིང་པོ་དང་ཉེ་བའི་སྙིང་པོའོ། །ཨོཾ་ཌཱ་ཀི་ནཱི་ཌཱོཾ་ཌཱཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ལཱ་མེ་ལཱཾ་ཧུཾ་ཧཱུཾ་ ཕཊ༑ ཨོཾ་ཁཎྜ་རོ་ཧེ་ཁཾ་ཧུཾ་ཧཱུཾ་ཕཊ། ཨོཾ་རཱུ་པི་ཎཱི་ཡེ་རུཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཀ་ར་ཀ་ར་ཀཾ་ཧུཾ་ཧཱུཾ་ཕཊ། ཨོཾ་པྲ་ཙཎྜེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཀུ་རུ་ཀུ་རུ་མ་ཧུཾ་ཧཱུཾ་ཕཊ། ཨོཾ་ཎྜཱ་ཀྵཱི་ཡེ་ཧཱུཾ་ཧཱུཾ་ [212A]༄༅། །ཕཊ། ཨོཾ་བྷནྡྷ་བྷནྡྷ་ཀཾ་ཧུཾ་ཧཱུཾ་ཕཊ། ཨོཾ་པྲ་བྷ་བ་ཏི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཏྲཱ་ས་ཡ་ཏྲཱ་ས་ཡ་བཾ་ཧུཾ་ཧཱུཾ་ཕཊ། ཨོཾ་མཧཱ་ནཱ་སེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཀྵོ་བྷ་ཡ་ཀྵོ་བྷ་ཡ་སཾ་ཧུཾ་ཧཱུཾ་ཕཊ། ཨོཾ་བའི་ ར་མ་ཏཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧྲོཾ་ཧྲོཾ་ཨཱཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཁརྦ་རཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧྲཿ་ཧྲཿ་བཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ལཾ་ཀེ་ཤྭ་རཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཕེཾ་ཕེཾ་བཾ་ཧུཾ་ཧཱུཾ་ཕཊ། ཨོཾ་དྲུ་མ་ཙྪ་ཡེ་ཧུཾ་ཧཱུཾ་ཕཊ་ ཨོཾ་ཕཊ་ཕཊ་ཨོཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཨེ་ར་བ་ཏཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ད་ཧ་ད་ཧ་བཾ་ཧུཾ་ཧཱུཾ་ཕཊ། ཨོཾ་མཧཱ་བཧཻ་ར་བི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་པ་ཙ་པ་ཙ་མཾ་ཧུཾ་ཧཱུཾ་ཕཊ། ཨོཾ་བཱ་ཡུ་བེ་གེ་ཧུཾ་ཧཱུཾ་ཕཊ། ཨོཾ་ བྷཀྵ་བྷཀྵ་བ་ས་རུ་དཧི་ར་ཨནྟ་མཱ་ལ་བ་ལཾ་བི་ནཱཾ་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་སུ་ར་བྷཀྵི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་གྲིཧྞ་གྲིཧྞ་སུ་སབྟ་པཱ་ཏཱ་ལ་ག་ཏ་བཧུ་ཛཾ་ག་སརྦཾ་པཱ་ཏརྫྫ་ཡ་ཏརྫྫ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་ཤྱཱ་མ་དེ་བའི་ ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ཀཌྜྷྱ་ཨཌྜྷྱ་བཾ་ཧུཾ་ཧཱུཾ་ཕཊ། ཨོཾ་སུ་བྷ་དྲེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧྲིཾ་ཧྲིཾ་མཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧ་ཡ་ཀརྞྞེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཇྞཽཾ་ཨོཾ་ཇྞཽཾ་བཾ་ཧུཾ་ཧཱུཾ་ཕཊ་ཨོཾ་ཁ་གཱ་ན་ནེ་ཧུཾ་ཧཱུཾ་ཕཊ་ ཨོཾ་ཀྵྨཾ་ཀྵྨཱཾ་སཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཙཀྲ་བེ་གེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧཾ་ཧཾ་རཱ་ཧུཾ་ཧཱུཾ་ཕཊ། ཨོཾ་ཁཎྜ་རོ་ཧི་ཧུཾ་ཧཱུཾ་ཕཊ། ཨོཾ་ཧིཾ་ཧི་ཧཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཤཽཎྜི་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧཱུཾ་ཧཱུཾ་ཧཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཙཀྲ་ཝརྨི་ ཎི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཀི་ལི་ཀི་ལི་ཧཾ་ཧུཾ་ཧཱུཾ་ཕཊ། ཨོཾ་སུ་བའི་རེ་ཧུཾ་ཧཱུཾ་ཕཊ། ཨོཾ་སི་ལི་སི་ལི་བཾ་ཧུཾ་ཧཱུཾ་ཕཊ། ཨོཾ་མཧཱ་བ་ལེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧི་ལི་ཧི་ལི་བཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཙཀྲ་བརྟི་ནི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་དཧི་ལི་ [212B] ཨོཾ་མཧཱ་བའི་རྱེ་ཧུཾ་ཧཱུཾ་ཕཊ་ཨོཾ་ཀཱ་ཀཱ་སྱཱེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཨུ་ལཱུ་ཀཱ་སྱེ་ཧུཾ་ཧཱུཾ་ཕཊ་ཨོཾ་ཤཱ་ནཱ་སྱེ་ཧུཾ་ཧཱུཾ་ཕཊ། ཨོཾ་སཱུ་ཀ་རཱ་སྱེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དཱ་ཌྷཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་ དུ་ཏཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དཾཥྚི་ཎཱ་ཡེ་ཧུཾ་ཧཱུཾ་ཕཊ་ཨོཾ་ཡ་མ་མ་ཐ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། འདི་དག་ཇི་ལྟའི་རིམ་པ་ཡིས། །བཟླས་དང་སྒོམ་པ་བྱས་ནས་ནི། །ཡེ་ཤེས་བདུད་རྩི་སྒོམ་བྱས་ནས།། རང་གི་ལྷ་ཡི་སྦྱོར་བས་གནས། །མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས། དབང་པོ་རྣོན་པོའི་སྒོམ་པ་རྗེས་སུ་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།རྡོ་རྗེ་སྙིང་ པོས་གསུངས་པ། དེ་ནས་མཆོག་གི་དམ་པ་བཤད། །མཉམ་པར་སྦྱོར་བའི་སྡོམ་པ་དག་སངས་རྒྱས་ཀུན་དང་མཉམ་སྦྱོར་བ། །མཁའ་འགྲོ་མ་ཡི་སྡོམ་བ་མཆོག་གཅིག་ཅར་ འཇུག་པ་མཐོང་ནས་སུ། །རྡོ་རྗེ་སེམས་དཔའ་བསྒོམས་ནས་སྤྲོ། །ཨཱ་ལི་ཀཱ་ལི་ལས་བྱུང་བ། །ཧེ་རུ་ཀར་ནི་བདག་ཉིད་བྱས། །སེར་དང་སྔོ་དང་ལྗང་ཀུ་སྟེ། །སྟེང་ནི་དཀར་པོ་ཞི་བའོ།། དབུ་རྒྱན་ཐོད་པའི་ཅོད་པན་ཅན། །སྤྱན་གསུམ་ཐུགས་རྗེ་དྲག་པོ་སྟེ། །ཕག་མོ་ཡིས་ནི་རྣམ་པར་བརྒྱན། །འཇིགས་བྱེད་དང་ནི་དུས་མཚན་གྱི། །མགོ་ལ་གཡས་བརྐྱང་གནས་ བས་བཞུགས། །དྲག་པོ་གདུལ་དཀའ་འདུལ་མཛད་ཅིང། །བགེགས་རྣམས་ཐམས་ཅད་འདུལ་བར་མཛད། །ཟླ་བ་ཕྱེད་དང་རལ་པ་འཆིང། །སྣ་ཚོགས་རྡོ་རྗེ་རྣམ་པར་གནོན། །སྐུ་ལ་ [213A]༄༅། །ཕྱག་རྒྱ་དྲུག་གིས་མཚན། །ཕྱག་རྒྱ་སྡོམ་པ་མཆོག་ཡིན་ཏེ། །སྟག་གི་པགས་གི་པགས་གས་[?]སུམ་ནབས། །མགོ་བོའི་ཕྲེང་བས་རྣམ་པར་བརྒྱན། །རྡོ་རྗེ་ཕག་མོ་དམར་ མོ་སྟེ༑ ༑གཅེར་བུ་སྐྲ་ནི་གྲོལ་བ་ཡིན། །དེ་ཡི་སྐུ་དང་ཞལ་དང་མཚན། །བྱིན་བ་གཉིས་ཀྱིས་ལེགས་པར་འཁྲིལ། །ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། །མཆུ་དང་མཆུ་ནི་བི་དི་དམ།། གཡེར་ཁ་ཡི་ནི་སྐ་རགས་ཅན། །རིགས་ཀྱི་དགའ་བས་རྣམ་པར་མོས་།རྡོ་རྗེ་དྲིལ་བུ་མཉམ་ལྡན་པས། །ཕག་མོ་ཡི་ནི་ཀུ་ཙ་འཛིན་།ཐོད་པ་དང་ནི་ཁ་ཊཱཾ་འཛིན། །ཞགས་པ་ལྕགས་ ཀྱུ་མཆོག་ཀྱང་འཛིན། །ཚངས་པའི་པགས་པ་བརྐྱང་ནས་ནི། །མགོ་བོའི་སྟེང་དུ་ཕྱག་གིས་འཛིན། །ཅང་ཏེའུ་སྒྲ་ནི་སྙན་བདག་།ཆོས་ཀྱི་སྒྲས་ནི་རབ་ཏུ་འགེངས། །གཡོན་དང་ གཡས་ཀྱི་ཐད་དུ་ནི། །མཁའ་འགྲོ་བཞི་པོ་རྣམ་པར་བསྒོམ། །གཡས་ཕྱོགས་མཁའ་འགྲོ་མ་ལཱ་མ། །བྱང་དུ་བུ་མ་སྐྱེས་གཟུགས་ཅན་མ་།སྔོ་དང་དུར་སྨྲིག་དཀར་ལ་སེར། ། སྤྱན་གསུམ་རྣམ་བསྒྱུར་དྲག་པོ་དང། །དཀར་སྔོན་ལྗང་དམར་དུར་སྨྲིག་སྟེ། །དེ་ནི་རབ་ཏུ་ཆེར་འབར་བའོ། །གཡས་པའི་ཕྱོགས་སུ་བསྒོམས་ནས་ནི། །དངོས་གྲུབ་ཐམས་ཅད་ རབ་ཏུ་སྩོལ། །གཡོན་ཕྱོགས་དམར་དང་སྔོ་དང་ལྗང། །དཀར་པོ་སྟེང་གི་ཞལ་དེ་བཞིན། །ལྗང་དང་དམར་པོ་སེར་པོ་སྟེ། །སྟེང་གི་སྔོན་པོ་བདེ་བའང་དེ། །གཡས་བརྐྱང་བ་ཡི་ [213B] །ཕྱོགས་ཀྱི་གོས་མཆོག་འཆང་བ་དང་།སྐྲ་གྲོལ་བ་ནི་འཇིགས་པ་སྟེ། །མགོ་བོའི་ཕྲེང་བས་རྣམ་པར་བརྒྱན། །བདུད་བཞི་པོ་ནི་ཞབས་འོ་ག་གནོན། །ཕྱག་རྒྱ་ལྔ་ཡིས་ རྣམ་པར་བརྒྱན། །ཐོད་པ་དང་ནི་ཁ་ཊཱཾ་འཛིན། །རྡོ་རྗེ་མདུང་ནི་ཕྱག་ན་བསྣམས། །ན་རའི་པགས་པ་གོས་སུ་མནབས། །དྲིལ་བུ་ཅང་ཏེའུ་དེ་བཞིན་ཏེ། །མགོ་བོའི་གྲི་གུག་ཕྱག་ན་ བསྣམས། །གཡེར་ཁའི་སྐ་རགས་སྒྲ་སྒྲོག་པ། །རྐང་རྒྱན་རུ་ལུ་རུ་ལུའི་སྒྲ། །སྣ་ཚོགས་པདྨའི་སྟེང་དུ་ནི། །ཉི་མའི་དཀྱིལ་འཁོར་དབུས་བཞུགས་ཏེ། །གདན་གཅིག་ལ་ནི་རྣམ་པར་ བཞུགས། །སྙིང་ལ་དམ་ཚིག་ཡེ་ཤེས་ནི། །དེ་མཆོག་ཕྱག་དང་ཕྱག་མཚན་ཏེ། །རྡོ་རྗེ་སེམས་དཔའ་ཧེ་རུ་ཀ་མི་བསྐྱོད་པ་ཡི་ཅོད་པན་ཅན། །ཐམས་ཅད་དེ་ལྟར་བསྒོམས་ནས་ནི།། མཚན་དང་དཔེ་བྱད་དང་བཅས་པ། །ཡེ་ཤེས་གཅིག་ཏུ་བྱས་ནས་ནི་།མཁའ་འགྲོ་མ་ཡི་སྡོམ་པ་བཟླ། །ཨོཾ་ཨཱ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཌཱ་ཀི་ནཱི་ཛཱ་ལ་ཤཾ་བ་རཾ་ཧཱུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་ཧྲཱི་ཧ་ཧ་ཧུཾ་ཧཱུཾ་ ཕཊ། ཨོཾ་ཨཱབཛྲ་བཱ་རཱ་ཧཱི་ཧྱེ་བཾ། ཌཱ་ཀི་ནཱི་ཛཱ་ལ་ཤཾ་བ་རཾ་ཧུཾ་ཧཱུཾ་ཕཊ་སཱཧཱ་ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ་སཱཧཱ། དཔལ་ཁྲག་འཐུང་དང། །ཕག་མོའི་སྙིང་པོ་དང་ཉེ་བའི་སྙིང་པོའོ། །ཨོཾ་བཛྲ་ རཱ་ཀི་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། །ཨོཾ་བཛྲ་ལཱ་མེ་ཧུཾ་ཧཱུཾ་ཕཊ་ཨོཾ་བཛྲ་ཁཎྜ་རོ་ཧེ་ཧུཾ་ཧཱུཾ་ཕཊ། ཨོཾ་བཛྲ་རཱུ་པི་ཎཱི་ཡེ་སཱཧཱ། འདི་དག་ཇི་ལྟའི་རིམ་པ་ཡིས། །བཟླས་པ་དང་ནི་བསྒོམ་པ་བྱ། །དུས་བཞིའི་ [214A]༄༅། །རྗེས་འབྲང་རིམ་པ་ཡིས། །དམ་ཚིག་སྡོམ་པ་གཉིས་མེད་པ་།མར་མེ་ལྔ་ཡང་བཟའ་བར་བྱ། །རྟག་ཏུ་དུར་ཁྲོད་ནང་དུ་བསྒོམ་།ནུབ་བདུན་དུ་ནི་ སྦྱོར་བ་ཡིས། །མི་སྣང་དངོས་གྲུབ་ངེས་པར་འགྲུབ། །མཐོང་བར་བྱེད་པར་ཡང་ཀུན་འགྲོ། །སྣ་ཚོགས་གཟུགས་ཅན་བདེ་བ་ཆེ། །བཟའ་བ་རྣམས་ནི་བཟའ་བྱ་ཞིང། །སྒོམ་ གྱི་བཏུང་བའང་དེ་བཞིན་ཏེ། །ཕྱོགས་ཀྱི་གོས་ཅན་གར་གྱིས་ནི་།མྱོས་ཤིང་མྱོས་པ་ལྟ་བུར་གནས། །གྲིབ་མ་ཡང་ནི་མེད་པ་རུ་།རྣལ་འབྱོར་ཆེན་པོ་རྣམ་པར་སྤྱོད།། མ་ཧཱ་རུ་དཧིར་བཅས་པ་ཡི། །དྲི་ཆེན་ཆུ་ནི་མཉམ་ལྡན་པས། །མཱཾ་ས་སྣ་ཚོགས་དུ་མ་དག་རྩེ་གཅིག་པ་ཡི་བཟའ་བ་བཟའ། །ནང་གི་བདག་ཉིད་སྦྱོར་ལྡན་པས། །རྟག་ཏུ་ཞེན་ པས་འགྲོ་བར་བྱ། །མཉམ་པར་མ་བཞག་སྦྱོར་བའི་བདག་ཡེ་ཤེས་མིག་གིས་མཐོང་བ་ཡིན། །མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས། མཁའ་འགྲོ་མ་བཞིའི་སྦྱོར་ བའི་སྡོམ་པའི་ཆོ་ག་སྟེ་ལེའུ་བཅུ་དགུ་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །ཆོ་ག་བཟང་པོ་བཞིན་དུ་ནི། །ཞལ་བརྒྱད་པ་ལ་ཕྱག་བཅུ་དྲུག་ཡང་ན་ ཞལ་ནི་བཅུ་གཉིས་ཏེ། །ཕྱག་ནི་ཉི་ཤུ་རྩ་བཞིའོ། །ཡང་ན་སྣ་ཚོགས་ཕྱུགས་ཀྱི་ཞལ། །ཕྱག་ནི་བརྒྱ་དང་ལྡན་པར་བྱ། །ཡང་ན་དེ་བཞིན་གཤེགས་པའི་རིགས། །བྱང་ཆུབ་ [214B] །མཁའ་འགྲོ་མ་དང་གཟུགས་དང་ནི་།ཕ་རོལ་ཕྱིན་པའང་དེ་བཞིན་ཏེ། །ཕན་ཚུན་བྱེ་བྲག་ཅན་གྱིས་ཞལ། །མདོག་གི་བྱེ་བྲག་སྣ་ཚོགས་དང་ ཕྱག་ནི་སྟོང་དང་འབུམ་གྱི་བར། །སྣ་ཚོགས་ཕྱག་མཚན་འཛིན་པ་དང། །སྣ་ཚོགས་པ་ཡི་ཞལ་ལྡན་པ། །སྣ་ཚོགས་པ་ཡི་གར་མཛད་ཅིང། །གཡས་བརྐྱང་པ་ཡི་གཡེངས་ པས་བཞུགས། །འཇིགས་བྱེད་ཆེན་པོ་དང། དུས་མཚན་ལ་སོགས་པ་དང་ཚངས་པ་དང། དབང་པོ་དང། ཉེ་དབང་དང། དྲག་པོ་དང་ཁྱབ་འཇུག་དང། ཀུན་འགྱེད་ གཞོན་ནུ་དང། །ཀརྟི་ཀ་དང། ནག་པོ་ཆེན་པོ་དང། དགའ་བྱེད་དབང་ཕྱུག་དང། གཤིན་རྗེ་དང། ཆུ་ལྷ་དང། ཀུ་བེ་ར་དང་ཟླ་བ་དང། ཉི་མ་དང། སྣ་ཚོགས་པའི་ བདུད་དང། བགེགས་ཐམས་ཅད་ཁ་སྦུབ་ཏུ་ཞབས་ཀྱིས་མནན་པར་བལྟས་ཏེ། འཇིགས་སུ་རུང་བ། བཞིན་རྣམ་པར་འགྱུར་བ། དྲག་པོ་མཆེ་བ་རྣམ་པར་གཙིགས་པ་ བཞད་པ། མི་སྡུག་པ། རབ་ཏུ་འཇིགས་པ། དཔའ་བ། སྒེག་པ། རྔམ་པ། སྨིན་པ་རྣམ་པར་གཡོ་བ། སྙེམས་པ། ཞི་བ། གཡོ་བ། ཞལ་མི་གཡོ་བ། ཞལ་རྣམ་ པར་གདངས་པ། རྣམ་པར་རོལ་པ། ལྗགས་རྣམ་པར་བསྐྱོད་པ། སྣ་ཚོགས་པའི་ཉམས་ཀྱིས་མཆོག་སྟེར་བར་མཛད་བའོ། །ཐོད་བའི་ཕྲེང་བ་དང། ཟླ་བ་ཕྱེད་དང། སྣ་ [215A]༄༅། །ཚོགས་རྡོ་རྗེས་དབུ་ལ་མནན། །སངས་རྒྱས་ལྔ་ཡི་ཅོད་པན་ཅན། །རྡོ་རྗེ་སེམས་དཔའ་སྤྱི་གཙུག་རྒྱན། །སྤྱན་གསུམ་སྟག་གི་པགས་པ་མནབས། ། མགོ་རློན་ཕྲེང་བས་སྐུ་ལུས་བརྒྱན། །ཕྱག་རྒྱ་དྲུག་པོ་སྐུ་ལ་རྫོགས། །ཕྲེང་བའི་རྒྱན་གྱིས་སྤུད་མཛད་པའོ། །སྐུ་ལ་པག་མོས་འཁྲིལ་མཛད་ཅིང། །ཕྱོགས་ཀྱི་གོས་ཅན་སྐྲ་ གྲོལ་བ༑ ༑ཕྱག་གཉིས་པ་ལ་ཞལ་གཅིག་པ། །དུམ་བུའི་རྒྱན་གྱི་སྐ་རགས་ཅན། །ཐོད་པའི་ཕྲེང་བའི་རྒྱན་ཅན་ཏེ། །རྡོ་རྗེ་སྡིགས་མཛུབ་ཐོད་པས་འཁྱུད། །བྱིན་པ་ གཉིས་ཀྱིས་མཉམ་པར་འཁྱུད། །དགའ་བས་ཁྱབ་ཅིང་རྣམ་པར་མྱོས་།རྡོ་རྗེ་དྲིལ་བུས་མཉམ་པར་ལྡན། །ལྷ་མོའི་ཀུ་ཙ་འཚིར་བ་དང་།ཐོད་པ་དང་ནི་ཁ་ཊཱཾ་འཛིན། ། གླང་པོའི་པགས་པ་བརྐྱང་པ་སྟེ། །ལྕགས་ཀྱུ་ཞགས་པ་དགྲ་སྟ་དང། །མདུང་རྩེ་གསུམ་པ་མགོ་བོ་ཉིད། །ཅང་ཏེའུ་དང་ནི་གྲི་གུག་དང། །མདའ་དང་གཞུ་ཡང་དེ་བཞིན་ ཏེ༑ ༑ཐོད་པའི་དབྱིག་ཏོ་མདུང་ཐུང་དང། །བསྡིགས་མཛུབ་དང་ནི་གཏུན་ཤིང་དང། །འཁོར་ལོ་རལ་གྲི་རིན་ཆེན་དང། །པདྨ་སྣ་ཚོགས་རྡོ་རྗེ་དང། །དབྱུག་ཏོ་ཡུ་བ་རྡོ་རྗེ་ ཅན༑ ༑ག་ད་མདུང་དང་པ་ཊི་ས། །གཤིན་རྗེ་དབྱུག་ཏོ་ཆུ་གྲི་དང། །དུང་དང་རྭ་དུང་པ་ཊ་ཧ། །པི་ཝང་གླིང་བུ་རྫ་རྔ་ཆེ། །རྫ་རྔ་མཚོན་ཆ་ཕྱག་མཚན་བསྣམས། །རྩེ་མོ་རྣོ་བར་ [215B] །སྣ་ཚོགས་ཕྱག་མཚན་སྣ་ཚོགས་འབྱུང། །ཇི་སྲིད་ཕྱག་ནི་འབུམ་གྱི་བར། །ཕྱག་རྒྱ་སྣ་ཚོགས་དེ་བཞིན་ཏེ་།ཆོ་ག་སྣ་ཚོགས་དེ་བཞིན་ནོ། །མཁའ་འགྲོ་མ་ སོགས་འཁོར་རྣམས་དང། །དཔའ་བོ་དག་ནི་ཐམས་ཅད་དང། །རྣལ་འབྱོར་མ་ནི་སྣ་ཚོགས་དག་མདོག་ནི་མཐའ་ཡས་སྣ་ཚོགས་མདོག་།ཕྱག་མཚན་སྣ་ཚོགས་འཛིན་པ་ ཡིན༑ ༑ཕྱོགས་ཀྱི་གོས་འཆང་སྐྲ་གྲོལ་ཞིང། །སྣ་ཚོགས་ཉམས་ཀྱིས་བདེ་བ་ཅན། །འཇིགས་རུང་དྲག་པོ་ཧ་ཧ་བཞད། །སྣ་ཚོགས་གར་གྱིས་ལོངས་སྤྱོད་ཅིང། །གླུ་དང་རོལ་མོ་ ཉམས་དེ་བཞིན། །སྣ་ཚོགས་དམ་ཚིག་ཟས་རྣམས་དང། །མེ་ཏོག་སྣ་ཚོགས་ཡིད་འོང་བ། །དྲི་དང་བདུག་པ་དེ་བཞིན་གོས། །མར་མེ་ཕྲེང་བ་ཡིད་འོང་བ། །ཕུན་སུམ་ཚོགས་པའི་ མཆོད་པ་རྣམས། །མདོག་ནི་སྣ་ཚོགས་མཆོག་དམ་པ། །འདི་ལྟར་སྔགས་པས་བསྒོམས་ནས་ནི། །རྣལ་འབྱོར་མཆོག་གིས་རྫོགས་བྱས་ནས། །དེར་ནི་ཕྲེང་བ་སྔགས་ཀྱང་བཟླས།། ཡི་གེ་ཉི་ཤུ་གཉིས་བསྲེས་ནས། །ལྷ་མོ་རྡོ་རྗེ་ཕག་མོ་ནི། །འདི་ལྟར་དེ་བཞིན་བསྒོམ་བར་བྱ། །ཞལ་གདོང་སྣ་ཚོགས་ལེགས་མཛེས་པ་།ཕྱག་མཚན་སྣ་ཚོགས་འཛིན་པ་སྟེ། །ཕྱོགས་ ཀྱི་གོས་ཅན་སྐྲ་གྲོལ་བ། །བྱང་ཆུབ་ཕ་རོལ་ཕྱིན་པ་སྟེ། །ས་འཛིན་ཐམས་ཅད་དེ་བཞིན་ནོ། །འདི་ལྟར་ཆོ་ག་བྱས་ནས་ནི་།ཕྲེང་བས་གསང་སྔགས་བཟླ་བར་བྱ། །ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ [216A]༄༅། །ཀཾ་ཀ་ར་ཀ་ར། ཀུ་རུ་ཀུ་རུ། བནྡྷ་བནྡྷ། ཏྲ་ས་ཡ་ཏྲ་ས་ཡ། ཀྵོ་བྷ་ཡ་ཀྵོ་བྷ་ཡ། ཧྲོཾ་ཧྲོཾ། ཧྲཧྲ། ཕེཾ་ཕེཾ། ཕཊ་ཕཊ། ད་ཧ་ད་ཧ། པ་ཙ་པ་ཙ། བྷཀྵ་བྷཀྵ་ བ་ས་རུ་དཧི་ར། ཨནྟ་མཱ་ལཱ་བ་ལཾ་བི་ནེ། གྲིཧྞ་གྲིཧྞ། སཔྟ་པཱ་ཏཱ་ལ་ག་ཏ་བཧུ་ཛཾ་ག་སརྦཾ་པཱ་ཏརྫྫ་ཡ་ཏརྫྫ་ཡ་ཨཱ་ཀཌྜྷ་ཨཱ་ཀཌྜྷ། ཧྲཱིཾ་ཧྲཱིཾ། ཛྞཽཾ་ཛྞཽཾ། ཀཥྨཱཾ་ཀཥྨཱཾ། ཧཱཾ་ཧཱཾ། ཧཱིཾ་ཧཱིཾ། ཧཱུཾ་ཧཱུཾ། ཀི་ལི་ཀི་ལེ། སི་ ལི་སི་ལི། ཧི་ལི་ཧ་ལི། དཧི་ལི་དཧི་ལི། ཧུཾ་ཧཱུཾ་ཕཊ། ཌཱ་ཀི་ནཱི་ཛཱ་ལ་སཾ་བ་རཾ་ཧུཾ་ཧཱུཾ་ཕཊ་སཱཧཱ། འདི་ནི་སྙིང་པོ་མཆོག་ཡིན་ཏེ། །ལས་རྣམས་ཐམས་ཅད་བྱེད་པ་དགེ་དཔའ་བོས་ས་ བོན་རང་མིང་དང། །རྣལ་འབྱོར་མོས་པས་རྟག་བཟླས་ན། །མ་ལུས་ལུས་པ་མེད་འགྲུབ་ཅིང། །འགྲོ་བའི་གནས་སུ་འགྲོ་བར་བྱེད། །དུས་ནི་དེ་མ་ཐག་ཏུ་ཡང། །སྡོམ་པ་མཆོག་ ནི་གྲུབ་པ་ཡིན། །རྡོ་རྗེ་ཕག་མོའི་གསང་སྔགས་འདི། །འདོད་པའི་བདེ་བ་ཐམས་ཅད་སྩོལ། །ཨོཾ་བཛྲ་བཱ་རཱ་ཧི། པྲོ་ཏཾ་གེ་པྲོ་ཏཾ་གེ་ཧ་ན་ཧ་ན། པྲཱ་ཎཱི། ཀིཾ་ཀི་ནི་ཀིཾ་ཀི་ནི། ཁིཾ་ཁི་ ཎི་ཁུ་ལ་ནི། དཧུ་ན་དཧུ་ན། བཛྲ་ཧ་སྟེ། ཤོ་ཥ་ཡ་ཤོ་ཥ་ཡ། ཁ་ཊཱཾ་ག་ཀ་པཱ་ལ་དྷཱི་རི་ཎི། མ་ཧཱ་བི་ཤི་ཏ། མཱཾ་སཱ་ཤ་ནི། མཱ་ནུ་ཥ་ཨཾ་ཏྲ་པྲཱ་བྲྀཏྟེ། སིནྣི་དྱ་ན་ར་སི་ར་མཱ་ལ་གྲནྠི་ཏ་དྷ་རི་ཎི། སུམྦྷ་ ནི་སུམྦྷ། ཧ་ན་ཧ་ན། པྲཱ་ཎཱཾ། སརྦ་པཱ་པ་སཏཱ་ནཾ། སརྦ་པ་ཤཱུཾ་ནཱཾ། མ་ཧཱ་མཱ་སཙྪེ་ད་ནི། ཀྲོ་དྷ་མཱུརྟེ་དཾཥྚ་ཀ་རཱ་ལི་ནི་མ་ཧཱ་མུ་དྲེ། ཤྲཱི་ཧེ་རུ་ཀ་དེ་བ་སྱཱ། ཨ་གྲ་མ་ཧི་ཥི། ས་ཧ་སྲ་ཤི་རེ་ས་ཧ་ [216B] ཛྭ་ལི་ཏ་ཏེ་ཛ་སེ། ཛྭ་ལ་མུ་ཁེ། བིག་ལ་ལོ་ཙ་ནེ་བཛྲ་ཤཱ་རཱི་རེ་བཛྲ་ཨཱ་ས་ནེ། མི་ལི་ཏི། མི་ལི་ཏི། ཧེ་ཧེ། ཧ་ཧ། ཧཱུཾ་ཧཱུཾ། ཁ་ཁ་དཧུ་དཧུ། རུ་རུ། དཧུ་རུ་དཧུ་རུ་ མུ་རུ་མུ་རུ། ཨ་དྭཻ་ཏེ། མ་ཧཱ་ཡོ་གི་ནཾ་པ་ཐི་ཏ་སིདྡྷེ། དྲེཾ་དཧྲེཾ། དྲེཾ་དཧྲེཾ། དཾ་དཾ། དཧེཾ་དཧེཾ། གྲཾ་གྲཾ། ཧེ་ཧ། ཧ་ཧ་བྷཱི་མེ་ཧ་ས་ཧ་ས་བའི་རེ་ཧཱ་ཧཱ་ཧོ་ཧེ་ཧཱུཾ་ཧཱུཾ། ཏྲཻ་ལོ་ཀྱ་བི་ནཱ་ཤ་ནི། ཤ་ཏ་ས་ཧ་སྲེ་ཀོ་ ཊི་ཏ་ཐཱ་ག་ཏ་པ་རི་པཱ་རི་ཏེ་ཧཱུཾ་ཧཱུཾ་ཕཊ། སི་ཧ་རཱུ་པེ་ཁཿ་ག་ཛ་རཱུ་པེ་གཿ་ཏྲཻ་ལོ་ཀྱ་ཨུ་ད་རེ། ས་མུ་དྲ་མེ་ཁ་ལེ་གྲ་ས་ཧུཾ་ཧཱུཾ་ཕཊ། བའི་ར་དྭཻ་ཏེ་ཧུཾ་ཧཱུཾ་ཧཱ་ཧཱ་མ་ཧཱ་པ་ཤུ་མོ་ཧ་ནི། ཡོ་གའི་ཤྭ་རི་ཏཱཾ་ཌ་ཀི་ ནཱི་སརྦ་ལོ་ཀཱ་ནཱཾ། བདྡྷ་ནི། སཏྱ་ཧུཾ་ཧཱུཾ་ཕཊ། བྷཱུ་ཏ་ཏྲ་ས་ནི། མ་ཧཱ་བའི་རེ་པ་ར་མ་སིདྡྷེ་ཡོ་གའི་བིདྱེ་ཤྭ་ར་ཕཊ། ཧུཾ་ཧཱུཾ་ཕཊ་སཱཧཱ། རྡོ་རྗེ་ཕག་མོའི་རྩ་བའི་སྔགས་སོ། །འདི་ནི་རྡོ་རྗེ་ཕག་མོ་མཆོག་ སྙིང་པོ་མཆོག་ཏུ་གྲུབ་པ་ཡིན། །གང་གིས་བཟླས་དང་སྒོམ་པ་ཡི་།དེ་ཡིས་ལས་རྣམས་ཀུན་འགྲུབ་སྟེ། །ཐེ་ཚོམ་མེད་པར་མོད་ལ་འགྲུབ་།བདག་ཉིད་གནས་སུ་མཆོད་པ་སྟེ།། ཕྱི་རོལ་ནམ་ཡང་མ་ཡིན་ནོ། །གྲུབ་པའི་ཁྲག་འཐུང་དེ་ཉིད་ཀྱི་།གསང་སྔགས་རྩ་བ་བརྒྱད་ལྡན་པ། །ཨོཾ་ན་མོ་བྷ་ག་བ་ཏེ་བའི་རེ་ཤཱ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་མཧཱ་ཀལྤཱ་གནི་སཾ་ནི་བྷ་ཡ་ཧུཾ་ཧཱུཾ་ ཕཊ༑ ཨོཾ་ཛ་ཊཱ་མ་ཀུ་ཊོཏྐ་ཊ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་དཾཥྚྲཱ་ཀ་རཱ་ལོ་གྲ་བྷཱི་ཥ་ན་མུ་ཁཱ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་ས་ཧ་སྲ་བཧུ་ཛ་བྷཱ་སུ་རཱ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་པ་ར་ཤུ་པཱ་ཤོ་དྱ་ཏྲ་ཤཱུ་ལ་ཁ་ཊཱཾ་ག་དྷཱ་རི་ཎི་ཧུཾ་ཧཱུཾ་ཕཊ། ཨོཾ་ [217A]༄༅། །བྱཱ་གྷྲཱ་ཛི་ནཱམྤ་ར་དྷ་ར་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་མཧཱ་དཧུ་མྲཱནྡྷ་ཀཱ་ར་བ་པུ་ཥཱ་ཡ་ཧུཾ་ཧཱུཾ་ཕཊ། འདི་ནི་ཁྲག་འཐུང་གསང་སྔགས་ཏེ། །བདག་ཉིད་བསྒོམ་ཞིང་མཆོད་ པར་བྱ༑ ༑ཨོཾ་ན་མོ་བྷ་ག་བ་ཏེ་བཛྲ་བཱ་ར་ཧི་བཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཨཱརྱཱ་པ་ར་ཛི་ཏེ་ཏྲཻ་ལོཀྱ་མཱ་ཏེ་བིདྱེ་ཤྭ་རི་ཧུཾ་ཧཱུཾ་ཕཊ། ཨོཾ་བཛྲ་སརྦ་བཧུ་ཏ་བྷ་ཡ་བ་ཧེ་མ་ཧཱ་བཛྲེ་ཧུཾ་ཧཱུཾ་ཕཊ། ཨོཾ་བཛྲ་ཨཱ་ས་ནེ་ཨ་ པ་རཱ་ཛི་ཏེ་བ་ཤྱཾ་ཀ་རི་ནེ་ཏྲ་བཧྲ་མ་ཅི་ཧཱུཾ་ཧཱུཾ་ཕཊ་ཨོཾ་ཤོ་ཥ་ཎི་རོ་ཥ་ཎི་ཀྲོ་དྷ་ཀཱ་ར་ལི་ནི་ཧུཾ་ཧཱུཾ་ཕཊ། ཨོཾ་ཏྲ་ས་ནི་མཱ་ར་ཎི་སུ་པྲ་བཧེ་ད་ནི་པ་རཱ་ཛ་ཡེ་ཧུཾ་ཧཱུཾ་ཕཊ་ཨོཾ་བི་ཛ་ཡེ་ཛཾ་བྷ་ནི་སྟཾ་བྷ་ནི་མོ་ ཧ་ནི་ཧུཾ་ཧཱུཾ་ཕཊ། ཨོཾ་བཛྲ་པཱ་ར་ཧི་མ་ཧཱ་ཡོ་གི་ནཱི་ཀཱི་མེ་ཤྭ་རི་ཁ་གེ་ཧུཾ་ཧཱུཾ་ཕཊ། ན་མནི། ཐམས་ཅད་དུ་བྱའོ་།གསང་སྔགས་འདི་ཡིས་ལས་ཀུན་བྱ། །ཨཱ་ལི་ཀཱ་ལི་རྡོ་རྗེ་ནི་།ཕག་ མོར་བདག་ཉིད་བསྒོམས་བྱས་ནས། །རྩ་བ་བརྒྱད་ཀྱ་སྔགས་ལྡན་བས། །བདག་ཉིད་ཀྱང་ནི་མཆོད་པར་བྱ། །ཞལ་བཞི་བྱིན་བརླབས་བྱས་ནས་སུ། །ཨོཾ་སུཾ་བྷ་ནི་སུམྦྷས་མཆོད།། ཡང་ན་ཞལ་བཞི་ཀུན་རྡོ་རྗེ། །དེ་ཡི་ལྟེ་བར་ཧེ་རུ་དཔལ། །བདག་ཉིད་སྒོམ་པ་བྱས་ན་ནི། །འཁོར་དང་བཅས་པའང་དེ་བཞིན་བསྒོམ་།བ་ཤ་ལ་སོགས་བཟའ་ཞིང་བསྒྲུབ། །བདེ་ གཤེགས་བསྟན་ལ་འགྲོ་བ་འདུག་སྐྱེ་བ་ཅན་ནི་བ་ཤར་གྲགས། །དཀོན་མཆོག་གསུམ་གྱི་དཀོར་འཕྲོག་དང། །མཚམས་མེད་པ་ནི་བྱེད་པ་དང་།གང་ཞིག་སློབ་དཔོན་སྨོད་ [217B] །ཐེག་པ་ཆེན་པོ་སྨོད་པ་དང། །ཕྱུགས་དེ་རྣམས་ནི་བསད་ནས་ཀྱང། །རྣལ་འབྱོར་མ་དང་ལྷན་ཅིག་བཟའ། །ཕྱུགས་དེ་རྣམས་ནི་དགུག་པ་ཡང། །སྒྲུབ་པས་སྔོན་དུ་ བསྐྱེད་པས་བྱ། །ཕྱུགས་བདུན་དང་ནི་དེ་བཞིན་ཕྱུགས། །བོང་བུ་མི་དང་རུས་སྦལ་དང། །ཁྱི་དང་རྔ་མོ་ཅེ་སྤྱང་རྟ། །ཕྱུགས་ཀྱི་མར་མེ་འདི་རྣམས་ནི། །སྒྲུབ་པའི་དབྱེ་བའི་ཡན་ལག་ གྲགས༑ ༑རིགས་ཀྱི་ཁ་དོག་དབྱེ་བའི་ཕྱུགས། །རྐང་བཞི་རྣམས་ལ་གླང་པོ་ཆེ། །བྱ་རྣམས་ལས་ནི་ངང་བསྒྱུར་ཏེ། །དུད་འགྲོ་རྣམས་ལས་མཆུ་གཡོ་བའི། །ལྷ་རྣམས་ཁ་རུ་ལྷ་ བཤོས་ཏེ། །འདི་ནི་ཕྱུགས་ཀྱི་བརྟག་པར་བཤད། །གྲུབ་པའི་སྒྲུབ་པ་རྣམ་བཤད་པ། །བྱ་རོག་བྱ་སྐྱ་ལྕེ་སྤྱང་དང། །སྐྱེ་གཉིས་དང་སྔགས་ཆེན་པོ་དང། །ཀྲུང་ཀྲུང་བཞད་དང་ ཀང་བུ་ཀ་བཟའ་དང་སྦྱིན་སྲེག་གཏོར་མ་བྱ། །དངོས་གྲུབ་འདོད་པས་བསྒོམ་བྱ་བ། །ཁྱི་མོ་ནག་མོའི་འོ་མ་དང། །སྲན་མ་ནག་པོ་འབྲས་དང་ལྡན། །རོ་ཡི་ཁར་ནི་སྦྱིན་སྲེག་བྱེ།། སྦྱིན་སྲེག་བརྒྱ་རྩ་བརྒྱད་པར་བྱ། །དེ་ནས་རོ་དེ་ལངས་ནས་ནི་།ཅི་བགྱི་ཞེས་ནི་སྨྲ་འགྱུར་ཞིང། །ས་འོག་འགྲོ་བའམ་རལ་གྲི་འཾ། །ཚར་གཅོད་ཕན་འདོགས་ཉིད་དང་ནི། །རིལ་བུ་ མར་[?]སྨན་གསེར་རྣམས་སམ། །རྐང་མགྱོགས་དག་གམ་བཅུད་ཀྱིས་ལེན་།གཅིག་ཅིག་སྦྱིན་པར་བྱས་ནས་ནི། །འགྲོ་བར་འགྱུར་གྱི་གཞན་དུ་མིན། །སྟེང་དང་འོག་ཏུ་ཕོ་ཉ་འགྲུབ།། [218A]༄༅། །རྒྱུད་འདིར་ཐེ་ཚོམ་མེད་པ་ཡིན། །མངོན་པར་བརྗོད་པའི་བླ་མའི་བླ་མ་ལས། །རྣལ་འབྱོར་གྱི་སྡོམ་པའི་ཆོ་གའི་ལེའུ་སྟེ་ཉི་ཤུ་པའོ།། །། དེ་ནས་གཞན་ཡང་བཤད་བྱ་བ། །སྲུང་དང་ཕྱིར་ཟློག་རིམ་པ་ནི་།རྒྱུད་གཞན་ལས་ནི་སྦས་པ་ཡིན། །སྲུང་བའི་མཆོག་ནི་རྙེད་དཀའ་བ། །རྒྱུད་འདིར་རབ་ཏུ་བཤད་པར་བྱ། ། ངེས་བརྗོད་རྒྱུད་ནི་བླ་མའི་བླར། །ཐེ་ཚོམ་བཟའ་བར་མི་བྱ་སྟེ་།སེམས་ཅན་རྗེས་སུ་བསྲུང་བའི་ཕྱིར། །པདྨ་འདབ་བརྒྱད་བྲི་བར་བྱ། །པདྨའི་ལྟེ་བ་གེ་སར་ཅན། །དེ་རྒྱབ་སྣ་ཚོགས་ རྡོ་རྗེ་སྟེ༑ ༑གནོད་མཛེས་གསང་སྔགས་ཡང་དག་སྦྱར། །དེ་ཡི་ཕྱི་རོལ་སྐ་རགས་ཅན། །འདབ་མ་བཅུ་དྲུག་བྲི་བར་བྱ། །དེར་ནི་ཆ་རྣམས་རྣམ་བཀོད་དེ། །དེ་ཡིས་ཕྱི་རོལ་ཡོངས་ སུ་བསྐོར། །མཁས་པས་ལྟེ་བར་བྲི་བ་ནི། །རྡོ་རྗེ་རྩེ་མོ་བཅུ་གཉིས་པ། །དེ་ཡི་ལྟེ་བར་དགོད་པ་ནི། །ཧཱུཾ་ནི་འཇིགས་པ་རྣམ་འཇིགས་པ། །ཧཱུཾ་གི་ལྟེ་བར་ཡི་གེ་པཾ། །བཾ་གྱི་ལྟེ་བར་ ཡི་གེ་གསུམ། །བསྒྲུབ་བྱའི་མིང་དང་སྤེལ་ཞིང་བྲི། །མཁའ་འགྲོ་མ་ནི་བཞི་པོ་དག་དེ་ཡི་གཡོན་ནས་དགོད་བསྐོར་བ། །ཌཱ་ལཱཾ་ཁཾ་རཱུཾ་དེ་རུ་དགོད། །རྀ་རཱྀ་ལྀ་ལཱྀ་ལྷན་ཅིག་ཏུ།། མཁའ་འགྲོ་དགོད་ཅིང་མིང་དང་ནི། །རྣམ་པར་སྤེལ་ཞིང་བྲི་བར་བྱ། །ཐུགས་ཀྱི་འཁོར་ལོའི་རིམ་ཇི་བཞིན། །མཁས་པས་འདབ་མར་དགོད་བྱ་བ། །ཁཾ་པྲཾ་ཤར་གྱི་འདབ་ [218B] ༑བྱང་དུ་ཀཾ་ཙཾ་ཉིད་ཡིན་ཏེ། །ནུབ་ཏུ་ཀཾ་པཾ་ཁོ་ན་འོ། །ལྷོ་རུ་བཾ་མཾ་ཉིད་ཡིན་ནོ། །མེ་སོགས་དབང་ལྡན་ཕྱོགས་རྣམས་སུ། །སུ་པཾ་ཨཾ་ཁཾ་བཾ་ལཾ་ཧྲིཾ། །འདི་དག་ཇི་ལྟའི་རིམ་པ་ ཡིས༑ ༑ཡི་གེ་ཧཱུཾ་དང་སྤེལ་ནས་སུ། །ས་བོན་དག་ནི་བྲི་བར་བྱ་།ཀཾ་ཁཾ་གཾ་གྷཾ་ངཾ། །ཙཾ་ཚཾ་ཛཾ། འདི་དག་ནི། པདྨའི་སྐ་རགས་སུ་བྲིའོ། །རྡོ་རྗེ་ཆ་ནི་བཅུ་གཉིས་པ། །བསྐོར་ལ་བིན་དུས་ རྣམ་པར་བརྒྱན། །འདབ་མའི་ཕྱི་རོལ་བཅུ་དྲུག་ཏུ། །འཁོར་ལོ་རྩིབས་བཅུ་དྲུག་པ་བྲི། །དེ་འདིར་ཤར་ཕྱོགས་ལྷ་སོགས་པ། །གཡོན་ནས་བསྐོར་ཞིང་དགོད་པར་བྱ། །མཁའ་ འགྲོ་དང་ནི་དཔའ་བོ་འོ། །ཨཾ་ཨ་བཱཾ་མཾ་པཱཾ་མཾ་བཾ་སུཾ་སུཾ་ཤཾ་བཾ་སུཾ་མཾ་ཧཾ་བཾ་ཁཾ་མཾ་ཙཾ་རཾ་ཁཾ་ཧཾ་སཾ་ཨཾ་ཙཾ་ཧེཾ་སུཾ་པཾ་མཾ་བཻཾ་ཙཾ་བཾ་མཾ། འདི་ནི་ཧྲི་དང་སྤེལ་ནས་སུ་།ཨོཾ་དང་སྤེལ་ཞིང་བྲི་བར་བྱ། ། སྒྲུབ་པའི་མིང་ནི་ནང་དུ་བྱ། །ཇི་ལྟའི་ལས་ཀྱི་རྗེས་འབྲང་བྲི། །ཛྷཾ་ཉཾ་ཊཾ་ཋཾ་ཌཾ་ཌྷཾ་ཎཾ། ཏཾ་ཐཾ་དཾ་དྷཾ་ནཾ་པཾ་ཕཾ་བཾ་དྷཾ་མཾ། ཕྱི་རོལ་ཏུ་སྐ་རགས་བྲིའོ། །འཁོར་ལོའི་ཕྱི་རོལ་གྲུ་བཞི་པའི། །ནང་ དུ་སྒོ་ནི་འབྲེལ་བར་བྲི། །ཇི་ལྟར། ཁྭ་གདོང་ལ་སོགས་རིམ་པའི་བར། །གཤིན་རྗེ་འཇོམས་སོགས་ས་བོན་དགོད། །ཀཾ་ཨཾ་ཤྭཾ་སུཾ། ཡཾ་ཡཾ་ཡཾ་ཡཾ། ཡཾ་རཾ་ལཾ་ཝཾ་ཤཾ་ཥཾ་སཾ་ཧཾ་སྦྱར་ ཞིང། ཧཱུཾ་དང་ཕཊ་དང་རྣམ་པར་སྤེལ། །མིང་དང་ཡང་ནི་སྤེལ་བར་བྱ། །སྒོ་ཡི་སྟེང་དུ་རྩེ་བཞི་པའི། །རྡོ་རྗེ་ཕྱེད་པ་བྲི་བར་བྱ། །ཟུར་རྣམས་སུ་ནི་ཉི་ཟླ་དང། །རྡོ་རྗེ་ཕྱེད་པ་བྲི་བར་བྱ། །དེ་ [219A]༄༅། །སྟེང་རྐང་བརྒྱད་ཀྱིས་བརྗོད་པའི། །ཁྲོ་བོ་བརྒྱད་པའི་ཞལ་དུ་བལྟ། །ཕྱི་རོལ་སྐ་རགས་དབུས་དག་ཏུ། །ཕྱིར་ཟློག་འདི་དག་བྲི་བར་བྱ། །ན་མས་ མནྟ་ཀཱ་ཡ་ཝཀྩིཏྟ་བཛྲ་ཧེ་རུ་ཀཱ་ནཱཾ། ཨོཾ་ཧཱུཾ་བཛྲ་ཧེ་རུ་ཀ་ཙཀྲ་བརྟི་སརྦ་ལོ་ཀི་ཀ་ལཽ་ཀོཏྟ་རཱ་ཎི། ཡནྟ་མནྟ་ཏནྟ་ཙུརྣྞ་པྲ་ཡོ་ག་དཧི་ནི་ཡ་ན་ཀེ་ན་ཙིཏྟན་ཏན་སརྦ་ནི་ཨཱ་ཀཌྜྷ་ཨཱ་ཀཌྜྷ། ཏ་རྫ་ ཡ་ཏ་རྫ་ཡ། གྲྀཧྣ་གྲྀཧྣ། བྷཀྵ་ཡ་བྷཀྵ་ཡ། ཏཱ་ས་ཡ་ཏྲཱ་ས་ཡ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། ཀྵྨཱཾ་ཀྵྨཱཾ། ཛྞཽཾ་ཛྞཽཾ། མ་ཐ་མ་ཐ། བི་དཧྭཾ་ས་ཡ་བི་དཧྭཾ་ས་ཡ། ཤ་ཏ་ས་ཧ་སྲ་ཧ་ ཙུརྞྞ་ཡ་ཙུརྞྞ་ཡ། ཨོཾ་ཕཊ། བཛྲ་ཧེ་རུ་ཀོཥྞི་ཥ་ཙ་ཀྲ་བརྟཏ་ཏི་སྱ་བ་མུ་ཁཾ་ཙུཀྵ་ར་བཎྜྷ་བནྡྷ། ཧཱུཾ་ཧཱུཾ། ཨ་མུ་ཀ་སྱེ་ཤཱ་ནྟཾ་ཀུ་རུ་ཧུཨ་ཧཱུཾ་ཕཊ་ཨོཾ་སཱ་ཧཱ། འདི་ཡིས་ཡོངས་སུ་བསྐོར་ བྱས་ནས། །ཀྵ་ཡི་ལྟོ་བའི་དབུས་སུ་དགོད། །ཡི་གེ་ཀྵ་ཡི་ཕྱི་རོལ་དུ། །ཐ་ཡིས་ཡོངས་སུ་བསྐོར་བྱས་ནས། །དབྱངས་ཀྱི་མཚན་ཉིད་ཀྱིས་ཡོངས་བསྐོར། །ཧེ་རུ་ཀར་ བདག་བསྒོམས་བྱས་ནས། །ཡི་གེ་བདུན་པའི་སྔགས་ཀྱང་བཟླ། །ཨོཾ་ཧྲཱི་ཧ་ཧ་ཨ་མུ་ཀ་སྱ་ཤཱིནྟཾ་ཀུ་རུ་ཧུཾ་ཧཱུཾ་ཕཊ། རིགས་ང་ཡང་ན་བྲམ་ཟེ་འམ། །རྒྱལ་པོའི་བུ་མོའི་ཁྱད་པར་དུ། ། རང་བྱུང་མེ་ཏོག་བླངས་ནས་སུ། །གླང་ཆེན་མེ་ཏོག་དང་བསྲེས་ནས། །བྱང་ཆུབ་སེམས་ནི་མཉམ་ལྡན་པ། །རོ་ཙ་ན་དང་ལྷན་ཅིག་སྦྱར། །པདྨ་རྡོ་རྗེ་ཆུ་དེ་བཞིན། །མིག་སྨན་ཆེན་ [219B] །ལྷ་མཆོག་འཁོར་ལོ་བྲི་བར་བྱ། །རྡོ་རྗེ་ཕྲེང་བས་རྣམ་པར་བསྐོར། །མི་ཡི་པགས་པའམ་གྲོ་ག་འམ་།ཡང་ནི་ཡི་དྭགས་གོས་ཀྱང་རུང། །བདུད་རྩི་ལྔ་དང་ ལྡན་པ་ཡི། །མར་དང་འོ་མ་བླངས་ནས་སུ། །གསང་སྔགས་རྐང་པ་བརྒྱད་ནི་བརྗོད། །དེ་བཞིན་བརྟུལ་ཞུགས་ཅན་གྱིས་མཆོད། །གསེར་རམ་དངུལ་གྱི་བུམ་པ་དག་ཡེ་ ཤེས་ལྔ་ཡི་བདུད་རྩིའི་ཆུས། །གང་བའི་དབུས་སུ་བཅུག་ནས་སུ་།འཁོར་ལོ་སྲིད་བུ་དཀར་པོས་དཀྲི། །ཕྲེང་བའི་གསང་སྔགས་དེ་ལ་བཟླ། །དེ་ནས་དབང་བསྐུར་སྦྱིན་པར་ བྱ༑ ༑ནད་ཡོད་པ་ནི་ནད་མེད་བྱེད། །ནད་མེད་པ་ཡང་ནད་དུ་བྱེད་།མྱོས་བྱེད་ཆང་གི་དབུས་སུ་ནི། །མཁས་པས་དེ་ལ་བཅུག་ནས་ནི་།ནད་མེད་ནད་དུ་བྱེད་པ་སྟེ། །ཇི་ལྟའི་ལས་ ཀྱི་རྗེས་སུ་འབྲང། །གང་ཡང་རུང་བའི་ལས་རྣམས་ལ། །ཕྲེང་བའི་སྔགས་ཀྱིས་རྣམ་པར་བསྐོར། །རྣལ་འབྱོར་སྒྲུབ་པའི་འཁོར་ལོ་ནི། །མགོ་བོའི་ནང་དུ་སྦས་བྱས་ན། །མཁའ་ འགྲོས་དེ་ལ་བྱིན་རླབས་ནི། །གདོན་མི་ཟ་བར་བྱེད་པར་འགྱུར། །ཅི་འདོད་ཐམས་ཅད་འགྲུབ་འགྱུར་ཏེ། །བགེགས་མེད་པར་ནི་དངོས་གྲུབ་འགྱུར། །མངོན་པར་བརྗོད་པའི་རྒྱུད་ བླ་མའི་བླ་མ་ལས། སྲུང་བའི་ཕྱིར་ཟློག་གི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། །།དེ་ནས་དེ་ཡི་སྒོམ་བ་བཤད། །སེམས་ཅན་ཀུན་ལ་ཕན་འདོགས་པའི། །སྐད་ [220A]༄༅། །ཅིག་གིས་ནི་བདག་ཉིད་དག་ལྷ་མོ་ཕྱིར་ཟློག་རིམ་པ་སྟེ་།ཞལ་བཞི་པ་ལས་ཕྱག་བཅུ་དྲུག་གདུག་པ་རྣམ་པ་སྣ་ཚོགས་པའི་།བགེགས་ནི་ པདྨའི་འོག་མནན་ནས། །གཡས་བརྐྱང་བ་ཡི་ཞབས་ཀྱིས་བཞུགས་།ཟླ་བའི་དཀྱིལ་འཁོར་དབུས་ན་གནས། །དཀར་ཞིང་སྔོ་ལ་དམར་དང་སེར། །སྟེང་གི་ཞལ་གྱིས་རྣམ་པར་ བརྒྱན༑ ༑རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། །ན་བཟའ་དཀར་བའི་རྒྱན་དང་ལྡན། །སངས་རྒྱས་ལྔ་ཡི་དབུ་རྒྱན་ཅན། །འཆི་བ་ཡང་དག་འཚོ་བའི་མཆོག། སྤྱན་གསུམ་ པ་ལ་འཇམ་པའི་ངག་གཞན་ནི་གདུག་ཅིང་གཏུམ་པ་ལ། །སྡིགས་མཛུབ་རྡོ་རྗེ་གསོར་མཛད་ཅིང། །དྲིལ་བུ་ཞགས་པ་འཛིན་པའི་མཆོག་རྡོ་རྗེ་རལ་གྲི་མདུང་དང་ནི། །དགྲ་ སྟ་ཐོད་པ་ལྕགས་ཀྱུ་དང། །གཞུ་དང་ཁ་ཊཱཾ་ག་འཛིན་ཅིང་།མདའ་ནི་དམ་པ་འགོངས་པར་བྱེད། །ཐོ་བ་འཁོར་ལོ་མི་འཇིགས་པ་།དངོས་གྲུབ་ཐམས་ཅད་རབ་སྩོལ་བའོ།། ཡང་ན་འདི་ལ་ཞལ་བརྒྱད་པ། །གཡས་དང་གཡོན་པའི་ངོས་དག་ཏུ། །གཡས་པ་སྔོ་ཞིང་དམར་ལ་སེར། །དྲག་ཤུལ་ཧ་ཧར་བཞད་པའོ། །གཡོན་པ་ལྗང་ཞིང་དམར་བ་ དང། །དུད་ཀ་དག་གི་མདོག་ཅན་ཡིན། །སྟེང་ནི་མཛེས་ཤིང་ཞི་བ་སྟེ། །སྐུ་ལུས་ཟླ་བའི་མདོག་ཅན་ནོ། །དེ་ཡི་ཐུགས་ཀར་འཁོར་ལོ་ནི་།ཟླ་བའི་དཀྱིལ་འཁོར་དབུས་ [220B] ༑དད་པས་ཤིན་ཏུ་མཉམ་བཞག་སྟེ། །འཆི་བ་འཚོ་བའི་རིག་སྔགས་བཟླ། །ཨོཾ་ཨ་མྲྀ་ཏ་སཾ་ཛཱི་བ་ནི། མ་ཧཱ་ཨ་མྲྀ་ཏ་སུ་མུ་ཁེ་ཛཱི་བཾ། པྲ་བེ་ཤ་ཡ་ཕྲ་བེ་ཤ་ཡ། སརྦ་བཛྲ་པདྨ་ ས་མ་ཡོ་ག་མཱ་ཡ། བོ་དཧི་ཙིཏྟ་བས་བི་ཏ་མའུ་རྟི་ཧུཾ་ཧཱུཾ། ཨ་ཨཱ༑ ཨཾ་ཨ་ཧཾ་སཱཧཱ། འདི་ནི་ཁྲི་ཙམ་བཟླས་བྱས་པས། །འཆི་བ་ཐམས་ཅད་འཚོ་བར་བྱེད། །དུས་མིན་འཆི་བ་ཞི་འགྱུར་ ཞིང། །འཆི་བ་ལས་ནི་ངེས་པར་སློང། །གཞན་དུ་རྣལ་འབྱོར་མ་དགྱེས་ནས། །རྨད་དུ་བྱུང་བར་མཛད་པ་ནི། །སོ་སོ་ནས་ནི་གང་མཛད་ཅིང། །ཧི་ཧི་དག་གིས་དགའ་བ་དང།། ཧོ་ཧོ་དག་གིས་དགྱེས་པ་དང། །ཧེ་ཧེ་དག་གིས་ཚིག་ཏ་སྨྲ། །ཧུཾ་ཧུཾ་དག་གིས་རྫོགས་པའོ། །ཧུཾ་ཧུཾ་དག་ནི་བསམ་གཏན་ནོ། །ཕཊ་ཕཊ་དག་གིས་གསོད་པ་དང། །ཧཱུཾ་ཧཱུཾ་དག་ གིས་ཕུར་བུའོ། །ཛཛ་དག་གིས་ལེགས་པར་དྲོངས། །ས་ས་དག་ནི་བདེན་པར་བྱེད། །ངེས་པར་ལེགས་སོ་ཞེས་པའི་སྒྲའོ། །ཧུཾ་བཾ་དག་ནི་གསོད་པ་འོ། །ཧཱུཾ་བྷཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ དག་ནི་ཐལ་བར་རློག་པའོ། །ཧ་ཧ་དག་གིས་གསལ་བར་བྱེད་པའོ་།བཧུཾ་བཧུཾ་དག་ནི་གཟི་བྱིན་བྱེད། །ཧྲཱི་ཧྲཱིཾ་དག་གིས་ལེགས་པར་དྲོངས། །ཏྲྱ་ཏྲྱཾ་དག་ནི་མཆོད་པའོ། །སཾ་སཾ་དག་ གིས་དངོས་གྲུབ་ཐམས་ཅད་ཀྱི་འབྲས་བུ་སྟེར་བའོ། །ཧི་ཧི་དག་ནི་རྨོངས་པའོ། །ལཾ་ལཾ་དག་ནི་ཤིས་པའོ། །དི་དི་དག་ནི་འཛིན་པའོ་།ཛི་ཛི་དག་ནི་ལེགས་པར་དྲོངས། །ཧུཾ་ [221A]༄༅། །ཧུཾ་དག་ནི་འཁོར་བ་འོ། །ཧྲི་ཧྲི་དག་ནི་གསོད་པ་འོ་།ཛཱཾ་ཛཱཾ་དག་ནི་རྨུགས་པར་མཛད་པ་འོ། །ཧོ་ཧོ་མཛད་པ་རྗེས་སུ་ཆགས་པར་བྱའོ། །ཧཾ་ཧཾ་དག་ ནི་སྲུང་བ་འོ། །ཧོ་ཧོ་དག་ནི་དགྱེས་པ་འོ། །ཊཾ་ཊཾ་དག་ནི་གདུག་པ་འོ། །གྷཱུཾ་གྷཱུཾ་དག་ནི་མེ་ཏོག་གོ་གཾ་གཾ་ནི། དྲིའོ། །རཾ་རཾ་ནི། གསང་བའོ། །འདི་དག་ཇི་ལྟའི་རིམ་པ་ཡིས།། ཞི་བ་ལ་སོགས་ཆོ་ག་ཡི། །རིམ་པ་འདི་ལ་རྗེས་སུ་གནས། །མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས། །འཆི་བ་སློང་བར་བྱེད་པའི་ལས་ཐམས་ཅད་བྱེད་པ་ སྒོམ་པ་བསྟན་པ་སྟེ་ལེའུ་ཉི་ཤུ་རྩ་གཉིས་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །སྔགས་ཀྱི་དེ་ཉིད་ཆོ་གའི་རིམ། །རྡོ་རྗེ་སྙིང་པོས་བཤད་པ་སྟེ།། གསང་བ་ཀུན་གྱི་མཆོག་ཏུ་བཤད། །རྣལ་འབྱོར་མ་ཡི་བདེ་བ་མཆོག་།རྣལ་འབྱོར་མ་ཡི་བརྒྱུད་པའི་རིམ། །གསང་ཞིང་གསང་ལ་མཆོག་ཏུ་གསང། །བསྐྱེད་ པའི་རིམ་པའི་སྦྱོར་བ་ཡིས། །བསམ་གཏན་སྒོམ་པའི་མཆོག་ཡིན་ཏེ་།བདག་ཉིད་ཧེ་རུ་ཀར་བྱས་ནས། །མཁའ་འགྲོ་མས་ནི་ཡོངས་སུ་ཁྱབ་།སྐུ་ལུས་དམར་ པོ་འཇིགས་པ་ཆེ། །ཡེ་ཤེས་ལྔ་ལས་ངེས་བྱུང་བ། །དམར་ཞིང་སྔོ་ལ་ལྗང་བ་དང། །སེར་ཞིང་ཞི་ལ་སྟེང་ཞལ་དཀར། །སྤྱན་གསུམ་པ་ལ་ཕྱག་བཅུ་གཉིས། །གཡས་ [221B] །འཇིགས་བྱེད་ཆེ་དང་དུས་མཚན་དག་སྐྱབས་སུ་འོངས་ནས་ཞབས་འོག་གནོན། །ཕྱག་རྒྱ་དྲུག་དང་ཟླ་བ་ཕྱེད། །སྣ་ཚོགས་རྡོ་རྗེ་རལ་པ་འཆང།། གླང་པོའི་པགས་པ་གོས་སུ་བནབས། །རྡོ་རྗེ་དྲིལ་བུ་མཉམ་པར་ལྡན་།རལ་གྲི་མདུང་ནི་འཇིགས་པའི་མཆོག་ཐོད་པ་དང་ནི་ཁ་ཊཱཾ་འཛིན། །ཞགས་པ་ལྕགས་ཀྱུ་འཆང་བའི་ མཆོག་ཅང་ཏེའུ་ཚངས་པའི་མགོ་བོ་དང། །མགོ་བོའི་ཕྲེང་བས་རྣམ་པར་བརྒྱན། །ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། །སངས་རྒྱས་ལྔ་ཡིས་རྣམ་པར་བརྒྱན། །དེ་མདུན་རྡོ་རྗེ་ ཕག་མོ་ནི། །དེ་ཡི་མདོག་དང་ཕྱག་མཚན་འཛིན། །ཞགས་པ་ལྕགས་ཀྱུ་འཆང་བའི་མཆོག་ཅང་ཏེའུ་ཚངས་པའི་མགོ་བོ་དང། །མགོ་བོའི་ཕྲེང་བས་རྣམ་པར་བརྒྱན། །བྱིན་ པ་གཉིས་ཀྱིས་ལེགས་པར་འཁྲིལ། །གཉིས་མེད་སྦྱོར་བ་མཉམ་ལྡན་པ་།ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །ཀྵ་ཡི་ཡེ་ཤེས་ལས་བྱུང་བ། །དེ་ཡི་སྐུ་དང་ཞལ་ཕྱག་མཚན།། ཟླ་བའི་དཀྱིལ་འཁོར་དབུས་གནས་པར། །ཡེ་ཤེས་སེམས་དཔའ་རྣམ་པར་བསྒོམ། །བཅུ་གཉིས་ཆ་ལས་ངེས་འབྱུང་བ། །དམ་ཚིག་སེམས་དཔའ་བདེ་བ་ཆེ། །ཐམས་ཅད་མཁྱེན་ རྤ་ངེས་འབྱུང་བ། །སྔགས་ཀྱི་རྒྱུད་ནི་འདི་རུ་བཟླ། །ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། ཨེ་ཨཻ། ཨོ་ཨཽ་།ཨཾ་ཨཿ། ཌཱ་ཀི་ནཱི་ཛཱ་ལ་སཾ་བ་རཾ་ཧུཾ་ཧཱུཾ་ཕཊ་སཱཧཱ་ཨོཾ་ཨ་ཨཱ་ཨ་ [222A]༄༅། །ཨཧཱུཾ་ཧཱུཾ་ཕཊ། སྙིང་པོ་དང། ཉེ་བའི་སྙིང་པོའོ། །ཨོཾ་བཛྲ་བཱ་ར་ཧི་ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཧཱུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་བཛྲ་བཻ་རོ་ ཙ་ནཱི་ཡེ་ཨ་ཨཱ་ཨཾ་ཨཱ་ཧུཾ་ཧཱུཾ་ཕཊ་སཱཧཱ། ལྷ་མོའི་སྙིང་པོ་དང། ཉེ་བའི་སྙིང་པོའོ། །ཨོཾ་ཌཱ་ཀཱི་ནཱི་རྀཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ལཱ་མེ་རཱྀཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཁཎྜ་རོ་ཧེ་ལྀཾ་ཧུཾ་ཧཱུཾ་ཕཊ། ཨོཾ་རུ་པི་ ཎཱི་ཡེ་ལཱྀཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཁཎྜ་ཀཱ་པཱ་ལ་ཀཾ་ཧུཾ་ཧཱུཾ་ཕཊ། ཨོཾ་པྲཾ་ཧུཾ་ཧཱུཾ་ཕཊ། ཨོཾ་གཾ་ཀཱ་ལ་ཁཾ་ཧུཾ་ཧཱུཾ་ཕཊ་ཨོཾ་ཙཾ་ཧུཾ་ཧཱུཾ་ཕཊ། ཨོཾ་མ་ཧཱ་ཀཾ་ཀཱ་ལ་ཀཾ་ཧུཾ་ཧཱུཾ་ཕཊ་ཨོཾ་པྲཾ་ཧུཾ་ཧཱུཾ་ཕཊ། ཨོཾ་བི་ཀ་ཊ་ དཾཥྚི་ཎེ་གྷཾ་ཧུཾ་ཧཱུཾ་ཕཊ། ཨོཾ་མཾ་ཧུཾ་ཧཱུཾ་ཕཊ། ཨོཾ་སུ་ར་བཻ་རི་ཎི་དཾ་དཾ་ཧུཾ་ཧཱུཾ་ཕཊ། ཨོཾ་བའིཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཨ་མི་ཏཱ་བྷཱ་ཙཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཁཾ་ཧུཾ་ཧཱུཾ་ཕཊ༑ ཨོཾ་བཛྲ་པྲ་བྷཱ་ཚ་ཧུཾ་ཧཱུཾ་ཕཊ། ཨོཾ་ལཾ་ཧུཾ་ཧཱུཾ་ཕཊ། ཨོཾ་བཛྲ་ དེ་ཧ་ཛཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧུཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཨ་ཀུ་རི་ཀཾ་ཛྷ་ཧུཾ་ཧཱུཾ་ཕཊ། ཨོཾ་ཨཻ་ཧུཾ་ཧཱུཾ་ཕཊ། ཨོཾ་བཛྲ་ཛཱ་ཊི་ལ་ཉཾ་ཧུཾ་ཧཱུཾ་ཕཊ། ཨོཾ་མཾ་ཧུཾ་ཧཱུཾ་ཕཊ། ཨོཾ་མ་ཧཱ་བའི་ར་ཊཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ བཛྲ་ཧཱུཾ་ཀཱ་ར་ཋཾ་ཧུཾ་ཧཱུཾ་ཕཊ། ཨོཾ་སུཾ་ཧུཾ་ཧཱུཾ་ཕཊ། ཨོཾ་སུ་བྷ་དྲ་ཊཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཥྚྲཾ་ཧུཾ་ཧཱུཾ་ཕཊ། ཨོཾ་བཛྲ་བྷ་དྲ་ཊྷཾ་ཧུཾ་ཧཱུཾ་ཕཊ། ཨོཾ་སུཾ་ཧུཾ་ཧཱུཾ་ཕཊ། མཧཱ་བཧེ་ར་བ་ཎཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧཾ་ཧུཾ་ཧཱུཾ་ཕཏ། ཨོཾ་ བི་རུ་པཱཀྵ་ཏཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཁཾ་ཧུཾ་ཧཱུཾ་ཕཊ། ཨོཾ་མ་ཧཱ་བ་ལ་ཐཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཙཾ་ཧུཾ་ཧཱུཾ་ཕཊ། ཨོཾ་རཏྣ་བཛྲ་དཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཁཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧ་ཡ་གྲི་བ་དྷཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཤོཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ [222B] ཨོཾ་ཙཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧེ་རུ་ཀ་བཾ་ཧུཾ་ཧཱུཾ་ཕཊ། ཨོཾ་སུཾ་ཧུཾ་ཧཱུཾ་ཕཊ། ཨོཾ་པདྨ་ནིརྟྣེ་ཤྭ་ར་ཕཾ་ཧུཾ་ཧཱུཾ་ཕཊ། ཨོཾ་མཾ་ཧུཾ་ཧཱུཾ་ཕཊ་ཨོཾ་བཻ་རོ་ཙ་ན་བཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཙུཾ་ཧུཾ་ཧཱུཾ་ཕཊ་ ཨོཾ་བཛྲ་སཏ་བྷཾ་ཧུཾ་ཧཱུཾ་ཕཊ། ཨོཾ་མཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཡཾ་ཧུཾ་ཧཱུཾ་ཕཊ། ཨོཾ་རཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ལཾ་ཧུཾ་ཧཱུཾ་ཕཊ་ཨོཾ་བཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཤཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཥཾ་ཧུཾ་ཧཱུཾ་ཕཊ། ཨོཾ་སཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧཾ་ཧུཾ་ཧཱུཾ་ཕཊ། འདི་ དག་ནི་དཔའ་བོ་དང། རྣལ་འབྱོར་མའི་འཁོར་གྱི་སྙིང་པོའི་གསང་སྔགས་གསང་བའི་མཆོག་ཏུ་གྱུར་པ། དེ་ཉིད་སྦས་པ་འཁོར་ལོ་གསུམ་གྱི་ཡིན་ཏེ། ཐུགས་ཀྱི་འཁོར་ལོའི་དཔའ་བོ་དམར། །མཁའ་ འགྲོ་མ་ནི་སྔོན་པོ་སྟེ། །རྡོ་རྗེ་དྲིལ་བུ་མཉམ་པར་ལྡན། །འཇིགས་བྱེད་ཆེན་པོ་བཞིན་རྣམ་སྒྱུར། །ཞེ་སྡང་གིས་ཁྱབ་བདེ་ཆེན་པོ་།གསུང་གི་འཁོར་ལོ་དཔའ་བོ་དཀར། །མཁའ་འགྲོ་མ་ ནི་དམར་པོ་སྟེ། །པདྨ་དྲིལ་བུ་མཉམ་པར་ལྡན། །འདོད་ཆགས་ཀྱིས་ཁྱབ་བདེ་ཆེན་པོ། །སྐུ་ཡི་འཁོར་ལོའི་དཔའ་བོ་སེར། །མཁའ་འགྲོ་མ་དཀར་མེ་ཡི་མདོག་གཏི་མུག་གིས་ ཁྱབ་བདེ་བ་ཆེ། །མཁའ་འགྲོ་མ་སོགས་ལྷ་མོ་རྣམས། །སྣ་ཚོགས་མདོག་ཅན་སྣོད་ཆེན་པོའོ། །ཁྭ་གདོང་ལ་སོགས་ལྷ་མོ་རྣམས། །དམར་སེར་དཀར་ལ་ལྗང་གུའོ། །གཤིན་རྗེ་ སྲེག་སོགས་ལྷ་མོ་རྣམས། །སྔོ་ཞིང་སེར་ལ་ལྔང་བ་དང། །དེ་བཞིན་དཀར་བའི་མདོག་ཅན་ནོ། །འཁོར་ལ་སོགས་པ་ཐམས་ཅད་ཀུན་སྤྱན་གསུམ་གཡས་བརྐྱངས་ཞབས་ཀྱིས་ [223A]༄༅། །བཞུགས། །དཔའ་བོ་སྟག་གི་བགས་མནབས་ཤིང། །ལྷ་མོ་ཐམས་ཅད་གཅེར་བུ་སྟེ། །སྐྲ་གྲོལ་བ་ནི་རྣམ་པར་མཛེས། །བྱིན་པ་ གཉིས་ཀྱིས་ལེགས་པར་འཁྲིལ། །དུམ་བུའི་རྒྱན་གྱི་སྐ་རགས་ཅན་།ཐམས་ཅད་ཐོད་བའི་ཕྲེང་བ་འཆང། །ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །ཐོད་པ་ཁ་ཊཱཾ་ག་འཛིན་ ཅིང། །དཔའ་བོ་དང་ནི་ལྷ་མོ་རྣམས། །ཐོད་པ་རྡོ་རྗེ་པདྨ་དང་།འཁོར་ལོ་ཡང་ནི་དེ་བཞིན་ནོ། །མཁའ་འགྲོ་མ་སོགས་ཁྭ་གདོང་དང། །གཤིན་ཏུ་སྲེག་སོགས་ལྷ་མོ་ རྣམས༑ ༑ཐོད་པ་དང་ནི་ཁ་ཊཱཾ་འཛིན། །མེ་ལོང་དྲི་དང་རོ་དང་རེག་གོས་མཆོག་ཡིད་དུ་འོང་བ་དང། །ཅང་ཏེའུ་དང་ནི་དྲིལ་བུ་འཛིན། །མཁའ་འགྲོ་མ་ནི་ཐོད་པ་དང། །ཁ་ཊཱཾ་ ག་ཡང་འཛིན་མཛད་ཅིང། །དྲིལ་བུ་ཅང་ཏེའུ་གྲི་གུག་བསྣབས་།ཁྭ་གདོང་ལ་སོགས་ལྷ་མོ་རྣམས། །ཕྱག་མཚན་འདི་ཡིས་རབ་ཏུ་བརྟག་ཐམས་ཅད་ཡི་དྭགས་གདན་ ལ་བཞུགས། །ཕྱོགས་ཀྱི་གོས་ནི་འཛིན་པའི་མཆོག་ཐུགས་ཀྱི་འཁོར་ལོ་དྲག་པོ་སྟེ། །གསུང་གི་འཁོར་ལོ་བསྐྱོད་པའི་ཞལ། །སྐུ་ཡི་འཁོར་ལོ་ཞི་བ་སྟེ། །མཁའ་འགྲོ་ མ་ནི་བཞིན་རྣམ་སྒྱུར། །ཇི་ལྟར་འདོད་བཞིན་བསྒོམས་ནས་ནི། །དབུས་ཀྱི་གཙོ་བོར་རྣམ་པར་བརྟག་སངས་རྒྱས་བྱང་ཆུབ་སེམས་དཔའ་འམ། །ཁྲོ་བོ་སྣ་ཚོགས་དུ་ [223B] ༑ཁ་ཅིག་དེ་བཞིན་གཤེགས་པ་འམ། །མ་མོ་རིགས་ཀྱི་ཁྱད་པར་དང། །འོད་ཟེར་ཅན་ནམ་སྐུལ་བྱེད་མ། །ཤེས་རབ་ཕ་རོལ་ཕྱིན་དེ་བཞིན། །གང་དང་གང་དག་སྒོམ་ པ་ནི༑ ༑ཡིད་ཀྱི་དབང་པོ་སྦྱོར་བ་དག་དེ་ཡིས་དྲེགས་པར་བྱས་པ་ནི། །སྣ་ཚོགས་གཟུགས་ཅན་རིན་ཆེན་བཞིན། །ཡང་ན་རྡོ་རྗེ་སེམས་དཔའ་ནི། །སྣ་ཚོགས་གཟུགས་ཀྱིས་ འགྲོ་བར་གནས། །ཐམས་ཅད་མཁྱེན་ཅིང་ཐམས་ཅད་མཛད། །བདེ་བ་ཆེན་པོས་ཀུན་ཁྱབ་ཡིན། །མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས། རྣལ་འབྱོར་མའི་གསང་ བའི་དམ་ཚིག་གི་དེ་ཁོ་ན་ཉིད་ཀྱི་སྒོམ་པ་བསྟན་པ་སྟེ་ལེའུ་ཉི་ཤུ་རྩ་གསུམ་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །མཁའ་འགྲོ་རིགས་ཀྱི་ཆོ་གའི་ རིམ༑ ༑སྣ་ཚོགས་དུ་མའི་རིགས་སུ་བཤད། །མདོར་བསྡུས་ན་ནི་གསུམ་དང་ལྡན། །དྲུག་ཏུ་ཡང་ནི་རབ་ཏུ་གྲགས། །རྣལ་འབྱོར་སྦྱོར་བའི་བླ་མ་སྟེ། །མཁའ་འགྲོ་མ་འཁོར་ལ་ སོགས་ཀུན། །ཁམས་གསུམ་དག་ནི་མ་ལུས་པ། །རིགས་ལས་ཡང་དག་འབྱུང་བ་ཡིན། །སྐུ་ཀུན་སོ་སོར་འབྱུང་བ་སྟེ། །གཞན་དུ་ཐམས་ཅད་མ་མོའི་རིགས། །དགའ་ཞིང་ དགྱེས་ལ་ཡིད་འོང་པ། །ཡིད་ལས་སྐྱེ་ཞིང་འབྱུང་བ་ཡིན། །བཅོམ་ལྡན་འདས་དགྱེས་པ་ཆེན་པོ་བདེ་བའི་རིགས་ཀྱི་བདག་པོས་དེ་ཁོ་ན་ཉིད་ཀྱི་གསང་བའི་སྙིང་པོའི་ས་བོན་ [224A]༄༅། །འདི་བཤད་ཅིང་བསྟན་པ། ཧཱུཾ་བྲུཾ་ཨཾ་ཧྲཱིཾ་ཁཾ་བཾ་དེ་ནས་སྔགས་ཆེན་བཤད་པ་ཡིས། །སངས་རྒྱས་ཀུན་གྱི་སྲས་པོ་རྣམས།། རབ་ཏུ་གཡོ་ཞིང་ བརྒྱལ་ནས་ཀྱང། །རྡོ་རྗེ་ཡེ་ཤེས་རྗེས་སུ་དྲན། །མི་འཁྲུགས་པ་དང་རྟག་པའི་རིགས། །རྡོ་རྗེ་ཉི་མ་དེ་བཞིན་ཏེ། །འོད་དཔག་མེད་དང་དོན་ཡོད་གྲུབ། །རྡོ་རྗེ་སེམས་དཔའ་བདེ་ བ་ཆེ༑ ༑འདི་ལྟར་སངས་རྒྱས་སྐུ་ལུས་ཀྱང། །རྡོ་རྗེ་མཁའ་འགྲོ་རབ་ཏུ་གྲགས། །ཐོག་མར་རྡོ་རྗེ་མཁའ་འགྲོ་སྟེ། །གཉིས་པ་སངས་རྒྱས་མཁའ་འགྲོ་ཡིན། །གསུམ་པ་རིན་ ཆེན་མཁའ་འགྲོ་སྟེ། །བཞི་པ་པདྨའི་མཁའ་འགྲོ་ཡིན། །ལྔ་པ་སྣ་ཚོགས་མཁའ་འགྲོ་སྟེ། །དྲུག་པ་རྡོ་རྗེ་སེམས་དཔའ་ཡིན། །ལྔ་པོ་ཧེ་རུ་ཀར་ཤེས་བྱ། །རྡོ་རྗེ་དཔའ་བོ་ཡང་དེ་ ཉིད༑ ༑ནམ་མཁའི་ཟས་ཀྱིས་ལོངས་སྤྱོད་ཅིང། །ཟླ་བའི་ཟས་ཀྱི་ལོངས་ཀྱང་སྤྱོད། །སྤྲུལ་པའི་ལོངས་སྤྱོད་ནམ་མཁའ་སྟེ་།པདྨའི་ཟས་ཀྱི་ལོངས་སྤྱོད་ཀྱང། །སྣ་ཚོགས་ལོངས་ སྤྱོད་སྤྲུལ་པ་སྟེ། །སྣ་ཚོགས་རིགས་ཀྱི་མཆོག་དམ་པ། །མཁའ་མཉམ་དྲི་མེད་རྣམ་པར་དག་གངས་ཀྱི་རང་བཞིན་ལྟ་བུར་བསིལ་།དག་པའི་མདོག་ཅན་མཆོག་གི་མདོག་ཟླ་བའི་ཟེར་ དང་འདྲ་བའི་མཆོག་སྤྱན་གསུམ་སྐལ་པ་སྣ་ཚོགས་བཟང། །སྣ་ཚོགས་པདྨའི་གདན་ལ་བཞུགས། །ཟླ་བ་ཉི་མའི་དབུས་ན་གནས། །རྡོ་རྗེ་སྐྱིལ་མོ་ཀྲུང་དུ་བཞུགས། ། [224B] །ཐོད་པའི་ཕྲེང་བའང་དེ་བཞིན་ཏེ། །ཕྱག་རྒྱ་དྲུག་ནི་ཐམས་ཅད་རྒྱ། །རང་གི་གདན་ལ་ལེགས་པར་བཞུགས། །གླང་པོ་སེངྒེ་རྟ་དང་ནི། །རྨ་བྱ་ དང་ནི་ནམ་མཁའ་ལྡིང། །དེ་ཡི་སྟེང་དུ་ཡི་དྭགས་གདན། །བསྒོམས་ན་དངོས་གྲུབ་རབ་ཏུ་སྩོལ། །རྡོ་རྗེ་ལག་གིས་ས་ལ་རེག་རྡོ་རྗེ་དྲིལ་བུ་དཀུར་བརྟེན་ཅིང། །ཞལ་གྱི་མཆུ་ནི་ རྣམ་པར་བསྒྱུར། །འཁོར་ལོ་དྲིལ་བུ་འགྱིང་དང་བཅས། །རིན་ཆེན་དྲིལ་བུའང་དེ་བཞིན་ཏེ། །པདྨའི་དྲིལ་བུའི་རིམ་པ་དང། །དྲིལ་བུ་སྣ་ཚོགས་རྡོ་རྗེ་ཉིད། །ཐམས་ཅད་སྙེམས་ པར་རྣམ་བསྒོམས་ཏེ། །རིགས་ཀྱི་རྡོ་རྗེ་མཆོག་དམ་པ། །དཀྱིལ་འཁོར་དྲུག་ནི་བྲི་བར་བྱ། །སྒོ་བཞི་དང་ནི་ཡང་དག་ལྡན། །རྡོ་རྗེ་འཁོར་ལོས་བསྐོར་བ་སྟེ། །རིན་ཆེན་པདྨས་དེ་བཞིན་ བསྐོར༑ ༑སྣ་ཚོགས་རྡོ་རྗེས་བསྐོར་བ་སྟེ། །དབུས་སུ་རྡོ་རྗེས་བསྐོར་བར་བྱ། །ཕྱི་རོལ་དཀྱིལ་འཁོར་བྲི་བར་ནི། །ཁང་པ་བརྩེགས་པ་ཡིད་འོང་མཆོག་རིགས་དྲུག་དག་ནི་རྣམ་པར་ དགོད༑ ༑དེར་ནི་གནས་སོགས་རིམ་པ་དགོད། །དཀྱིལ་འཁོར་དབུས་སུ་དགོད་པ་ནི། །རྡོ་རྗེ་སེམས་དཔའ་བདེ་བ་ཆེ། །དེ་ཡི་ཤར་ཕྱོགས་ཀྱི་སྒོ་ལ་།པུ་ལི་ར་མ་ཡན་ཐོད་པའི་དུམ་ བུ་དང། རབ་གཏུ་མ་མའོ། །བྱང་དུ་ཛཱ་ལནྡྷ་རན་ཀེང་རུས་ཆེན་པོ་དང། གཏུམ་མིག་མའོ། །ནུབ་ཏུ་ཨཽ་ནྱྣ་ན་ཀེང་རུས་ཅན་དང་འོད་ལྡན་མའོ། །ལྷོ་རུ་ཨར་བུ་ད་ན་མཆེ་བ་རྣམ་ [225A]༄༅། །པར་གཙིགས་པ་དང། སྣ་ཆེན་མ་སྟེ་དབུས་སུ་ནི། ས་དང་པོ་རབ་ཏུ་དགའ་བ་སྟེ། དཔའ་བོ་སྐུ་མདོག་ནག་པོ། མཁའ་འགྲོ་མ་ཐལ་བ་དང། སྤྲིན་གྱི་ མདོག་ཅན། དཔའ་བོ་ནི། རྡོ་རྗེ་དང། རྡོ་རྗེ་དྲིལ་བུ་དང། མཁའ་འགྲོ་མ་ནི། ཐོད་པ་དང། །རྡོ་རྗེ་སྡིགས་མཛུབ་བོ། །རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་དབུས་སུ་བཅོམ་ ལྡན་འདས་སངས་རྒྱས་མཁའ་འགྲོ་བདེ་བ་ཆེན་པོའོ། །ཤར་ཕྱོགས་ཀྱི་སྒོར་གོ་ད་བ་རིན་ལྷ་དགྲ་དང། དཔའ་བོའི་བློ་ཅན་མའོ་།བྱང་དུ་རཱ་མེ་ཤྭ་ར་ན་འོད་དཔག་མེད་དང་ མིའུ་ཐུང་མའོ། །ནུབ་དུ་དེ་བའི་ཀོ་ཊ་ན་རྡོ་རྗེ་འོད་དང་ལངྐའི་དབང་ཕྱུག་མའོ། །ལྷོ་རུ་མཱ་ལ་བ་ན་རྡོ་རྗེ་སྐུ་དང་ཤིང་གྲིབ་མའོ། །དཔའ་བོའི་སྐུ་ལུས་དཀར་པོ། མཁའ་འགྲོ་མ་ ནི་སེར་པོའོ། །དྲི་མ་མེད་པའི་ས་ན་དབུས་མ་སྟེ། སངས་རྒྱས་མཁའ་འགྲོ་མའོ། །འོད་བྱེད་པའི་སའི་དབུས་ན་རིན་ཆེན་མཁའ་འགྲོ་སྟེ། ཤར་གྱི་སྒོ་རུ་ཀཱ་མ་རཱུ་པ་ན་མྱུ་ གུ་ཅན་དང། ས་སྲུང་མའོ། །བྱང་དུ་ཨོ་ཏྲེ་ན་རྡོ་རྗེ་རལ་པ་ཅན་དང། འཇིགས་བྱེད་ཆེན་མོའོ། །ནུབ་ཏུ་ཏྲི་ཤ་ཀུ་ནི་ན་དཔའ་བོ་ཆེན་པོ་དང། རླུང་གི་ཤུགས་ཅན་མའོ། །ལྷོ་ རུ་ཀོ་ས་ལ་ན་རྡོ་རྗེ་ཧཱུཾ་མཛད་དང། ཆང་འཐུང་མ་སྟེ་དཔའ་བོ་སེར་པོ། མཁའ་འགྲོ་མ་ལྗང་གུའོ། །འོད་འགྲོ་བའི་སའི་དབུས་སུ་པདྨའི་མཁའ་འགྲོ། །དེའི་ཤར་ཕྱོགས་ཀྱི་ [225B] སྔོ་བསངས་ལྷ་མོའོ་།བྱང་དུ་ལཾ་པཱ་ཀ་ན་རྡོ་རྗེ་བཟང་དང། རབ་བཟང་མའོ། །ནུབ་ཏུ་ཀཾ་ཅི་ན་འཇིགས་བྱེད་ཆེན་པོ་དང། རྟ་རྣ་མའོ། །ལྷོ་རུ་ཧི་མ་ལ་ ཡ་ན་མིག་མི་བཟང་དང། བྱ་གདོང་མ་སྟེ། དཔའ་བོ་དམར་པོ་།མཁའ་འགྲོ་མ་ནི། དཀར་མོའོ། །སྦྱང་དཀའ་བའི་དབུས་སུ་རྡོ་རྗེ་མཁའ་འགྲོ་དེའི་ཤར་གྱི་སྒོར་པྲེ་ཏ་པུ་རིན་སྟོབས་ པོ་ཆེ་དང། འཁོར་ལོའི་ཤུགས་ཅན་མའོ། །བྱང་དུ་གྲི་ཧ་དེ་བ་ཏ་ན་རྡོ་རྗེ་རིན་ཆེན་དང། དུམ་སྐྱེས་མའོ། །ནུབ་ཏུ་སཽ་རཱཥྚ་ན་རྟ་མགྲིན་དང། ཆང་ཚོང་མའོ། །ལྷོ་རུ་སུ་བརྞ་དའྭི་པ་ན་ ནམ་མཁའི་སྙིང་པོ་དང། འཁོར་ལོའི་གོ་ཆ་མའོ། །དཔའ་བོ་ནག་པོ། མཁའ་འགྲོ་མ་སེར་མོའོ། །མངོན་དུ་གྱུར་པའི་སའི་དབུས་སུ་སྣ་ཚོགས་མཁའ་འགྲོ་དེའི་ཤར་ཕྱོགས་ ཀྱི་སྒོར་ན་ག་ར་ན་ཧེ་རུ་ཀ་དང། ར་བ་དཔའ་མོའོ། །བྱང་དུ་སིནྡྷུ་ན་པདྨ་གར་གྱི་དབང་ཕྱུག་དང། སྟོབས་ཆེན་མའོ། །ནུབ་ཏུ་མ་རུ་ཏན་རྣམ་པར་སྣང་མཛད་དང། འཁོར་ལོས་ བསྒྱུར་མའོ། །ལྷོ་རུ་ཀུ་ལུ་ཏཱ་ན་རྡོ་རྗེ་སེམས་དཔའ་དང། བརྩོན་ཆེན་མོ་སྟེ། དཔའ་བོ་ནི། སྣ་ཚོགས་ཀྱི་མདོག་ཅན་ལ། མཁའ་འགྲོ་མ་དུད་པའི་མདོག་ཅན་ནོ། །དཀྱིལ་འཁོར་ དེ་ཡི་ཕྱི་རོལ་ཏུ། །ཡི་དྭགས་ཕྲེང་བས་ཡོངས་སུ་བསྐོར། །དེ་ཡི་ཕྱི་རོལ་ཀུན་རྡོ་རྗེ། །ཟུར་དུ་མཁའ་འགྲོ་མ་ཡང་བྲི། །མཁའ་འགྲོ་མ་དང་ལཱ་མ་དང། །དུམ་སྐྱེས་མ་དང་གཟུགས་ [226A]༄༅། །ཅན་མ༑ ༑ཐོད་པ་བཞི་ནི་མཚམས་སུ་བྲི། །དབུས་ཀྱི་དཀྱིལ་འཁོར་མཚམས་སུ་ནི། །རིང་དུ་སོང་ས་མཁའ་འགྲོ་མ། །ལཱ་མ་མི་གཡོ་བ་ཡི་ས། ། ལེགས་པའི་བློ་གྲོས་དུམ་སྐྱེས་མ། །གཟུགས་ཅན་མ་ནི་ཆོས་ཀྱི་སྤྲིན་།སྔོ་ཞིང་སེར་ལ་ལྗང་བ་དང། །བཞི་པ་དམར་བའི་མདོག་ཅན་ཡིན། །ཁྭ་གདོང་ལ་སོགས་མཁའ་ འགྲོ་མ༑ ༑སྣ་ཚོགས་མདོག་ཅན་ཡིད་འཕྲོག་མ། །གཤིན་རྗེ་སྲེག་སོགས་མཁའ་འགྲོ་མ། །ཕྱེད་ནི་བུད་མེད་དབང་ཕྱུག་ཞལ། །དཔའ་བོ་ཐམས་ཅད་གཡས་བརྐྱང་གནས། ། ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །སྟག་གི་པགས་པ་གོས་སུ་མནབས། །མགོ་བོའི་ཕྲེང་བས་རྣམ་པར་བརྒྱན། །ཕྱོགས་ཀྱི་གོས་འཆང་སྐྲ་གྲོལ་བ། །ཡིད་འོང་མཁའ་ འགྲོ་མ་ཡི་རིགས། །ཐམས་ཅད་ཡི་དྭགས་སྟེང་དུ་བཞུགས། །དཀྱིལ་འཁོར་མཆོག་ནི་རྣམ་པར་བསྒོམས། །པདྨ་ལ་གནས་འཁོར་ལོ་ནི་།དཀྱིལ་འཁོར་སྡོམ་པའི་ མཆོག་ཡིན་ནོ། །ཐོད་པ་དང་ནི་ཁ་ཊཱཾ་འཛིན། །ཅང་ཏེའུ་ནི་ཕྱག་གཡས་ན། །འདི་ལྟར་མཁའ་འགྲོ་མ་ཡི་གཟུགས། །ཕྱག་མཚན་དག་གིས་རྣམ་པར་བརྒྱན། །ཁྭ་གདོང་ ལ་སོགས་མཁའ་འགྲོ་མ། །ལྕགས་ཀྱུ་ཞགས་པ་ལ་སོགས་མཚན། །གཡོན་པར་ཁ་ཊཱཾ་གཡས་པར་ནི། །ཇི་སྲིད་ཞགས་པ་ལྕགས་སྒྲོག་དང་།དྲིལ་བུ་ཡང་ནི་དེ་བཞིན་ [226B] ༑གཤིན་རྗེ་སྲེག་སོགས་མཁའ་འགྲོ་མ། །མེ་ལོང་དང་ནི་པི་ཝང་དང། །དྲི་དང་རོ་ནི་གཡས་པ་ན། །གཡོན་པ་ཐོད་པ་ཁ་ཊཱཾ་ག་དངོས་གྲུབ་ཐམས་ཅད་རབ་སྩོལ་བའི། །རང་ གི་རིགས་ཀྱི་དབུ་རྒྱན་ཅན། །ཐོད་པའི་སྟེང་ན་ཡང་དག་གནས་།འཁོར་ལོ་སོ་སོར་བསྒོམས་ནས་ནི། །འཁོར་དང་བཅས་པས་ཡོངས་སུ་ཁྱབ། །ཡེ་ཤེས་སེམས་དཔའ་ ཐུགས་ཀར་བལྟ། །རྣལ་འབྱོར་ཀུན་གྱི་སྦྱོར་བ་ཡིས། །ཡེ་ཤེས་འཁོར་ལོ་དེ་མཐོང་ནས། །བསྒོམས་པས་ཐིམ་པར་བྱས་ནས་སུ། །སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ཀྱིས། །དབང་ བསྐུར་ནས་ནི་རིམ་པར་སྤྲོ། །ཨོཾ་ཨཱབཾ་ཧཱུཾ། འདི་དག་ཇི་ལྟའི་རིམ་པ་ཡིས། །སྲོག་དང་སྩོལ་བ་རིམ་པས་བྱ། །མཉམ་པར་སྤྲོས་ནས་དབང་བསྐུར་སྦྱིན། །ཇི་ལྟར་རིམ་པའི་ སྦྱོར་བ་ཡིས། །དོགས་པ་མེད་པར་བཟླས་བསྒོམ་བྱ། །ཇི་ལྟར་གསང་སྔགས་རྗེས་མཐུན་པར། །དམ་ཚིག་ཅན་གྱིས་བཟླས་པ་བྱ། །ཧཱུཾ་བྲུཾ། ཨོཾ་ཧྲཱིཾ་ཁཾ་བཾ། ཨོཾ་ཨ་བཾ་ཧཱུཾ། ཨོཾ་ཤྲཱི་ མ་ཧཱ་སུ་ཁཾ་བཛྲ་སཏ་ཌཱ་ཀི་ནཱི་ཛཱ་ལ་ཤཾ་བ་རཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་ཤྲཱི་བུདྡྷ་ཌཱ་ཀ་ཨ་ལ་ལ་ལ་ཨཧཱུཾ་ཌཱ་ཀི་ནཱི་ཛཱ་ལ་ཤཾ་བར་ཧཱུཾ་ཕཊ་སཱཧཱ། ཨོཾ་ཤྲཱི་རཏྣ་ཌཱ་ཀི་ཏྲཱཾ་ཨཾ་ཨ་ཌཱ་ཀི་ནཱི་ཛཱ་ལ་སཾ་བཾ་ རཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་ཤྲཱི་པདྨ་ཌཱ་ཀི་ཧྲཱི་ཧྲཱིཾ་[?]ཨ་ཧུཾ་ཨ་ཧུཾ་ཌཱ་ཀི་ནཱི་ཛཱ་ལ་ཤཾ་བ་རཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་ཤྲཱི་བཛྲ་ཌཱ་ཀ་ཨཧཱུཾ་ཕཊ་ཌཱ་ཀི་ནཱི་ཛཱ་ལ་ཤཾ་བ་རཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་ཤྲཱི་བི་ཤྭ་ཌཱ་ཀི་ཧོ་ཁཾ་ཨཱ་ [227A]༄༅། །ཧཱུཾ་ཌཱ་ཀི་ནི་ཛཱ་ལ་སཾ་བ་ར་ཧཱུཾ་ཕཊ་སཱཧཱ། ཨོཾ་ཁཾ་ཧཱུཾ་ཕཊ། ཨོཾ་པྲཾ་ཧཱུཾ་ཕཊ། ཨོཾ་ཀཾ་ཧཱུཾ་ཕཊ། ཨོཾ་ཀཾ་ཙཾ་ཧཱུཾ་ཕཊ། ཨོཾ་མཾ་ཧཱུཾ་ཕཊ། ཨོཾ་པྲཾ་ཧཱུཾ་ཕཊ། ཨོཾ་བཾ་ཧཱུཾ་ཕཊ་ ཨོཾ་མཾ་ཧཱུཾ་ཕཊ། ཨོཾ་སུཾ་ཧཱུཾ་ཕཊ། ཨོཾ་བི་ཧཱུཾ་ཕཊ། ཨོཾ་ཨཾ་ཧཱུཾ་ཕཊ། ཨོཾ་ཁཾ་ཧཱུཾ་ཕཊ། ཨོཾ་བཾ་ཧཱུཾ་ཕཊ། ཨོཾ་ལཾ་ཧཱུཾ་ཕཊ། ཨོཾ་བཾ་ཧཱུཾ་ཕཊ། ཨོཾ་ཏྲུཾ་ཧཱུཾ་ཕཊ། ཨོཾ་ཨཾ་ཧཱུཾ་ཕཊ་ཨོཾ་ཨཻཾ་ཧཱུཾ་ཕཊ་ ཨོཾ་བཾ་ཧཱུཾ་ཕཊ། ཨོཾ་མཾ་ཧཱུཾ་ཕཊ། ཨོཾ་བཾ་ཧཱུཾ་ཕཊ། ཨོཾ་སུཾ་ཧཱུཾ་ཕཊ། ཨོཾ་ཤྭཾ་ཧཱུཾ་ཕཊ། ཨོཾ་བཾ་ཧཱུཾ་ཕཊ། ཨོཾ་སུཾ་ཧཱུཾ་ཕཊ། ཨོཾ་མཾ་ཧཱུཾ་ཕཊ། ཨོཾ་པཾ་ཧཱུཾ་ཕཊ། ཨོཾ་ཁཾ་ཧཱུཾ་ཕཊ་ཨོཾ་མཾ་ཧཱུཾ་ཕཊ། ཨོཾ་ཙཾ་ ཧཱུཾ་ཕཊ། ཨོཾ་རཾ་ཧཱུཾ་ཕཊ། ཨོཾ་ཁཾ་ཧཱུཾ་ཕཊ། ཨོཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཤོཾ་ཧཱུཾ་ཕཊ། ཨོཾ་ཨཻཾ་ཧཱུཾ་ཕཊ། ཨོཾ་ཙཾ་ཧཱུཾ་ཕཊ་ཨོཾ་ཧཻཾ་ཧཱུཾ་ཕཊ། ཨོཾ་སུཾ་ཧཱུཾ་ཕཊ། ཨོཾ་ཕཾ་ཧཱུཾ་ཕཊ། ཨོཾ་མཾ་ཧཱུཾ་ཕཊ། ཨོཾ་ཕཻཾ་ ཧཱུཾ་ཕཊ༑ ཨོཾ་ཙཾ་ཧཱུཾ་ཕཊ། ཨོཾ་བཾ་ཧཱུཾ་ཕཊ། ཨོཾ་མཾ་ཧཱུཾ་ཕཊ། ཨོཾ་ཌཱཾ་ཧཱུཾ་ཕཊ། ཨོཾ་ལཾ་ཧཱུཾ་ཕཊ། ཨོཾ་ཁཾ་ཧཱུཾ་ཕཊ་ཨོཾ་རཱུཾ་ཧཱུཾ་ཕཊ། ཨོཾ་ཀཾ་ཧཱུཾ་ཕཊ། ཨོཾ་ཨུཾ་ཧཱུཾ་ཕཊ། ཨོཾ་ཤཾ་ཧཱུཾ་ཕཊ། ཨོཾ་སུཾ་ ཧཱུཾ་ཕཊ། ཨོཾ་ཡཾ་ཧཱུཾ་ཕཊ། ཨོཾ་ཡཾ་ཧཱུཾ་ཕཊ། ཨོཾ་ཡཾ་ཧཱུཾ་ཕཊ། ཨོཾ་ཡཾ་ཧཱུཾ་ཕཊ། འཁོར་ལ་སོགས་པ་ཐམས་ཅད་ཀུན། །སྒོམ་ལ་གནས་ནས་བཟླས་པ་བྱ། །འཁོར་ལོས་བསྒྱུར་ དྲུག་ལྷན་ཅིག་ཏུ། །མཁའ་འགྲོ་མཁའ་འགྲོ་མ་བཟླས་བྱ། །དམ་ཚིག་ཆེན་པོའི་སྦྱོར་བ་ཡིས། །དམ་ཚིག་དམ་ཚིག་མཆོག་གྱུར་པ། །གཉིས་མེད་འཁྱུད་པའི་སྦྱོར་བ་ [227B] །གསང་སྔགས་བཟླས་ན་དངོས་གྲུབ་འགྱུར། །ཟླ་དྲུག་ངེས་ཏེ་གཞན་མིན་པར། །འཁོར་ལོས་བསྒྱུར་དྲུག་དངོས་གྲུབ་འཐོབ་།ཡང་ན་རྡོ་རྗེ་སེམས་དཔའ་དང། །རྣམ་ སྣང་རྡོ་རྗེ་ཉི་མ་དང། །པདྨ་གར་དབང་རྒྱལ་པོ་དང། །དབང་ཕྱུག་རྟ་མཆོག་ཧེ་རུ་ཀ་གནས་སོགས་པ་ཡི་སྦྱོར་བ་ཡིས། །མཁས་པས་ངེས་པར་བསྒོམས་ནས་ནི། །རིམ་པར་སྦྱོར་ བའི་རིམ་པ་དང། །བརྒྱུད་པའི་གནས་ཀྱི་རིམ་པ་དང། །རྣལ་འབྱོར་མ་ཡི་བཀའ་དག་ནི། །བླ་མའི་བརྒྱུད་པས་འཐོབ་པར་འགྱུར། །གཞན་དུ་སྔགས་པ་འཁོར་བྱེད་ཅིང། །བཀའ་ ནི་ནམ་ཡང་མཐོང་མ་ཡིན། །མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས། རིགས་དྲུག་གི་འཁོར་ལོས་བསྒྱུར་བའི་བཀའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའོ།། །།དེ་ ནས་གཞན་ཡང་བཤད་བྱ་བ། །རྣལ་འབྱོར་ལམ་ནི་རྙེད་དཀའ་བ་།རྣལ་འབྱོར་མ་ཡི་སྦྱོར་སྙིང་པོ། །གཞན་གྱི་རྣལ་འབྱོར་རྗེས་མཐུན་པར། །ཡི་གེ་ལས་བྱུང་གཅག་ཅར་ ཚུལ༑ ༑གཅིག་ཅར་མཚན་མ་ཕྱག་མཚན་ཡིན། །གཅིག་ཅར་རྡོ་རྗེ་སེམས་དཔའ་སྟེ། །བདེ་བ་ཆེན་པོ་བླ་ན་མེད། །དེ་རུ་འཇུག་ཅིང་དེ་ཡི་ཚུལ། །གཅིག་ཅར་ཧེ་རུ་ཀ་དཔལ་ མཆོག་སྟོན་ཀའི་[?]ནམ་མཁའ་དྲི་མེད་ལྟར། །ཟར་མའི་མེ་ཏོག་དང་མཚུངས་པ། །ཕྱག་བརྒྱད་པ་ལ་ཞལ་བཞི་པ། །འཇིགས་ཤིང་རབ་ཏུ་འཇིགས་པར་མཛད། །གཡས་བརྐྱང་བ་ [228A]༄༅། །ལ་ཞབས་ཀྱིས་བཞུགས། །སྤྱན་གསུམ་རྣལ་འབྱོར་མ་ཡི་གཙོ། །ཞལ་གདོང་གཡོན་དཀར་གཡས་དམར་ཏེ། །སྟེང་གི་ཞལ་ནི་སེར་ལ་མཛེས་ དཔའ་བོ་ཐོད་པའི་ཕྲེང་བ་ཅན། །སངས་རྒྱས་ལྔ་ཡི་བྱིན་རླབས་ཅན། །སྟག་གི་པགས་པ་གོས་སུ་བནབས། །མགོ་བོའི་ཕྲེང་བས་རྣམ་པར་བརྒྱན། །འཇིགས་བྱེད་དང་ནི་ དུས་མཚན་དག་ཞབས་ཀྱིས་པདྨར་གནོན་པར་བཞུགས། །རྡོ་རྗེ་དྲིལ་བུ་མཉམ་པས་འཁྱུད། །ཕག་མོ་ཡིས་ནི་བྱིན་པས་འཁྲིལ། །གཉིས་མད་སྦྱོར་པ་མཉམ་ལྡན་ པས༑ ༑དབུ་སྐྲ་གྲོལ་བ་ཕྱོགས་གོས་ཅན། །སྐུ་མདོག་མཉམ་ཞིང་མཚུངས་པར་ལྡན། །དུམ་བུའི་རྒྱན་གྱི་སྐ་རགས་ཅན། །དེ་ཡི་ཞལ་དང་ཕྱག་མཚན་ཅན། །རྣལ་འབྱོར་ དངོས་གྲུབ་རབ་ཏུ་སྩོལ། །ཐོད་པ་དང་ནི་ཁ་ཊཱཾ་འཛིན། །རྒྱལ་བའི་པགས་པ་སྟེང་དུ་སྟེ། །ཐོ་བ་མདུང་སྟེ་གཞན་དུ་ནི། །ཚངས་པའི་མགོ་པོ་བརྒྱན་པ་ལ། །ཟླ་བ་ཕྱེད་ས་ཞི་བ་ འཛིན༑ ༑སྣ་ཚོགས་རྡོ་རྗེ་དབུ་ལ་བརྒྱན། །ཕྱག་རྒྱ་དྲུག་གིས་སྐུ་ལ་བརྒྱན། །རྡོ་རྗེ་མཚན་མ་དག་གིས་བརྒྱན། །རྡོ་རྗེ་ཕྲེང་བའི་དབུ་རྒྱན་ཅན། །འོག་པག་དག་གིས་སྐ་རགས་ བྱས༑ ༑དཔུང་རྒྱན་རྡོ་རྗེ་མཚན་པ་སྟེ། །སྔགས་པའི་གཙོ་བོས་གསང་སྔགས་ནི། །འདི་ལྟར་ཆོ་གའི་སྙིང་པོ་ཤེས། །ཕག་མོ་བདེ་བར་གནས་པ་ནི། །རྒྱལ་བའི་པགས་པ་ [228B] །ཕག་མོ་རྒྱལ་བའི་མཚན་སོགས་ལས། །ཅང་ཏེའུ་གྲི་གུག་རྣམས་ཀྱིས་བརྒྱན། །བཅོམ་ལྡན་འདས་ནི་ལྟེ་བའི་དབུས་།པདྨ་འདབ་བརྒྱད་ཡིད་འོང་བ། ། སྣ་ཚོགས་པདྨ་མདོག་མཛེས་ལ། །ཐམས་ཅད་རྣམ་དག་མཆོག་དམ་པ་།ཤར་གྱི་འདབ་སོགས་ཕྱོགས་ཆ་ལ། །མཁའ་འགྲོ་མ་སོགས་བཞི་པོ་དགོད། །ཤར་དུ་མཁའ་ འགྲོ་མ་དགོད་ཅིང། །བྱང་དུ་ལཱ་མ་དེ་བཞིན་ཏེ། །ནུབ་ཏུ་དུམ་སྐྱེས་མ་ཡིན་ནོ། །ལྷོ་རུ་གཟུགས་ཅན་མ་ཡིན་ཏེ། །སྔོ་དང་སེར་དང་དེ་བཞིན་དམར། །ལྗང་གུ་དག་ནི་བཞི་པ་འོ། ། ཞལ་བཞི་པ་ལ་ཕྱག་བརྒྱད་པ། །སྤྱན་གསུམ་དྲག་པོ་གཟི་བརྗིད་ཅན། །སྐྱིལ་མོ་ཀྲུང་ནི་ཕྱེད་པར་བཞུགས། །སྐྲ་གྲོལ་བ་ནི་ཡིད་འོང་བ། །ཕྱོགས་ཀྱི་གོས་ཅན་མགོ་ཡི་ཕྲེང།། ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །ཐོད་པ་ཁ་ཊཱཾ་ག་འཛིན་ཅིང། །དྲིལ་བུ་ཅང་ཏེའུ་གྲི་གུག་དང། །དེ་བཞིན་གཞུ་དང་མདའ་འཛིན་ཅིང། །རྡོ་རྗེ་མདུང་མཆོག་ཕྱག་ན་འཛིན།། སྙེམས་པའི་ཕྱག་གིས་གར་མཛད་ཅིང། །ཐུགས་རྗེ་ཆགས་པས་རྣམ་པར་མྱོས། །སྔོ་བ་དང་ནི་སེར་བ་དང། །ལྗང་གུ་སྟེང་གི་ཞལ་དཀར་པོ། །སེར་ཞིང་སྔོ་ལ་ལྗང་བ་དང།། སྟེང་གི་ཞལ་གདོང་དྲག་ལ་དམར། །དམར་དང་སྔོ་དང་ལྗང་བ་དང། །སྟེང་གི་ཞལ་ནི་དཀར་ལ་ཞི། །ལྗང་དང་དམར་དང་སྔོ་བ་དང། །སྟེང་གི་ཞལ་ནི་སེར་པོ་མཆོག་བདུད་ [229A]༄༅། །བཞི་བོ་ནི་ཞབས་ཀྱིས་གནོན། །བཅོམ་ལྡན་འདས་ལ་གདོང་གིས་ལྟ། །ཟུར་གྱི་ཆར་ནི་བུམ་པ་དག་ཡེ་ཤེས་བདུད་རྩིས་ཡོངས་གང་བ། །དེ་ཡི་ སྟེང་དུ་ཐོང་པ་ནི། །བྱང་ཆུབ་འོ་མས་རབ་གང་བ། །ཕྱི་རོལ་དམ་ཚིག་གསུམ་འཁོར་ལ། །ཁང་པ་བརྩེགས་པ་ལེགས་པར་མཛེས་།ཤར་ཕྱོགས་སུ་ནི་གཽ་རཱི་སྟེ། །བྱང་དུ་དེ་ བཞིན་ཙཽ་རི་མ། །ནུབ་ཏུ་རབ་རྨོངས་མ་ཡིན་ནོ། །ལྷོ་རུ་ཡང་ནི་རོ་ལངས་མ། །མེ་ལ་སྤོས་བྱེད་མ་ཡིན་ཏེ། །བདེན་བྲལ་དུ་ནི་གཏུམ་མོ་ཡིན། །རླུང་ཕྱོགས་སྨེ་མོ་ཉིད་ཡིན་ཏེ།། དབང་ལྡན་ཧེ་རུ་ཀ་མ་སྟེ། །དེ་བཞིན་རྣལ་འབྱོར་མ་བརྒྱད་ནི་།དཀར་མོ་སེར་ལ་སྔོ་ལྗང་གུ། །སྐུལ་བྱེད་དམར་ལ་སྔོ་ལྗང་གུ་།རབ་རྨོངས་མ་ནི་སྔོ་སེར་ལྗང། །རོ་ལངས་ མ་ནི་དཀར་སྔོ་ལྗང། །སྤོས་བྱེད་མ་ནི་སྣ་ཚོགས་མདོག་དམར་དང་སྔོ་དང་ལྗང་གུའོ། །གཏུམ་མོ་ཡང་ནི་ལྗང་སྔོ་སེར། །སྨེ་མོ་ཡང་ནི་དུད་སྔོ་ལྗང། །ཧེ་རུ་ཀ་མ་སྔོ་ལྗང་ དམར༑ ༑འདི་ལྟར་དེ་དག་ཐམས་ཅད་ཀྱང། །སྤྱན་གསུམ་པ་ལ་སྐྲ་གྲོལ་བ། །ཕྱོགས་ཀྱི་གོས་འཆང་གར་དང་བཅས། །ཡི་དྭགས་གདན་ལ་ལེགས་པར་བཞུགས།། ཕྱག་རྒྱ་ལྔ་ཡེས་རྣམ་པར་བརྒྱན། །ཁ་ཊཱཾ་ཐོད་པ་དྲིལ་བུ་དང། །ཅང་ཏེའུ་ཞགས་པ་ལྕགས་ཀྱུ་ཐོགས། །ཐམས་ཅད་ཐོད་པའི་ཕྲེང་བས་བརྒྱན། །མི་བསྐྱོད་པ་ཡིས་ཅོད་ [229B] །འདི་ལྟར་གནས་དང་ཉེ་གནས་ཀྱི། །དངོས་གྲུབ་ཐམས་ཅད་རབ་ཏུ་སྩོལ། །འདི་ལྟར་ཐུགས་ཀྱི་འཁོར་ལོ་ནི། །ལྷ་མོ་དཀར་མོ་ལ་སོགས་པ། །རྣལ་འབྱོར་མ་ནི་ རབ་ཏུ་བཤད། །བསྙེན་པས་བཀའ་དྲིན་སྩོལ་མཛད་དེ། །ཐོགས་པ་མེད་པའི་འབྲས་བུ་འགྲུབ། །ལྷ་མོ་མཁའ་སྤྱོད་གྲུབ་ནས་ནི། །མཁའ་ལ་སྤྱོད་པའི་གོ་འཕང་རྙེད། །དེ་ ཡི་ཕྱི་རོལ་གསུང་འཁོར་ལོ། །ཤར་དུ་པི་པཾ་སྟངས་ཐབས་མ་།བྱང་དུ་གླིང་བུའི་སྟངས་ཐབས་མ། །ནུབ་ཏུ་རྫ་རྔ་ཆེ་སྟངས་ཐབས། །ལྷོ་རུ་རྫ་རྔའི་སྟངས་སྟབས་ཏེ། །སྔོ་དང་སེར་ དང་དམར་ལྗང་གུ། །མེ་སོགས་རྡོ་རྗེ་བཞད་མ་སྟེ། །རྡོ་རྗེ་སྒེག་མོ་རྡོ་རྗེ་གླུ། །རྡོ་རྗེ་གར་ཏེ་དམར་བ་དང། །སྔོ་དང་སེར་དང་ལྗང་གུའོ། །དེ་དག་ཞལ་གཅིག་ཕྱག་བཞི་པ། །གཅེར་ བུ་དབུ་སྐྲ་གྲོལ་བ་དང། །ཐོད་པ་ཡི་ནི་ཕྲེང་བ་ཅན། །སྤྱན་གསུམ་པ་ལ་ཡིད་འོང་བ། །ཐོད་པ་དང་ནི་ཁ་ཊཱཾ་འཛིན། །ཚམ་ངམ་ལག་པའི་སྟངས་ཐབས་ཀྱིས། །རྡོ་རྗེ་དྲིལ་བུ་སྟངས་ ཐབས་ཅན། །མཁྲིག་མ་མཉམ་པར་བྱས་ནས་ནི། །པདྨ་བསྐོར་བའི་སྟངས་ཐབས་ཅན། །ཞིང་དང་ཉེ་བའི་ཞིང་དང་ནི། །ཚནྡོ་དང་ནི་ཚནྡོ་ཧ། །དེ་དག་འོད་དཔག་མེད་དབུ་རྒྱན། །སྐུ་ ཡི་འཁོར་ལོའི་ཤར་དུ་ནི། །མེ་ཏོག་མ་བྱང་བདུག་པ་མ། །ནུབ་ཏུ་མར་མེ་ལྷོ་རུ་དྲི། །སེར་དང་དུད་ཀ་དམར་དཀར་པོ། །མེ་ལོང་རོ་དང་རེག་བྱ་ཆོས། །མེ་ཕྱོགས་ལ་སོགས་མཚམས་ [230A]༄༅། །བཞི་སྟེ༑ ༑ཟླ་བའི་མདོག་ཅན་དམར་ལྗང་དཀར། །དེ་དག་སྤྱན་ནི་གསུམ་པ་སྟེ། །གཅེར་བུ་དབུ་སྐྲ་གྲོལ་བ་དང། །ཞབས་ཀྱིས་ཀུན་ཏུ་གར་ བྱེད་ཅིང། །ཕྱག་ཏུ་མཆོད་པ་ཐོགས་ནས་ནི། །ཐོད་པ་ཁ་ཊཱཾ་ག་འཛིན་ཅིང། །ཅང་ཏེའུ་ནི་ཕྱག་ནི་བསྣམས། །ཐོད་པ་ཡི་ནི་ཕྲེང་བ་ཅན། །ལྷ་མོ་དེ་དག་འདུ་ས་དང། །ཉེ་བའི་ འདུ་ས་དུར་ཁྲོད་དང། །ཉེ་བའི་དུར་ཁྲོད་དག་ཡིན་ཏེ། །རྣམ་པར་སྣང་མཛད་དབུ་རྒྱན་བྱས། །སྒོ་རྣམས་རྡོ་རྗེ་ལྕགས་ཀྱུ་དང་།རྡོ་རྗེ་ཞགས་པ་རྡོ་རྗེ་སྒྲོག་རྡོ་རྗེ་དྲིལ་བུ་དེ་ བཞིན་ཏེ། །སྔོ་དང་ལྗང་དང་དམར་དང་སེར། །ཤར་དང་བྱང་དང་ནུབ་དང་ནི། །ལྷོ་ཡི་ཕྱོགས་ཀྱང་དེ་བཞིན་ནོ། །མེ་ལ་སོགས་པའི་མཚམས་སུ་ནི། །གཤིན་རྗེ་སྲེག་ལ་ སོགས་པ་དག་དམར་དང་སྔོ་དང་དུད་ཀ་སེར། །ཐོད་པ་དང་ནི་ཁ་ཊཱཾ་ག་རང་གི་མཚན་མ་ཅང་ཏེའུ་དང། །གྲི་གུག་དང་ནི་མགོ་བོ་འཆང། །སྤྱན་གསུམ་དབུ་སྐྲ་གྲོལ་ བ་སྟེ། །གཅེར་བུ་གར་གྱིས་གནས་པས་བཞུགས། །ཐམས་ཅད་ཕྱག་རྒྱ་ལྔ་ཡིས་བརྒྱན། །ཐོད་པ་ཡི་ནི་ཕྲེང་བ་ཅན། །རང་གི་རིགས་ཀྱི་ཅོད་པན་ཅན། །ཇི་ལྟའི་ རིམ་པས་རྗེས་སུ་གནས། །དེ་ཡི་སྙིང་གར་ཡེ་ཤེས་སེམས། །སྐུ་གསུང་ཐུགས་ཀྱི་འཁོར་ལོ་གསུམ། །གཙོ་བོའི་བདག་པོ་བསྒོམ་པར་བྱ། །དཀར་དང་དམར་དང་སྔོ་བ་ [230B] ༑དཔའ་བོ་རྣལ་འབྱོར་མ་ལྷན་ཅིག་ཇི་ལྟ་བུ་ཡིས་བསྒོམས་པ་ནི། །རྗེས་སུ་བསྟན་པའི་སྒོམ་པ་ལས། །ཡེ་ཤེས་ལྕགས་ཀྱུ་དག་གིས་ནི། །ཡེ་ཤེས་འཁོར་ལོ་བཀུག་ནས་ ནི༑ ༑ཇི་ལྟར་རིམ་པས་མཆོད་དབང་བསྐུར། །གཅིག་ཏུ་བསྡུས་ཏེ་བསྟིམས་ནས་སུ། །ཇི་ལྟའི་རིམ་པ་བསྒོམས་ནས་སུ། །ཡེ་ཤེས་བཟླས་པ་དག་ཀྱང་བྱ། །སྤྲོ་བསྡུ་སྲོག་དང་རྩོལ་ བ་ཡིས༑ ༑འཐོར་འཐུང་རིམ་པས་བྱས་པ་ཡིས། །སློབ་དཔོན་གྱིས་ནི་བཟླས་པ་བྱ། །ཨོཾ་ཨཱཧཱུཾ་ཧཱུཾ། འདི་ལྟ་བུ་ཡི་རིམ་པ་ཡིས་།གྲངས་མེད་པར་ནི་བྱས་ནས་སུ། །ཇི་སྲིད་སྐྱོ་བར་ མ་གྱུར་པར། །གོང་གི་དམ་ཚིག་འཁོར་ལོ་ནི། །མཉམ་པར་བཞག་སྟེ་བཟླས་པ་བྱ། །དུང་ཆེན་ཕྲེང་བ་བླངས་ནས་ནི། །སྡོམ་པ་མཆོག་གི་བཟླས་པ་བྱ། །ཨོཾ་ཨཱཧཱུཾ། ཨོཾ་ཤྲཱི་བཛྲ་ ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུཾ་ཕཊ་ཌཱ་ཀི་ནཱི་ཛཱ་ལ་སཾ་བ་རཾ་སཱཧཱ། ཨོཾ་བཛྲ་བཱ་ར་ཧི་ཧུཾ་ཧཱུཾ་ཕཊ། ཨོཾ་ཌཱ་ཀི་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ལཱ་མེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཁཎྜ་རོ་ཧེ་ཧུཾ་ཧཱུཾ་ཕཊ། ཨོཾ་རཱུ་པི་ཎཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ གཽ་རཱི་ཧུཾ་ཧཱུཾ་ཕཊ། ཨོཾ་ཙཽ་རཱི་ཧུཾ་ཧཱུཾ་ཕཊ། ཨོཾ་པཱ་མ་ཧེ་ཧུཾ་ཧཱུཾ་ཕཊ། ཨོཾ་པཻ་ཏཱ་ལི་ཧུཾ་ཧཱུཾ་ཕཊ། ཨོཾ་པུག་[?]སི་ཧུཾ་ཧཱུཾ་ཕཊ། ཨོཾ་ཙཎྜ་ལི་ཧུཾ་ཧཱུཾ་ཕཊ། ཨོཾ་གྷསྨ་རི་ཧུཾ་ཧཱུཾ་ཕཏ།ཨོཾ་ཧེ་རུ་ཀ་སནྣི་བྷ་ཧུཾ་ཧཱུཾ་ ཕཊ༑ ཨོཾ་བཛྲ་བི་ནེ་ཧུཾ་ཧཱུཾ་ཕཊ། ཨོཾ་བཛྲ་བཾ་ཤེ་ཧུཾ་ཧཱུཾ་ཕཊ། ཨོཾ་བཛྲ་མྲ་[?]ཧུཾ་ཧཱུཾ་ཕཊ། ཨོཾ་བཛྲ་མུཾ་ར་ཛེ་ཧུཾ་ཧཱུཾ་ཕཊ། ཨོཾ་བཛྲ་ཧཱ་སྱེ་ཧུཾ་ཧཱུཾ་ཕཊ། ཨོཾ་བཛྲ་ལཱ་སྱེ་ཧུཾ་ཧཱུཾ་ཕཊ། ཨོཾ་བཛྲ་གའི་ཏེ་ཧུཾ་ [231A]༄༅། །ཧཱུཾ་ཕཊ། ཨོཾ་བཛྲ་ནྲི་ཏྱེ་ཧུཾ་ཧཱུཾ་ཕཊ། ཨོཾ་བཛྲ་པུཥྤེ་ཧུཾ་ཧཱུཾ་ཕཊ། ཨོཾ་བཛྲ་དཧུ་པེ་ཧུཾ་ཧཱུཾ་ཕཊ། ཨོཾ་བཛྲ་དའི་པེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་གནྡྷེ་ཧུཾ་ཧཱུཾ་ཕཊ། ཨོཾ་རཱུ་པ་ བཛྲི་ཧུཾ་ཧཱུཾ་ཕཊ། ཨོཾ་ར་ས་བཛྲི་ཧུཾ་ཧཱུཾ་ཕཊ། ཨོཾ་སྤརྵ་བཛྲི་ཧུཾ་ཧཱུཾ་ཕཊ། ཨོཾ་དྷརྨ་དྷ་ཏུ་བཛྲི་ཧུཾ་ཧཱུཾ་ཕཊ། ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ་ཧུཾ་ཧཱུཾ་ཕཊ། ཨོཾ་བཛྲ་པཱ་ཤ་ཧུཾ་ཧཱུཾ་ཕཊ། ཨོཾ་བཛྲ་སྥོ་ཊ་ བཾ་ཧུཾ་ཧཱུཾ་ཕཊ། ཨོཾ་བཛྲ་ཨཱ་བེ་ཤ་ཧོཿ་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དཱ་ཌྷི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དའུ་ཏཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དཾཥྚི་ཎཱཾ་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་མ་ཐ་ནཱི་ཡེ་ཧུཾ་ཧཱུཾ་ ཕཊ༑ དམ་ཚིག་ཅན་གྱིས་ཚིག་དག་པས། །མོས་པའི་ཡིད་ཀྱིས་རྟག་ཏུ་བཟླ། །ནང་གི་བདག་ཉིད་སྦྱོར་ལྡན་པས། །ཤེས་རབ་ཐབས་ཀྱི་བདག་ཉིད་ཅན། །རང་གི་ ཐབས་དང་རིགས་པའི་ལུས། །གཉིས་སུ་མེད་པར་མཉམ་པའི་བདག་ཁྲོ་བོ་སྤྲུལ་པའི་ཚོགས་སྤྲོས་པས། །འགྲོ་བ་གསུམ་པོ་བཅས་པར་ནི། །ཧེ་རུ་ཀར་ནི་བྱས་ནས་ ཀྱང། །ས་རྣམས་གསུམ་པོ་མ་ལུས་པར། །ཐམས་ཅད་དེར་ནི་བསྡུས་ནས་ཀྱང། །སྐུ་གསུང་ཐུགས་ལ་རྣམ་པར་གནས། །འདི་ནི་རྣལ་འབྱོར་ཆོ་ག་སྟེ། །འཁོར་ལོ་ སྒོམ་པའི་བཟླས་པ་འོ། །རང་གི་ལྷ་ཡི་སྦྱོར་བ་ཡིས། །རྒྱུ་དང་མི་རྒྱུ་མཐོང་བ་ན། །དམ་ཚིག་ཅན་ཉིད་ལངས་དུས་སུ། །དེ་བཞིན་གཤེགས་པ་ཐམས་ཅད་དང། །དཔའ་ [231B] །མཁའ་འགྲོ་དང་ནི་མཁའ་འགྲོ་མ། །ཀུན་གྱིས་གསོལ་བ་གདབ་པར་བྱ། །ཁྲོ་བོ་བདེ་བའི་དགྱེས་པ་ཡི། །ལོངས་སྤྱོད་ལས་ནི་བྱུང་བ་ཡི། །རབ་རྨོངས་མ་ ཡིས་བསྙེན་བྱས་ནས། །བདེ་བའི་སྦྱོར་བ་ལ་ཞུགས་ཏེ། །ར་མ་ཧེ་ནངྚ་ཎ་སུ་ར་ཨཱ་མ་ཧཱ་སུ་ཧཱུ་བ་ར་ཛོ་ཨི་ནི་ཀ་མ་ལ་སུ་ཧུ་ཨ་ལ་ལ་ལ་ཧོ། །སུ་ར་ཨ་ཨུཏྟ་མ་མ་ཧཱུཾ། མ་ཧཱ་སིཛྫ། ཨུ་ མ་ཛོ་ཨི་ནི་ཛ་ལ་མ་ཧོ། །ཨ་ཨཱི། ཨཱ་ཨ་ར་ཧོ། །ཨ་རུ་ཧེ་བྱི་ནུ་སུ་བ་ཡ་ནཱ་ཧེ། སུ་ར་ཨ་སུ་ཧུ་དེ་ཧི་བ་ར་ཊཱ་ཨི་ནི། ཛ་ལ་སུ་ཧཱུ་བི་ས་ཕ་ན་ཏ་རོ་ཎ་ཎ་པ་དེ་ཧི་མ་ཧཱ་སུ་ཧཱུ་མ་ཛྫ་མུ་ཧཱུ་མོ་ ཀྵུ་པ་ལ་ག་ཁ་ཨུ། ཏུཏྟུ་ས་ཧཱུ་ན་ཨི་སུ་ཧཱུཾ། བཛྫི་ཨུ་མོ་ཁུ་སུ་ཧཱུཾ། ཨི་ན་ཨི་དུ། ཁ་ལ་ཐ་ཨི་མོ་ཁུ་སུ་ཧུ། བ་སུ་ཨི་པཾ་ཀ་ཨུ་མཛ་ཏ་ནུ་ན་བ་རཱ། ཨཱ་པ་ད་ཏྲིཾ། བཧུ་ཛ་ཏ་ནུ་མུཉྨ་ ཧཱ་སུ་ཧཱུ། ཨི་ལ་དརྤ་ཡ། ཨུ་མ་ཧཱུ། ཨ་ར་བའི་ཨ་གི་ཨ་པཾ་ཨུ་ར་སུ། འདི་ཡིས་མགོན་པོ་བསྐུལ་ན་ནི། །དཀྱིལ་འཁོར་དངོས་གྲུབ་ངེས་པ་སྟེ། །སྙན་ཅིང་འཇམ་པའི་མགྲིན་ པའི་དབྱངས། །དཔྱིད་ཀྱི་རྒྱལ་པོའི་གླུ་བླངས་པས། །མཁའ་འགྲོའི་དྲ་བ་དྲི་མེད་རྣམས། །གཟིགས་ཤིང་ལས་ཀུན་མཛད་པ་ཡིན། །རྡོ་རྗེ་པདྨ་ཡིད་འོང་མ། །སྦྱོར་པས་དངོས་གྲུབ་ ཐམས་ཅད་འགྲུབ། །དགྱེས་པ་འདི་ཡིས་བསྐུལ་ན་ནི། །བདེ་བ་ཆེན་པོ་སྩོལ་བ་ཡིན། །སྦྱོར་བ་ཡི་ནི་དུས་དག་ཏུ། །རྡོ་རྗེ་ཅན་གྱིས་རབ་ཏུ་སྦྱར། །ཐོག་མ་དབུས་དང་མཐར་ཐུག་ [232A]༄༅། །པར༑ ༑ཡི་གེ་བརྒྱ་པའི་གསང་སྔགས་བཟླ། །འཁོར་ལོ་དག་ནི་བརྟན་བྱས་ཏེ། །དཔའ་བོ་དང་ནི་མཁའ་འགྲོ་མ། །འདི་ནི་ཀུན་གྱི་གསང་སྔགས་ ཏེ༑ ༑ཁྲོ་བོ་སངས་རྒྱས་དེ་བཞིན་གཤེགས། །ཐམས་ཅད་སྙིང་གར་བརྟན་བྱས་ཏེ། །བསྒོམས་པས་ཐམས་ཅད་བརྟན་པར་འགྱུར། །གལ་ཏེ་བདག་ཉིད་དངོས་གྲུབ་ འདོད༑ ༑དངོས་གྲུབ་ཐམས་ཅད་གནས་པ་ཡིན། །ཨོཾ་བཛྲ་ཧེ་རུ་ཀ་ས་མ་ཡ་མ་ནུ་པཱ་ལ་ཡ་བཛྲ་ཧེ་རུ་ཀ་ཏྭེ་ནོ་པ་ཏིཥྛ། དྲི་ཌྷོ་མེ་བྷ་བ། སུ་ཏོཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་ བྷ་བ༑ ༑སུ་པོ་ཥྱོ་མེ་བྷ་བ། སརྦ་སིདྡྷི་མམེ་པྲ་ཡཙྪ་སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲི་ཡཿ་ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོ། །བཛྲ་ཧེ་རུ་ཀ་མཱ་མེ་མུཉྩ་ཧེ་རུ་ཀ་བྷ་བ། མ་ཧཱ་ས་མ་ཡ་སཏ་ཨཿ་ ཧཱུཾ་ཕཊ་སཱཧཱ། འདི་ནི་བཅོམ་ལྡན་ཀུན་ཁྱབ་ཅིང། །ཡི་གེ་བརྒྱ་པ་མཆོག་གྱུར་པ། །ཧེ་རུ་ཀ་མཆོག་རང་ཉིད་ཡིན། །ཕྱིར་ཟློག་པ་ནི་གང་ཡིན་པ། །བཅུ་དྲུག་འདབ་མ་ལ་ བཀོད་ཅིང། །རྗེས་སུ་བསྟན་པའི་དཀྱིལ་འཁོར་ཀུན། །བདག་གིས་བསྒོམས་ཤིང་བརྟན་པར་བྱ། །རང་གི་ལྷ་ཡི་སྦྱོར་བ་ཡིས། །ཇི་ལྟར་བདེ་བར་གནས་པར་བྱ། ། རྣལ་འབྱོར་འདི་འདྲ་བསྒོམས་ན་ནི། །ཁམས་གསུམ་པ་ཡང་མཐོང་འགྱུར་ཏེ། །བདག་ཉིད་དཔའ་བོའི་མཚན་ཉིད་དེ། །དེ་ལྟར་སྲིད་བའང་སྟོང་པ་ཡིན། །བསྒོམས་ [232B] །འདིར་ནི་དཀའ་ཐུབ་བཤད་པ་མེད། །ཕྲེང་བ་མེད་ཅིང་སྔགས་ཀྱང་མེད། །གཟུངས་དང་སྦྱིན་སྲེག་ལས་རྣམས་དང། །ཆོ་གའི་རིམ་པའི་གཞི་ ཡང་མེད། །རྣལ་འབྱོར་ཕྱག་རྒྱ་བྱེད་པའང་མེད། །གཡས་བརྐྱང་ཞབས་ཀྱི་རིམ་པའང་མེད། །རྡོ་རྗེ་ཆེན་པོ་དངོས་འཛིན་པ། །རང་བྱུང་དངོས་གྲུབ་ཀུན་མཛད་པ། །འགོག་པ་ཉིད་ ཀྱང་མཛད་པ་མེད། །བདག་ཉིད་བདག་གིས་མཆོད་པར་བྱ། །ཟླ་བའི་དཀྱིལ་འཁོར་གང་བ་ནི། །ལྟེ་བའི་དབུས་སུ་རྣམ་པར་བསྒོམ། །ཡི་གེ་གནས་ཀྱི་མཆོག་གྱུར་པ། །ལྷ་ཡི་ གཟུགས་སུ་སྒོམ་པ་ནི། །དེ་ཡི་དབུས་སུ་རྣམ་པར་བསམ། །སྐུ་གསུང་ཐུགས་ནི་འདུས་པ་ཅན། །དེ་ཡི་ལུས་ལས་འདས་གྱུར་ཏེ། །སེམས་ཀྱི་དངོས་ཀྱང་བཙལ་དུ་མེད།། ཆགས་པ་མེད་ཅིང་ཆགས་བྲལ་མེད། །ཆགས་བྲལ་དང་ནི་ལྡན་གྱུར་པ། །སྙིང་གི་པདྨའི་དབུས་སུ་ནི། །བརྟགས་པས་ལེགས་པར་རྙེད་པ་ནི། །ཡིད་ཀྱིས་ངལ་བསོས་བྱས་ པ་སྟེ༑ ༑རྣལ་འབྱོར་མ་ཀུན་བུད་མེད་ཡིན། །ཕྱག་རྒྱ་མཆོག་ཏུ་བཤད་པ་འོ། །ཟླ་བའི་སྟེང་དུ་བརྒྱ་ཕྱེད་རྒྱན། །ཡེ་ཤེས་སེམས་ནི་བསམ་པ་ནི། །མཆོག་སྟེ་སྤྱད་པར་བྱ་བ་མེད། །བླ་ མའི་མན་ངག་ལམ་དང་ནི། །སེམས་ནི་མཆོག་ཏུ་འབར་བ་ཡིས། །འདི་ལྟར་ཞི་བའི་གནས་དེ་ནི། །འཇིག་རྟེན་དུ་མས་མ་རྟོགས་ཏེ། །སྦྱོར་དང་སྦྱོར་བ་བྲལ་བྱས་ནས། །གོ་འཕང་ [233A]༄༅། །གཅིག་བུས་ཁྱབ་པ་ཡིན། །འདི་ལྟར་བྱང་ཆུབ་འབྲས་བུ་རྙེད་པར་དཀའ་བ་སྟེ། །དང་པོར་དབྱངས་ཀྱི་ཡི་གེ་ལས་བྱུང་གཞན་དུ་ཡང། །སྟེག་དན་ གཞུང་ལུགས་ལོག་པའི་བློ་གྲོས་དེ་ཉིད་ནི། །མ་ནིང་ཤེས་རབ་ལོང་བ་གཟུགས་བཞིན་འབྲས་བུ་མེད། །མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས། །སྐུ་གསུང་ཐུགས་ ཀྱི་གནས་ཀྱི་རིམ་པའི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པའོ།། །།དེ་ནས་སྦྱོར་བ་བཤད་བྱ་བ། །ཐོད་པ་སངས་རྒྱས་མཆོག་དམ་པ། །དེ་ཉིད་སྦྱོར་བ་ཀུན་གྱི་མཆོག་དངོས་ གྲུབ་ཐམས་ཅད་རབ་སྩོལ་བ། །གསང་བ་ལེགས་པར་སྦ་བྱ་ཞིང་།གང་གིས་སུ་ལ་འང་མི་བསྟན་ཏོ། །དེ་ཉིད་མཆོག་གི་སྒོམ་པ་གཟུང། །རྣལ་འབྱོར་མ་ཡི་སྙིང་ལ་གནས།། གསང་བ་བསྟན་པར་སྦ་བྱ་ཞིང། །བླ་མའི་ངག་ནི་བསྒོམ་པར་བྱ། །དུར་ཁྲོད་གནས་ནི་ཡིད་འོང་བ། །སྒྲུབ་པ་པོ་ཡིས་ངེས་བསྟན་པ། །བསྐྱེད་པའི་རིམ་པའི་སྦྱོར་བ་ཡིས། །ས་ དང་གནས་ཀྱི་རིམ་པ་དང། །རྡོ་རྗེ་ལྟེ་བའི་དབུས་སུ་ནི། །ཡི་གེ་ཧཱུཾ་ནི་བསྒོམ་པར་བྱ། །དེ་ཡིས་ཁྱབ་པར་བདག་ཉིད་ནི། །སངས་རྒྱས་ཐོད་པ་ཅན་གྱི་མཆོག་གནས་མེད་ཞི་ ཞིང་དག་པ་སྟེ། །རྟོག་པ་ཐམས་ཅད་རྣམ་སྤངས་ཡིན། །ཨཱ་ལི་ཀཱ་ལི་ལས་རང་བྱུང། །གཉིས་མེད་མཆོག་ཏུ་ཞི་བ་སྟེ། །ཕྱག་གཉིས་པ་ལ་ཞལ་གཅིག་པ། །ཕྱག་རྒྱ་ [233B] །འཛམ་བུའི་མདོག་ཅན་མཉམ་པས་ཁྱབ། །འོད་ཟེར་ཕྲེང་བས་ཀུན་ཏུ་འཁྲིགས། །ཐོད་བའི་ཕྲེང་བའི་དབུ་རྒྱན་ཅན། །སྤྱན་གསུམ་པ་ལ་བཞད་པའི་ ཞལ༑ ༑སེམས་དཔའ་ཀུན་གྱི་སྒོམ་པ་སྟེ། །གཉིས་མེད་ཆོས་ནི་བླ་ན་མེད། །སྟག་གི་པགས་པ་གོས་སུ་བནབས། །ན་རའི་པགས་པ་སྟེང་དུ་བརྐྱང། །ཐོད་པ་དང་ནི་ཁ་ཏཱཾ་འཛིན། ། གཡས་པ་མི་འཇིགས་ཕྱག་རྒྱ་ཅན། །སངས་རྒྱས་ལྔ་ཡི་དབུ་རྒྱན་ཅན། །མགོ་བོའི་ཕྲེང་བས་རྣམ་པར་བརྒྱན། །དེ་ཡི་ཕྱག་གཡོན་ཐོད་པ་ནི། །རྐང་གིས་རབ་ཏུ་གང་བ་དང་ སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །ཡེ་ཤེས་འཆི་མེད་ལྔས་བསྲེས་པ་།ཁ་ཊཱཾ་ག་ནི་ལྷའི་རྣལ་འབྱོར། །ཐོད་པ་དཔའ་བོ་རྣལ་འབྱོར་མ། །གཡས་པ་མི་འཇིགས་དག་པ་སྟེ། །འཇིགས་ པ་མ་ལུས་མི་འཇིགས་གྲོལ། །གདུག་ཅིང་འཇིགས་པ་མ་ལུས་ཀུན། །འདིར་ནི་ཞབས་ཀྱིས་གནོན་པར་མཛད། །གདུག་པས་འཇིགས་པ་ཐམས་ཅད་སྤོང་།ཟླ་བ་ཕྱེད་པ་ཞི་བ་ འཛིན༑ ༑སྣ་ཚོགས་རྡོ་རྗེ་དབུ་ལ་མཚན། །རྡོ་རྗེ་ཕྲེང་བས་དཔྲལ་བ་མཛེས། །རྐང་རྒྱན་ཡིད་འོང་རྒྱན་ཆ་ཅན། །སྣ་ཚོགས་པདྨ་འདབ་བརྒྱད་ཀྱི། །ལྟེ་བའི་དབུས་ནས་བཞེངས་པ་ནི།། འཇིགས་བྱེད་དང་ནི་དུས་མཚན་དག་ཆགས་བཞེ་སྡང་ཞབས་ཀྱིས་གནོན། །ཡེ་ཤེས་སེམས་དཔའ་དེ་གཟུགས་ཅན། །ཡི་གེ་བྲུཾ་ལས་བྱུང་བར་བསྒོམ། །ཐུགས་ཀྱི་འཁོར་ལོ་ [234A]༄༅། །སྙིང་ག་རུ། །ཧེ་རུ་ཀ་ནི་རྣམ་པར་བསྒོམ། །གསུང་གི་འཁོར་ལོ་ཁ་ལ་བསྒོམ། །སྐུ་ཡི་འཁོར་ལོ་སྔ་མ་བཞིན། །སྔོ་དང་དམར་དང་དཀར་བ་དང། ། ཕྱག་དྲུག་པ་ལ་ཞལ་གསུམ་པ། །རྡོ་རྗེ་དྲིལ་བུ་མཉམ་པར་ལྡན་།སྤྱན་གསུམ་པ་ལ་བཞིན་རྣམ་སྒྱུར། །ཐོད་པ་དང་ནི་ཁ་ཊཱཾ་འཛིན། །རྩེ་གསུམ་པ་དང་ཐོད་པ་འཆང། །རང་ རིག་ལུས་དང་ཡང་དག་འདུས། །བདེ་བ་ཆེན་པོའི་གོ་འཕང་གནས་།དཀྱིལ་འཁོར་བཞི་ཡི་དབུས་དག་ཏུ། །ཡི་གེ་གསུམ་སོགས་ལས་བྱུང་བ་།ཐོད་པའི་ཕྲེང་བའི་དབུ་ རྒྱན་ཅན། །རང་གི་མཚན་མའི་མཆོག་དང་ལྡན། །གནས་ལ་སོགས་པའི་རིམ་སྦྱོར་བ། །སྡོམ་པ་གསུམ་གྱི་མཆོག་དམ་པ། །མཁའ་འགྲོ་མ་དང་ལཱ་མ་དང། །དུམ་སྐྱེས་ན་[?] དང་གཟུགས་ཅན་མ། །པདྨའི་ཕྱོགས་ཀྱི་གནས་ལ་དགོད། །ཐོད་པ་བཞི་པོ་མཆོག་ཡིན་ཏེ། །མཁའ་འགྲོ་མ་ནི་ཁ་དོག་སེར། །ལཱ་མ་པ་ལ་ཤ་ཡི་མདོག་དུམ་སྐྱེས་མ་ནི་སྔོན་པོ་ སྟེ༑ ༑གཟུགས་ཅན་མ་ནི་དམར་ལ་འབར། །ཐོད་པ་དང་ནི་ཁ་ཊཱཾ་འཛིན། །གཡས་པ་མི་འཇིགས་མཆོག་ཡིན་ཏེ། །སྒོ་རྣམས་སུ་ནི་ལྷ་མོ་བཞི། །ཁྭ་གདོང་ལ་སོགས་མཁའ་ འགྲོ་མ༑ ༑སྔོ་དང་སེར་དང་དེ་བཞིན་དམར། །ལྗང་གུ་དྲག་པོའི་གཟུགས་ཅན་ནོ། །མཚམས་སུ་གཤིན་རྗེ་སྲེག་ལ་སོགས། །རབ་འཇིགས་ཤིན་ཏུ་འཇིགས་པ་སྟེ། །ཐོད་པ་དང་ [234B] །མི་འཇིགས་མཆོག་ཀྱང་དེ་བཞིན་ཏེ་།ཅང་ཏེའུ་དང་ནི་གྲི་གུག་ཉིད། །བདུད་ནི་བཞི་པོའི་སྟེང་ན་བཞུགས། །སྤྱན་གསུམ་པ་ལ་སྐྲ་གྲོལ་བ། །ཕྱོགས་ཀྱི་གོས་མཆོག་ འཛིན་པ་སྟེ། །ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། །ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །མེ་ལོང་རོ་དང་དྲི་དང་ནི། །རེག་གི་མཆོད་པ་བཞི་པོ་སྟེ། །ས་བཅུ་དག་ནི་རིམ་པ་དང། །སྐུ་གསུང་ ཐུགས་ཀྱི་སྦྱོར་བ་ཡིས། །ཕྱི་དང་ནང་གི་ཆོས་རྣམས་ཀུན། །བྱང་ཆུབ་ཕྱོགས་ཀྱིས་རྣམ་པར་དག་ཀ་ལ་སོགས་པ་ཉི་ཤུ་བཞི། །མགོ་ལ་བིནྡུས་མནན་པ་སྟེ། །གསལ་བྱེད་ཧཱུཾ་ གཉིས་དང་ཡང་སྦྱར། །མཐར་ནི་ཕཊ་དང་རབ་ཏུ་སྦྱར། །དཔའ་བོ་ཀུན་གྱི་གསང་སྔགས་ནི། །འདོད་པའི་འབྲས་བུ་ཐམས་ཅད་སྟེར་།གསལ་བྱེད་མཁའ་འགྲོ་མ་ཡི་མིང། ། མཐར་ནི་ཧཱུཾ་ཧཱུཾ་ཕཊ་ཡིན་ཏེ། །འདི་ལྟར་རབ་གཏུམ་མཁའ་འགྲོ་མ་།སྔགས་ཀྱི་དེ་ཉིད་བདེ་བ་སྟེར། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི་།ཧཱུཾ་ཨཱ་ཨོཾ། འདི་ནི་རབ་ཏུ་གསང་བ་སྟེ། །པདྨའི་ འདབ་ལ་མཁའ་འགྲོ་མ། །གསལ་བྱེད་མ་ནིང་དང་བཅས་པ། །ཧཱུཾ་ནི་གཉིས་པ་ཉིད་ཡིན་ཏེ། །མཁས་པས་མཐར་ནི་ཕཊ་དང་སྦྱར། །ཁ་གདོང་ལ་སོགས་གསང་སྔགས་ནི། །ཡ་ ར་ལ་ཝ༑ གསལ་བྱེད་དང་ནི་བཅས་པ་སྟེ། །མཐར་ནི་ཧཱུཾ་དང་ཕཊ་དང་སྦྱར། །གཤིན་རྗེ་སྲེག་མ་ལ་སོགས་པ། །ཤ་ཥ་ས་ཧ། གསལ་བྱེད་དང་ནི་ཧཱུཾ་གཉིས་དང། །ཕཊ་ཀྱང་དེ་ [235A]༄༅། །བཞིན་སྦྱར་བར་བྱ། །དབུས་སུ་སངས་རྒྱས་ཐོད་པ་ཡི་།གསང་སྔགས་དེ་བཞིན་རྗེས་སུ་དྲན། །ཨོཾ་ཨཾ་ཨཱཾ། ཨིཾ་ཨཱིཾ། ཨུཾ་ཨཱུཾ། ཨེ་ཨཻ། ཨཾ་ཨཿ་ཥ་སཱ་ཧཱ་ ཁམས་དང་ཕུང་པོ་སྐྱེ་མཆེད་ལ། །གོ་ཆ་རྣམས་ནི་སྦྱར་བར་བྱ། །ཡེ་ཤེས་འཁོར་ལོ་དམ་ཚིག་དང། །མཉམ་པའི་རོ་ཡིས་མཆོད་པར་བྱ། །མཆོད་པ་བཞི་པོའི་གསང་སྔགས་ རྣམས༑ ༑རང་མིང་གསལ་བྱེད་ཧཱུཾ་བྱས་ཏེ། །འདི་ལྟར་དཀྱིལ་འཁོར་དག་དང་སྦྱར། །སངས་རྒྱས་ཐོད་པ་ལས་བྱུང་བ། །རྡོ་རྗེ་རྒྱན་ནི་བགོས་པ་སྟེ། །ཐམས་ཅད་རིམ་པ་བཞིན་ དུ་སྦྱར༑ ༑འཐོར་འཐུང་དུ་ནི་རབ་སྦྱར་བས། །གསང་བ་བཞི་པོ་བཟླ་བར་བྱ། །སྤྲོ་དང་བསྡུ་བའི་སྦྱོར་བ་ཡིས། །འཁོར་ལོ་གསུམ་གྱི་རིམ་པ་དང། །འདིར་ནི་ཆོ་གའི་སྦྱོར་བ་ ཡིས༑ ༑དུས་བཞི་དག་ཏུ་སྦྱར་ནས་སུ། །དམ་ཚིག་འཁོར་ལོའི་བཟླས་པ་བྱ། །དམ་ཚིག་མཆོག་ནི་དངོས་གྲུབ་འགྱུར། །དམ་ཚིག་ཅན་གྱི་གསང་སྔགས་ཀུན། །སངས་ རྒྱས་ཐོད་པ་མཆོག་ཡིན་ཏེ། །མཉམ་པར་མ་བཞག་སྦྱོར་བ་ཡིས་།འདི་ལྟར་ཐམས་ཅད་རབ་ཏུ་བརྟག་དམ་ཚིག་རྟག་ཏུ་བསྐྱང་བྱ་ཞིང། །ཡེ་ཤེས་འཆི་མེད་ལྔ་ཡི་མཆོག་ ཡང་ན་རང་མིང་བཟླས་པ་བྱ། །སྔགས་ཀྱི་དེ་ཉིད་བཟླས་པར་བྱ། །ཨོཾ་ཤྲཱི་བུདྡྷ་ཀ་པཱ་ལི་བྲུཾ་ཨཱ་ཧཱུཾ་ཌཱ་ཀི་ནཱི་ཛཱ་ལ་ཤཾ་བ་རཾ་ཧཱུཾ་ཕཊ་སཱཧཱ། འདི་ནི་ཡིད་འོང་སྦྱོར་བའི་མཆོག་རྣལ་འབྱོར་ [235B]གང་དུ་དམ་ཚིག་ཉམས་པ་ལ། །སྦྱོར་བ་འདི་ནི་སྦྱིན་པར་བྱ། །ཞི་བར་གྱུར་ནས་བླ་མེད་པ། །རྣལ་འབྱོར་མེ་ཡིས་དབང་ཡང་བསྐུར། །དུས་བཞི་དག་ཏུ་ རིམ་པ་ཡིས། །ཕྱི་དང་ནང་གི་ཆུས་ཁྲུས་བྱ། །ཡང་ན་དམ་ཚིག་སྡོམ་པ་བླང། །བླ་མ་ལ་ནི་གསོལ་བ་གདབ། །བདག་ནི་མི་ཤེས་རྨོངས་པ་སྟེ། །དམ་ཚིག་ལས་ནི་འགལ་ ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག་གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་སྐྱབས་སུ་མཆི། །དེས་ནི་ཐེ་ཚོམ་ མེད་བྱས་ནས། །ངེས་པར་དངོས་གྲུབ་ཅན་དུ་འགྱུར། །མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས། དམ་ཚིག་ལས་ལྡང་བ་སངས་རྒྱས་ཐོད་པ་བསྐྱེད་པ་སྟེ་ལེའུ་ཉི་ཤུ་ རྩ་དྲུག་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །གསང་བའི་དེ་ཉིད་རྙེད་དཀའ་བ། །གསང་སྔགས་ཀུན་ནི་བསྐྱེད་པ་དང། །འགྲོ་བའི་གནས་དང་འགྲོ་བ་ དང། །རྣལ་འབྱོར་མ་དང་དཔའ་བོ་ཀུན། །སངས་རྒྱས་རྣམས་ཀྱི་གནས་མཆོག་ཡིན། །མི་ཟད་གཉིས་མེད་རྣམ་པར་དག་ཐོག་མ་དབུས་མཐར་དྲི་མ་མེད། །ཨ་ཡི་ཡེ་ཤེས་ ལས་བྱུང་བ། །རྡོ་རྗེ་སེམས་དཔའ་བདེ་བ་ཆེ། །ཞལ་གསུམ་ཕྱག་དྲུག་ཞི་བ་སྟེ། །སྤྱན་གསུམ་པ་ལ་ཐུགས་རྗེའི་ཉམས། །ཕྱག་རྒྱ་ཆེ་དང་ཡང་དག་ལྡན། །རང་བཞིན་དག་ཅིང་ [236A]༄༅། །དྲི་མ་མེད། །རལ་པ་ཟླ་ཕྱེད་དབུ་ལ་བརྒྱན། །སྣ་ཚོགས་རྡོ་རྗེས་དབུ་ལ་མཚན། །ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན་།སངས་རྒྱས་ལྔ་ཡིས་རྣམ་ པར་བརྒྱན། །སེམས་དཔའ་སྐྱིལ་མོ་ཀྲུང་གིས་བཞུགས། །ཕྱག་རྒྱ་དྲུག་གིས་རྣམ་པར་བརྒྱན། །རྡོ་རྗེ་དྲིལ་བུ་མཉམ་པར་ལྡན། །རལ་གྲི་ལྕགས་ཀྱུ་ཕྱག་ན་བསྣམས། །རིན་ ཆེན་ཞགས་པ་མཛེས་པ་འཛིན། །དངོས་གྲུབ་ཐམས་ཅད་རབ་ཏུ་སྩོལ་།དཀར་དང་སྔོ་དང་དམར་བའི་ཞལ། །རྣམ་ཐར་གསུམ་གྱི་གནས་ཀྱི་མཆོག་ཡེ་ཤེས་སེམས་ དཔའ་སྙིང་ག་རུ། །འཁོར་ལོ་གསུམ་གྱི་མཆོག་ཀྱང་སྒོམ། །ཧཱུཾ་ལས་ཐུགས་ཀྱི་འཁོར་ལོ་སྟེ། །དེ་ཡི་ཕྱག་མཚན་སྔོན་པོ་དང། །ཨཱ་ལས་གསུང་གི་འཁོར་ལོ་སྟེ། །དེ་ ཡི་ཕྱག་མཚན་དམར་པོ་འོ། །ཨོཾ་ལས་སྐུ་ཡི་འཁོར་ལོ་སྟེ། །དེ་ཡི་ཕྱག་མཚན་དཀར་པོ་ཡིན། །དཔའ་བོ་རྣལ་འབྱོར་མ་མཉམ་སྦྱོར། །སྐུ་གསུང་ཐུགས་ནི་དྲི་མ་མེད། །རཾ་ ལས་ཕྱག་རྒྱ་ཆེན་པོ་སྟེ། །ལྟེ་བའི་དབུས་སུ་རྣམ་པར་བསམ། །ཨི་ལས་བྷ་ག་པདྨ་སྟེ། །བྱང་ཆུབ་ཟླ་བ་དྲི་མ་མེད། །ཨུ་ནི་སྙིང་གར་བསམ་པ་སྟེ། །ཨེ་ནི་མགོ་ལ་རྣམ་པར་ དགོད༑ ༑ཨེ་ནི་སྤྱི་གཙུག་དག་ཏུ་དགོད། །ཨཾ་ནི་མིག་ཏུ་དགོད་པ་སྟེ་།ཨི་ནི་གོ་ཆར་བྱས་ནས་སུ། །ཨ་ནི་མདུན་གྱི་མཚོན་ཆའོ། །ལྀ་ལས་ལྷ་མོ་སྤྱན་ཡིན་ཏེ། །རྀ་ལས་ [236B] །ལཱྀ་ལས་ལྷ་མོ་གོས་དཀར་མོ། །རཱྀ་ལས་རིན་ཆེན་ཡང་དག་འབྱུང། །རིན་ཆེན་སྒྲོན་དང་ཡེ་ཤེས་སྒྲོན་།དཀར་ཞིང་པ་ལ་ཤ་ཡི་མདོག་དམར་ཞིང་ ཛམ་བུ་ཆུ་བོའི་མདོག་ཞལ་གསུམ་པ་ལ་ཕྱག་དྲུག་པ། །སྤྱན་གསུམ་དགྱེས་པས་རྣམ་པར་མྱོས། །ཐམས་ཅད་ཕྱོགས་ཀྱིས་གོས་ཅན་ཏེ། །རང་གི་ཐབས་དང་མཉམ་པར་ ལྡན༑ ༑འཁོར་ལོ་སྣ་ཚོགས་རྡོ་རྗེ་དང། །པདྨ་དམར་པོ་རིན་ཆེན་དང། །རྡོ་རྗེ་དྲིལ་བུ་ལྷན་ཅིག་སྦྱར། །འདོད་པ་ཐམས་ཅད་རབ་ཏུ་སྩོལ། །རལ་གྲི་མདའ་དང་ལྕགས་ཀྱུ་འཛིན།། གཞུ་ནི་འགུགས་པར་འཛིན་པ་སྟེ། །མཚན་རྣམས་ཐམས་ཅད་ཡོངས་སུ་རྫོགས། །ཐོད་པ་ཡི་ནི་ཅོད་པན་ཅན། །སྣ་ཚོགས་པདྨའི་དབུས་སུ་ནི། །སེམས་དཔའི་སྐྱིལ་མོ་ཀྲུང་དུ་ བཞུགས། །དེ་དག་སྒོ་རུ་དགོད་པ་སྟེ། །དབུས་སུ་གཙོ་བོའི་ཟླ་བའི་གདན། །ཟུར་ལ་མཆོད་པ་རྣམ་པ་བཞི། །ཕྱོགས་ཀྱི་གོས་ཅན་སྐྲ་གྲོལ་བ། །ཞལ་གསུམ་པ་ལ་ཕྱག་དྲུག་པ།། སྦྱན་གསུམ་ཐོད་པའི་ཕྲེང་བ་ཅན། །མེ་ལོང་དང་ནི་པི་ཝང་དང། །དྲི་དང་དུང་དང་བཅུད་ཀྱིས་ལེན། །ཆང་གི་བཏུང་བ་ལག་པས་མཆོད། །གཞན་དུ་ཇི་ལྟར་བདག་པོ་བཞིན། །རྒྱན་ རྣམས་ཐམས་ཅད་ཡོངས་སུ་རྫོགས། །སྐྱིལ་ཀྲུང་ཕྱེད་པར་ལེགས་པར་བཞུགས། །ལག་པ་སྙིམ་པའི་ཐལ་མོ་ཡིས། །མཆོད་པ་ལག་ཏུ་ཐོགས་ནས་ནི། །འདི་ལྟའི་ཆོ་གས་ [237A]༄༅། །ཐམས་ཅད་མཁྱེན། །ཨཱ་ལི་དེ་ཉིད་དྲི་མ་མེད། །གསང་བ་མཆོག་ནི་རྙེད་དཀའ་བ། །རྡོ་རྗེ་སེམས་དཔའ་བཤད་པ་ཡིན། །སྔགས་ཀྱི་དེ་ཉིད་ཆོ་ ག་དག་སྐུ་གསུང་ཐུགས་སུ་ཡང་དག་སྦྱར། །ཨོཾ་ཤྲཱི་མ་ཧཱ་སུ་ཁ་བཛྲ་ས་ཏྭ་ཨ་ཨཱ་ཧཱུཾ་ཌཱ་ཀི་ནཱི་ཛཱ་ལ་ཤཾ་བ་རཾ་སཱཧཱ། ཨོཾ་སིདྡྷི་ལོ་ཙ་ནཱི་ལི་ཨཱ་ཧཱུཾ་སཱཧཱ། ཨོཾ་ས་མ་ཡ་ཏཱ་རེ་ ཏུཏྟ་རེ་ཏུ་རེ་རྀ་ཨཱ་ཧཱུཾ་སཱཧཱ། ཨོཾ་པདྨོ་དྡྷ་ཝེ་པཱཎྜ་ར་བ་སི་ནི་སི་ལི་ཨཱ་ཧཱུཾ་སཱཧཱ། ཨོཾ་རཏྣ་ཀུ་ལ་ཀེ་ཀ་རཏྣ་ཛཱ་ལི་ནཱི་རཱྀ་ཨཱ་ཧཱུཾ་སཱཧཱ། ཨོཾ་རཱུ་པ་བཛྲི་བྲུཾ། ཨོཾ་ཤབྡ་བཛྲི་ཧཱུཾ། ཨོཾ་ གནྡྷ་བཛྲི་ཁཾ། ཨོཾ་ར་ས་བཛྲི་ཧྲཱི། ཐམས་ཅད་མཁྱེན་པ་དབང་ཕྱུག་མཆོག་བྷ་གའི་དབུས་སུ་གནས་པར་བསྒོམ། །ཨཱ་ལི་རྡོ་རྗེ་གསང་བ་སྟེ། །སེམས་ཅན་ཀུན་གྱི་ སྙིང་ལ་གནས། །གང་གིས་དངོས་པོ་ཀུན་གསང་བ། །དེ་ཡི་གསང་བ་བཤད་པ་ཡིན། །རྣལ་འབྱོར་པ་ཡིས་དུས་བཞི་རུ། །བཟླས་དང་བསྒོམ་པར་ལྡན་པར་བྱ། །སོམ་ཉི་ ཐམས་ཅད་སྤངས་ནས་ནི། །སེམས་དཔའ་ཆེན་པོ་བརྩོན་འགྲུས་བརྟན་།ཡེ་ཤེས་འཁོར་ལོ་མཐོང་ནས་ནི། །དམ་ཚིག་ཅན་གྱིས་མཆོད་དབང་བསྐུར། །དེ་དག་གཅིག་ཏུ་ བསྟིམས་ནས་སུ། །སྤྲོ་དང་བསྡུ་བའི་སྦྱོར་བ་ཡིས། །ཁམས་གསུམ་དག་ནི་མ་ལུས་པ། །ཐམས་ཅད་རྡོ་རྗེ་འཛིན་ལྟ་བུ། །འདས་པ་དང་ནི་ད་ལྟར་དང། །མ་འོངས་པ་ཡི་ [237B] །དེ་ལྟར་སེམས་ཅན་གསུམ་པ་ལ། །རྡོ་རྗེ་སེམས་དཔའི་གོ་འཕང་གནས། །ལྷན་ཅིག་སྐྱེས་དགའ་དག་པའི་བདག་ཐོག་མ་མེད་པའི་མཆོག་ཡིན་ནོ། །མངོན་པར་ བརྗོད་པའི་རྒྱུད་བླ་མའི་བླ་མ་ལས། རྡོ་རྗེ་སེམས་དཔའ་བསྐྱེད་བའི་ལེའུ་སྟེ་ཉི་ཤུ་རྩ་བདུན་པའོ།། །།དེ་ནས་མཆོག་གི་ཆོ་ག་བཤད། །འཇམ་པའི་རྡོ་རྗེ་སྒྲུབ་ པ་ནི༑ ༑མཾ་གྱི་ཡེ་ཤེས་ལས་བྱུང་བའི། །འཇམ་པའི་རྡོ་རྗེ་བདེ་བ་ཆེ། །ཞལ་དྲུག་ཕྱག་དྲུག་ཞི་བ་སྟེ། །སྐུ་མདོག་དཀར་བོ་དྲི་མ་མེད། །སྤྱན་གསུམ་རྡོ་རྗེ་སྐྱིལ་ཀྲུང་ཅན། །ཕྱག་རྒྱ་ དྲུག་ནི་འབར་བས་བརྒྱན། །མི་བསྐྱོད་པ་ཡི་ཅོད་པན་ཅན། །ཐོད་པའི་ཕྲེང་བས་རྣམ་པར་བརྒྱན། །ཟླ་བ་ཆེ་བ་ཞི་བ་འཛིན། །རལ་པའི་ཐོར་ཚུག་བ་ཅིངས་པ་སྟེ། །དཀར་དང་སྔོ་དང་ དུར་སྨྲིག་ཉིད། །སེར་དང་ལྗང་གུ་དེ་བཞིན་ཏེ། །སྟེང་གི་ཞལ་ནི་ཞི་བ་སྟེ། །ལྷ་ཡི་དངོས་གྲུབ་འབྲས་བུ་སྩོལ། །རྡོ་རྗེ་དྲིལ་བུ་མཉམ་པར་ལྡན་རལ་གྲི་པོ་ཏི་འཛིན་བ་སྟེ། །ཨུཏྤ་ལ་ དང་ལྕགས་ཀྱུ་ཉིད། །ཡེ་ཤེས་ལུས་ཅན་རྣམ་པར་བསྒོམ། །སྐུ་གསུང་ཐུགས་ཀྱི་སྙིང་པོ་ནི། །འཁོར་ལོའི་དབུས་སུ་རྣམ་པར་བསྒོམ་།སྔར་བཤད་གནས་ཀྱི་སྦྱོར་བ་ཡིས། །ཇི་ ལྟར་རྡོ་རྗེ་སེམས་དཔའ་ལྟར། །གསང་སྔགས་འདི་ནི་རྗེས་སུ་དྲན་།འཇམ་པའི་རྡོ་རྗེ་གསང་བ་ནི། །གསང་གསུམ་ཡེ་ཤེས་དམ་ཚིག་ཅན་།དཔའ་བོ་རྣལ་འབྱོར་མ་སྦྱོར་ [238A]༄༅། །བྱའོ། །ཨོཾ་ཤྲཱི་མ་ཧཱ་སུ་ཁ་མཉྫུ་བཛྲ་ཨ་མཾ་ཧཱུཾ་ཌཱ་ཀི་ནཱི་ཛཱ་ལ་སཾ་བ་རཾ་སཱཧཱ། རང་གིས་དབང་བསྐུར་བྱས་ནས་ནི། །བརྟུལ་ཞུགས་ཆེན་པོ་གསང་སྔགས་ བཟླ༑ ༑གསང་གསུམ་འཁོར་ལོ་སྤྲོས་ནས་ནི། །ཁམས་གསུམ་དག་ནི་བསྡུ་བར་བྱ། །འདི་ནི་མཆོག་ཏུ་གསང་བ་སྟེ། །གང་གིས་སུ་ལའང་བསྟན་མི་བྱ། །མངོན་པར་བརྗོད་ པའི་རྒྱད་བླ་མའི་བླ་མ་ལས། འཇམ་པའི་རྡོ་རྗེ་སྒྲུབ་པའི་ལེའུ་སྟེ་ཉི་ཤུ་རྩ་བརྒྱད་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ་།ཡི་གེ་དགུ་པ་སྒྲུབ་པ་སྟེ། །ཀྵ་ ཡི་ཡེ་ཤེས་ལས་བྱུང་བ། །གདུག་པ་ཐམས་ཅད་ཟ་བྱེད་པ། །ཟ་བྱེད་མཁའ་འགྲོ་ཟ་བྱེད་ཅིང། །རྣམ་རྟོག་ཟོས་ཤིང་ཟད་པར་བྱེད་།མཁའ་མཉམ་སྟོང་པ་ལས་བྱུང་བ།། ནམ་མཁའི་ལོངས་སྤྱོད་ཟ་བྱེད་ཅིང། །ཞལ་དྲུག་ཕྱག་ནི་བཅུ་གཉིས་པ། །སྤྱན་གསུམ་པ་ལ་ཞལ་རྣམ་སྒྱུར། །གཡས་བརྐྱང་པ་ཡི་ཞབས་ཀྱིས་བཞུགས། །གདུག་ པའི་བདུད་ནི་ཟ་བྱེད་ཅིང། །འཇིགས་བྱེད་དང་ནི་འཇིགས་བྱེད་མའོ་།ཁས་བུབ་ཞབས་ཀྱིས་མནན་པར་བཞུགས། །སྟག་གི་པགས་པ་གོས་སུ་མནབས། །མགོ་བོའི་ ཕྲེང་བས་རྣམ་པར་བརྒྱན། །ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན་།ཟླ་བའི་ཕྱེད་པས་ཉེ་བར་མཛེས། །སྣ་ཚོགས་རྡོ་རྗེ་རལ་པ་མནན། །ཕྱག་རྒྱ་དྲུག་གིས་སྐུ་ལུས་བརྒྱན།། [238B] །འཇིགས་བྱེད་རབ་ཏུ་ཆེར་འཇིགས་ཤིང། །སྔོ་དང་དུང་ཀ་ལྗང་གུ་དང། །དམར་དང་ལྔ་པ་སེར་པོ་འོ། །དྲུག་པ་དག་ནི་བོང་བུའི་མགོ་སྟེང་ གི་ཞལ་གདོང་རབ་ཏུ་འཇིགས། །ཐལ་བ་སྤྲིན་གྱི་མདོག་ཅན་ལ། །གདུག་པ་ཐམས་ཅད་རབ་འཇོམས་མ། །རྡོ་རྗེ་དྲིལ་བུ་མཉམ་པར་ལྡན་།དགྱེས་པའི་ལོངས་སྤྱོད་ལོངས་ སྤྱོད་ཅིང། །དཔང་དུ་རྡོ་རྗེ་ཕག་མོ་ནི། །དེ་མདོག་སྟེང་ཞལ་ཕག་མགོ་སྟེ། །གཉིས་སུ་མེད་པར་མཉམ་པར་ལྡན། །སྐྲ་གྲོལ་བ་དང་ཕྱོགས་གོས་ཅན། །བྱིན་པ་གཉིས་ཀྱིས་མཉམ་ པར་འཁྲིལ། །ཐུགས་རྗེའི་ཆགས་པས་རྣམ་པར་མྱོས། །ཐོད་པ་ཁ་ཊཱཾ་ག་འཛིན་ཅིང། །ཚངས་པའི་པགས་པ་མནབས་པ་སྟེ། །རྡོ་རྗེ་མདུང་དང་ཅང་ཏེའུ་དང། །གྲི་གུག་ཞགས་ པ་མགོ་བོ་དང། །ཕྱག་ཏུ་རལ་གྲི་འཕྱར་བ་སྟེ། །དྲག་པོ་གདུག་པ་ཀུན་འཇོམས་པ། །སྙིང་གར་ཡེ་ཤེས་མཁའ་འགྲོ་ནི། །ཁ་གདོང་ལ་སོགས་ཡོངས་ཀྱིས་ཁྱབ། །འཁོར་ལོ་ འདབ་བརྒྱད་དབུས་དག་ཏུ། །གཡོན་ནས་གཡས་སུ་བསྐོར་ནས་ནི། །དུར་ཁྲོད་དང་ནི་ཉེ་དུར་ཁྲོད། །མཁའ་འགྲོ་མཆོག་ནི་དགོད་པར་བྱ་།ཡཾ་རཾ་ལཾ་ཝཾ། ཤཾ་ཥཾ་སཾ་ཧཾ། ཡེ་ཤེས་ འཁོར་ལོ་མཁའ་འགྲོ་དགོད། །ཞག་བདུན་བར་དུ་བསྒོམས་ནས་ནི། །གང་ཡང་ཐུན་ནི་བཞི་ཡི་རིམ། །ཆུ་འགྲམ་དང་ནི་དུར་ཁྲོད་དུ་།བསྒོམས་པས་དངོས་གྲུབ་ངེས་པར་རྙེད།། [239A]༄༅། །འཕྲོག་པ་དང་ནི་གསོད་བྱེད་ཅིང། །གང་དུ་ལས་ནི་ཅི་འདོད་པ། །མཁའ་འགྲོ་མ་ཡི་འཁོར་ལོས་འགྲུབ། །ལས་འདིར་ཡིད་གཉིས་དཔྱོད་པ་མེད། ། སྔོ་དང་པ་ལ་ཤ་ཡི་མདོག་དམར་དང་བཞི་པ་སེར་པོ་སྟེ། །གཤིན་རྗེ་སྲེག་སོགས་བཞི་པོ་ནི། །སྣ་ཚོགས་མདོག་ཅན་མཛེས་པའི་ཞལ་།དམར་དང་སྔོ་དང་དུད་ཀ་སྟེ།། ཞལ་མདོག་དཀར་པོ་མཆོག་ཏུ་མཛེས། །ཐམས་ཅད་སྦྱན་གསུམ་པ་ཡི་ཞལ། །སྐྲ་གྲོལ་བ་ལ་ཕྱོགས་གོས་ཅན། །ཁྭ་གདོང་གཡོན་དང་གཡས་ཀྱི་ཞལ། །འུག་གདོང་ ཞལ་ཡང་དེ་བཞིན་ཏེ། །གསུམ་པ་ཁྱི་ཡི་ཞལ་གདོང་ཡིན། །བཞི་པ་ཕག་གི་ཞལ་གདོང་སྟེ། །གཡོན་དང་གཡས་པའི་ཞལ་གདོང་ནི་།དྲག་པོའི་གཟུགས་ཅན་ཆོ་ག་ བཞིན༑ ༑གཤིན་རྗེ་སྲེག་སོགས་ཞལ་གདོང་ནི། །གཡོན་དང་གཡས་པ་གཉིས་དེ་བཞིན། །ཐུག་རི་རྔ་མོ་རྟ་དང་ནི། །སེངྒེ་ར་དང་གླད་མ་ཧེ། །གཞན་ཡང་དོམ་གྱི་ཞལ་ ཡིན་ཏེ༑ ༑ཐམས་ཅད་ཀྱང་ནི་མཉམ་པར་བྱ། །ཐོད་པ་དང་ནི་ཁ་ཊཱཾ་འཛིན། །ཞགས་པ་ལྕགས་ཀྱུ་ཕྱག་ན་བསྣམས། །དྲིལ་བུ་ཅང་ཏེའུ་གྲི་གུག་དང། །ཐོད་པའི་ཕྲེང་བའི་ དབུ་རྒྱན་ཅན། །ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །ཡི་དྭགས་གདན་ལ་གར་གྱིས་བཞུགས། །མི་འུ་ཐུང་ལ་སྐྱེས་གནས་རིང། །མཆེ་བ་རྣམ་པར་གཙིགས་པའི་ [239B] ༑ཐུགས་རྗེའི་རོ་ཡིས་རྣམ་པར་མྱོས། །སྐུ་གསུང་ཐུགས་ཀྱི་གསང་བ་ནི། །སྒོམ་ཞིང་རབ་ཏུ་བསྒོམ་པར་བྱ། །ཧཱུཾ་ཨཱ་ཨོཾ། །འདི་ནི་གསང་བར་བཤད་པ་སྟེ། །རྡོ་རྗེ་པདྨ་ འཁོར་ལོ་དབུས། །ཡེ་ཤེས་མཁའ་འགྲོ་སྙིང་ག་རུ། །མཁའ་འགྲོའི་ཡི་གེའི་འཁོར་ལོ་ནི། །ཡེ་ཤེས་འཁོར་ལོ་དེ་མཐོང་ནས། །མཆོད་ཅིང་ཐིམ་པར་རྣམ་པར་བསྒོམ། །མཉམ་པར་ བཞག་ནས་ཡི་གེ་རྣམས། །སྲོག་དང་རྩོལ་བས་གསང་སྔགས་བཟླ་།རང་གིས་འཐོར་འཐུང་བྱས་ནས་སུ། །གསང་བ་གསུམ་གྱི་ཡེ་ཤེས་སྤྲོ། །ཨོཾ་ཤྲཱི་ཀྵ་ཌཱ་ཀི་ནཱི་ཛཱ་ལ་ས་བ་རཾ་ ཧུཾ་ཧཱུཾ་ཕཊ་སཱཧཱ། ཐོག་མར་གསལ་བྱེད་མིང་དང་ཧཱུཾ། །མཐར་ནི་ཕཊ་དང་རྣམ་པར་སྦྱར། །མཁའ་འགྲོ་ཟླ་བས་བཤད་པ་ཡི་།འདོད་པའི་འབྲས་བུ་ཐམས་ཅད་སྩོལ། །མཆོག་ འདི་དག་ནི་གསང་བ་སྟེ། །སུ་ལ་ཡང་ནི་སྦྱིན་མི་བྱ། །ཞག་བདུན་གྱིས་ནི་དབང་འགྱུར་ཏེ། །རྩེ་གཅིག་པ་ཡིས་བསྒོམས་ནས་ནི། །འཁོར་ལོ་གསུམ་གསང་མཁའ་འགྲོ་མའི། ། དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར། །ངེས་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས། ཀྵའི་མཁའ་འགྲོ་སྒྲུབ་པའི་ལེའུ་སྟེ་ཉི་ཤུ་རྩ་དགུ་པའོ།། །།དེ་ནས་མཆོག་ ཏུ་བཤད་བྱ་བ། །ཨཱ་ལི་མཁའ་འགྲོ་སྒྲུབ་པ་སྟེ། །ཨཱ་ལི་ཡེ་ཤེས་ལས་བྱུང་བ། །ཨཱ་ལི་མཁའ་འགྲོ་མཆོག་དམ་པ། །ཞལ་བརྒྱད་པ་ལ་ཕྱག་བཅུ་དྲུག་སྤྱན་གསུམ་ [240A]༄༅། །འཇིགས་པ་རབ་འཇིགས་པ། །ཞལ་གྱི་མཆེ་བ་རྣམ་པར་གཙིགས། །གཡས་བརྐྱང་བ་ཡི་ཞབས་ཀྱིས་བཞུགས། །ཟླ་བ་ཕྱེད་པ་རལ་པ་ འཆང། །ཐོད་པའི་ཕྲེང་བས་རྣམ་པར་བརྒྱན། །སྣ་ཚོགས་རྡོ་རྗེས་སྤྱི་གཙུག་མནན། །དཔྲལ་བ་ལ་ནི་རྡོ་རྗེ་ཕྲེང། །སྟག་གི་པགས་པ་གོས་སུ་མནབས། །ཕྱག་རྒྱ་དྲུག་གིས་ སྐུ་ལ་བརྒྱན། །རྣམ་པར་རྟོག་པ་འཇིགས་བྱེད་ཉིད། །སྲེད་དང་ཕྲག་དོག་དུས་མཚན་ཉིད། །ཞབས་ཀྱི་འོག་ཏུ་གནོན་པར་མཛད། །གདུལ་དཀའ་ཐམས་ཅད་འདུལ་མཛད་ ཅིང། །བགེགས་ཀྱི་མགོ་བོའི་ཕྲེང་བ་ཅན། །སྣ་ཚོགས་མདོག་ཅན་ལེགས་པར་མཛེས། །དཀར་བའི་མདོག་ཅན་སྐེད་པ་ཕྲ། །ལྷ་ཡི་གཟི་བརྗིད་འབར་བ་ཅན། །སྔོ་ཞིང་ སེར་ལ་དུད་ཀ་དང། །གཡས་པའི་ཞལ་ཡང་དེ་བཞིན་ཏེ། །ལྗང་གུ་དམར་དང་སེར་སྐྱ་སྟེ། །གཡོན་པའི་ཞལ་ཡང་སྣ་ཚོགས་མཛེས་།སྟེང་གི་ཐལ་ཁ་སྤྲིན་མདོག་ཞི། །ཆགས་ ཤིང་རྗེས་སུ་ཆགས་པས་ལྟ། །ཐུགས་རྗེའི་རོ་ནི་ཡང་དག་རྫོགས་།སྐུ་ལུས་ལྡེམ་ཞིང་འཛོ་བག་ཅན། །ཨཱ་ལི་མཁའ་འགྲོ་མ་ཡི་སྐུ་།ཕྱག་གཉིས་པ་ལ་གཅེར་བུའི་ ལུས༑ ༑ཐོད་པའི་ཕྲེང་བས་དབུ་ལ་བརྒྱན། །སྐྲ་གྲོལ་བ་ཡིས་རྣམ་པར་མྱོས། །སྤྱན་གསུམ་ནག་པོ་འཇིགས་པ་ཅན། །དེ་ཡི་མདོག་ཅན་སྐ་རགས་ཅན། །བྱིན་པ་གཉིས་ [240B] །གཉིས་མེད་སྦྱོར་བས་ཡང་དག་གནས་།རྡོ་རྗེ་དྲིལ་བུ་ཡང་དག་ལྡན། །ལྷ་མོའི་ཀུ་ཙ་འཚིར་བའོ། །ཇི་ལྟར་མཁའ་འགྲོའི་ཕྱག་རྒྱ་ལྟར། །མཁའ་ འགྲོམ་ཡང་དེ་བཞིན་སྦྱར། །ཕྱག་གཉིས་དག་ནི་བརྐྱང་བ་ལ་།ཁྱབ་འཇུག་པགས་པ་མནབས་པ་ཡིན། །ཐོད་པ་དང་ནི་ཁ་ཊཱཾ་འཛིན། །རལ་གྲི་དང་ནི་ཐོད་པ་འཆང། །མདུང་རྩེ་ གསུམ་པ་ཅང་ཏེའུ་ཉིད། །དགྲ་སྟ་ལྕགས་གྱུ་དེ་བཞིན་ཏེ། །ཞགས་པ་ཚངས་པའི་མགོ་བོ་དང། །གྲི་གུག་དང་ནི་འཁོར་ལོ་ཉིད་།སྙིང་གར་རྩིབས་ནི་བཅུ་གཉིས་པའི། །འཁོར་ ལོའི་རྒྱལ་པོ་ལེགས་པར་མཛེས། །དེ་ཡི་ལྟེ་བའི་དབུས་སུ་ནི། །ཡེ་ཤེས་མཁའ་འགྲོ་རྣམ་པར་བསྒོམ། །དེ་མདོག་ཞལ་དང་འདུག་སྟངས་དང། །ཕྱག་དང་ཕྱག་རྒྱ་དེ་བཞིན་ ཏེ༑ ༑ཤར་དུ་དམ་ཚིག་མཆོག་ཅེས་བྱ་བའི་རྡོ་རྗེ་མཁའ་འགྲོ་མ་ཡི་གེ་ཨའི་རིགས་ལས་བྱུང་བའོ། །བྱང་ཕྱོགས་སུ་སྣ་ཚོགས་མཆོག་ཅེས་བྱ་བའི་མཁའ་འགྲོ་མ་ཡི་གེ་ཨཱི་ལས་ གྱུར་ཏེ་བཞུགས་པའོ། །ནུབ་ཕྱོགས་སུ་ནམ་མཁའི་མཆོག་ཅེས་བྱ་བའི་མཁའ་འགྲོ་མ་ཡི་གེ་ཨེ་དང་སྦྱར་བར་བྱའོ། །ལྷོ་ཕྱོགས་སུ་གནས་ཀྱི་མཆོག་ཅེས་བྱ་བའི་མཁའ་འགྲོ་ མ་ཡི་གེ་ཨཻ་ལས་ཡང་དག་པར་བཞུགས་པའོ། །མེའི་ཕྱོགས་ལ་སོགས་པའི་མཚམས་རྣམས་སུ་མཁའ་འགྲོ་མ་བཞི་པོ་དགོད་པར་བྱ་སྟེ། ཐོག་མ་ཆེ་བའི་མཆོག་ཅེ་ [241A]༄༅། །བྱ་བའི་མཁའ་འགྲོ་མ་ཡི་གེ་ཨུ་དང་སྦྱར་བྱའོ། །བདེན་བྲལ་དུ་དྲག་པོ་མཆོག་ཅེས་བྱ་བའི་མཁའ་འགྲོ་མ་ཡི་གེ་ཨཱུ་དང་སྦྱར་བར་བྱའོ། །རླུང་ གི་ཕྱོགས་སུ་དཔའ་བོའི་མཆོག་ཅེས་བྱ་བའི་མཁའ་འགྲོ་མ་ཡི་གེ་ཨོ་དང་སྦྱར་བར་བྱའོ། །དབང་ལྡན་དུ་ཁྲོ་བོའི་མཆོག་ཅེས་བྱ་བའི་མཁའ་འགྲོ་མ་ཡི་གེ་ཨཽ་དང་སྦྱར་ བར་བྱའོ། །དེ་བཞིན་འདིས་ནི་མཚམས་བཞི་རུ། །དབང་ལྡན་ལ་སོགས་ཕྱོགས་དགོད་པ། །ཡི་གེ་རི་ལས་དངོས་གྲུབ་ཀྱི་མཆོག་ཅེས་བྱ་བའི་མཁའ་འགྲོ་མ་དང། ཡི་ གེ་ལི་ལས་དུར་ཁྲོད་ཀྱི་མཆོག་ཅེས་བྱ་བའི་མཁའ་འགྲོ་མ་དང། ཡི་གེ་རཱྀ་ལས་རྣལ་འབྱོར་གྱི་མཆོག་ཅེས་བྱ་བའི་མཁའ་འགྲོ་མ་དང་ཡི་གེ་ལཱྀ་ལས་གཏུམ་པའི་ མཆོག་ཅེས་བྱ་བའི་མཁའ་འགྲོ་མ་དང། མཁའ་འགྲོ་མ་ནི་དེ་ཀུན་གྱི། །ཡན་ལག་བཅུ་གཉིས་རྣམ་པར་དག་ཞལ་གསུམ་ཕྱག་ནི་དྲུག་པ་སྟེ། །ཐམས་ཅད་སྤྱན་ གསུམ་རྣམ་སྒྱུར་ལ། །སྐུ་ལུས་དཀར་པོ་ཐམས་ཅད་ཞལ། །སྔོ་དང་ལྗང་གུ་གཉིས་མེད་བདེ། །གཡོན་དང་གཡས་པའི་ཞལ་གཉིས་ནི་།མཁས་པས་རྣམ་པར་ བསྒོམ་པར་བྱ། །ཕྱོགས་ཀྱི་གོས་ཅན་གར་དང་བཅས། །སྐྲ་གྲོལ་བ་ལ་རབ་ཏུ་འཇིགས། །ཐོད་པ་དང་ནི་ཁ་ཊཱཾ་འཛིན། །ཅང་ཏེའུ་དང་ནི་གྲི་གུག་མཆོག་མདུང་དང་མགོ་ [241B] །སྣ་ཚོགས་མདོག་དང་ཕྱག་མཚན་བསྣམས་།རོ་ཡི་མགོ་ཡི་སྟེང་བཞུགས་ཤིང། །ཐུགས་རྗེའི་རོ་ནི་ཡོངས་སུ་རྫོགས། །ཕྱག་རྒྱ་ལྔ་ནི་འཛིན་པ་སྟེ། །ཐམས་ ཅད་ཐོད་པའི་ཕྲེང་བས་བརྒྱན། །མགོ་བོའི་ཕྲེང་བ་འཛིན་པ་སྟེ། །ཐམས་ཅད་ཨ་ལ་ལ་ཡི་སྒྲ། །ཨོཾ་ནི་ཐུགས་ཀྱི་རྡོ་རྗེ་སྟེ་།ཨཱ་ནི་གསུང་དུ་འགྱུར་བ་ཡིན། །ཨ་ནི་སྐུ་ཡི་རྡོ་རྗེ་སྟེ། ། རྡོ་རྗེ་པདྨ་འཁོར་ལོའི་དབུས། །འདི་ནི་མཆོག་ཏུ་གསང་བ་སྟེ་།རྣལ་འབྱོར་མ་ཡི་སྦྱོར་བ་མཆོག་རྡོ་རྗེ་སེམས་དཔས་གསུངས་པ་སྟེ། །རྡོ་རྗེ་སྙིང་པོས་ཞུས་པ་ཡིན། །དཀྱིལ་ འཁོར་འཁོར་ལོའི་མཁའ་འགྲོ་མ། །འཁོར་ལ་སོགས་པ་ཐམས་ཅད་དགོད་།ཡེ་ཤེས་འཁོར་ལོ་དེ་མཐོང་ནས། །གཅིག་པུ་ཆོས་ཀྱི་རོ་ཡང་བསྒོམ་།ཡེ་ཤེས་བཟླས་པའི་ སྦྱོར་བ་ཡིས། །རང་གི་སྔགས་ཀྱི་འཐོར་འཐུང་བྱ། །ནང་གི་བདག་ཉིད་སྦྱོར་ལྡན་པས། །འཁོར་ལོ་མཆོག་གི་ཚོགས་དང་སྤྲོ། །མཆོག་དེ་མཐོང་ན་སླར་ཡང་བསྡུ། །ཡན་ ལག་བཅུ་གཉིས་མཆོག་དམ་པ། །ས་ནི་བཅུ་གཉིས་དག་ཉིད་དེ། །རྡོ་རྗེ་ས་ནི་བཅུ་གསུམ་པ། །རབ་ཏུ་དགའ་དང་དྲི་མ་མེད། །འོད་བྱེད་པ་དང་འོད་འཕྲོ་བ། །སྤྱང་དཀའ་ བ་དང་མངོན་དུ་གྱུར། །རིང་དུ་སོང་དང་མི་གཡོ་བ། །ལེགས་པའི་བློ་གྲོས་ཆོས་ཀྱི་སྤྲིན། །གཟུགས་མེད་པ་དང་ཡེ་ཤེས་ལྡན། །དེ་ལྟར་ས་ནི་བཅུ་གཉིས་པོ། །འཁོར་ [242A]༄༅། །ལོའི་ལྷ་མོ་རྣམ་པར་དགོད། །དགྱེས་པ་ཆེན་པོ་བདེ་བའི་མཆོག་ཅེས་བྱ་བའི་རྡོ་རྗེ་སེམས་དཔས་དབུས་སུའོ། །འཁོར་ལ་སོགས་པ་ཀུན་གྱི་ སྔགས༑ ༑མིང་དང་གསལ་བྱེད་ཧཱུཾ་བྱས་ཏེ། །དེ་དག་མཐར་ནི་ཕཊ་དང་སྦྱར། །སྔགས་ཀྱི་གཙོ་བོས་གསང་སྔགས་ནི། །རང་སྙིང་རང་གི་ས་བོན་དགོད། །སྐུ་གསུང་ཐུགས་ དང་རྣམ་པར་སྦྱར། །ཡེ་ཤེས་འཁོར་ལོ་འདི་མཐོང་ནས། །གཅིག་ཏུ་བསྡུས་ཏེ་མཆོད་པར་བྱ། །བདག་གིས་ཕྱི་དང་ནང་དུ་ཡང། །མཉམ་པར་བཞག་སྟེ་མི་སྨྲ་བཟླ། ། རང་གི་འཐོར་འཐུང་བྱས་ནས་ནི། །བློ་ལྡན་སྲོག་རྩོལ་བཟླས་པ་བྱ། །ཨོཾ་ཤྲཱི་ཨཱ་ལི་ཌཱ་ཀ་ཨ་ཨཾ་ཌཱ་ཀི་ནཱི་ཛཱ་ལ་ཤཾ་བ་རཾ་ཧཱུཾ་ཕཊ་སཱཧཱ། སྲིད་པ་མ་ལུས་ཐམས་ཅད་ཀུན། ། དངོས་པོ་མེད་པའི་རང་བཞིན་ཏེ། །སྔགས་དང་དབྱིབས་དང་ཆོས་བདག་ཉིད། །སྦྱོར་བ་ཡི་ནི་བདག་ཉིད་རྣམས། །སེམས་ཅན་ཁམས་ནི་ཆ་གནས་པས། །རང་གི་ལྷ་ ཡི་སྦྱོར་བ་ཡིས། །བདག་ཉིད་སྦྱོར་ཞིང་མཆོད་པར་བྱ། །མཉམ་པར་མ་བཞག་སེམས་ཀྱིས་ནི། །སྒོམ་ཞིང་རབ་ཏུ་བསྒོམས་བྱས་ཏེ། །སྔགས་དང་དབྱིབས་དང་ཆོས་ ཉིད་དེ༑ ༑ཆོས་གཅིག་རོ་ནི་སྟོང་པ་ཡིན། །ཆོས་རྣམས་བདག་མེད་ཉིད་ཡིན་ཏེ། །རང་བཞིན་མེད་པའི་ཆོས་ལ་ནི། །རྗེས་སུ་བརྟག་པར་བྱ་བ་ཡིན། །མངོན་པར་ [242B] །གསང་བ་ཆེན་པོའི་གསང་བ་ཨཱ་ལིའི་མཁའ་འགྲོ་སྒྲུབ་པ་སྟེ་ལེའུ་སུམ་ཅུ་ཐམ་པའོ།།།།དེ་ནས་སྦྱོར་བ་བཤད་བྱ་བ། ། སྣ་ཚོགས་གར་གྱི་དབང་ཕྱུག་མཆོག་ཐམས་ཅད་མཆོག་སྟེ་རྣལ་འབྱོར་ཆེ། །དངོས་གྲུབ་ཆེན་པོ་ལེགས་སྩོལ་བ། །བསྐྱེད་པའི་རིམ་པའི་སྦྱོར་བ་ཡིས། །སྒོམ་ཞིང་རབ་ཏུ་ བསྒོམ་པར་བྱ། །ཉི་མའི་དཀྱིལ་འཁོར་དབུས་སུ་ནི། །སིཾ་ཨོཾ་དྭཾ་ལས་རྡོ་རྗེ་འབྱུང། །དེ་ཉིད་ཡོངས་གྱུར་བདག་ཉིད་དེ། །གསལ་བྱེད་མཁའ་འགྲོ་མཆོག་གྱུར་པ། །སྣ་ཚོགས་ དབང་ཕྱུག་སྣ་ཚོགས་མདོག་ཐམས་ཅད་རིགས་ཀྱི་མཆོག་དམ་པ་།ཞལ་དྲུག་པ་ལ་ཕྱག་བཅུ་གཉིས། །སྤྱན་གསུམ་པ་ལ་གཡོ་བའི་སྒྲ། །ཟླ་བ་ཕྱེད་པ་ཞི་བ་འཛིན། ། ཐོད་པའི་ཕྲེང་བས་སྤུད་པ་སྟེ། །སྣ་ཚོགས་རྡོ་རྗེ་དབུ་ལ་འཆང། །སྤྱི་གཙུག་རལ་པ་འཆང་བ་སྟེ། །ཕྱག་རྒྱ་དྲུག་གིས་སྐུ་ལ་མཚན། །ལྷ་ཡི་རྒྱན་གྱིས་སྡུད་པ་སྟེ། །སྐལ་ངན་ མུ་སྟེགས་ཅན་རྣམས་ནི། །ཞབས་ཀྱི་པདྨའི་འོག་ཏུ་མནན། །ལྟ་པ་ལྔ་ཡི་རིམ་པ་དག་གཡས་བརྐྱང་བ་ཡི་ཞབས་ཀྱིས་མནན། །སྐྱིལ་ཀྲུང་ཕྱེད་པའི་གར་ཞབས་ཅན། ། ཞལ་དྲུག་གིས་ནི་རྣམ་པར་བརྒྱན། །ཁྱབ་འཇུག་གི་ནི་པགས་པ་མནབས། །མགོ་བོའི་ཕྲེང་བས་བརྒྱན་པ་སྟེ། །རྡོ་རྗེ་ལྷ་མོས་རྣམ་པར་འཁྱུད། །གཅེར་བུ་འོག་པག་སྐ་ [243A]༄༅། །རགས་ཅན། །སྐྲ་གྲོལ་བ་ལ་སྤྱན་གསུམ་ཅན། །མཆུ་དང་མཆུ་ནི་རྣམ་འཚིར་ཞིང། །རྡོ་རྗེ་དྲིལ་བུ་མཉམ་པར་འཁྲིལ་།བྱང་ཆུབ་ཡན་ལག་ གནས་འཚིར་ཞིང། །བྱིན་པ་གཉིས་ཀྱིས་མཉམ་པར་འཁྲིལ། །ཐུགས་རྗེ་ཆགས་པའི་རོ་ཡིས་བདེ། །ཚངས་པའི་པགས་པ་ཡན་ལག་ནི་།ཕྱག་གཉིས་དག་གིས་ བརྐྱང་ནས་འཛིན། །ཐོད་པ་དང་ནི་ཁ་ཊཱཾ་འཆང། །དབང་ཕྱུག་ཆེན་པོའི་མགོ་བོ་ཐོགས། །མདུད་རྩེ་གསུམ་དང་རལ་གྲི་དང་།ཅང་ཏེའུ་ཞགས་པ་ལྕགས་ཀྱུ་བསྣམས། ། དཀར་དང་སྔོ་དང་ལྗང་བ་ཉིད། །སེར་དང་དུད་ཀ་དུར་སྨྲིག་སྟེ། །གཡོན་དང་གཡས་པའི་ངོས་དག་ཏུ། །པི་ལ་དང་ནི་ཉེ་བི་ལ། །མཁའ་འགྲོ་མ་ནི་གཉིས་པོ་སྦྱར། །ཆོས་ཀྱི་ མཆོག་ཅེས་བྱ་བ་ཡི། །རྡོ་རྗེ་མཁའ་འགྲོ་མ་ཉིད་ནི། །ཡི་གེ་དྭཾ་ལས་ཡང་དག་འབྱུང། །གཡོན་གྱི་ཕྱོགས་སུ་དགོད་པར་བྱ། །ཡི་གེ་སི་ལས་ངེས་བྱུང་བ། །རྒྱ་མཚོའི་ མཆོག་ཅེས་བྱ་བ་ཡི། །རྡོ་རྗེ་མཁའ་འགྲོ་མ་གཉིས་ནི། །སྣ་ཚོགས་མདོག་ཅན་སྣ་ཚོགས་ཞལ། །སྤྱན་གསུམ་པ་ལ་བཞིན་རྣམ་བསྒྱུར་།སྐྱིལ་ཀྲུང་ཕྱེད་པས་ གནས་པ་སྟེ། །ཞབས་ནི་གར་དང་བཅས་པའོ། །ཞལ་ལྔ་པ་ལ་ཕྱག་བཅུ་པ། །སྤྱན་གསུམ་དྲག་པོ་འཇིགས་པ་སྟེ། །འཇིགས་བྱེད་དང་ནི་དུས་མཚན་དག་ཞབས་ [243B] །མགྲིན་པ་དག་ནི་དྲུག་དང་བཞི། །ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །ཕྱོགས་ཀྱི་གོས་ཅན་སྐྲ་གྲོལ་བ། །ཐོད་པའི་ཕྲེང་བའི་སྐུ་རགས་ཅན། ། རྐང་གདུབ་གཡེར་ཀའི་སིལ་སྒྲ་ཅན། །ཐོད་པའི་ཕྲེང་བས་རྣམ་པར་བརྒྱན། །ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། །འཁྱུད་པ་ཡི་ནི་མཆོག་དམ་པ། །རྡོ་རྗེ་གསོར་ཞིང་སྡིགས་ མཛུབ་ཀྱིས། །གཉིས་སུ་མེད་པར་རྣམ་པར་བརྒྱན། །ཐོད་པ་གཉིས་མེད་རྣམ་བརྒྱན་ཏེ། །ཞགས་པ་ལྕགས་ཀྱུ་ཕྱག་ན་བསྣམས། །ཐོད་པ་དང་ནི་གྲི་གུག་མཆོག་སྐུ་གསུང་ ཐུགས་ཀྱི་དབུ་རྒྱན་ཅན། །དངོས་གྲུབ་ཐམས་ཅད་རབ་སྩོལ་བ། །ཡེ་ཤེས་མཁའ་འགྲོ་མ་དབུས་སུ། །འཁོར་ལོ་གསུམ་གྱི་ཐབས་ཀྱང་སྒོམ་།ཨོཾ་གྱི་ཡེ་ཤེས་མཁའ་འགྲོ་ནི། ། ཐུགས་ཀྱི་འཁོར་ལོའི་དབུས་སུ་སྟེ། །སྐུ་གསུང་ཐུགས་ཀྱི་མཁའ་འགྲོ་ནི། །རང་གི་སྙིང་གར་དེ་དག་བསྒོམ། །སྔར་བཤད་སྦྱོར་བའི་རིམ་པ་ཡིས། །གནས་ལ་སོགས་པའི་ རྗེས་རིམ་པ། །དེ་རུ་བསམ་ཞིང་རྣམ་བསྒོམས་ཏེ། །གསུམ་པོའི་རིམ་པ་རྗེས་སུ་སྤྲོ། །དེས་ནི་དངོས་གྲུབ་གཉིས་མེད་པ། །མཁའ་འགྲོ་མ་དང་ལྷན་ཅིག་བསྒོམ། །ཡེ་ཤེས་ འཁོར་ལོའི་རོ་རྣམས་ནི། །བསྒོམས་ལ་གསང་སྔགས་བཟླས་པར་བྱ་།ཨོཾ་ཤྲཱི་པྲ་ཎ་བཌཱ་ཀ་ཨཱ་ཨཱ་ཨོཾ་ཧཱུཾ་ཌཱ་ཀི་ནཱི་ཛཱ་ལ་སཾ་བ་རཾ་ཨ་སཱཧཱ། ཨོཾ་ཧྲཱིཾ་དྷརྨ་ཨུཏྟ་མེ་མ་ཧཱ་བཛྲ་ཌཱ་ཀི་ནཱི་ཡེ་དྭཾ་ [244A]༄༅། །ཧཱུཾ་ཕཊ་སཱཧཱ། ཨོཾ་སིཾ་སཱ་ག་ར་ཨུཏྟ་མེ་མ་ཧཱ་བཛྲ་ཌཱ་ཀི་ནཱི་ཡེ་སིཾ་ཧུཾ་ཧཱུཾ་ཕཊ་སཱཧཱ། གསང་གསུམ་ཡེ་ཤེས་བཟླས་ནས་ནི། །དཔའ་བོ་མཁའ་འགྲོ་ མ་བཟླ་བྱ། །གསལ་བྱེད་རང་མིང་ཧཱུཾ་གཉིས་དང། །མཐར་ནི་ཕཊ་དང་སྦྱར་བར་བྱ། །གསང་གསུམ་འཁོར་ལོ་བསྒོམས་ནས་ནི། །གསུམ་པོ་བསྡུ་ཞིང་བསྒོམས་ནས་སུ། ། དམ་ཚིག་གསང་གསུམ་སྦྱོར་བ་ཡིས། །བྷ་གའི་དབུས་སུ་བསྒོམ་པར་བྱ། །བྱང་ཆུབ་ཟླ་བ་དྲི་མ་མེད། །ཐུགས་ཀྱི་འཁོར་ལོ་ནཱ་ད་གསུམ། །གཙོ་བོ་དག་ནི་གསུམ་ཡིན་ ཏེ༑ ༑མཁའ་འགྲོ་མ་གསུམ་གསུམ་མཁའ་འགྲོ། །སྡུད་ཅིང་སྐྱེད་པར་མཛད་པ་སྟེ། །བྷ་གར་རྡོ་རྗེ་ཕག་མོ་ནི། །གསང་བ་གསུམ་དུ་རྣམ་པར་བསྒོམ། །དེ་ཉིད་སྒོམ་པའི་ སྦྱོར་བ་ཡིས། །དེ་ན་ང་རྒྱལ་རྣམས་སྤངས་ནས། །དུས་བཞི་དག་ཏུ་སྦྱོར་བ་ཡིས། །དེ་བཞིན་བསྒོམ་དང་བཟླས་པ་བྱ། །རྟག་ཏུ་དམ་ཚིག་བསྐྱང་བྱ་ཞིང། །འོ་མ་སྣ་ཚོགས་ པས་བྱུང་བ། །བྲམ་ཟེ་ཚ་དང་སྦྲང་རྩི་མར། །མ་ཧཱ་མཱཾ་ས་མཉམ་ལྡན་པ། །དེ་ཉིད་གསུམ་གྱིས་མངོན་བསྔགས་ཏེ། །བཟའ་བ་དག་ནི་བཟའ་བར་བྱ། །འདུ་འཛི་མེད་ཅིང་ སྲེད་པ་མེད། །ཡོངས་སུ་བཟུང་བའི་འཁོར་ཡང་མེད། །ལོངས་སྤྱོད་མིན་པས་ལོངས་སྤྱོད་ལ། །འཆི་བ་མེད་པའི་ཟས་བཟའ་ཞིང། །འདོད་པའི་ཡོན་ཏན་ལྔ་ཡང་ [244B] ༑ལོངས་སྤྱོད་མེད་པའི་ཟས་བཟའ་ཞིང། །རྣལ་འབྱོར་སྒོམ་པའི་སྐོམ་ཡང་བཏུང། །གཞན་དུ་གང་ཡང་བཏུང་བ་མིན་།ནང་གི་བདག་ཉིད་སྦྱོར་ལྡན་པས། །རང་ཉིད་བྱིན་ གྱིས་བརླབས་བྱས་ནས། །བཅོམ་ལྡན་མཁའ་འགྲོ་པི་ལ་བ། །རྣལ་འབྱོར་མ་ནི་ཉེ་པི་ལ། །ཐབས་ནི་པི་ལ་བར་ཤེས་བྱ། །ཤེས་རབ་ཉེ་བའི་པི་ལང། །གྲོང་ཁྱེར་མཐར་ནི་པི་ ལ་ཉིད༑ ༑གྲོང་གི་མཐའ་ནི་ཉེ་པི་ལ། །ཟླ་བ་ཉི་མ་མཉམ་སྦྱོར་བ། །པི་ལ་དང་ནི་ཉེ་བི་ཡིན། །སྐད་ཅིག་སྦྱོར་བ་པི་ལ་བ། །དགའ་བ་ཉེ་བའི་པི་ལ་སྟེ། །མཐུ་སྟོབས་དུ་མ་ལྡན་པར་ ནི༑ ༑སྐྱེ་བ་འདི་ལ་འགྲུབ་པ་ཡིན། །པ་ཤུ་ཐམས་ཅད་བཟའ་བྱ་ཞིང། །ལྷ་བཤོས་དག་ཀྱང་དེ་བཞིན་བསྒྲུབ། །དཔའ་བོ་མཁའ་འགྲོ་མ་འདུས་ནས། །དུས་ལ་མཐུན་པ་འདུས་ བྱས་ནས། །གླུ་དང་གར་དང་བཟའ་བ་དང། །འདུས་པ་མཆོག་གིས་མཆོད་པར་བྱ། །རྟོག་པ་ཐམས་ཅད་རྣམ་སྤངས་ནས། །དམ་ཚིག་གི་ནི་སྤྱད་པ་སྤྱོད། །མངོན་པར་བརྗོད་ པའི་རྒྱུད་བླ་མའི་བླ་མ་ལས། གསལ་བྱེད་མཁའ་འགྲོ་སྒྲུབ་པའི་མཚན་མ་བསྟན་པ་སྟེ་ལེའུ་སུམ་ཅུ་རྩ་གཅིག་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །དངོས་གྲུབ་ སྦྱོར་བའི་རིམ་པ་སྟེ། །མཁའ་འགྲོ་མ་དང་མཁའ་འགྲོ་སྦྱོར། །དམ་ཚིག་མཆོག་གི་སྡོམ་པ་ཡིན། །ཆོས་རྣམས་ཀུན་གྱི་སྡོམ་པ་སྟེ་།མཁའ་འགྲོ་མ་ཡི་བདེ་བ་ཆེ། །མཁའ་དབྱིངས་ [245A]༄༅། །རྡོ་རྗེའི་དབུས་གནས་པ། །དཀྱིལ་འཁོར་དམ་ཚིག་མཆོག་དམ་པ། །དེ་ཡི་དབུས་སུ་འཁོར་ལོ་ཆེ། །དཀྱིལ་འཁོར་ལྔ་ཡིས་རྣམ་པར་བརྒྱན། ། དབུས་སུ་ཉི་མའི་གདན་ཡང་མཛེས། །ཨཱ་ལི་ཀཱ་ལི་མཉམ་པར་ལྡན་།སུམ་ཅུ་རྩ་གཉིས་མཚན་དང་ལྡན། །དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན། །བྱིན་གྱིས་བརླབས་ པ་བྱས་ནས་ནི། །རང་གི་ས་བོན་ལས་བསྐྱེད་དེ། །ཡི་གེ་ཧི་ལས་ཡང་དག་འབྱུང། །དུས་མཐའི་མེ་ལྟར་རབ་ཏུ་འཇིགས། །ཞལ་གྱི་མཆེ་བ་རྣམ་པར་བཙིགས། །སྤྱན་གསུམ་ ལྗགས་ནི་བསྐྱོད་པའི་ཞལ། །གདུག་པ་ཐམས་ཅད་ཞབས་འོག་གནོན་།ཁྲོ་བོ་དང་ནི་བཞད་པའི་ཞལ། །བསྐལ་པའི་མཐར་ཡང་འཁྲུག་པ་སྟེ། །རལ་པ་ཡི་ནི་དབུ་ རྒྱན་ཅན། །གཡས་བརྐྱང་བ་ཡི་ཞབས་ཀྱིས་བཞུགས། །མགོ་བོའི་ཕྲེང་བས་རྣམ་པར་བརྒྱན། །འཇིགས་བྱེད་ཆེན་པོའི་པགས་པ་ཡིས་།རྐེད་པར་སྐ་རགས་ བཅིངས་པ་ཡིན། །ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། །སྣ་ཚོགས་རྡོ་རྗེ་ཟླ་ཕྱེད་འཆང། །དཔྲལ་བ་ལས་ནི་རྡོ་རྗེ་ཕྲེང། །ཁྲོ་བོ་མཐོང་ནས་རྣམ་པར་བརྟག་ལྷ་རྣམས་ ཐམས་ཅད་ཚར་ཡང་གཅོད། །ཀེང་རུས་ཅན་གྱི་བརྟུལ་ཞུགས་འཛིན་།འཆི་བ་འཚོ་བར་བྱེད་པའི་མཆོག་གདུག་པ་ཐམས་ཅད་ངེས་པར་གནོན། །ཕྱག་རྒྱ་དྲུག་གིས་ [245B][?]ལུས་བརྒྱན། །སྣ་ཚོགས་རྒྱན་གྱིས་སྤུང་པ་སྟེ། །ཕྱག་དྲུག་པ་ལ་ཞལ་ལྔ་པ། །སྣ་ཚོགས་རོ་ཡི་བཅུད་མཆོག་ཅན། །སྔོ་དང་སེར་དང་དེ་བཞིན་དམར། །ལྗང་གུ་དཀར་པོ་ཞི་བ་སྟེ།། རྡོ་རྗེ་དྲིལ་བུ་མཉམ་ལྡན་པ། །ཕག་མོ་ཡི་ནི་སྐུ་ལུས་ཁྱབ། །ལྷ་ཆེན་པགས་པ་འཛིན་མཛད་ཅིང། །བླ་རེ་ཚུལ་དུ་བརྐྱང་བར་མཛད་།ཐོད་པ་དང་ནི་ཁ་ཊཱཾ་འཛིན། །དྲུག་པ་ན་ནི་ ཅང་ཏེའུ་དང། །ཞབས་གཡོན་དུ་ནི་དུས་མཚན་མནན། །གཡས་པ་ཡིས་ནི་འཇིགས་བྱེད་དེ། །ཞབས་ཀྱི་ས་འོག་ཏུ་མནན་མཛད་ཅིང། །རྨོངས་ཤིང་རབ་ཏུ་མྱོས་པར་མཛད། ། རྡོ་རྗེ་ཕག་མོ་དེ་མདོག་ཅན། །སྐྲ་གྲོལ་བ་དང་གཅེར་བུ་སྟེ་།ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། །དུམ་བུའི་རྒྱན་གྱི་སྐ་རགས་ཅན། །བྱིན་པ་གཉིས་ཀྱིས་ལེགས་པར་འཁྲིལ། ། མགུལ་ནས་འཁྱུད་ཅིང་མྱོས་པ་སྟེ། །དེ་ཡི་ཕྱག་མཚན་ཕྱག་རྒྱ་བསྣམས། །གྲི་གུག་ཅང་ཏེའུ་མཆོག་ཀྱང་འཛིན། །དྲུག་པ་ལ་ནི་ཚངས་པའི་མགོ་འདི་འདྲར་རྡོ་རྗེ་མཁའ་འགྲོ་ ནི༑ ༑མཁས་པས་རེའུ་མིག་དབུས་སུ་དགོད། །ཤར་དུ་སངས་རྒྱས་མཁའ་འགྲོ་སྟེ། །བྱང་དུ་ལས་ཀྱི་མཁའ་འགྲོ་ཡིན། །ནུབ་ཏུ་པདྨའི་མཁའ་འགྲོ་སྟེ། །ལྷོ་རུ་རིན་ཆེན་མཁའ་ འགྲོ་ཡིན། །དཀར་དང་སྔོ་དང་དམར་བ་དང། །ལྗང་གུ་དང་ནི་སེར་པོ་འོ། །འཁོར་ལོ་དྲིལ་བུ་མཉམ་པར་ལྡན། །གཡས་བརྐྱང་བ་ཡི་ཞབས་ཀྱིས་བཞུགས། །ལྗང་གུ་སེར་པོ་ [246A]༄༅། །དམར་པོ་སྔོ། །དཀར་པོ་སྟེང་བལྟས་དྲིལ་བུ་དང། །སྣ་ཚོགས་རྡོ་རྗེ་བདེ་ཆེན་འཁྱུད། །གཡས་བརྐྱང་བ་ཡི་ཚུལ་གྱིས་བཞུགས། །དམར་པོ་སེར་ དང་ལྗང་གུ་དང། །དཀར་པོ་ཡང་ནི་དེ་བཞིན་ནོ། །པདྨ་དྲིལ་བུས་སྙོམས་འཇུག་ཅིང། །ལྷ་མོའི་ནུ་མ་འཚིར་བའོ། །སེར་པོ་སྔོན་པོ་དེ་བཞིན་དམར། །ལྗང་གུ་དཀར་པོའི་ ཁ་དོག་སྟེ། །རིན་ཆེན་དྲིལ་བུས་སྙོམས་པར་འཇུག། །གཡས་བརྐྱང་བ་ཡི་ཞབས་ཀྱིས་བཞུགས། །དེ་དག་མཁའ་འགྲོ་ལྔ་ཡིན་ཏེ། །སྡོམ་པ་ལྔ་ཡང་དེ་ཉིད་དོ། །མེ་དང་ བདེན་བྲལ་རླུང་དང་ནི། །དབང་ལྡན་དེ་ནི་བཞི་པོ་རུ། །སངས་རྒྱས་མཁའ་འགྲོ་ལས་མཁའ་འགྲོ། །པདྨའི་མཁའ་འགྲོ་རིན་ཆེན་མཁའ། །ཞལ་གསུམ་པ་ལ་ཕྱག་དྲུག་ པ༑ ༑སྤྱན་གསུམ་པ་ལ་སྐྲ་གྲོལ་བ། །ཐོད་པའི་ཕྲེང་བས་རྣམ་པར་བརྒྱན། །རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། །ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །ཕྱོགས་ཀྱི་ གོས་ཅན་གར་མཆོག་ཅན། །མགོ་ཡི་ཕྲེང་བས་རྣམ་པར་བརྒྱན། །ཐོད་པ་དང་ནི་ཁ་ཊཱཾ་འཛིན། །རྡོ་རྗེ་མདའ་ལ་སོགས་པས་བརྒྱན་།ཞགས་པ་ལྕགས་ཀྱུ་ཕྱག་ན་ མཛེས༑ ༑འདོད་པ་ཐམས་ཅད་སྩོལ་མཛད་ཅིང། །ཐུགས་རྗེའི་རོ་ནི་ཡང་དག་རྫོགས། །ཐུགས་རྗེའི་འདོད་པས་རྣམ་པར་མྱོས། །ཅུང་ཟད་ངོ་ཚའི་མིག་ཟུར་ཅན། །དགྱེས་ [246B] །དེ་ལྟར་སྣ་ཚོགས་དུ་མ་ཡིས་།དཀྱིལ་འཁོར་རྣམས་ནི་ཡོངས་སུ་ཁྱབ། །དུ་མའི་གཟུགས་དང་གཟུགས་སྡུག་མ། །རྡོ་རྗེ་མཆུ་དང་འོད་བྱེད་མ། །རྟ་གདོང་ དང་ནི་དྲག་པོའི་གདོང། །རྡོ་རྗེ་དྲག་པོ་སྙན་གྲགས་མ། །རྡོ་རྗེ་ཕོ་ཉ་རྡོ་རྗེ་སེན། །རྡོ་རྗེ་གཞོན་ནུ་མ་དེ་བཞིན། །ཀཾ་བོ་ཅི་ཡང་དེ་བཞིན་ཏེ། །རྡོ་རྗེ་རོ་ལངས་མ་དང་ནི། །རྡོ་རྗེ་མ་མོའང་དེ་ བཞིན་ཏེ། །དྲི་ཅན་མ་དང་འཇིགས་བྱེད་ཞལ། །ཟླ་བའི་སྤྱི་གཙུག་དེ་བཞིན་ཏེ། །ཁྲོ་གཉེར་ཅན་དང་སྣ་ཚོགས་གཟུགས། །རྡོ་རྗེ་གྲི་གུག་དེ་བཞིན་ཏེ། །རྡོ་རྗེ་ལུ་གུ་རྒྱུད་དང་ནི། ། སྒྱུ་འཕྲུལ་ལྷ་མོ་གྲགས་བྱེད་མ། །ན་ལར་ཀི་དང་སེར་སྐྱ་མ་།རྡོ་རྗེ་འབར་མ་ཐལ་སྦྱོར་མ། །རྡོ་རྗེ་འཇིགས་བྱེད་མ་ཉིད་དེ་།དཀྱིལ་འཁོར་གྲུབ་པའི་མཁའ་འགྲོ་མ། །མཁའ་ འགྲོ་མ་ནི་དེ་དག་ཀུན། །སྤྱན་གསུམ་པ་ལ་ཞལ་རྣམ་སྒྱུར། །གསུས་པ་འཆང་ལ་སྐྲ་གྲོལ་བ། །ཐོད་པའི་ཕྲེང་བས་རྣམ་པར་བརྒྱན་།རྒྱན་རྣམས་ཐམས་ཅད་ཡང་དག་རྫོགས། ། ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །ཕྱོགས་ཀྱི་གོས་ཅན་གང་མཆོག་སྟེ། །མགོ་བོའི་ཕྲེང་བས་རྣམ་པར་བརྒྱན། །ཐམས་ཅད་རོ་ཡི་གདན་ལ་བཞུགས། །སྣ་ཚོགས་གཟུགས་ ཅན་ཡིད་འཕྲོག་པ། །ཐོད་པ་ཁ་ཊཱཾ་ག་འཛིན་ཅིང། །ཞགས་པ་ལྕགས་ཀྱུ་ཕྱག་ན་བསྣམས། །རྡོ་རྗེ་མཆོག་ནི་གསོར་བྱེད་ཅིང་།དྲིལ་བུ་དང་ནི་ཅང་ཏེའུ་མཆོག་ཞལ་གསུམ་ [247A]༄༅། །དཔའ་ཞིང་སྒེག་པ་སྟེ། །ཐུགས་རྗེའི་ཉམས་ནི་ཡོངས་སུ་རྫོགས། །སྤྱན་ནི་ཟུར་གྱིས་གཟིགས་མཛད་ཅིང། །དགྱེས་པའི་སྩོལ་བས་གཡོ་ བ་སྟེ༑ ༑དངོས་གྲུབ་ཐམས་ཅད་སྩོལ་མཛད་ཅིང། །སྒྲུབ་པ་པོ་ཀུན་རྗེས་སུ་ཆགས། །ཟླ་བ་དྲུག་གིས་སྒྲུབ་པ་པོ། །མཁའ་འགྲོ་མ་ཡི་འཁོར་ལོ་འགྲུབ། །ཡིད་གཉིས་ མེད་པར་དངོས་གྲུབ་མཆོག་མཁའ་འགྲོ་ཐོད་པར་བྱེད་པ་ཡིན། །དུས་འདིར་དེ་མ་ཐག་ཏུ་ཡང། །མཁའ་ལ་སྤྱོད་པར་ཐེ་ཚོམ་མེད། །ནང་གི་ཕོ་བྲང་དེ་ཉིད་ནི། །རེའུ་ མིག་དགུ་སོགས་སྒོ་དང་བཅས། །སྒོ་རུ་ལྷ་མོ་བཞི་བཀོད་ལ། །མཁའ་འགྲོ་མ་ནི་དངོས་གྲུབ་སྟེ། །ཕྱི་རོལ་དཀྱིལ་འཁོར་ལྷ་མོ་བྲི་།སྣམ་བུའི་མཚམས་བཞི་དེ་རུ་ནི། ། ལྷ་མོ་ཉི་ཤུ་དགོད་བྱ་ཞིང། །མཁའ་འགྲོ་མ་སོགས་མཚམས་རྣམས་སུ། །ཟུར་བཞི་པ་ལ་སྒོ་བཞི་པ། །ཕྱི་རོལ་དཀྱིལ་འཁོར་དག་ཏུ་བརྟག་སྒོ་རྣམས་སུ་ནི་ལྷ་མོ་ བཞི༑ ༑འདོད་པའི་འབྲས་བུ་ཐམས་ཅད་དུ། །རྟ་བབས་བཞིས་ནི་རྣམ་པར་བརྒྱུན། །ཟུར་བཞི་ཆ་ནི་ཐམས་ཅད་དང། །སྒོ་དང་སྒོ་ཁྱུད་མཚམས་རྣམས་སུ། །རྡོ་རྗེ་རིན་ ཆེན་གྱིས་བརྒྱན་ཅིང། །ཕྱི་རོལ་དཀྱིལ་འཁོར་ཐིག་གདབ་བོ། །དེ་ཡི་ནང་དུ་རེའུ་མིག་དགུ། །སྒོ་རྣམས་ཀྱང་ནི་བྱ་བ་སྟེ། །འདི་ལྟར་མཁའ་འགྲོ་མཁའ་འགྲོ་མ། །དྲ་ [247B] །བྱང་ཆུབ་ཕྱོགས་ནི་སུམ་ཅུ་བདུན། །ཆོས་ཀྱི་རྣམ་པར་དག་པ་ཡིན། །དབུས་སུ་ས་ནི་བཅུ་གསུམ་སྟེ་།ཕྱི་རོལ་གནས་དང་ཉེ་བའི་གནས་[?]ཁྲོད་ དང་ནི་ཉེ་དུར་ཁྲོད། །འདི་ལྟར་སྦྱོར་བས་རྣམ་དག་པར། །སྡོམ་པ་མཆོག་ནི་བསྒོམ་པར་བྱ། །དེ་ནི་ཐུགས་ཀྱི་ཡེ་ཤེས་ཏེ། །ཡེ་ཤེས་མཁའ་འགྲོ་མཁའ་འགྲོ་མའོ། །ཕུང་པོ་ ཁམས་དང་སྐྱེ་མཆེད་ལ། །ཆོ་ག་གཉིས་པོ་སྦྱར་བར་བྱ། །ཡེ་ཤེས་མཆོག་གི་སྒོམ་པ་སྟེ། །གསང་བ་གསུམ་གྱི་འཁོར་ལོ་དགོད་།ཕྱེད་དང་ཕྱེད་དུ་རྣམ་པར་དགོད། །མཁའ་ འགྲོ་གསུམ་ནི་འཁོར་ལོའི་དབུས། །དམ་ཚིག་རྣལ་འབྱོར་འབྱུང་བ་ཆེ་།ཡེ་ཤེས་འཁོར་ལོ་བཀུག་ནས་ནི། །ཞབས་བསིལ་བྱས་ནས་གཞུག་པར་བྱ། །ཡེ་ཤེས་ཆུ་ཡིས་ དབང་བསྐུར་ནས། །གཙོ་བོ་དག་ནི་རྣམ་པར་བསྒོམ། །བདག་མེད་ཆོས་ཀྱི་རོ་ཀུན་གྱིས། །དམ་ཚིག་མཆོག་ནི་དྲི་མ་མེད། །བ་སྤུ་ཁུང་བུ་ཐམས་ཅད་ལས། །དམ་ཚིག་གསང་ བ་གསུམ་སྤྲོས་ནས། །སེམས་ཅན་མ་ལུས་དམ་ཚིག་གི་མཁའ་འགྲོ་རུ་ནི་རབ་གནས་བྱ། །འབད་པ་ཡིས་ནི་བསྡུས་ནས་ཀྱང། །གསང་བ་གསུམ་དུ་གཞུག་པར་བྱ། ། སྔོན་གྲུབ་པ་ཡི་མཁའ་འགྲོ་ནི། །བྱིན་རླབས་གནས་སུ་དགོད་པར་བྱ་།འདི་ནི་རྡོ་རྗེ་ཐེག་ཆེན་ཏེ། །མཁའ་འགྲོ་སྤྱོད་པའི་གནས་ལ་བཞུགས། །སྡོམ་པ་མཆོག་ནི་བཟླས་ [248A]༄༅། །པ་ཡིས༑ ༑བླ་ན་མེད་པའི་གོ་འཕང་སྟེར། །དུས་བཞི་དག་ཏུ་ཅི་འདོད་པར། །སྐྱོ་བ་མེད་པར་རྟག་ཏུ་སྒོམ། །ལུགས་སུ་འབྱུང་དང་ལྡོག་པ་ ཡིས༑ ༑འཁོར་ལོ་མཆོག་ནི་རྣམ་པར་སྤྲོ། །བ་སྤུའི་ཁུང་བུ་ལས་མདུན་དུ། །བདེ་མཆོག་སྤྲོས་ནས་མཆོད་པར་བྱ། །རྡོ་རྗེ་གསུམ་ནི་དབང་བསྐུར་ནས། །འགོག་པའི་ ཁྲོ་བོ་རྣམ་པར་བསྒོམ། །ཡེ་ཤེས་ཁྲོ་བོ་ལྷན་ཅིག་ཏུ། །སྤྲིན་གྱི་འབྲུག་སྒྲ་ལྟ་བུར་བཟླ། །འགྲོ་ཞིང་འོང་བ་སྦྱོར་བ་ཡིས། །མི་སྨྲ་རྡོ་རྗེ་བརྟུལ་ཞུགས་ཆེ། །ཞག་བདུན་གྱིས་ ནི་ངེས་པར་ཡང། །མཐུ་དང་སྟོབས་ནི་འགྲུབ་འགྱུར་ཏེ། །གཡོ་ཞིང་ལྡེག་པར་བྱེད་པ་དང། །འཁྲུག་ཅིང་གཡེངས་དང་གཞུག་པ་དང་།ནད་མེད་པ་ནི་ནད་ཡོད་བྱེད། །ནད་ ཡོད་པ་ནི་ནད་མེད་བྱེད། །དེ་ལྟར་སྒོམ་པ་བྱས་ནས་ནི། །ལས་འདིར་ཐེ་ཚོམ་མེད་པ་ཡིན། །ནང་གི་བདག་ཉིད་སྦྱོར་ལྡན་པས། །བསྒོམ་དང་བཟླས་ལ་དགའ་བ་དང། །དམ་ ཚིག་ཟས་ལ་དགའ་བ་ནི། །ཐོགས་པ་མེད་པར་ཚེ་ཡང་བརྟན། །འདི་ལྟར་རང་གི་ཆོ་གས་བཟླས། །སངས་རྒྱས་གནས་སུ་ལེགས་པར་འཇུག་།དེར་ནི་དམ་ཚིག་འཁོར་ ལོ་ནི༑ ༑མཁས་པས་སྒོམ་མཆོད་བཟླས་པ་བྱ། །གསང་སྔགས་འདི་དག་བཤད་བར་བྱ། །ཨོཾ་ཤྲཱི་བཛྲ་ཌཱ་ཀི་ནཱི་ཨཱ་དཧི་ཧཱུཾ་ཌཱ་ཀི་ནཱི་ཛཱ་ལ་ཤཾ་བ་རཾ་ཧུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་ཤྲཱི་བུདྡྷ་ཌཱ་ [248B]ཧཱུཾ་ཕཊ་སཱཧཱ། ཨོཾ་ཤྲཱི་ཀརྨཱ་ཌཱ་ཀི་ཨ་ཁཾ་ཧཱུཾ་ཌཱ་ཀི་ནཱི་ཛཱ་ལ་ཤཾ་བ་ར་ཧུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་ཤྲཱི་པདྨ་ཌཱ་ཀ་ཨ་ཧྲཱི་ཧཱུཾ་ཌཱ་ཀི་ནཱི་ཛཱ་ལ་ཤཾ་བ་ར་ཧུཾ་ཧཱུཾ་ཕཊ། ཨོཾ་ ཤྲཱི་རཏྣ་ཌཱ་ཀ་ཨཾ་ཧཱུཾ་ཌཱ་ཀི་ནཱི་ཛཱ་ལ་ཤཾ་བ་ར་ཧུཾ་ཧཱུཾ་ཕཊ་སཱཧཱ། མཁའ་འགྲོ་བཞི་པོ་དེ་དག་དང། །མཁའ་འགྲོ་མ་དང་ལཱ་མ་དང། །དུམ་སྐྱེས་མ་དང་གཟུགས་ཅན་མ། །མགྲིན་ པ་མཉམ་པར་བསྣོལ་བ་སྟེ། །བྱིན་པ་གཉིས་ཀྱིས་ལེགས་པར་འཁྲིལ་།དེ་ཡི་མདོག་དང་ཕྱག་དང་ཞལ། །ཕྱག་མཚན་རྣམས་ཀྱང་རྣམ་པར་བསྒོམ། །ལྷ་མོ་མངོན་དུ་བྱས་ ནས་ནི༑ ༑སྙིང་པོའི་གསང་སྔགས་སོ་སོ་ཡིན། །ཨོཾ་ཤྲཱི་བཛྲ་བཱ་རཱ་ཧི་བཾ་ཧུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་ཤྲཱི་ཌཱ་ཀི་ནཱི་ཌཱཾ་ཧུཾ་ཧཱུམ་ཕཊ་སཱཧའ། ཨོཾ་ཤྲཱི་ལཱ་མེ་ལཱཾ་ཧུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་ཤྲཱི་ཁཎྜ་རོ་ཧེ་ཁ་ཧུཾ་ཧཱུཾ་ ཕཊ་སཱཧཱ། ཨོཾ་ཤྲཱི་རཱུ་པ་ཎི་རཱུཾ་ཧུཾ་ཧཱུཾ་ཕཊ་སཱཧཱ། འདི་ནི་ལྔ་པོའི་བདག་ཉིད་ཀྱིའོ། །མཚམས་ཀྱི་མཁའ་འགྲོ་མའི་སྔགས་ནི། ཨོཾ་ཤྲཱི་བུདྡྷ་ཌཱ་ཀི་ནཱི་ཧུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་ཤྲཱི་ཀརྨཱ་ཌཱ་ཀི་ནཱི་ ཧུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་ཤྲཱི་པདྨ་ཌཱ་ཀི་ནཱི་ཧུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་ཤྲཱི་རཏྣ་ཧུཾ་ཧཱུཾ་ཕཊ་སཱཧཱ། སྒོ་རུ་མཁའ་གྲོ་མ་ཡི་སྔགས། །འདོད་པའི་འབྲས་བུ་ཐམས་ཅད་སྟེར། །བཞི་པོ་སྣ་ཚོགས་ མདོག་ཅན་ཏེ། །ཇི་བཞིན་རིགས་ཀྱིས་ཀུན་ལ་ཁྱབ། །ཨོཾ་ཧཱུཾ་རཱུ་པེ་ཧུཾ་ཧཱུཾ་ཕཊ། །ཨོཾ་སུ་རཱུ་པེ་ཧུཾ་ཧཱུཾ་ཕཊ། ཨོཾ་བཛྲ་དུནྟི་ཧུཾ་ཧཱུཾ་ཕཊ། ཨོཾ་པྲ་བྷཱ་ཀ་རི་ཧུཾ་ཧཱུཾ་ཕཊ། ཤར་ཕྱོགས་ཀྱི་ནི་ [249A]༄༅། །སྣམ་བུ་ལ། །ལྷ་མོ་བཞི་པོ་དགོད་པ་སྟེ། །སྐུ་ལུས་དཀར་པོའི་མདོག་ཅན་ལ། །དེ་ཡི་གསང་སྔགས་བཤད་པ་ཡིན། །ཨོཾ་བཛྲ་པ་ཌཱ་བ་མུ་ཁཱི་ཧུཾ་ཧཱུཾ་ ཕཊ༑ ཨོཾ་གྷོ་ར་མུ་ཁི་ཧུཾ་ཧཱུཾ་ཕཊ། ཨོཾ་བཛྲ་གྷོ་ཎེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་ཤ་སྭི་ནི་ཧཱུཾ་ཧཱུཾ་ཕཊ། ལྷོ་ཕྱོགས་ཀྱི་ནི་སྣམ་བུ་ལ། །ལྷ་མོ་བཞི་པོ་དགོད་པར་བྱ། །སྐུ་མདོག་དག་ནི་སེར་བ་སྟེ་ དེ་ཡི་སྔགས་སུ་བཤད་པ་ཡིན། །ཨོཾ་བཛྲ་དའུ་ཏི་ཧུཾ་ཧཱུཾ་ཕཊ་ཨོཾ་བཛྲ་ན་ཁ་ཧུཾ་ཧཱུཾ་ཕཊ། ཨོཾ་བཛྲ་ཀཽ་མ་རཱི་ཧུཾ་ཧཱུཾ་ཕཊ། ཨོཾ་བཛྲ་ཀཾ་པུཙྫི་ཧུཾ་ཧཱུཾ་ཕཊ། ནུབ་ཕྱོགས་ཀྱི་ནི་སྣམ་བུ་ལ། ། ལྷ་མོ་བཞི་པོ་སྐུ་མདོག་དམར་པོ་ཅན་གྱི་སྔགས་ཡིན་ནོ། །ཨོཾ་བཛྲ་བེ་ཏཱ་ལི་ཧུཾ་ཧཱུཾ་ཕཊ། ཨོཾ་བཛྲ་ས་ཡི་ཀི་ཧཱུཾ་ཧཱུཾ་ཕཊ། ཨོཾ་གནྡྷ་རི་ཧུཾ་ཧཱུཾ་ཕཊ། ཨོཾ་བ་མི་བ་ད་ནེ་ཧུཾ་ཧཱུཾ་ཕཊ། བྱད་ གི་སྣམ་བུ་ལ་ལྷ་མོ་བཞི་སྐུ་མདོག་ལྗང་གུ་སྟེ། དེའི་གསང་སྔགས་བཤད་པ་ཡིན། །ཨོ་ཙཎྜ་ཤཾ་ཁ་རེ་ཧུཾ་ཧཱུཾ་ཕཊ། ཨོཾ་བཧྲྀ་ཀུ་ཊ་ཧུཾ་ཧཱུཾ་ཕཊ། ཨོཾ་བི་ཤྭ་རཱུ་པེ་ཧུཾ་ཧཱུཾ་ཕཊ། ཨོཾ་བཛྲ་ ཀཌྜྷ་ནི་ཧུཾ་ཧཱུཾ་ཕཊ། དབང་ལྡན་ལ་སོགས་པའི་མཚམས་བཞི་རུ་ལྷ་མོ་བཞི་པོ་གཟུགས་གཉིས་པའི་མདོག་ཅན་ཏེ། དེའི་སྔགས་བཤད་པ། ཨོཾ་ཤྲཱི་བཛྲ་ཁ་ལེ་ཧུཾ་ཧཱུཾ་ཕཊ་ ཨོཾ་བཛྲ་མ་ལེ་ཧུཾ་ཧཱུཾ་ཕཊ། ཨོཾ་བཛྲ་ཡ་ཤཿ་ཀ་རི་ཧུཾ་ཧཱུཾ་ཕཊ། ཨོཾ་བཛྲ་ནཱ་ལཱ་ར་ཀེ་ཧུཾ་ཧཱུཾ་ཕཊ། སྒོ་རྣམས་སུ་ནི་ལྷ་མོ་བཞི་པོ་སྣ་ཚོགས་པའི་མདོག་ཅན་དྲག་པོའི་གཟུགས་ལྡན་ [249B] དེའི་སྔགས་སུ་བཤད་པ། ཤར་དུ་ཨོཾ་ཤྲི་བཛྲ་པཾ་གེ་ལེ་ཛཿ་ཛཿ་ཧུཾ་ཧཱུཾ་ཕཊ། ལྷོ་རུ་ཨོཾ་ཤྲཱི་བཛྲ་ཛྭ་ལི་ནི་ཧཱུཾ་ཧུཾ་ཧཱུཾ་ཕཊ། ནུབ་ཏུ་ཨོཾ་ཤྲཱི་བཛྲ་ཀུཎྜ་ལི་པཾ་བཾ་ཧུཾ་ཧཱུཾ་ཕཊ། བྱང་དུ་ ཨོཾ་ཤྲཱི་བཛྲ་ཕཻ་ར་བི་ཧོ་ཧུཾ་ཧཱུཾ་ཕཊ། ཐམས་ཅད་གསལ་བྱེད་མཐའ་རུ་ནི། །ཤྲཱི་ནི་སྤྱར་ཞིང་མཆོག་རིམ་བཞིན། །སྔགས་པས་དེ་ལྟར་བཟླས་ན་ནི། །མཁའ་འགྲོ་མ་ནི་དྲ་བ་ཡི། །སྡོམ་ པའི་དངོས་གྲུབ་ཐོབ་པ་སྟེ། །ཟླ་བ་དྲུག་གིས་བདེ་དབང་འགྱུར་།གཅུག་ཏུ་བྱས་ཏེ་བསྡུས་ན་ནི། །རྣལ་འབྱོར་ཆེན་པོ་གཟི་བྱིན་ཅན་།དྲ་བའི་མཆོག་ནི་འགྲུབ་པར་འགྱུར། །གསང་ སྔགས་འདི་དག་ཐམས་ཅད་ནི། །ཁྲི་འམ་དུ་བཟླས་ན་ནི། །གསང་སྔགས་རྒྱལ་པོ་འགྲུབ་པ་ཡིན། །སྙིང་པོ་དག་ནི་བཟླས་པ་ཡིས་།དཔའ་བོ་མཁའ་འགྲོ་མ་གྲུབ་ཅིང། །རང་ ཉིད་ཇི་ལྟར་འདོད་པར་འགྱུར། །གཞན་གྱི་ལུས་སུ་ཞུགས་འགྲོ་ཞིང་།མི་སྣང་བ་དག་ཐོབ་ནས་ནི། །རྣལ་འབྱོར་ཆེན་པོ་རྣམ་པར་སྤྱོད་།སྣ་ཚོགས་གཟུགས་ནི་འཛིན་པ་ཡིན། ། མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས། དམ་ཚིག་གི་སྡོམ་པ་ལས་འབྱུང་བའི་དཀྱིལ་འཁོར་གྱི་རྒྱལ་པོ་ཞེས་བྱ་བའི་ལེའུ་སྟེ་སུམ་ཅུ་རྩ་གཉིས་པའོ།། །། དེ་ནས་གཞན་ཡང་བཤད་བྱ་བ། །སངས་རྒྱས་མཁའ་འགྲོའི་ཆོ་གའི་རིམ། །སྔར་བཤད་སངས་རྒྱས་མཁའ་འགྲོ་ཡི། །ལུང་ལ་སོགས་པའི་རིམ་པ་བྱ། །རྣལ་འབྱོར་ལུང་ནི་ [250A]༄༅། །མི་ཤེས་པ། །སངས་རྒྱས་མུ་སྟེགས་ཅན་ཡིན་ཏེ། །རྟག་ཏུ་ལུང་ནི་སྤང་མི་བྱ། །དཀོན་མཆོག་གསུམ་ནི་མི་སྤང་ཞིང། །སངས་རྒྱས་ཆོས་དང་ དགེ་འདུན་ལ། །རྟག་ཏུ་བདག་ནི་སྐྱབས་སུ་འགྲོ། །ཤེས་རབ་ཕ་རོལ་ཕྱིན་དམིགས་ན། །རྣལ་འབྱོར་གྱི་ནི་དངོས་གྲུབ་འགྲུབ། །གཅིག་ཅར་འཇུག་པའི་སྦྱོར་བ་ཡིས། །བདག་ གི་ལུས་ནི་རྣམ་པར་བསམ། །སྔོ་ཞིང་དྲག་ལ་བཞིན་རྣམ་སྒྱུར་།གཏུམ་ཞིང་འཇིགས་པ་འཇིགས་པར་མཛད། །ཞལ་གྱི་མཆེ་བ་རྣམ་པར་གཙིགས། །རལ་པ་ཟླ་ཕྱེད་སྤྱི་ གཙུག་འཆིད། །སྣ་ཚོགས་རྡོ་རྗེས་རལ་པ་གནོད། །ཐོད་པའི་ཕྲེང་བས་རྣམ་པར་བརྒྱན། །རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། །བཾ་ཧཱུཾ་བཛྲ་ལས་བྱུང་སྐུ་ལུས་ཅན། ། ཕྱག་རྒྱ་དྲུག་དང་ཡང་དག་ལྡན། །སྟག་གི་པགས་པ་གོས་སུ་མནབས། །སྐྱིལ་ཀྲུང་ཕྱེད་པས་ལེགས་པར་གནས། །སྤྱན་གསུམ་དྲག་པོའི་སྐུ་ལུས་ཅན། །མགྲིན་པ་བཞི་ལ་ ཞལ་བཞི་པ། །བཅུ་གཉིས་ཕྱག་དང་ཡང་དག་ལྡན། །སྟོང་པའི་ཡེ་ཤེས་ཡང་དག་མཆོག་གདུག་པ་ཀུན་གྱི་ཐོད་པའི་ཕྲེང། །དུས་མཐའ་ལས་བྱུང་དོ་ཤལ་ཅན། །གདུག་ པ་ཀུན་ནི་ཞབས་འོག་གནོན། །ཉོན་མོངས་འཇིགས་བྱེད་མགོ་བོ་དང་།སྲེད་པ་གཏི་མུག་ཕྲག་དོག་སྟེ། །དུས་མཚན་མོ་ནི་ཁས་ཕུབ་ལ་།གདུག་པའི་བགེགས་ནི་ [250B] །ཐམས་ཅད་ཞབས་ཀྱི་འོག་ཏུ་གནོན། །ནམ་མཁའ་དང་ནི་སྐྱ་བ་དང། །དཀར་བ་དང་ནི་དམར་བ་དང། །ལྗང་གུ་སྟེང་དུ་བལྟས་པའི་ཞལ། །རྡོ་རྗེ་དྲིལ་བུ་མཉམ་ ལྡན་པ༑ ༑ཕག་མོ་དག་དང་བདེ་བས་འཁྱུད། །ཀུན་ཏུ་གཉིས་མེད་སྦྱོར་བ་ཡིས། །ཆོས་རྣམས་ཀུན་གྱི་རོ་གཅིག་ཏུ། །སྦྱངས་པའི་ཡོན་ཏན་ཞེས་བྱ་བ། །དཔལ་གྱི་བདེ་བ་ཆེན་པོ་ ནི༑ ༑རྡོ་རྗེ་ཧེ་རུ་ཀ་ཉིད་ཡིན། །ཐོད་པ་དང་ནི་ཁ་ཊཱཾ་འཛིན་།ཆོས་ཀྱི་འཁོར་ལོ་མཁར་གསིལ་དང། །ལྷུང་བཟེད་མདུང་དང་ཞགས་པ་དང། །ལྕགས་ཀྱུ་མགོ་བོ་ཅང་ཏེའུ་དང། །གཡས་ དང་གཡོན་པའི་ཕྱག་དག་གིས། །ན་རའི་པགས་པ་བརྐྱང་ནས་བསྣམས། །ཤར་དུ་མཱ་ཏ་ངྒི་དང་ཌོཾ་བི་ཀ་ཛ་ར་ཀི་དང་པུཀྐི་སི། །ཁ་ཊ་ཀི་དང་ཤ་བ་རི། །ཛི་བ་རི་དང་ས་མ་རི་།ལྷ་ མོ་བརྒྱད་པོ་དེ་དག་ནི། །ཇི་བཞིན་རིམ་པས་རྗེས་སུ་དགོད། །སེར་དང་སྔོ་དང་དེ་བཞིན་དམར། །དུད་པ་ཡི་ནི་མདོག་ཅན་ཏེ། །དམར་དང་ལྗང་དང་དུད་ཀའི་མདོག་བརྒྱད་པ་ དཀར་པོ་ཉིད་ཡིན་ནོ། །སྒོ་རྣམས་སུ་ནི་དགོད་བྱ་བ། །ཁྲག་འཐུང་རྡོ་རྗེ་གཏུམ་མོ་དང། །རྡོ་རྗེ་སྲིད་མཆོག་མ་དང་ནི། །རྡོ་རྗེ་འཇིགས་བྱེད་དྲག་མོ་སྟེ། །གདུལ་དཀའ་ཐམས་ཅད་ གསོལ་མཛད་ཅིང། །ཐལ་པ་སྤྲིན་མདོག་ལྗང་གུ་དང། །དམར་དང་སྔོ་དང་ལྷག་པར་འཇིགས། །བརྒྱད་པའི་དབུས་སུ་ཆོས་མཁར་གསིལ་།ཐོད་པ་ཅང་ཏེའུ་གྲི་གུག་སྟེ། །ཕྲག་ [251A]༄༅། །བའི་སྟེང་དུ་གོས་འཛིན་པའོ། །སྒོ་རྣམས་སུ་ནི་ལྷ་མོ་བཞི། །ཐོད་པ་ཁ་ཊཱཾ་མི་འཇིགས་པ། །ཆོས་ཀྱི་མཁར་གསིལ་ཅང་ཏེའུ། །ཞལ་གཅིག་པ་ ལ་ཕྱག་བཞི་པ། །ཡི་དྭགས་གདན་གྱི་སྟེང་དུ་ནི། །སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས། །བསོད་སྙོམས་པ་དང་ཆོས་གོས་གསུམ་།ཕྱིས་མི་ལེན་དང་ཙོག་བུ་བ།། གཞི་ཇི་བཞིན་དང་སྟན་ཅིག་པ། །བླ་གབ་མེད་དང་ཤིང་དྲུང་པ་།དགོན་པ་པ་དང་དུར་ཁྲོད་དང། །ཁྲོད་པ་དང་ནི་ཕྱིང་བ་པའོ། །འདི་དག་ཇི་ལྟའི་རིམ་པ་ཡིས། །སྦྱངས་པའི་ ཡོན་ཏན་རྣམ་དག་བསྒོམ། །ཡེ་ཤེས་མཉམ་པའི་དམ་ཚིག་མཆོག་རོ་གཅིག་ཏུ་ནི་རྣམ་པར་བསྒོམ། །ཨོཾ་ཤྲཱི་མ་ཧཱ་སུ་ཁ་བཛྲ་ཧེ་ཧེ་རུ་རུ་ཀཾ་ཨཱ་ཧུཾ་ཧཱུཾ་ཕཊ། ཨོཾ་མཾ་མ་ཏཾ་ གི་ཧུཾ་ཧཱུཾ་ཕཊ། ཨོཾ་ཌཾ་བཛྲ་ཌོཾ་བི་ནི་ཧུཾ་ཧཱུཾ་ཕཊ། ཨོཾ་རཾ་རཱ་ཛ་ཀི་ཧུཾ་ཧཱུཾ་ཕཊ། ཨོཾ་པུཾ་པུཀྐ་སི་ཧུཾ་ཧཱུཾ་ཕཊ། ཨོཾ་ཁཾ་ཁ་ཏ་ཀཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཤཾ་ཤཱ་བ་རི་ཧུཾ་ཧཱུཾ་ཕཊ་ཨོཾ་ཛིཾ་ཛི་བ་རི་ཧུཾ་ཧཱུཾ་ཕཊ་ ཨོཾ་སཾ་ས་མ་རི་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཏེཾ་ཧེ་ཧེ་རུ་ཀི་ཧུཾ་ཧཱུཾ་ཕཊ། ཨོཾ་བཾ་བཛྲ་ཙཎྚི་ཧུཾ་ཧཱུཾ་ཕཊ། ཨོཾ་ཧཱུཾ་བཛྲ་རཱཀྵ་སི་ཧུཾ་ཧཱུཾ་ཕཊ། ཨོཾ་བཧེཾ་བཛྲ་བཧཻ་ར་བའི་ཧུཾ་ཧཱུཾ་ཕཊ། དེ་ཀུན་གཅེར་བུ་སྐྲ་གྲོལ་བ། །སྤྱན་ གསུམ་པ་ལ་ཞི་བ་སྟེ། །མཆེ་བ་རྣམ་གཙིགས་ལྕེ་བསྐྱོད་ཅིང་།ཕྱག་རྒྱ་ལྔ་ཡིས་སྐུ་ལུས་བརྒྱན། །ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། །བཞད་དང་ཞི་དང་སྙིང་རྗེ་དང། །སྒེག་ [251B] །དྲག་ཅིང་ཁྲོ་བའི་ཉམས་ཅན་ཏེ་།བཟླས་དང་སྒོམ་པ་སྤྲོ་ཞིང་བསྡུ། །ལུས་དག་ཡིད་ལ་བདེ་བར་གནས། །སེམས་ཅན་མོས་པ་སྣ་ཚོགས་པ། །གདུལ་བའི་ཐབས་ ཀྱི་བདེ་བ་ཡིས། །ཡུལ་ལ་ཡོངས་སུ་སྤྱོད་པ་ན། །བླ་མེད་ཡེ་ཤེས་འབྲས་བུ་འཐོབ། །སེམས་ཅན་ཐམས་ཅད་འདི་ཡིས་བདེ་[?] །འཆི་མེད་བདེ་བའི་ལོངས་སྤྱོད་ཀྱིས། །ཡེ་ཤེས་འབྲས་ བུ་རྙེད་པ་ཡིན། །འདི་ནི་སེམས་ཅན་ཐམས་ཅད་ཀྱི། །མཆོག་གི་གོ་འཕང་ཐོབ་པའོ། །མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས། སྦྱངས་པའི་ཡོན་ཏན་བསྐྱེད་པའི་ལེའུ་ སྟེ་སུམ་ཅུ་རྩ་གསུམ་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ་།ཆར་དབབ་ཆོ་གའི་རིམ་པ་ནི། །པདྨ་འདབ་མ་བརྒྱད་མཆོག་གི་།ལྟེ་བ་གེ་སར་བཅས་པ་ལ།། དེ་ཡི་དབུས་སུ་རྡོ་རྗེ་ཆེ། །མཆེ་བ་རྣམ་གཙིགས་འཇིགས་པ་ཅན་།ཕྱག་བརྒྱད་པ་ལ་ཞལ་བཞི་པ། །སྤྱན་གསུམ་འཇིགས་པའང་རབ་ཏུ་འཇིགས། །རྡོ་རྗེ་མཚོན་ནི་གསོར་མཛད་ ཅིང། །སྡིགས་མཛུབ་ཞགས་པར་ལྡན་པ་དང། །ཐོད་པ་དང་ནི་ཁ་ཊཱཾ་འཛིན། །ལྕགས་ཀྱུ་དང་ནི་མདུང་བསྣམས་ཤིང། །དཔའ་བོའི་པགས་པ་བསྣམས་ཤིང་འཛིན། །ཅང་ཏེའུ་ དང་ནི་བརྒྱད་པར་བཤད། །གཡས་བརྐྱང་བ་ཡི་ཞབས་ཀྱིས་ནི་།ཆུ་ལྷ་འཇིགས་པ་མྱོས་པ་གནོན། །ཟླ་བ་ཕྱེད་པ་རལ་པ་འཆིང་།སྣ་ཚོགས་རྡོ་རྗེས་རྣམ་པར་བརྒྱན། །ཕྱག་རྒྱ་ [252A]༄༅། །དྲུག་གིས་སྐུ་ལ་བརྒྱན། །ཐོད་པའི་ཕྲེང་བས་རྣམ་པར་བརྒྱན། །སྟག་གི་པགས་པ་གོས་སུ་མན་བས། །ཐོད་པའི་ཕྲེང་བའི་ཅོད་པན་མཆོག་ མཆུས་གནོན་ཞལ་གདོང་རྣམ་སྒྱུར་ཞིང། །ཁྲོ་བར་ལྟ་ཞིང་འཇིགས་པར་གཟིགས། །འདབ་མ་བརྒྱད་ལ་ཀླུ་བརྒྱད་བྲི། །མཐའ་ཡས་དང་ནི་ནོར་རྒྱས་དང། །འཇོག་པོ་ པདྨ་པདྨ་ཆེ། །དུང་སྐྱོང་དང་ནི་སྟོབས་ཀྱི་རྒྱུ། །དགའ་བོ་དང་ནི་བརྒྱད་ཡིན་ཏེ། །དཀར་དང་སྔོ་དང་དམར་དང་ལྗང། །སེར་དང་དུད་པའི་མདོག་ཅན་ཏེ། །ལྗང་གུ་དང་ནི་སེར་ པོ་སྟེ༑ ༑ཐལ་མོ་སྦྱར་བར་བྱས་ནས་ནི། །བཅོམ་ལྡན་འདས་ལ་མངོན་ཕྱོགས་པ། །འཇིགས་པས་བཀའ་དྲིན་སློང་བར་བྱེད། །སྐྲག་པས་ལྟ་ཞིང་གནས་པ་འོ། །བཅོམ་ ལྡན་སྐུ་ལུས་སྔོན་པོ་ཅན། །འཇིགས་ཤིང་ཤིན་ཏུ་འཇིགས་པར་མཛད་།གཡས་པ་དུད་ཀ་དམར་པོ་སྟེ། །གཡོན་པ་ལྗང་གུ་དུད་ཀ་འོ་།སྟེང་གི་ཞལ་ནི་མཁའ་ལྡིང་ གདོང། །ཞལ་རྣམ་སྒྱུར་ཞིང་འཇིགས་པ་འོ། །ཉི་མ་དམར་པོའི་གཟི་བརྗིད་ཅན། །ཉི་མ་བཅུ་གཉིས་ཉི་མཉམ་འོད། །ཕག་མོ་དག་གིས་མགུལ་འཁྱུད་ཅིང། །བྱིན་པ་གཉིས་ ཀྱིས་ལེགས་པར་འཁྲིལ། །ཡང་ན་ཕྱག་ནི་བཅུ་གཉིས་པ། །བདེ་ཆེན་མཆོག་ནི་བཅུ་གཉིས་པ། །གྲི་གུག་ཚངས་པའི་མགོ་བོ་དང། །རྡོ་རྗེ་དྲིལ་བུ་ཡང་དག་ལྡན། །ལྷ་མོའི་ [252B] །གཅེར་བུ་དབུ་སྐྲ་གྲོལ་བ་དང་།སྤྱན་གསུམ་པ་ལ་སྐུ་རགས་ཅན། །ཛམྦུའི་ཆུ་བོ་མཆོག་གི་སྐུ་།གཉིས་སུ་མེད་པར་སྦྱོར་བར་གནས། །ཀླུ་ནི་རང་ གི་ཆུང་མར་བཅས། །ཆུ་ལྷའང་ཆུང་མར་བཅས་པ་དང། །ཆུ་ལྷའི་ལུས་ནི་དཀར་པོ་ཅན། །བཀའ་དྲིན་དག་ནི་སློང་བར་བྱེད་།སྙིང་གར་ཡེ་ཤེས་འཁོར་ལོ་དག་དེ་མདོག་ཕྱག་ དང་ཞལ་ཡང་སྐྱེད། །དེ་ཡི་སྙིང་ག་ཧཱུཾ་ནཱཾ་ཧཱུཾ་དགོད་ཅིང་།ལུས་ངག་ཡིད་ཀྱང་དེ་བཞིན་ཏེ། །ཀླུ་ཡི་རང་སྙིང་དེ་ཉིད་ལ་།ཧཱུཾ་ནཱཾ་ཧཱུཾ་ནི་རྣམ་པར་དགོད། །གསང་སྔགས་རྒྱལ་ པོའི་ཆོ་ག་ནི། །ཁྲོ་བོའི་ཚིག་ལྟར་བཟླས་བརྗོད་བྱ། །ཆུ་བོའི་འགྲམ་མམ་རྒྱ་མཚོ་འམ། ཁྲོན་པའམ་ཀླུ་ཡི་མཚོ་དང་ནི། །རྫིང་བུ་ལྟེང་ཀ་རྣམས་སུ་ནི། །བློ་ཅན་ཁྲོ་བོའི་བཟླས་ པ་བྱ༑ ༑ཡང་ན་ཀླུ་ཡི་གནས་སུ་ནི། །སྒོམ་པ་བཟླས་པ་དག་ལ་འཇུག་།ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུཾ་ནཱཾ་ནཱ་ག་བར་ཥཱ་པ་ཡ་ཧཱུཾ་ཌཱ་ཀི་ནཱི་ཛཱ་ལ་ཤཾ་བ་ར་ཧཱུཾ་ཕཊ་སཱཧཱ། འདི་དག་བསྒོམ་ ཏེ་ཁྲི་ཙམ་བཟླ། །དུས་བཞི་དག་ཏུ་སྟོང་དུ་འོ། །ཞག་བདུན་གྱིས་ནི་ངེས་པར་ཡང། །ས་རྣམས་ཀུན་ཏུ་ཆར་འབབ་འགྱུར། །དམ་ཚིག་སྦྱིན་སྲེག་མཆོད་དུས་སུ། །གླུ་དང་གར་ ནི་ཉེར་ལྡན་པས། །འོ་མ་དག་ནི་བཟའ་ཞིང་བཏུང། །རྣལ་འབྱོར་པས་ནི་ཀླུ་བརྒྱད་བཟླ། །འོ་མའི་ཁྲུས་ཀྱི་ཆོ་ག་ཡིས། །འོ་མས་སྦྱིན་སྲེག་བསྲེག་བླུགས་བྱ། །འོ་མའི་ཤིང་ [253A]༄༅། །གི་བུད་ཤིང་བྱ། །འོ་མའི་ཤིང་གི་ཡམ་ཤིང་དང། །འོ་མར་བཅས་པས་སྦྱིན་སྲེག་བྱ། །བུམ་པ་འོ་མས་ཡོངས་སུ་དགང། །མེ་སོགས་ མཚམས་དང་ཕྱོགས་རྣམས་སུ། །འོ་མར་བཅས་པའི་གཏོར་མ་སྦྱིན་།ཨོཾ་ཨཾ་ཨ་ནནྟ་ཡ་ཧཱུཾ་ནཱཾ་ཧཱུཾ་སཱཧཱ། ཨོཾ་བཾ་བཱ་སུ་ཀེ་ཧཱུཾ་ནཱཾ་ཧཱུཾ་སཱཧཱ། ཨོཾ་ཏཾ་ཏཀྵ་ཀ་ཧཱུཾ་ནཱཾ་ཧཱུཾ་སཱཧཱ་ཨོཾ་པཾ་ པདྨ་ཧཱུཾ་ནཱཾ་ཧཱུཾ་སཱཧཱ། ཨོཾ་མཾ་མཧཱ་པདྨ་ཧཱུཾ་ནཱཾ་ཧཱུཾ་སཱཧཱ། ཨོཾ་ཤཾ་ཤཾ་ཁ་པཱ་ལ་ཧཱུཾ་ནཱཾ་ཧཱུཾ་སཱཧཱ། ཨོཾ་ཀཾ་ཀརྐོ་ཊ་ཧཱུཾ་ནཱཾ་ཧཱུཾ་སཱཧཱ། ཨོཾ་ཨཾ་ཨ་ནནྟ་ཏཔྟ་ཧཱུཾ་ནཱཾ་ཧཱུཾ་སཱཧཱ། ཨོཾ་ཧཱུཾ་བཾ་བ་རུ་ཎ་ཡ་ནཱ་ གཱ་དཧི་པ་ཏེ་ཡེ་ནཱ་གཾ་བརྵཱ་པ་ཡ་ཧཱུཾ་ནཱཾ་ཧཱུཾ་སཱཧཱ་འདི་བཟླས་ཁྲོ་བོ་དང་བཅས་པས། །ཀུན་གྱི་བཟླས་པ་ཁྲི་ཙམ་བྱ་།འོ་མ་འབྲས་སྙིང་ཟས་སུ་བཟའ། །དབང་པོ་ཐུལ་ཅིང་ཡོད་ མི་སྨྲ༑ ༑བྲི་གཟུགས་སྤངས་པའི་མངོན་སུམ་དུ། །ཁྲི་ཙམ་བཟླས་ན་མངོན་དུ་འགྱུར། །མངོན་སུམ་དུ་ནི་དངོས་གྲུབ་ཅིང། །སྨྲས་པ་ཙམ་གྱིས་ཆར་འབེབས་ཏེ། །འདི་ལ་ ཐེ་ཚོམ་མ་བྱེད་ཅིག་དངུལ་གྱི་སྣོད་ཀྱི་ནང་དུ་ནི། །ཡུངས་ཀར་དང་ནི་ཆུ་བླུགས་ལ། །དེ་ལ་ཉི་ཤུ་རྩ་གཅིག་གི་བར་དུ་ཡོངས་སུ་བཟླས་ཏེ་སངས་རྒྱས་ཀྱི་སྐུ་གཟུགས་ལ་ དྲི་ཆུ་དང་འོམ་བསྲེས་པས་ཁྲུས་བྱས་ཏེ་ཆུ་འགྲམ་གྱིས་སྦྲུས་པ་ལས་ཀླུའི་གཟུགས་བྱས་ལ་ནུབ་ཏུ་མགོ་བསྟན་ཏེ་མགོ་བོ་དགུ་ལ་ཆུས་དབང་བསྐུར་ཏེ། །དེ་ནས་ཆུ་བོའི་ [253B] །དེ་མ་ཐག་ཏུ་ལྷས་ཆར་འབེབས་ཤིང་ཛམྦུའི་གླིང་དུ་ཆར་འབེབས་འགྱུར། །ས་རྣམས་འབྲུ་ཡིས་གང་འགྱུར་ཞིང། །ནགས་ཚལ་རྣམས་ནི་འཕེལ་བར་བྱེད། ། སེམས་ཅན་ཐམས་ཅད་བདེ་རེག་ནས། །ཕན་ཚུན་ཁྲོ་བོའི་གཟུགས་ཅན་ནི། །བདག་བསྒོམས་རྒྱུད་ཀྱི་རྗེས་འབྲངས་ནས། །རང་གཏི་སྙིན་ག་ཁོ་ནར་ནི། །ཧེ་རུ་རྡོ་རྗེ་བསྒོམས་པ་ཡི།། ཆར་པ་ཡང་ནི་འབབ་པར་འགྱུར། །རིའི་སྟེང་དུ་འཛེགས་ཏེ་རྩེ་གསུམ་པ་ལ་ཡོངས་སུ་བཟླས་ན་སེར་བ་གཅོད་པར་འགྱུར་རོ། །ཅང་ཏེའུ་ལ་ཡོངས་སུ་བཟླས་ན་མེ་མཆེད་ པའི་མེ་རེངས་པར་འགྱུར་རོ། །ཞགས་པ་ལ་ཡོངས་སུ་བཟླས་ན་འགུགས་པར་བྱེད། ཐོད་པ་ལ་ཡོངས་སུ་བཟླས་ན་ཁྲག་འགུགས་པར་བྱེད་དོ་།དགྲ་སྟ་ལ་ཡོངས་སུ་བཟླས་ ན་གསོད་པར་བྱེད་དོ། །ཁ་ཊཱཾ་ག་ལ་ཡོངས་སུ་བཟླས་ན་ཞི་བར་བྱེད་དོ། །གྲི་གུག་ལ་ཡོངས་སུ་བཟླས་ན་འཇིག་རྟེན་གསུམ་དུ་རྒྱུ་བ་གསོད་པར་བྱེད་དོ། །མགོ་བོ་ལ་ཡོངས་སུ་ བཟླས་ན་འཆི་བ་སློང་བར་བྱེད་དོ། །རྡོ་རྗེ་གསོར་ཞིང་ཡོངས་སུ་བཟླས་ན་ས་འོག་གི་དངོས་གྲུབ་ཏུ་འགྱུར་རོ། །དྲིལ་བུ་ལ་ཡོངས་སུ་བཟླས་ན་མི་དགའ་བ་ཡོངས་སུ་འགུགས་ པར་བྱེད་དོ། །གླང་པོ་ཆེའི་པགས་པ་ལ་ཡོངས་སུ་བཟླས་ཏེ་བཏིང་ན་བར་སྣང་ལ་འཕུར་བར་འགྱུར་ཏེ། དཔག་ཚད་སྟོང་ཕྲག་བརྒྱར་འགྲོ་ཞིང་སླར་ལྡོག་གོ་ཕྱག་རྒྱ་དྲུག་ལ་ [254A]༄༅། །ཡོངས་སུ་བཟླས་ན་ཕ་རོལ་གྱི་མདུན་དུ་མི་སྣང་བར་འགྱུར་རོ། །ས་སྟེང་དུ་ནི་ཀུན་སྤྱོད་ཅིང། །ཅི་བདེ་བར་ནི་གནས་པར་འགྱུར། །མངོན་པར་ བརྗོད་པའི་རྒྱུད་བལ་མའི་བླ་མ་ལས། ཆར་དབབ་པའི་ཆོ་གའི་ལེའུ་སྟེ་སུམ་ཅུ་རྩ་བཞིའོ།། །།དེ་ནས་གཞན་ཡང་བཤད་བྱ་བ་།གསང་བ་མཆོག་ ནི་མདོར་པ་སྡུས་ནས། །སྐད་ཅིག་གིས་ནི་བདག་སྒོམ་པ། །ཧེ་རུ་ཀ་དཔལ་གཟུགས་སུ་བྱ། །སྡོ་ཞིང་དྲག་པོ་རྣམ་སྒྱུར་པ། །དྲག་པོ་སྤྱང་སུམ་ཞལ་དྲུག་མཆོག་ཟླ་བ་ ཕྱེད་པ་རལ་པ་འཛིན། །སྣ་ཚོགས་རྡོ་རྗེ་དབུ་མཆོག་ལ། །ཐོད་པའི་ཕྲེང་བའི་དཔུ་རྒྱན་ཅན། །རྡོ་རྗེ་ཕྲེང་བས་རྣམ་པར་བརྒྱན། །སྐུ་ལ་མགོ་བོའི་དོ་ཤལ་ཅན། །ཕྱག་རྒྱ་ དྲུག་གིས་རྣམ་པར་བརྒྱན། །སྟག་གི་པགས་པ་གོས་སུ་མནབས། །ཕག་མོ་ཡིས་ནི་སྐུ་ལ་བརྒྱན། །ཞབས་གཅིག་པ་ནི་བཞེངས་པ་སྟེ། །གཡས་པ་སེར་ལ་དུད་པའི་ མདོག་གཡོན་པ་དམར་ལ་ལྗང་གུ་འོ། །སྟེང་གི་ཞལ་ནི་རྟ་གདོང་སྟེ། །དཀར་ཞིང་སྤྲིན་མདོག་དྲག་ཅིང་འཛིགས། །རྡོ་རྗེ་དྲིལ་བུ་མཉམ་པར་ལྡན། །ལྷ་མོ་མཆུ་ནི་ འཚིར་བ་སྟེ། །རྒྱལ་བའི་པགས་པ་གོས་སུ་མན་བས། །མཁའ་འགྲོ་མ་ཡི་རིགས་འཛིན་ཅིང། །ཐོད་པ་དང་ནི་ཁ་ཊཱཾ་འཛིན། །རྡོ་རྗེ་མཚན་གྱིས་བརྒྱན་པ་སྟེ། །ཞགས་པ་ [254B] །ཅང་ཏེའུ་དང་ནི་མགོ་བོ་འཛིན་།གྲི་གུག་ཞགས་པ་དེ་བཞིན་ཏེ། །ཕྱག་ནི་བཅུ་གཉིས་དག་ཏུ་བཤད་།དཀྱིལ་འཁོར་དག་ནི་ཐམས་ཅད་ཀྱང། ། ཞབས་གཅིག་ཏུ་ནི་རྣམ་པར་བསྒོམ། །གླང་པོའི་གདོང་དང་བྱི་འུའི་གདོང། །སེངྒེའི་གདོང་ཡང་དེ་བཞིན་ཏེ། །དང་པོ་ཁྱི་ཡི་གདོང་ཡིན་ཏེ། །གཉིས་པ་འུག་པའི་གདོང་ཡང་ ཡིན༑ ༑གསུམ་པ་ཕག་གི་གདོང་ཡིན་ཏེ། །བཞི་པ་ཁྲ་ཡི་གདོང་ཅན་ནོ། །གནས་ཀྱི་དབྱིབས་ཀྱི་ཆོས་བདག་ཉིད། །སྣ་ཚོགས་གཟུགས་རི་ཆེན་པོ་འཛིན། །མཐའ་ཡས་རྣམ་ རྒྱལ་གྲགས་པ་སྟེ། །ཐམས་ཅད་མཁྱེན་ཅིང་ཐམས་ཅད་པ། །ཇི་ལྟར་འདོད་པའི་སྐུ་ལུས་འཆང། །དེ་བཞིན་བསྒོམ་ཞིང་རྣམ་བསྒོམ་སྟེ་།སྣ་ཚོགས་གཟུགས་ཅན་རིན་ཆེན་ བཞིན༑ ༑བདག་ཉིད་ཆེན་པོ་རྣམ་པར་རོལ། །མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས། །ལས་སྣ་ཚོགས་སྒྲུབ་པའི་ལེའུ་སྟེ་སུམ་ཅུ་རྩ་ལྔ་པའོ།། །།དེ་ནས་ གཞན་ཡང་བཤད་བྱ་བ། །ཕག་མོའི་མཆོག་ནི་སྒྲུབ་བ་སྟེ་།བསྐྱེད་པའི་རིམ་པའི་སྦྱོར་བ་ཡིས། །བདག་ཉིད་བསྒོམ་ཞིང་རྣམ་པར་བསྒོམ། །སྐུ་ནི་ཉི་མ་བཅུ་གཉིས་གཟི།། སྐུ་ལུས་སིནྡུར་འདྲ་མི་གཡོ། །མེ་ཏོག་བནྟུ་ཀ་ལྟ་བུ། །ཞལ་གསུམ་པ་ལ་ཕྱག་དྲུག་པ། །རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས་།སེམས་དཔའི་སྐྱིལ་མོ་ཀྲུང་གིས་ [255A]༄༅། །བཞུགས། །ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། །རྡོ་རྗེ་དྲིལ་བུ་མཉམ་པར་ལྡན། །དབུ་སྐྲ་མཛེས་པས་འཁྲིལ་བ་སྟེ། །ཐབས་ཀྱི་ཞལ་མཆུ་རྣམ་ འཚིར་ཞིང། །མདའ་དང་གཞུ་ནི་འཛིན་པ་སྟེ། །རྣ་བའི་མཐར་ཐུག་འགེངས་པར་བྱེད། །ཐོད་པ་དང་ནི་ཁ་ཊཱཾ་འཛིན། །ལྕགས་ཀྱུ་མཆོག་གིས་འགུགས་པ་སྟེ། །པདྨ་དམར་ པོའི་དབུས་བཞུགས་ཤིང། །འདོད་པ་ཐམས་ཅད་རབ་ཏུ་སྩོལ། །ཡང་ན་ཕྱག་ནི་བཅུ་གཉིས་པ། །ཞལ་དྲུག་ལྷ་མོའི་སྐུ་ལུས་འབྱུང། །སྟེང་གི་ཞལ་ནི་ཕག་རྒོད་གདོང་ དྲག་པོ་གཟི་བརྗིད་འཇིགས་པའི་གཟི། །ཤར་གྱི་འདབ་ལ་རྡོ་རྗེ་གསང་བའི་མཆོག་གཡོན་པའི་ཕྱོགས་སུ་རྡོ་རྗེ་དམ་ཚིག་མཆོག་ནུབ་ཀྱི་ཕྱོགས་སུ་རྡོ་རྗེ་གཟི་བརྗིད་ མཆོག་ལྷོ་ཡི་ཕྱོགས་སུ་རྡོ་རྗེ་རིན་ཆེན་མཆོག་མེ་ཡི་ཕྱོགས་སུ་རྡོ་རྗེ་ཡེ་ཤེས་མཆོག་བདེན་བྲལ་ཕྱོགས་སུ་རྡོ་རྗེ་རིག་མཆོག་མ་།རླུང་གི་ཕྱོགས་སུ་རྡོ་རྗེ་གྲུབ་མཆོག་ མ། །དབང་ལྡན་ཕྱོགས་སུ་རྡོ་རྗེ་ཐལ་མཆོག་མ། །སྒོ་ལ་རྡོ་རྗེ་འབར་མཆོག་མ། །རྡོ་རྗེ་གཟི་བརྗིད་མཆོག་མ་སྟེ། །རྡོ་རྗེ་ཁྲོ་བོ་མཆོག་མ་དང། །རྡོ་རྗེ་མཆེ་བ་མཆོག་མ་འོ། །ལྷ་མོ་ དེ་དག་ཐམས་ཅད་ཀྱང། །དམར་བའི་མདོག་ཅན་ཞལ་གསུམ་པ། །ཕྱག་དྲུག་པ་ལ་སྤྱན་གསུམ་པ། །སེམས་དཔའི་སྐྱིལ་མོ་ཀྲུང་དུ་བཞུགས་།དབུ་སྐྲ་དག་ནི་གྲོལ་བ་སྟེ་ [255B] །རྡོ་རྗེ་དྲིལ་བུ་མཉམ་ལྡན་པས། །རང་གི་ལུས་ཀྱིས་ཐབས་ལ་འཁྲིལ། །ཞགས་པ་དང་ནི་ལྕགས་ཀྱུ་དང། །ཐོད་པ་དང་ནི་ཁ་ཊཱཾ་འཛིན།། གྲྭ་བཞི་དག་ཏུ་མདའ་གཞུ་དག་ཡོངས་སུ་འགེངས་པ་གནས་པར་བཞག། །སྒོ་རུ་གཡས་བརྐྱང་ཞབས་ཀྱིས་བཞུགས། །གཅེར་བུ་རྣམ་པར་འགྱུར་བའི་ཞལ། །ཐམས་ཅད་ཡི་ དྭགས་གདན་ལ་བཞུགས། །རྡོ་རྗེ་གསོར་ཞིང་སྡིགས་མཛུབ་དང་།ཞགས་པ་དང་ནི་ཡང་དག་ལྡན། །གཞན་ཡང་ཕན་ཚུན་དག་ཏུ་ཡང། །ཇི་ལྟར་འཁོར་ལ་སོགས་ཕྱག་ འཚལ༑ ༑དེ་སྙིད་ཡེ་ཤེས་ལྷ་མོ་ནི། །སྐུ་གསུང་ཐུགས་དང་བཅས་པ་བསྒོམ། །ཡེ་ཤེས་དཀྱིལ་འཁོར་སྦྱོར་བ་ཡིས། །ཆོས་ཀྱི་རོ་ནི་མཉམ་པར་ཐིམ། །ཡེ་ཤེས་བཟླས་པ་སྤྲོས་ནས་ ནི༑ ༑ཆོ་གའི་རིམ་པས་ཡང་དག་བསྡུ། །དམ་ཚིག་མཆོག་གི་བཟླས་པ་ཡིས། །ཟླ་བའི་དེ་ཉིད་འགྲུབ་པར་འགྱུར། །ཨོཾ་ཤྲཱི་བཛྲ་བཱ་རཱ་ཧི་ཨཱ་བཾ་ཧུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་ཤྲཱི་བཛྲ་གུ་ཧྱ་ཨུཏྟ་མེ་ ཧུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་ཤྲི་བཛྲ་ས་མ་ཡ་ཨུཏྟ་མེ་ཧུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་ཤྲཱི་བཛྲ་ཏེ་ཛོཏྟ་མེ་ཧུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་ཤྲཱི་བཛྲ་རཏྣོཏྟ་མེ་ཧུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་ཤྲཱི་བཛྲ་ཛྙ་ནོ་ཏྟ་མེ་ཧུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་ཤྲཱི་ བཛྲ་བིདྱ་ཨུཏྟ་མེ་ཧུཾ་ཧཱུཾ་ཕཊ་སཱ་ཧཱ། ཨོཾ་ཤྲཱི་བཛྲ་སིདྡྷེ་ཏྟ་མེ་ཧུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་ཤྲཱི་བཛྲ་བྷསྨཏྟ་མེ་ཧུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་ཤྲཱི་བཛྲ་ཛཱ་ལོཏྟ་མེ་ཛེཿ་ཧུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་ཤྲཱི་བཛྲ་ཨོཾ་མྲྀ་ཏོཏྟ་མེ་ཧུཾ་ཧཱུཾ་ཕཊ་ [256A]༄༅། །སཱཧཱ། ཨོཾ་ཤྲཱི་བཛྲ་ཀྲོ་བྷོཏྟ་མེ་བཾ་ཧུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་ཤྲཱི་བཛྲ་དཾཥྚོཏྟ་མེ་ཧོཧུཾ་ཧཱུཾ་ཕཊ་སཱཧཱ། འདི་དག་ཇི་ལྟའི་རིམ་པ་ཡིས། །སྒོམ་པ་དང་ནི་བཟླས་པ་ བྱ༑ ༑བསྡུ་དང་སྤྲོ་བ་བྱས་ནས་ནི། །ཆོས་རྣམས་ཀུན་དང་ཆོས་ཙན་ནི། །རང་གི་ལྷ་ཡི་སྦྱོར་བས་དག་སེམས་ཅན་ཐམས་ཅད་རབ་ཏུ་བརྟག་རྣལ་འབྱོར་གནས་ནི་ཆོས་ཡིན་ ཏེ༑ ༑གསང་བ་གསུམ་ལ་རབ་ཏུ་གཞུག་གསང་གསུམ་གནས་ནི་ཆོས་ཡིན་ཏེ། །ཆོས་ཀྱང་དེ་བཞིན་དེ་ལྟ་བུ། །བདག་མེད་ཆོས་ནི་ཆོས་ཡིན་ཏེ། །ཆོས་ལས་ཆོས་ནི་ ཡོད་མ་ཡིན། །མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས་གསང་བ་གསུམ་གྱི་དམ་ཚིག་གི་མཆོག་ཅེས་བྱ་བའི་ལེའུ་སྟེ་སུམ་ཅུ་རྩ་དྲུག་པའོ།། །། དེ་ནས་གཞན་ཡང་བཤད་བྱ་བ། །རྣལ་འབྱོར་མ་དྲུག་ཆོ་གའི་རིམ་།པདྨ་འདབ་ལྔ་བྲིས་ནས་ནི། །ལྟེ་བ་གེ་སར་ཁྱབ་པར་ནི། །དེ་ཡི་དབུས་སུ་ཕག་མོ་ནི། །དམར་ཞིང་སྣ་ ཚོགས་འབར་བའི་འོད། །ཞལ་གསུམ་པ་ལ་ཕྱག་དྲུག་མཛེས། །སྤྱན་གསུམ་དབུ་སྐྲ་གྲོལ་བ་སྟེ། །ཐོད་པའི་ཕྲེང་པའི་དབུ་རྒྱན་ཅན་།ཕྱོགས་ཀྱི་གོས་ནི་འཛིན་པའི་ མཆོག་སྐྱིལ་ཀྲུང་བྱེད་པ་གར་དང་བཅས། །ཕྱག་རྒྱ་དྲུག་གིས་སྐུ་བརྒྱན་ཅིང། །མགོ་བོའི་ཕྲེང་བ་འཛིན་པ་སྟེ། །གདུག་པའི་བདུད་ནི་ཐམས་ཅད་དང། །དུས་མཚན་ [256B] །ཞབས་ཀྱིས་ཀྱང་ནི་མནན་པར་བཞུགས་།དམར་དང་སྔོ་དང་ལྗང་བ་སྟེ། །སངས་རྒྱས་ལྔས་ནི་རྣམ་པར་བརྒྱན། །ཐོད་པ་དང་ནི་ཁ་ཊྲཱཾ་འཛིན། །ཞགས་པ་ ལྕགས་ཀྱུ་ཕྱག་ན་བསྣམས། །མགོ་བོ་དང་ནི་གྲི་གུག་འཛིན། །དངོས་གྲུབ་ཐམས་ཅད་རབ་ཏུ་སྩོལ། །སྙིང་གར་ཡེ་ཤེས་དམ་ཚིག་ནི་།སྐུ་གསུང་ཐུགས་སུ་སྦྱོར་ལས་བྱུང།། ཤར་ཕྱོགས་ལྷ་མོ་ཡ་མི་ནི། །གཡོན་དུ་བསྐོར་ནས་རྣམ་པར་དགོད་།རྨོངས་བྱེད་མ་དང་སྐྱོང་བྱེད་མ། །སྐྲག་བྱེད་མ་དང་ཙཎྜི་ཀ། །སྤྱན་གསུམ་དབུ་སྐྲ་གྲོལ་བ་སྟེ། །ཞལ་ གཅིག་པ་ལ་ཕྱག་བཞི་པ། །སྔོ་དང་དཀར་དང་སེར་བ་དང་།ལྗང་གུ་དུད་པའི་མདོག་ཅན་ཏེ། །ཐོད་པ་དང་ནི་ཁ་ཊཾ་འཛིན་།དྲིལ་བུ་ཅང་ཏེའུ་གྲི་གུག་དང། །ཐོད་པའི་ཕྲེང་བའི་ དབུ་རྒྱན་ཅན། །ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །ཕྱོགས་ཀྱི་གོས་ཅན་གར་གྱི་མཆོག་མགོ་བོའི་ཕྲེང་བས་རྣམ་པར་བརྒྱན། །མི་བསྐྱོད་པ་ཡི་ཅོད་ཕན་འཆང། །ཐུགས་རྗེའི་ ཉམས་ཀྱི་བདེ་བ་སྟེ། །གཉིས་མེད་སྦྱོར་པས་མཉམ་པར་ལྡན། །རྡོ་རྗེ་སེམས་སོགས་མཆོག་དེ་ཉིད། །ཕག་མོ་དང་ནི་རྡོ་རྗེ་སེམས། །ཡ་མི་ནི་དང་རྣམ་སྣང་མཛད། །རྨོངས་བྱེད་མ་ དང་པདྨའི་གར། །སྐྱོང་བྱེད་མ་དང་ཁྲག་འཐུང་སྟེ། །སྐྲག་བྱེད་རྡོ་རྗེ་ཉི་མ་དང། །ཙཎྜི་ཀ་དང་རྟ་མཆོག་སྟེ། །རྡོ་རྗེ་སེམས་སྐུ་དཀར་པོ་སྟེ། །རྣམ་པར་སྣང་མཛད་སེར་པོ་ཡིན། །པདྨ་ [257A]༄༅། །བཀད་དབང་དམར་བ་སྟེ། །ཧེ་རུ་ཀ་དཔལ་སྔོན་པོ་ཡིན་།རྡོ་རྗེ་ཉིམ་དམར་པོ་སྟེ། །རྟ་མཆོག་དག་ནི་ལྗང་གུ་འོ། །ཡང་ན་སོ་སོར་བསྒོམ་པར་ བྱ༑ ༑རྡོ་རྗེ་སེམས་དཔའ་ཞལ་གསུམ་པ། །ཕྱག་དྲུག་སྤྱན་ནི་གསུམ་པ་སྟེ། །ཕྱག་རྒྱ་དྲུག་གི་མཚན་གྱིས་བརྒྱན། །རྡོ་རྗེ་དྲིལ་བུ་ཐོད་ཁ་ཊཱཾ། །རལ་གྲི་ཅང་ཏིའུ་མགོ་བོ་ འཆང། །ན་རའི་པགས་མནབས་གར་དང་བཅས། །རྣམ་སྣང་ལ་སོགས་དཔའ་བོ་ཀུན། །ཞལ་གཅིག་པ་ལ་ཕྱག་བཞི་པ། །ཐོད་པ་དང་ནི་ཁ་ཊཾ་དང། །ཅང་ཏེའུ་དྲིལ་ བུས་མཚན་པའི་མཆོག་ཡང་ན་ཐམས་ཅད་ཕྱག་བཅུ་གཉིས། །ཞལ་གདོང་དྲུག་པར་བསྒོམ་པར་བྱ། །དེ་དག་གསང་སྔགས་འདི་ཡིན་ཏེ་།ཨོཾ་ཤྲི་ཨོཾ་བཾ་བཾ་ཧུཾ་ཧཱུཾ་ ཕཊ་སཱཧཱ། ཨོཾ་ཤྲི་ཧཱཾ་ཡོཾ་ཡཾ་ཧུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་ཤྲཱི་ཧཱི་མོཾ་མཾ་ཧུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་ཤྲཱི་ཧྲེཾ་ཧྲིཾ་སཾ་ཧུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་ཤྲཱི་ཧཱུཾ་ཧཱུཾ་སཾ་ཧུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་ཤྲཱི་ཕཊ་ཕཊ་ཙམ་ཧཱུཾ་ཧཱུཾ་ ཕཊ་སཱཧཱ། དེ་དག་ནི། རྣལ་འབྱོར་མ་དྲུག་གི་གསང་སྔགས་སོ་།ཨོཾ་ཧབཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་ན་མ་ཧི་བཧྲུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་སཱཧཱ་ཧུ་ཧྲི་ཧུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་བཽ་ལཊ་ཧེ་ཧིཾ་ ཧཱུཾ་ཕཊ་སཱཧཱ། ཨོཾ་ཧཱུཾ་ཧཱུཾ་ཧོ་ཏྲཱཾ་ཧུཾ་ཧཱུཾ་ཕཊ་སཱཧཱ་ཨོཾ་ཕཊ་ཧཾ་ཧཱིཾ་ཧུཾ་ཧཱུཾ་ཕཊ་སཱཧཱ། འདི་ནི་དཔའ་བོ་དྲུག་གི་སྔགས། །བཟླས་པ་དང་ནི་བསྒོམས་ཙམ་གྱིས། །འཁོར་ལོ་དྲུག་ནི་ [257B] །འཁོར་ལོས་བསྒྱུར་བ་ཐོབ་པ་སྟེ། །འཁོར་ལོས་བསྒྱུར་དྲུག་རྒྱལ་པོར་འགྱུར། །མི་ཕམ་རྒྱལ་བ་ཡང་དག་རྫོགས། །སྟོབས་ཆེན་རྩལ་མཆོག་རྙེད་པ་ ཡིན༑ ༑ཕྱག་མཚན་དྲུག་ལ་རྟག་མཆོད་ཅིང། །ཆོ་ག་བཞིན་དུ་མངོན་བསྔགས་ནི། །དེ་ནི་མྱུར་དུ་གྲུབ་ནས་ནི། །རྣལ་འབྱོར་རྒྱལ་བོ་མཆོག་ཀྱང་ཐོབ། །མི་སྣང་ལ་སོགས་ གྲུབ་ནས་ནི། །ཁམས་གསུམ་དག་ཏུ་རྣམ་པར་དཔྱོད། །འགྲོ་བ་དྲུག་གི་སེམས་ཅན་གྲོལ། །བསྒོམས་པས་རྡོ་རྗེ་འཛིན་དང་མཚུངས། །ཡང་ན་འཁོར་ལོ་ཟུར་དྲུག་ལ།། བདེ་བ་ཆེན་པོ་རྣམ་སྣང་མཛད། །འཇམ་པའི་རྡོ་རྗེ་འཆང་རྒྱལ་པོ། འཁོར་ལོས་བསྒྱུར་བ་བདག་པོ་ནི། །གུར་གུམ་གྱི་ནི་མདོག་ལྟ་བུ་།གཟི་མདངས་འབར་བའི་འོད་ཅན་ ཏེ༑ ༑ཕྱག་རྒྱ་ཆེ་དང་ཡང་དག་ལྡན། །ཆོས་ཀྱི་དབྱིངས་ཀྱི་རང་ངོ་བོ། །རྡོ་རྗེ་དྲིལ་བུ་དང་ལྡན་པའི། །གཡས་དང་གཡོན་པའི་ཕྱག་གིས་འཁྱུད། །རལ་གྲི་པོ་ཏི་ཁ་ཊཱཾ་ག་ ཐོད་པ་ལྕགས་ཀྱུ་ཞགས་པ་དང། །ཨུཏྤ་ལ་དང་ཅང་ཏེའུ། །གུར་གུམ་མདོག་དང་སྔོ་པ་དང། །དམར་དང་ལྗང་གུ་སྟེང་ཞལ་དཀར་།ཆོས་ཀྱི་དབྱིངས་ནི་དག་པ་ཆེ།། སེམས་ཅན་ཁམས་ནི་རབ་གྲོལ་བྱེད། །ཤར་སོགས་གཡོན་བསྐོར་དགོང་པ་ནི། །སྟ་མཆོག་རྩ་བའི་ཀ་དང་བཅས། །དེ་དག་ད་རུ་དགོང་བྱས་པས། །འཇམ་པའི་རྡོ་རྗེ་ [258A]༄༅། །རང་ཉིད་གྲུབ། །དཀར་དང་དམར་དང་སེར་བ་དང། །སྔོ་དང་དམར་དང་དཀར་སྔོ་ལྗང། །ཡན་ལག་དྲུག་ཏུ་དཔའ་བོ་དག་།མཁའ་འགྲོ་ མ་དང་ལྷན་ཅིག་བཅས། །རྡོ་རྗེ་སེམས་དང་ཕག་མོ་དང། །རྣམ་སྣང་མཛད་དང་ཡ་མི་ནི། །པདྨ་གར་དབང་རྨོངས་བྱེད་བཅས་།ཁྲག་འཐུང་དང་ནི་སྐྱོང་བྱེད་མ། །རྡོ་རྗེ་ ཉི་མ་སྐྲག་བྱེད་མ། །ལྗང་དང་དུད་པའི་མདོག་ཅན་ཏེ། །དེ་ལྟའི་སྐུ་མདོག་རྣམ་པར་བསྒོམ། །ཞལ་གཅིག་པ་ལ་ཕྱག་བཞི་པའོ། །ལྷ་མོ་རྣམས་ནི་ཕྱག་གཉིས་པའོ།། ཐོད་པ་དང་ནི་གྲི་གུག་འཛིན། །དཔའ་བོ་ཐོད་པ་ཁ་ཊཱཾ་ག་།རང་གི་ཕྱག་མཚན་གཉིས་མེད་སྦྱོར། །དྲིལ་བུ་ལྷན་ཅིག་ཡང་དག་ལྡན། །ཅང་ཏེའུ་ནི་འཛིན་པའི་ མཆོག་སྤྱན་གསུམ་པ་ལ་གཡས་བརྐྱང་བཞུགས། །སྟག་གི་པགས་པའི་ཤམ་ཐབས་ཅན། །ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། །མགོ་བོའི་དོ་ཤལ་འཛིན་ པ་སྟེ༑ ༑ཐམས་ཅད་ཡི་དགས་སྟེང་དུ་བཞུགས། །དབུས་སུ་འཇིགས་བྱེད་དུས་མཚན་དག་ལྷ་མོ་བྱིན་པ་གཉིས་ཀྱིས་འཁྲིལ། །སྐྲ་གྲོལ་བ་ལ་ཕྱོགས་གོས་ཅན།། སྙིང་གར་ཡེ་ཤེས་དམ་ཚིག་ནི། །སྐུ་གསུང་ཐུགས་དང་རྣམ་པར་སྦྱར། །ཆོ་ག་གཉིས་པ་ཡང་དག་སྦྱར། །གནས་ཀྱི་འཁོར་ལོ་བསྒོམས་ནས་ནི། །དཔའ་བོ་མཁའ་ [258B] །གསང་བ་གསུམ་ནི་སྙིང་གར་གནས་།ཁྭ་གདོང་ལ་སོགས་མཁའ་འགྲོ་མ། །ཕྱི་རོལ་སྒོ་རུ་རྣམ་པར་དགོད། །ཟུར་དུ་གཤིན་རྗེ་སྲེག་ལ་སོགས།། ཐམས་ཅད་གཅེར་བུ་རྣམ་པར་བསྒོམ། །སྔར་བཤད་མདོག་དང་ཕྱག་མཚན་ཏེ། །ཡི་དྭགས་གདན་ལ་ཡང་དག་བཞུགས། །གཡས་བརྐྱང་པ་ཡི་ཞབས་ཀྱིས་གནས།། དྲག་པོ་སྐྲ་ནི་གྲོལ་བ་སྟེ། །ཐམས་ཅད་ཐོད་པའི་ཕྲེང་བ་ཅན་།རང་གི་ཕྱི་དང་ནང་དུ་ཡང། །ཕ་རོལ་ཕྱིན་དྲུག་རྣམ་པར་དག་།བསྒོམ་ཞིང་རབ་ཏུ་བསྒོམ་པར་བྱ། །སྤྲོ་ཞིང་ བསྡུ་བའི་སྦྱོར་བ་ཡིས། །གསང་བའི་འཁོར་ལོ་བཟླས་པ་བྱ། །དཔའ་བོ་རྣལ་འབྱོར་མ་བཟླས་ན། །བསྒོམ་ཞིང་རབ་ཏུ་བསྒོམ་པར་བྱ་།སྤྲུལ་པའི་འཁོར་ལོའི་ཚོགས་ སྤྲོས་ནས། །འགྲོ་བ་གསུམ་པོ་རྫོགས་པར་བྱས། །ནང་གི་བདག་ཉིད་བསྒོམས་པ་ཡིས། །འཁོར་ལོ་གསུམ་གསང་བསྒོམས་ནས་བཟླས། །དེ་ཉིད་གསུམ་དང་སྔགས་ ལྷན་ཅིག་དཔའ་བོ་དང་ནི་མཁའ་འགྲོ་མ། །ཧུ་ཧཱུཾ་ཕཊ་ནི་མཐའ་རུ་སྟེ། །འཁོར་ལོ་གསུམ་གྱི་བཟླས་པ་བྱ། །རྣལ་འབྱོར་ཆོ་ག་བཞིན་དུ་ནི། །དམ་ཚིག་ཅན་གྱིས་དེ་བཟླས་ བྱ༑ ༑ཨོཾ་ཤྲཱི་མཉྫུ་བཛྲ་ཨཧཱུཾ་མཾ་ཧུཾ་ཧཱུཾ་ཕཊ་སཱཧཱ་ཨོཾ་ཧ་བཛྲ་སཏ་ཧུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་བཾ་བཛྲ་བཱ་རཱ་ཧི་ཧུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་ན་མཧི་བཛྲ་བཻ་རོ་ཙ་ན་ཧུའ་ཧཱུཾ་ཕཊ་སཱཧཱ། ཨོཾ་ཧཾ་ཡོཾ་ཡ་ [259A]༄༅། །མ་ནི་ཧུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་སཱཧཱ་ཧཱུཾ་པདྨ་ན་རྟེ་ཤྭ་ར་ཧུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་ཧྲཱིཾ་མོཾ་མོ་ཧ་ནི་ཧུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་བོ་ཥ་ཊྭ་ཧེ་ཧེ་རུ་ཀཾ་ཧུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་ ཧྲཱེཾ་ཧྲིཾ་སཉྩ་ལ་ནི་ཧུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་ཧཱུཾ་ཧཱུཾ་ཧོ་བཛྲ་སུརྱ་ཧུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་ཧཱུཾ་ཧཱུཾ་སཾ་ཏྲཱ་ས་ནི་ཧུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་ཕཊ་ཧཾ་པ་ར་མཱ་ཤྭ་ཧུཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་ཕཊ་ཕཊ་ཙཎྜི་ཀ་ཧུཾ་ ཧཱུཾ་ཕཊ་སཱཧཱ། ཨོཾ་ཀཱ་ཀཱ་སྱེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨུ་ལཱུ་ཀཱ་སྱེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཤཱ་ནཱ་སྱེ་ཧུཾ་ཧཱུཾ་ཕཊ། ཨོཾ་སཱུ་ཀ་རཱ་སྱེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དཱ་ཌྷི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དུ་ཏཱི་ཡེ་ ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དཾཥྚི་ཎཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་མ་ཐ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། གཡོན་དང་གཡས་ཀྱི་ལག་གཉིས་སུ་།གོ་ཆ་གཉིས་པོ་བཀོད་ནས་ནི། །གང་ཞིག་ ཇི་ལྟར་འདོད་པ་རུ། །ལས་རྣམས་ཐམས་ཅད་བྱེད་པ་ཡིན། །ཐེ་ཚོམ་མེད་པར་ལས་བྱས་ན། །ངེས་པར་དངོས་གྲུབ་གཞན་དུ་མིན།། ཡང་ན་མགོན་པོས་བཅུའི་ དབང། །ཕ་རོལ་ཕྱིན་པ་བཅུ་ལ་གནས། །སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་དྲུག་པ་སྟེ། །ཐབས་དང་སྟོབས་དང་སྨོན་ལམ།། དང། །ཡེ་ཤེས་སྒོ་སྐྱོང་རྣམ་དག་པའོ། །རབ་ཏུ་དགའ་དང་དྲི་མ་མེད། །འོད་བྱེད་པ་དང་འོད་འཕྲོ་ཅན། །སྦྱང་དཀའ་བ་དང་མངོན་དུ་གྱུར། །རིང་དུ་སོང་དང་མི་གཡོ་ [259B] ༑ལེགས་པའི་བློ་གྲོས་ཆོས་ཀྱི་སྤྲིན། །འདི་ཡིས་རྣམ་པར་དག་པ་བསྒོམ། །གཤིན་རྗེ་སྲེག་སོགས་བཞི་པོ་ནི། །འཕགས་པའི་བདེན་པར་རྣམ་པར་བསྒོམ། །སྡུག་བསྔལ་ དང་ནི་ཀུན་འབྱུང་དང། །འགོག་པ་དང་ནི་ལམ་རྣམས་ཏེ། །བཅོམ་ལྡན་འཇམ་པའི་རྡོ་རྗེ་དཔལ། །ཆོས་ཀྱི་དབྱིངས་ཀྱིས་རྣམ་དག་སྟེ་།ཡེ་ཤེས་རང་གི་ངོ་བོ་ཡིན། །འདི་ ལྟར་རྣམ་པར་དག་པ་བསྒོམ། །གཉིས་སུ་མེད་པར་སྦྱོར་བའི་ལམ་།གསང་ཞིང་མཆོག་ཏུ་གསང་བ་སྟེ། །རྣལ་འབྱོར་སྟོབས་ཀྱིས་གསང་བ་མཆོག་སྒྲུབ་པས་རྗེས་སུ་ བསྟན་པ་དང། །ཇི་བཞིན་བདག་པོའི་དབྱེ་བ་དང། །བླ་མའི་རིམ་པ་ལེགས་པར་བསླངས། །འདི་ལྟར་ཆོ་ག་གཉིས་མེད་པ། །སྦྱོར་བའི་དམ་ཚིག་མཆོག་ཡིན་ཏེ། །དངོས་ གྲུབ་ཀུན་གྱི་ཐབས་ཀྱི་རྒྱུ། །རྣལ་འབྱོར་མ་ཐུགས་གསང་བ་ཆེ་།ལས་རྣམས་ཀུན་གྱི་འབྲས་བུ་སྟེར། །མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས། གཉིས་སུ་མེད་པའི་ གོ་ཆའི་སྦྱོར་བ་བསྐྱེད་པའི་སྒོམ་པའི་ལེའུ་སྟེ་སུམ་ཅུ་རྩ་བདུན་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །བརྡ་ནི་མཆོག་ཏུ་གསང་བ་སྟེ། །བརྡ་ནི་ཡོངས་ སུ་མི་ཤེས་པར། །སྦྱོར་བའི་དངོས་གྲུབ་མི་འགྲུབ་སྟེ། །འདི་ནི་ངེས་པར་ཤེས་པ་ན། །དངོས་གྲུབ་འགྲུབ་པར་ཐེ་ཚོམ་མེད། །དྲ་ཞེས་བྱ་བ་སྐྱེས་བུར་བཤད། །དི་ཞེས་བྱ་བ་ [260A]༄༅། །བུད་མེད་ཡིན། །བུ་ཞེས་བྱ་བ་གནོན་པ་ཡིན། །སུ་ཞེས་བྱ་བཟང་ཉིད། །མ་ཞེས་བྱ་བ་མ་རུ་བཤད། །ཡ་ཞེས་བྱ་བ་ཆུང་མ་ ཉིད། །བྷ་ཞེས་བྱ་བ་སྲིང་མོ་ཅན། །བཧི་ཞེས་བྱ་བ་མཛའ་མོར་བཤད། །ལུ་ཞེས་བྱ་བ་བུ་མོ་ཡིན། །སྲི་ཞེས་བྱ་བ་ཁྲག་ཏུ་བཤད། །སོ་ནི་ཞི་བའི་བཏུང་བ་ཡིན།། པེ་ཞེས་བྱ་བ་ཐུག་པ་སྟེ། །དི་ཞེས་བྱ་བ་དེ་བཞིན་ཤ་བ་ཞེས་བྱ་བ་ཟ་བ་ཡིན། །བཧུ་ཞེས་བྱ་བ་འདྲེས་པ་ཡིན། །པི་ཞེས་བྱ་བ་དུར་ཁྲོད་ཡིན། །དུ་ཞེས་བྱ་བ་རོ་ཡིན་ནོ།། ཊཱི་ཞེས་བྱ་བ་རྣལ་འབྱོར་མ། །གཱ་ཞེས་བྱ་བ་ལཱ་མ་ཡིན། །ཏྲི་ཞེས་བྱ་བ་གཟུགས་ཅན་མ། །ཀུ་ཞེས་བྱ་བ་མཁའ་འགྲོ་མ། །ཧ་ནི་ཁཎྜ་རོ་ཉིད་མ། །ཛ་ཞེས་བྱ་བ་བྱིན་པ་ གཉིས། །བ་ཞེས་བྱ་བ་གསོང་བོར་སྨྲ། །སྭ་ཞེས་བྱ་བ་ལེགས་འོངས་ཡིན། །མི་ཞེས་བྱ་བ་ཉ་ཡིན་ལ། །བྱོ་ཞེས་བྱ་བ་བཟའ་བ་ཡིན། །ཕྱོ་ཞེས་བྱ་བ་བཏུང་བ་ཡིན། ། ག་ནི་བགྲོད་དང་བགྲོད་མིན་ཡིན། །ཀ་ཞེས་བྱ་བ་འདོད་པ་ཡིན། །ས་ཞེས་བྱ་བ་གཞན་མི་འགྲོ། །ར་ཞེས་བྱ་བ་ཁྱོ་མིད་མོ། །དུ་ཞེས་བྱ་བ་སྤྱོད་ངན་མོ། ། སུ་ཞེས་བྱ་བ་སྐལ་བཟང་མོ། །ན་ཞེས་བྱ་བ་སྐལ་ངན། །ས་ཞེས་བྱ་བ་དམ་ཚིག་ཅན། །ཨ་ཞེས་བྱ་བ་དམ་ཚིག་མེད། །ཨི་ཞེས་བྱ་བ་འོངས་པ་ཡིན། །ན་ཞེས་ [260B] །སོ་ཞེས་བྱ་བ་ཆགས་པ་ཡིན། །འདི་དག་ཡི་གེའི་བརྡ་ཡིན་ཏེ། །དབང་བསྐུར་དུས་སུ་རྣལ་འབྱོར་པས། །བཟའ་དང་བཟའ་མེད་སྦྱིན་པར་བྱ། །དབང་ བསྐུར་བ་ནི་མཆོག་ཡིན་ཏེ། །དམ་ཚིག་མཆོག་ནི་ཤེས་པ་དང། །དམ་ཚིག་ཅན་གྱི་དམ་ཚིག་དུས། །དམ་ཚིག་འཁོར་ལོ་འདུས་པ་དང། །དད་པ་རྣམས་ལ་སྦྱིན་པར་བྱ།། མ་དད་པ་ལ་སྦྱིན་མི་བྱ། །མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས། བརྡའི་ལེའུ་སྟེ་སུམ་ཅུ་རྩ་བརྒྱད་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ།། རྣལ་འབྱོར་མ་ཡི་མཚན་ཉིད་ནི། །གང་གིས་ཤེས་པ་ཙམ་གྱིས་ནི་།སྒྲུབ་པ་པོ་ཡིས་དངོས་གྲུབ་ཐོབ། །བུད་མེད་པད་རྩ་ལྟར་དཀར་ཞིང། །པདྨའི་འདབ་ལྟར་དཀྱུས་རིང་ མིག་རྟག་ཏུ་གོས་ནི་དཀར་ལ་དགའ། །ཙནྡན་གསར་པའི་དྲི་དང་ལྡན། །དེ་གཤེགས་འདུས་པ་ཉིད་ལ་དགའ། །དེ་རིགས་ལས་བྱུང་ཤེས་པར་བྱ། །བུད་གང་བཙོ་ མའི་གསེར་འདྲ་ཞིང། །དམར་དང་སེར་བའི་གོས་ལ་དགའ། །ཛཱ་ཏི་ཙམ་པའི་དྲི་དང་ལྡན། །དེ་ཡང་བཟང་པོའི་རྗེས་འགྲོར་འགྱུར་།ཐམས་ཅད་ཨུཏྤལ་ལྟར་སྡོ་བསངས།། དྲི་དང་གོས་ནི་སྡོ་ལ་དགའ། །ཨུཏྤལ་སྔོན་པོའི་དྲི་ཡོད་པ། །དེ་།ནི་དཔའ་བོ་བཟང་རྗེས་འགྲོ། །བུད་མེད་པད་དཀར་འདྲ་མདོག་གང་།རྟག་ཏུ་པདྨའི་རྩ་བ་དྲི། །དེ་ཡང་དེ་ [261A]༄༅། །བཞིན་དཔའ་མོའི་བློ། །དམར་ཞིང་སེར་སྐྱའི་བུད་མེད་གང། །གཟུགས་བཟང་གོས་ནི་དམར་བ་དང། །མ་ལ་ཀི་དང་ཨུཏྤལ་དྲི། །དེ་ ནི་རྡོ་རྗེའི་རིགས་བྱུང་ཡིན། །སེར་ཞིང་ལྗང་བའི་བུད་མེད་གང་།གོས་ནི་དཀར་ལ་དགའ་བ་དང། །མགོ་ལ་མེ་ཏོག་དྲི་དང་ལྡན། །དེ་བཞིན་གཤེགས་རིགས་རྗེས་ འགྲོ་ཡིན། །བུད་མེད་གང་ཞིག་ཁ་དོག་དམར། །དེའི་མདོག་ཅན་གྱི་གོས་འཆང་ཞིང། །རྟག་ཏུ་ག་བུར་དྲི་དང་ལྡན། །རྣམ་སྣང་རིགས་ཀྱི་རྗེས་འགྲོ་ཞིང། །རྣལ་ འབྱོར་མ་ཡི་རིགས་རྣམས་ནི། །དེ་ལྟར་བདུན་པོ་ངས་བཤད་པ། །གཡོན་པའི་ཀུན་སྤྱོད་ལ་རྟག་དགའ། །རང་གི་མདོག་གིས་རིགས་དྲུག་ལྡན་།རིགས་ཀྱི་རིགས་ པའི་ཡི་གེ་ཡང། །ཁ་དོག་དྲུག་ཏུ་འགྱུར་བ་ཡིན། །རང་གི་ཕྱག་རྒྱ་འཆིང་བ་དང། རང་རིགས་ལས་བྱུང་ཚིག་ཏུ་སྨྲ། །གཡོན་ལས་འགྲོ་བའི་བུད་མེད་གང། །རྣལ་ འབྱོར་པ་ལ་གཡོན་ལ་རྟག་ལག་པ་གཡོན་གྱིས་མཚོན་པ་དང་།གཡོན་ནས་ལྟ་བས་རྣམ་པར་བལྟ། །ལྷ་མོ་རྣམས་དང་གར་སྨྲ་བ་།དེ་ནི་དམ་ཚིག་ལྡན་པར་ བཤད༑ ༑བུད་མེད་གང་བྱས་དེ་ཉན་ཅིང། །རིགས་ཀྱིས་བོན་རབ་ཏུ་སྨྲ། །རིགས་ཀྱི་བྱ་བ་མི་སྤོང་སྟེ། །རང་གི་བསྟན་བཤད་མི་འདོར་ལ། །རང་གི་རིགས་ཀྱི་རིག་པ་ [261B] ༑དེ་ནི་དམ་ཚིག་ལྡན་པར་བཤད། །ཕྱག་འཚལ་བ་ནི་གང་འཆིང་བ། །གཡོན་པའི་ལུས་ཀྱིས་རྟག་ཏུ་བདུད། །ལྷ་མོ་རྣམས་དང་ཀུན་སྨྲ་བ། །དེ་ནི་ངེས་པར་བདེ་བར་ འགྲོ༑ ༑མཐེ་བོང་གཡོན་པས་ས་ལ་ནི། །རྐང་པས་རི་མོ་འབྲི་བྱེད་ཅིང། །མགོ་ནི་འཕྲུག་པར་བྱེད་པ་དང། །ཟུར་གྱིས་ལྟ་ཞིང་ལག་པ་སྟོན། །སྒྲུབ་པ་པོ་ལ་ཁྱད་པར་དུ། །དེ་ ཡིས་རང་རིག་དྲན་པ་དང། །འཁུར་པའམ་ཀོས་ཀོ་དག་དང་ནི། །སྣ་དག་ཏུ་ནི་ཐལ་མོ་སྟོན། །ཟུར་གྱིས་ལྟ་ཞིང་ལན་གཅིག་བསྔགས་།ཟློས་ཤིང་རིགས་ལ་རྣམ་པར་ལྟ། ། བདེན་པར་འགྲོ་བའི་རྣལ་འབྱོར་མ། །ངེས་པར་དམ་ཚིག་ཅན་ཡིན་ན་།དེ་ནས་རྙེད་དཀའ་རྣལ་འབྱོར་མ། །དེ་བཞིན་མཁའ་འགྲོ་མ་རྣམས་ཀྱི། །བདུད་རྩི་ལྔ་རྣམས་ཡང་ དག་འབྱུང། །ཡ་མི་ནི་དང་སྐྲག་བྱེད་མ། །འདོད་ལྡན་ཕག་མོ་འཇིགས་གཟུགས་མ། །ཀུན་ཏུ་སྤྱོད་པ་བསུ་ར། །རྣལ་འབྱོར་མ་ནི་རྣམ་པ་བདུན། །མདོར་བསྡུས་རང་ མཚན་བཤད་པ་ཡིན། །གཟུགས་ཅན་མ་དང་ཙུ་[?]ཀི། །ལཱ་མ་ཡོངས་གྱུར་བྱིས་བཅས་མོ། །མི་ལྡོག་ཨ་ཧི་ཀ་ལྷ་མོ། །མཁའ་འགྲོ་མ་ནི་བདུན་དུ་བཤད། །མངོན་ པར་ཞེན་པས་ལྟ་བ་དང། །སྨིན་མ་འདགས་པར་གར་བྱེད་ཅིང་།སྔོན་བཞིན་གཟུགས་ནི་སྡུད་བྱེད་ལ། །ཕྱིས་ནི་འཇིགས་པར་བྱེད་པ་དག་གཟུགས་ཅན་མ་ནི་ཡིན་ [262A]༄༅། །པར་བཤད། །གཉིས་མེད་དཔའ་བོས་བསྙེན་པར་བྱ། །སྡུག་པའམ་ཡང་ན་མི་སྡུག་པ། །བྱིས་པ་འཁྱུད་ཅིང་ཙུམ་པ་ན། །དེ་ནི་ཙུམྤ་ཀིར་ ཞེས་བྱ༑ ༑མཁའ་འགྲོ་མཆོག་ཀྱང་དེ་ཉིད་ཡིན། །ཟས་མི་ལྟ་བར་ཟུར་དུ་ལྟ། །ཁྲོ་གཉེར་དང་ནི་གདོང་དག་དང། །སྨིན་མ་སྒྱུར་ཞིང་སྡིགས་མཛུབ་དང། །འདི་ནི་ གཞན་ཡང་དབུགས་མི་འབྱིན། །འཇིགས་པར་བྱེད་པ་གང་ཡིན་པ། །དེ་ནི་ལཱ་མ་ཡིན་པར་བསྟན། །ཕག་དང་དྲེད་དང་བྱིལ་དང། །ལྕེ་སྤྱང་རིགས་དང་རྟ་དག་ དང། །ཐམས་ཅད་དར་ནི་འཇིགས་བྱེད་པ། །ཡོངས་སུ་གྱུར་པར་དེ་བཤད་དེ། །ཤིན་ཏུ་དགའ་བས་དགོད་པ་དང། །སོང་ནས་སླར་ཡང་མི་ལྡོག་ལ། །རྗེས་སུ་ཆགས་ པས་གསལ་བར་དགོད། །དུ་མ་སྐྱེས་མར་ནི་དེ་བཤད་དེ། །ཡིད་ནི་ཀུན་ཏུ་སྐྱེ་བ་དང། །རྐང་པ་ལག་པས་བོང་བའམ། །གོས་མཐའ་མ་ཡང་ན་ཤིང་དག་གིས། ། དེས་རེག་པ་ནི་འཚོ་མི་འགྱུར། །མི་ལྡོག་པར་ནི་ཤེས་བྱ་སྟེ། །སྒྲུབ་མིན་པར་ནི་དེ་བཤད་དོ། །མཁའ་འགྲོ་མ་ཡི་རིགས་ཕྱག་རྒྱ། །དཔའ་བོས་བསྙེན་ཅིང་མཚན་མ་ བལྟ༑ ༑ཐོད་པ་དགྲ་སྟ་མཆེབ་དང། །རལ་གྲི་ཀུན་ཏུ་སྐྲག་བྱེད་ཡིན། །རྡོ་རྗེ་དང་ནི་དུང་ཉིད་དང། །རིགས་ཀྱི་ཕྱག་རྒྱ་ཡིན་པར་བཤད། །མངོན་པར་བརྗོད་པའི་རྒྱུད་བླ་མའི་ [262B] རྣལ་འབྱོར་མའི་མཚན་མའི་ལེའུ་སྟེ་སུམ་ཅུ་རྩ་དགུ་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །མཁའ་འགྲོ་རྣམས་ཀྱི་མཚན་ཉིད་ནི། ། གང་ཞིག་ཡང་དག་ཤེས་པ་ཡིས། །མཁའ་འགྲོའི་དམ་ཚིག་ལ་གནས་པའོ། །དམར་ཞིང་སེར་བའི་བུད་མེད་གང། །པདྨའི་དྲི་ནི་རྣམ་པར་གཏོང། །ལྟ་སྟངས་རང་བཞིན་ ཞི་པ་དང། །ཞེན་པས་ལྟ་བའི་རྗེས་འགྲོ་བ། །བུད་མེད་གང་གི་སེན་མོ་དམར། །མིག་ནི་ཀུན་ཏུ་ཞེན་པ་དང། །ཁྱིམ་དུ་པདྨ་འབྲི་བ་ནི། །པདྨ་གར་དབང་རིགས་འབྱུང་ཡིན།། སྨིན་པའི་དབུས་ན་རྩེ་གསུམ་ཡོད། །ལུས་ནི་སྔོ་བསངས་སྐྱ་བ་དང། །རྟག་ཏུ་རྡོ་རྗེ་རིགས་སྒོམ་པ། །གང་གི་ཁྱིམ་དུ་རྡོ་རྗེ་འབྲི། །རྟག་པར་མཆོད་པ་བྱེད་པ་ཡི། །མཁའ་ འགྲོ་མ་སྟེ་དཔལ་ལྡན་ནི། །ཧེ་རུ་ཀ་ཡིས་རིགས་བྱུང་ཡིན། །གང་གི་དཔྲལ་བར་རྩེ་གསུམ་ནི། །མདུང་ཐུང་དག་ནི་སྣང་འགྱུར་ཞིང་།མིག་དམར་མདོག་ནི་དམར་སེར་ དང། །དེ་བཞིན་རྐང་པ་ལག་པ་དམར། །ར་སྐྱེས་ཁྱིམ་བྱ་དག་ལ་ཡང། །རྟག་ཏུ་ཡིད་ནི་དགར་འགྱུར་ཞིང། །དེ་ཡི་ཁྱིམ་དུ་རྡོ་རྗེ་མཚན། །རྟག་ཏུ་གང་ཞིག་མཆོད་བྱེད་པ།། ཤྲཱི་ཧེ་རུ་ཀའི་རིགས་བྱུང་བ། །མཁའ་འགྲོ་ཡིན་པར་གདོན་མི་ཟ་།འཁོར་ལོ་གང་གི་དཔྲལ་བའམ། །ལག་པར་ཡང་ནི་སྣང་འགྱུར་བ་།སྤྲིན་སྔོན་དག་དང་འདྲ་བ་ནི། ། [263A]༄༅། །རྟག་ཏུ་དཔྲལ་བར་འཆང་བྱེད་པ། །སྐལ་བ་ཆེན་པོ་ཀུན་ཚོགས་ཤིང། །མཆོག་ཏུ་བདེན་པ་གང་ཡིན་དང། །ཁྱིམ་དུ་འཁོར་ལོ་འབྲི་ བྱེད་ཅིང། །རྟག་ཏུ་དེ་ལ་མཆོད་བྱེད་པ། །རྡོ་རྗེ་ཕག་མོ་རིགས་བྱུང་བའི། །མཁའ་འགྲོ་མ་ནི་སྟོབས་ཀྱིས་དྲེགས། །གང་ཞིག་མིག་སྨན་ནག་འདྲ་ཞིང། །སོ་ནི་ དཀར་ཞིང་མཐོ་བ་དང། །རྟག་ཏུ་གདུག་པར་གྱུར་པ་དང། །སེམས་སྟོབས་ལྡན་པར་གྱུར་པ་དང། །རྟག་ཏུ་ཁྲུས་ལ་དགའ་བ་དང་།མང་དུ་སྨྲ་བར་མི་བྱེད་ཅིང།། ཁྱིམ་དུ་རྡོ་རྗེ་འབྲི་བ་དང། །རྟག་ཏུ་དགེ་བས་མཆོད་བྱེད་པ་།རྡོ་རྗེ་ཕག་མོའི་རིགས་བྱུང་བ། །སྟོང་ཕྲག་བཅུ་དང་ལྔ་པ་ཡིན། །སེར་ཞིང་གསེར་གྱི་མདོག་འདྲར་ སྣང། །མིག་མི་གཡོ་ཞིང་ཁ་སྤུ་སེར། །རྡོ་རྗེ་གང་གི་དཔྲལ་བའམ། །ལག་པར་ཡང་ནི་སྣང་འགྱུར་བ། །རྟག་ཏུ་རྒྱལ་སྲིད་དག་ལ་གནས། །སྙེམས་ཤིང་བདེན་ པར་སྨྲ་བ་དང། །མི་ལི་ཀ་ཡི་དྲི་འབྱུང་ཞིང། །གང་གི་ཁྱིམ་དུ་རྡོ་རྗེ་ནི། །རྟག་ཏུ་འབྲི་ཞིང་ཆེར་མཆོད་པ། །དུམ་སྐྱེས་མ་ཡི་རིགས་ལས་བྱུར། །རྣལ་འབྱོར་མ་ ཡི་དབང་ཕྱུག་མཆོག། །གང་ཞིག་རྟག་པར་ཤ་ལ་དགའ། །སྐེམ་ཞིང་མིག་སྨན་ནག་པའི་མདོག། །དཔྲལ་བ་མདུང་རྩེ་ལྟ་བུ་ཡོད་།གང་ཞིག་གདུག་པའི་ལས་ [263B] །རྟག་ཏུ་དུར་ཁྲོད་དག་ཏུ་འགྲོ། །འཇིགས་པ་མེད་ཅིང་རྩེ་མེད་དེ། །གང་གིས་དཔྲལ་བར་ཐིག་ལེ་དང། །ཁྱིམ་དུ་ཐོང་པ་འབྲི་ཞིང་མཆོད། །དཔལ་ལྡན་ཧེ་ རུ་ཀ་དེ་ཡི། །མཁའ་འགྲོའི་རིགས་ལས་བྱུང་བ་ཡིན། །སྤྲིན་གྱི་མདོག་འདྲའི་བུད་མེད་གང། །སོ་ནི་མི་མཉམ་པར་གནས་ཤིང། །རྟག་ཏུ་གདུག་པའི་ལས་ལ་དགའ།། གཡོན་གྱི་མཆེ་བ་གཙིགས་པ་དང། །དེ་ཡི་ཁྱིམ་དུ་དགྲ་སྟ་ནི་།འབྲི་ཞིང་རྟག་ཏུ་མཆོད་བྱེད་པ། །རྣམ་པར་འདྲེན་པའི་རིགས་བྱུང་བའི། །མཁའ་འགྲོ་མར་ནི་ཐེ་ཚོམ་མེད།། མཁའ་འགྲོ་མ་ཡི་ཚོགས་འདི་དག་ཤྲི་ཧེ་རུ་ཀའི་རིགས་ལས་བྱུང་།སྒྲུབ་པ་པོ་ལ་ཕན་པའི་ཕྱིར། །མཚན་ཉིད་ཡང་དག་བཤད་པ་ཡིན། །མངོན་པར་བརྗོད་པའི་ རྒྱུད་བླ་མའི་བླ་མ་ལས། མཁའ་འགྲོ་མའི་མཚན་ཉིད་ཀྱི་ལེའུ་སྟེ་བཞི་བཅུ་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །སྒྲུབ་པ་པོ་ཡིས་ལཱ་མ་ཡི། ། མཚན་ཉིད་ཀྱི་ནི་ཁྱད་པར་དང། །ཡན་ལག་ཚོགས་ནི་ཤེས་པར་བྱའོ། །གང་གི་བཞིན་གྱི་དཀྱིལ་འཁོར་ནི། །ཀུན་ཏུ་ཟླུམ་པོར་སྣང་འགྱུར་ཞིང། །ཁ་ཡི་སྨྲ་ར་རྟག་ཏུ་ ཡོད༑ ༑སྤུ་དང་སྨིན་མ་རིང་བ་དང། །གོས་བཟང་གཙང་ཞིང་ཞི་བ་དང། །མི་འཁྲུག་བ་དེན་པར་སྨྲ་བ་དང། །རྟག་ཏུ་དམ་པའི་ཆོས་ལ་དགའ། །དཔའ་བོའི་སྲིང་མོར་དེ་ [264A]༄༅། །ཤེས་བྱ། །པདྨའི་ཕྱག་རྒྱར་སྦྱིན་བྱ་བ། །ཡང་ན་རུས་སྤལ་ཕྱག་རྒྱ་བྱ། །པགས་པ་བུམ་པ་སྤྱི་བླུགས་ཉིད། །ཕྱག་རྒྱའི་ལན་དུ་ ཤེས་པར་བྱ། །དེ་ནི་ཚེས་བཅུའི་རེས་དག་ལ། །ཁྱིམ་དུ་པདྨ་འབྲི་བར་འགྱུར། །ལཱ་མ་ཡི་ནི་བུད་མེད་ཀྱི། །མཚན་ཉིད་གྱུར་པ་འདི་དག་ཡིན། །གསུས་པ་རློ་ཞིང་ མིག་དཀྱུས་རིང། །མིག་ནི་དམར་ཞིང་སེར་སྐྱར་གནས། །ཕྱུག་ཅིང་སྐལ་བཟང་དཔལ་ཡོན་ཏན། །སེར་ཞིང་ཙམ་པ་ལྟ་བུར་སྣང། །ཤིན་ཏུ་རིང་མིན་ཐུང་བའམ་ མིན༑ ༑སྣ་ཚོགས་པ་ཡི་གོས་ལ་དགའ། །དཔྲལ་བར་རི་མོ་གསུམ་ཡོད་ཅིང། །མཚམས་ཀྱི་གྱེན་དུ་བལྟས་པ་ནས། །རྒོད་ཅིང་དགའ་པ་ཉིད་དག་དང། །ལམ་ ནི་རྣམ་པར་གནོན་ཅིང་གནས། །གཡུལ་དུ་འཆི་བ་རྣམས་ཀྱི་ནི། །གཏམ་དག་ལ་ནི་རྟག་ཏུ་དགའ། །དེ་ལྟའི་རབ་དྲེགས་མཐོང་ན་ནི། །མདུང་གི་ཕྱག་རྒྱ་བསྟན་ པར་བྱ༑ ༑རྐང་པ་གཡོན་པ་བསྐུམ་པ་ཡི། །བདག་ཉིད་ཀྱང་ནི་བསྟན་པར་བྱ། །གཡོན་པ་དག་ནི་ཡོངས་ལྡོག་པ། །ཕྱག་རྒྱའི་ལན་ནི་ཡིན་པར་བཤད། །བཅུ་བཞི་ དང་ནི་ཚེས་བརྒྱད་ནི། །དེ་ནི་དུས་ཚིགས་ཡིན་པར་བཤད། །ཁྱིམ་དུ་མདུང་རྩེ་གསུམ་པ་ཡང། །བྲིས་ནས་དེ་ནི་རྟག་ཏུ་མཆོད། །འཇིག་རྟེན་དབང་ཕྱུག་ལཱ་མ་ཡི། ། [264B] །གང་གི་མཁུར་ཚོས་དག་ཏུ་ནི། །ཁུང་བུར་སྣང་བ་གནས་གྱུར་ཅིང། །དེ་བཞིན་བཞིན་རྟག་ཏུ་དམར་ཞིང་སེར། །མིག་ནི་ལྗང་སེར་དག་ཏུ་སྣང། ། སྐ་ནི་དེ་བཞིན་འཁྱིལ་བ་དང། །མགོ་དང་དཔྲལ་བར་དར་བཅིངས་སྣང། །རི་མོ་གཅིག་པར་རབ་ཏུ་གནས། །དེ་བཞིན་མགྲིན་པ་རིང་བ་དང། །རྟག་ཏུ་གོས་དམར་ལ་དགའ་ ཞིང། །དགོད་ཅིང་ལུག་ནི་ལེན་པ་ཉིད། །ལན་འགའ་ཞིག་ནི་ཁྲོ་བ་དང། །སེམས་ནི་རྣམ་པར་གཡོ་བ་དང། །རྩོད་པ་ལ་ནི་དགའ་བ་སྟེ། །འདི་འདྲའི་རབ་དྲེགས་མཐོང་ན་ནི།། མདུང་གི་ཕྱག་རྒྱ་བསྟན་པར་བྱ། །གཉིས་པ་ཉིད་ནི་འབད་པ་ཡིས་།དྲིལ་བུའི་ཕྱག་རྒྱ་བསྟན་པར་བྱ། །གཡོན་གྱི་ཕྱོགས་སུ་ལྡོག་པ་ནི། །ཕྱག་རྒྱའི་ལན་ནི་ཡིན་པར་ བཤད༑ ༑ཐུང་ཞིང་བྱིན་པ་སྦོམ་པ་དང། །རྟག་ཏུ་གོས་སེར་ལ་དགའ་ཞིང། །ཕྲག་པ་དག་ན་གོས་ཀྱང་འཕྱང། །དེ་འདྲའི་བུད་མེད་མཐོང་ན་ནི། །རྡོ་རྗེའི་ཕྱག་རྒྱ་བསྟན་ བྱ་ཞིང། །འབད་པ་ཡིས་ནི་གཉིས་པ་ཡང། །དུང་གི་ཕྱག་རྒྱ་བསྟན་པར་བྱ། །གཡོན་ནས་ཡོངས་སུ་ལྡོག་པ་ནི། །ཕྱག་རྒྱའི་ལན་ནི་ཡིན་པར་བཤད། །བཅུ་བཞི་དེ་ཡི་ དུས་ཡིན་ཏེ། །དེ་ཡི་ཁྱིམ་དུ་རྡོ་རྗེ་འབྲི། །ཤྲཱི་ཧེ་རུ་ཀ་ལཱ་མ་ཡི། །མཚན་ཉིད་གྱུར་བ་དེ་དག་ཡིན། །ལུས་ཀུན་ལ་ནི་བ་སྤུ་ཡོད་།མིག་ནི་ནག་ཅིང་སེར་བ་དང། །སྦོམ་ [265A]༄༅། །ཞིང་རྣམ་སྒྱུར་མི་བཟོད་པ། །བཞིན་འཕེལ་ཆེ་ཞིང་ཁ་ཆེ་ལ། །མ་མཆུ་རློ་ཞིང་ཁ་དོག་ནག་མིག་ཟླུམ་སྣ་ནི་ཉམས་པ་དང། །རྟག་ཏུ་གླུ་ནི་ མཁས་པ་དང། །སྤྲིན་གྱི་མདོག་ཅན་ཡིད་འཕྲོག་པ། །འདི་འདྲའི་རབ་དྲེགས་མཐོང་ན་ནི། །གླུ་ཡི་ཕྱག་རྒྱ་བསྟན་པར་བྱ། །གཉིས་པ་ཡང་ནི་འབད་པ་ཡིས། །མདུད་ གི་ཕྱག་རྒྱ་བསྟན་པར་བྱ། །གཡོན་ནས་ཡོངས་སུ་ལྡོག་པ་ནི་།ཕྱག་རྒྱའི་ལན་ནི་ཡིན་པར་བཤད། །ཆོས་གྲངས་བཅུ་གཅིག་དེ་ཡི་དུས། །ཁྱིམ་དུ་མཆེ་བ་འབྲི་ བར་བྱེད། །རྡོ་རྗེ་ཕག་མོ་ལཱ་མ་ཡི། །མཚན་ཉིད་གྱུར་པ་འདི་དག་ཡིན། །མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས། ལཱ་མའི་མཚན་ཉིད་ཀྱི་ལེའུ་སྟེ་བཞི་ བཅུ་རྩ་གཅིག་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །མཁའ་འགྲོ་རྣམས་ཀྱི་བརྡ་རྣམས་ཏེ། །གང་ཞིག་སྤུན་དང་སྲིང་མོ་རུ་།ཡང་དག་ ཤེས་པར་འགྱུར་པའོ། །གང་ཞིག་ལག་གཡོན་སྟོན་པ་ནི། །གསོང་བོར་སྨྲ་བ་སྟོན་པ་ཡིན། །གང་ཞིག་སྲིན་ལག་སྟོན་པ་ནི། །གསོང་པོར་སྨྲ་བ་ལན་འགྱུར་ཡིན།། གང་ཞིག་ལྟོ་བ་རྡེབ་པ་ནི། །བདག་ནི་བཀྲེས་པར་སྟེན་པ་ཡིན་།གང་ཞིག་དཔྲལ་བ་སྟོན་པ་ནི། །ནམ་མཁའ་ལས་ནི་འོངས་ཞེས་པའོ། །གང་ཞིག་ཁར་ནི་སོར་མོ་འཛུད།། [265B] །གང་ཞིག་ལྕེ་ནི་བསྐྱོད་པ་དག་ཟ་འོ་ཞེས་ནི་སྨྲ་བ་ཡིན། །གང་ཞིག་པུས་མོ་ལ་རེག་པ་།ངལ་ལོ་ཞེས་ནི་སྟོན་པ་ཡིན། །གང་ཞིག་སོར་མོ་རྩེ་ ལ་རེག་ངལ་སོས་ཞེས་ནི་སྨྲ་བ་ཡིན། །གང་ཞིག་སོ་ནི་འཆའ་བྱེད་པ། །ཤ་ཟའོ་ཞས་ནི་སྨྲ་བ་ཡིན། །ལག་པ་གཡས་པ་སྟོན་པ་ནི་།འདི་ལྟར་གྱིས་ཞེས་སྟོན་པ་ཡིན། ། གང་ཞིག་ཁྲོ་གཉེར་སྟོན་པ་ནི། །བཅིངས་སོ་ཞེས་ནི་སྨྲ་བ་ཡིན་།གང་ཞིག་མཁའ་ལྡིང་སྟོན་པ་ནི། །གྲོལ་ལོ་ཞེས་ནི་སྟོན་པ་ཡིན་།གང་ཞིག་ཁུ་ཚུར་སྟོན་པ་ནི། །དེ་ ལ་པ་ཏ་ཏི་བསྟན་བྱ། །གང་ཞིག་སྐྲ་ནི་སྟོན་པ་ལ། །རྣམ་པར་འགྱུར་བ་བལྟས་ནས་ནི། །ཁ་ཊཱཾ་ག་ནི་དེ་ལ་བསྟན། །གང་ཞིག་ཡན་ལག་བསྐྱོད་པ་དང། །དེ་ལ་མཆེ་བ་ བསྟན་པར་བྱ། །གང་ཞིག་ལག་པས་ལག་པ་སྟོན། །གཏོར་མ་ཟ་ཞེས་སྨྲ་བ་ཡིན། །གང་ཞིག་ལག་པ་གཡས་པ་སྟོན། །དེ་ལྟར་གྱིས་ཤིག་སྨྲ་བ་ཡིན། །གང་ཞིག་རྣ་ བ་ལ་རེག་པ། །གནས་པར་བྱ་ཞེས་སྟོན་པ་ཡིན། །གང་ཞིག་སེན་མོས་སེན་མོ་རེག་ཤེ་ཡི་ཁྱེར་ཅེས་བྱ་བ་ཡིན། །གང་ཞིག་ས་འབྲི་དཀྱིལ་འཁོར་དུ། །དེ་རིག་འཇུག་ ཅེས་སྨྲ་བ་ཡིན། །གང་ཞིག་ནུམ་མ་ལ་རེག་པ། །བདག་གི་བུ་ནི་སྲུངས་ཞེས་བྱ། །གང་ཞིག་མཐེ་གཡོན་ས་ལ་འབྲི། །གཉེན་དག་སྲུངས་ཤིག་པ་རུ་བཤད། །གང་ཞིག་ [266A]༄༅། །མིག་ནི་རྣམ་འཛུམ་པ། །དེ་ལྟར་བྱ་ཞེས་སྨྲ་བ་ཡིན་།གང་ཞིག་ཚིགས་ལ་རེག་བྱེད་པ། །བདེ་བར་ཉལ་ཞེས་སྨྲ་བ་ཡིན་།ཕོ་ཉ་མ་ ནི་གང་ཡང་རུང། །དེ་དག་ཀུན་གྱིས་ཡང་དག་སྤྱད། །མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས། བརྡའི་ལེའུ་སྟེ་བཞི་བཅུ་རྩ་གཉིས་པའོ།། །། དེ་ནས་ཡན་ལག་ཕྱག་རྒྱ་ཡི། །མཚན་ཉིད་དེ་ཡིས་བཤད་པར་བྱ་།བུད་གང་སྤྱི་གཙུག་རེག་བྱེད་པ། །མགོ་བོ་དེ་ལ་བསྟན་པར་བྱ་།གང་ཞིག་དཔྲལ་བ་སྟོན་ པ་ནི༑ ༑དེ་ལ་མཁུར་ཚོས་བསྟན་པར་བྱ། །གང་ཞིག་སོ་ནི་སྟོན་པ་ལ། །དེ་ལ་ལྕེ་ནི་བསྟན་པར་བྱ། །གང་ཞིག་མཆུ་ནི་སྟོན་བྱེད་པ་།དེ་ལ་དཔུང་བ་བསྟན་པར་བྱ།། གང་ཞིག་རྐེད་རྒྱབ་སྟོན་བྱེད་པ། །དེ་ལས་ནི་བསྟན་པར་བྱ་།གང་ཞིག་ནུ་མ་སྟོན་བྱེད་པ། །དེ་ལ་ཀོས་ཀོ་བསྟན་པར་བྱ། །གང་ཞིག་ལྟོ་བ་སྟོན་བྱེད་པ། །དེ་ལ་ ལྟེ་བ་བསྟན་པར་བྱ། །གང་ཞིག་གསང་བ་སྟོན་བྱེད་པ། །དེ་ལ་ལིངྒ་བསྟན་པར་བྱ། །གང་ཞིག་བརླ་ནི་སྟོན་བྱེད་པ། །དེ་ལ་འོག་ནི་བསྟན་པར་བྱ། །གང་ཞིག་པུས་ མོ་སྟོན་བྱེད་པ། །དེ་ལ་བྱིན་པ་བསྟན་པར་བྱ། །གང་ཞིག་རྐེད་པ་སྟོན་བྱེད་པ། །དེ་ལ་ལིངྒ་བསྟན་པར་བྱ། །གང་ཞིག་སོར་ཚིགས་སྟོན་བྱེད་པ། །དེ་ལ་སེན་མོ་ [266B] །གང་ཞིག་ས་ནི་སྟོན་བྱེད་པ། །དེ་ལ་ནམ་མཁའ་བསྟན་པར་བྱ། །གང་ཞིག་ནམ་མཁའ་སྟོན་བྱེད་པ། །དེ་ལ་ཉི་མ་བསྟན་པར་བྱ། །གང་ཞིག་ཆུ་བོ་སྟོན་ བྱེད་པ༑ ༑དེ་ལ་རྒྱ་མཚོ་བསྟན་པར་བྱ། །མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས། ཡན་ལག་གི་ཕྱག་རྒྱའི་མཚན་ཉིད་ཀྱི་ལེའུ་སྟེ་བཞི་བཅུ་རྩ་གསུམ་པའོ།། །། དེ་ནས་གཞན་ཡང་རབ་བཤད་པ། །ཡན་ལག་ཇི་བཞིན་ཕྱག་རྒྱའི་མཆོག་གང་ཞིག་ཤེས་པས་སྤུན་ནམ་ནི། །སྲིང་མོར་ཐེ་ཚོམ་མེད་འགྱུར་རོ། །སོར་མོ་གཅིག་ནི་ སྟོན་པ་ཡིས། །ལེགས་པར་འོངས་ཞེས་སྨྲ་བ་ཡིན། །སོར་མོ་གཉིས་ནི་བསྟན་པ་ཡིས། །ལེགས་འོངས་ལན་ནི་སྨྲ་བ་ཡིན། །འདི་ནི་རྣལ་འབྱོར་མ་ཀུན་གྱི། །ཡན་ ལག་ཕྱག་རྒྱར་རབ་ཏུ་བཤད། །མཛུབ་མོ་གཉིས་བཀུག་མིག་གི་རྒྱུ་།སྔགས་པས་གང་ལ་དེ་བསྟན་ཏེ། །དེ་མོད་ཇི་སྲིད་འཚོ་བའི་བར་།དབང་དུ་འགྱུར་བར་ཐེ་ ཚོམ་མེད། །གང་ཞིག་གུང་མོ་སྟོན་བྱེད་པ། །དེ་ལ་མཛུབ་མོ་བསྟན་པར་བྱ། །གང་ཞིག་སྲིན་ལག་སྟོན་བྱེད་པ། །དེ་ལ་ལྕེ་ནི་བསྟན་པར་བྱ། །གང་ཞིག་པ་ཏི་ས་ སྟོན་པ༑ ༑དེ་ལ་མདུན་ནི་བསྟན་པར་བྱ། །གང་ཞིག་སྤྱི་བོ་སྟོན་བྱེད་པ། །དེ་ལ་མཚམས་ཀྱི་མཐའ་བསྟན་བྱ། །གང་ཞིག་ས་ནི་སྟོན་བྱེད་པ། །དེ་ལ་ཁ་ནི་བསྟན་ [267A]༄༅། །བར་བྱ། །གང་ཞིག་ཁྲོ་གཉེར་སྟོན་བྱེད་པ། །དེ་ལ་མཚམས་ནི་བསྟན་པར་བྱ། །གང་ཞིག་སོ་ནི་སྟོན་བྱེད་པ། །དེ་ལ་མཆུ་ནི་ བསྟན་པར་བྱ། །གང་ཞིག་མགྲིན་པ་སྟོན་བྱེད་པ། །དེ་ལ་ཁ་ནི་བསྟན་པར་བྱ། །གང་ཞིག་དཔྲལ་བ་སྟོན་བྱེད་པ། །དེ་ལ་ལྟེ་བ་བསྟན་པར་བྱ། །འདི་ནི་རྣལ་ འབྱོར་མ་ཀུན་གྱི། །རིམ་བཞིན་ཡན་ལག་ཕྱག་རྒྱ་ཡིན། །འདི་དག་རྟག་བསྟེན་གསང་བ་པ། །ཡང་དག་ལྟ་བར་འགྲོ་བར་འགྱུར། །མངོན་པར་བརྗོད་པའི་ རྒྱུད་བླ་མའི་བླ་མ་ལས། མཁའ་འགྲོ་མའི་ཡན་ལག་གི་ཕྱག་རྒྱའི་ལའུ་སྟེ་བཞི་བཅུ་རྩ་བཞི་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ།། མཁའ་འགྲོ་མ་ཡི་མཚན་ཉིད་དོ། །གང་གིས་རིང་ནས་དཔའ་བོ་དང་།དཔའ་མོ་སྲིང་མོར་ཤེས་འགྱུར་བའོ། །དམ་ཚིག་ཅན་གང་རྗེས་ཆགས་པ། །རྣལ་འབྱོར་ ལོངས་སྤྱོད་ས་གཞི་ཡིན། །གཞིར་ནི་ས་གཞི་བྱས་ནས་སུ། །རྣལ་འབྱོར་པ་ཡི་སྡོམ་པ་མཆོད། །གོ་ལྡོག་པ་ཡིས་ལྟ་བ་ནི། །བཞིན་ནི་རྣམ་པར་འགྱུར་བ་དང། ། རྟག་ཏུ་བཞིན་གྱི་སྨིན་མ་གཡོ། །སྣ་ཚོགས་མྱུར་དུ་ཤེས་བྱ་བ་།དེ་བཞིན་མཁའ་འགྲོ་ལས་བྱུང་བའོ། །རྣམ་བསྒྱུར་འཁྱིལ་པར་ཤེས་བྱ་སྟེ། །རི་མོ་གསུམ་པ་ཡོངས་ [267B] །མཁའ་འགྲོ་མ་རྣམས་དེས་འགྲོ་བའི། །དེ་ཡི་མཚན་མ་ཤེས་པར་བྱ། །གལ་ཏེ་ལྡོག་པར་གྱུར་ན་ནི། །སྔར་བཤད་དོན་ནི་བཏང་བར་འགྱུར། །དེ་ཡི་དངོས་ ནི་འཇིག་གྱུར་པ། །རྡོ་རྗེ་ལྟ་བུར་གསལ་བ་ཡིན། །སྒྲ་ནི་ཁུ་བྱུག་སྐད་ལྟ་པུར། །གསལ་བ་དེ་ནི་རྟག་ཏུ་གྱུར། །འདི་ནི་མཚན་མའི་ཁྱིམ་དུ་ནི། །རྡོ་རྗེ་ལྟ་བུ་མེ་ལོང་ བཅས༑ ༑རལ་གྲི་འདྲ་བའི་མེ་ལོང་བཅས། །ཕྱག་མཚན་མདུང་འདྲར་རྟག་ཏུ་འབྱུང། །དེ་གསལ་མེ་ལོང་ཡིན་ཞེས་བྱ། །མཚན་མར་བྱས་པའི་གཟུགས་ དག་ནི༑ ༑མཚན་ཉིད་འདི་དག་དང་ལྡན་པ། །དེ་ནི་མཁའ་འགྲོ་མ་རྣམས་ཀྱི། །མཆོག་ཡིན་པར་ནི་ཤེས་པར་བྱ། །པོ་ཏཾ་གི་ཞེས་བྱ་བ་ནི། གསོང་བོར་སྨྲ་བའོ། །པྲ་ ཏི་པོ་ཏཾ་གི་ཞེས་བྱ་བ་ནི། །གསོང་པོར་སྨྲ་བའི་ལན་ནོ། །ག་མུ་ཞེས་བྱ་བ་ནི། འགྲོའོ་ཞེས་བྱ་བ་ཡིན་ནོ། །ལུཾ་བཾ་ཞེས་བྱ་བ་ནི། །འོང་ངོ་ཞེས་བྱ་བ་ཡིན་ནོ། །དེ་ ཧི་ཞེས་བྱ་བ་ནི། ཟས་ཞེས་བྱ་བ་ཡིན་ནོ། །གྲི་ཧ་ན་ཞེས་བྱ་བ་ནི། བྲམ་ཟེ་ཞེས་སྨྲ་བ་ཡིན་ནོ། །པི་ར་ཎཾ་ཞེས་བྱ་བ་ནི་།སྙིང་ཉིད་དོ། །མ་ར་ཎ་ཞེས་བྱ་བ་ནི། སྒྲ་ དན་ནོ༑ ༑གྷནྡྷ་ཞེས་བྱ་བ་ནི། །ཀ་ར་ནི་ཀའོ། །ཤི་རོ་ནི་རྫུན་ནོ། །ཀ་ར་ནི། ལྟོ་བའོ། །བ་ར་ནི། སྒྲའོ། །ཤྲ་ར་མོ་ཎོ་ནྀ། རྣ་བའོ། །ཨ་མྲྀ་ཏ་སྭ་ནི། སྲུབ་པའོ། །ས་མ་ [268A]༄༅། །ག་མ་ནི༑ མིའོ། །ཏ་ལི་ཀ་ནི། མཁའ་འགྲོ་མའོ། །ན་ར་ཀ་ནི། དཀྱིལ་འཁོར་རོ། །ཨ་མོ་ཀ་ནི། དུར་ཁྲོད་དོ། །ཀ་ལི་ཀ་ནི་སྒོའོ། ། ཤྭ་ས་ནི༑ བྲམ་ཟེའི་རིགས་སོ། །བ་རི་དཧི་ནི། རྒྱལ་རིགས་སོ། །བི་ར་ཏི་ནི། རྗེའི་རིགས་སོ། །ཀྲུ་ར་ནི། དམངས་སོ། །ཨནྟ་སྠ་ནི་སྨེ་ཤ་ཅན་ནོ། །བ་ཤུ་ལི་ ཀ་ནི༑ ཁྱིམ་མོ། །ཊ་ཀ་ནི། སྲིང་མོའོ། །མེ་ལ་བ་ཀ་ནི། ཆུའོ་།གྲི་ཧ་ར་ཎ་ནི། རྡོ་རྗེ་ཆུ་གཏོང་བའོ། །ལྕེ་སོ་ལ་རེག་པ་ནི་ལྟོགས་པར་སྟོན་པའོ། །ཧྲི་ཤམ་ ནི༑ དྲིས་བསྒོ་བའོ། །ཀུ་ཏ་ནི། གནས་ཆེ་གེ་མོ་ནས་འོངས་སོ་ཞེས་བྱ་བའོ། །ཀི་ར་ནི་ནི། མེ་ཏོག་གོ་ཏུ་མུ་ལ་ནི། རྒོད་པའོ། །ཏནྟ་ནི། ཆར་དབབ་པ་ཟློག་པའོ།། ཏྲི་པྟ་ནི༑ ཞུ་བའོ། །དཧུར་རྱོ་ནི། ཤེས་པའོ། །ནྲི་ཧ་ནི། སྤྲིན་ནོ། །དཧུ་པ་ནི། བདུག་པའོ། །ས་ནུ་ནི། རི་བོའོ། །ས་རི་ཏ་ནི། ཆུ་བོའོ། །ཨ་གུ་ལི་ནི། ཡན་ ལག་གོ་བ་ད་ན་ནི། ག་དོང་ངོ། །ཛ་ཏི་ཀ་ནི། ལྕེའོ། །ཨནྟ་ན་ནི། སོའོ། །པཀྵི་ནི། རྒྱལ་མཚན་ནོ། །ཚནྡོ་ནི། ཕྲེང་བའོ་།ཙ་ལ་ནི། རླུང་ངོ། །པ་ཤུ་ ནི༑ རི་དྭགས་སོ། །ཡནྟི་ནི། དཀྱིལ་འཁོར་རོ། །ཤ་ན་མ་ནི། བཞི་མདོའོ། །ཕལ་ཀུ་ཤི་ནི། སྐྱེ་བའོ། །མ་ཧཱ་ཀྵ་ར་བ་ནི། ཕྱུགས་ཆེན་པོའོ། །ག་ནི། ར་སྐྱེས་ [268B] ༑ན་ནི། མིའོ། །གོ་ནི། ཁྱུ་མཆོག་གོ་མ་ནི། མ་ཧེའོ་།བྷ་ནི། བཟའ་བའོ། །ཧ་ནི། རྣམ་གྲངས་སོ། །ཨ་དྷྱ་ནི། རྒྱལ་པོའོ། །ཁ་ལ་རེག་པ་ནི། ཟོས་སོ་ཞེས་ པའོ༑ ༑ལྕེ་ལ་རེག་པ་ནི། ངོམས་སོ་ཞེས་པའོ། །ན་སྟི་ནི། སྙིང་པོའོ། །ཧྲི་ནི། ངོ་ཚའོ། །མེ་ཐུན་གྱིས་ཤིག་པའོ། །བརླ་ལ་རེག་པ་ནི། སྟོང་པའོ། །སྟེང་དུ་གཅིག་ གོ་འོག་ཏུ་མེད་པའོ། །ཕྱག་རྒྱ་དང་ཕྱག་རྒྱའི་ལན་ནོ། །དཔའ་བོའི་གསུང་གི་གསང་བའི་བརྡའོ། །མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས། མཁའ་འགྲོ་ མའི་བརྡའི་ཆོ་གའི་ལེའུ་སྟེ་བཞི་བཅུ་རྩ་ལྔ་པའོ།། །།དེ་ནས་རྣལ་འབྱོར་རྒྱུད་དུ་ནི། །རྙེད་དཀའི་དམ་ཚིག་ང་ཡིས་བཤད་།སྐྱེས་པའམ་བུད་ མེད་གཡོན་ནས་འགྲོ། །འདོད་པའི་དངོས་གྲུབ་[?]སྟོན་བར་བྱེད། །ཁྱིམ་དང་ཞིང་དུ་རྣམ་གནས་པ། །ཤིན་ཏུ་རིང་ཡང་ཤེས་པར་འགྱུར་།ཧེ་རུ་ཀ་ལས་སྦྱོར་གཞན་ མེད༑ ༑སློབ་དཔོན་རྣལ་འབྱོར་མ་ཉིད་ནི། །རྒྱུད་འདི་རུ་ནི་སྒྲུབ་པ་འོ། །ལེགས་པར་གྱུར་པ་ཉིད་ཡིན་ཏེ། །བརྙས་མི་བྱ་ཞིང་སྤང་མི་བྱ། །ནུས་པ་ཡིས་ནི་མཆོད་ པར་བྱ༑ ༑ཕོ་ཉ་མོ་བརྒྱད་འདི་དག་ནི། །མོས་དང་དད་པ་འཕལ་བྱེད་པ། །རྟག་པར་དངོས་གྲུབ་རྣམས་ཀྱི་རྒྱུ། །དམ་ཚིག་རྣམས་ཀྱང་སྐྱོང་བ་འོ། །ལྷ་མོ་གཞན་དག་ [269A]༄༅། །ཀུན་སྦྱོར་བའི། །འདོད་ལ་རྨོངས་པར་གྱུར་པ་དང་།གཉིས་སུ་མེད་དང་ཐོགས་མེད་དང། །དམ་ཚིག་སྤྱད་པར་སྤྱོད་པ་དང། །བུད་ མེད་དབང་ཕྱུག་ཤིན་ཏུ་སྦྱོར། །ཚངས་པར་སྤྱོད་པ་དེ་བཞིན་གཞི། །ཁྲོ་མེད་རྒྱུན་གྱི་ཀུན་ཏུ་སྤྱོད། །འདི་བརྒྱད་དམ་ཚིག་ཀུན་སྤྱོད་ཡིན། །སྒྲུབ་པ་ལ་ནི་གནས་ པ་ཡི༑ ༑སྒྲུབ་པ་པོ་ཡིས་རྟག་ཤེས་བྱ། །རྒྱུད་ཀུན་གྱི་ནི་ཐུན་མོང་སྟེ། །རྒྱུ་མེད་པ་ནི་གཞོམ་མི་བྱ། །དད་པ་ཉིད་ཀྱིས་བླང་བྱ་ཡི། །མིག་དང་ལག་པས་མ་ཡིན་ ནོ༑ ༑གསང་བ་འདི་ནི་མི་བསྟན་ཅིང། །རབ་ཏུ་འབད་དེ་སྦ་བ་དང་།བློ་ལྡན་མཐེ་ཆུང་བསྐྱེད་པར་ནི། །ཕོ་ཉ་མོ་རྣམས་ཡང་དག་གནས། །དག་དང་མ་དག་ འདྲེས་པ་སྟེ། །སྒྲུབ་པ་པོ་ནི་གསུམ་དུ་གནས། །མཉེས་བྱེད་རྣམ་པར་དག་པ་དང། །གསལ་བྱེད་ཡོན་ཏན་ལྡན་པའི་མིའོ། །ཡུལ་ཡུལ་དུ་ནི་དཀའ་ཐུབ་ ཅན༑ ༑ཕོ་ཉའི་གཟུགས་ཀྱི་མཚན་མ་བརྟག་ཕོ་ཉ་རལ་གྲི་སོ་འདྲ་ཞིང། །དག་བྱེད་པ་བསོད་ནམས་འཕེལ་བྱེད་ཡིན། །དེ་བཞིན་ཕོ་ཉ་ལེགས་འདྲེས་པས། ། སྒྲུབ་པ་པོ་ཡིས་དངོས་གྲུབ་ཐོབ། །བཟླས་མཆོད་བསམ་གཏན་མེད་པར་ཡང། །མྱུར་བ་ཉིད་དུ་འགྲུབ་པར་འགྱུར། །སྔགས་དང་ཕྱག་རྒྱ་སྒྲུབ་པ་པོས། །མཆོད་ [269B]འདི་ལས་གཞན་པའི་མཆོད་མེད་དེ་།དེ་ལྟར་བསྟན་བཅོས་ངེས་པ་ཡིན། །ཕོ་ཉའི་ལམ་ལ་དགའ་བ་དང་།སྒྲུབ་པ་པོ་ནི་དངོས་གྲུབ་ བརྩོན༑ ༑རིག་སྔགས་ཕྱག་རྒྱར་ཡང་དག་ལྡན། །ཟས་ལ་རྟག་ཏུ་སྤྱད་པར་བྱ། །སྒྲུབ་པ་པོ་ནི་ལེགས་པ་རུ། །མཉམ་པར་བཞག་པའི་རིགས་རྣམས་ནི། །ཀུན་ ལ་ཉེ་བར་སྤྱད་བྱ་ཞིང། །བཟའ་མིན་པར་ནི་མི་བརྟག་གོ་འདི་ཉིད་དུ་ནི་དེ་དབྱེར་མེད། །ཕོ་ཉ་མོ་ཡི་སྒྲུབ་པ་ཉིད། །དངོས་གྲུབ་ཆོ་ག་ལ་སྤྱོད་ཚེ། །ཕོ་ཉ་གཅིག་པུ་ཁོ་ན་ ཡིན༑ ༑བྱང་ཆུབ་ཕྱོགས་ཀྱི་དངོས་གྲུབ་ནི། །སྒྲུབ་པ་དག་དང་ཉེ་བར་དང། །བླ་མ་བརྒྱུད་རིམ་གྱིས་ཐོབ་པའི། །དབང་བསྐུར་བས་ནི་སྔགས་ལེགས་ལྡན། །ཕོ་ཉ་རྣམས་སུ་ ཡང་དག་བཤད། །ཕྱག་རྒྱ་ལེགས་སྦྱོར་ངང་ཚུལ་དང། །ཆགས་མེད་གཏོང་དང་ཚུལ་ཁྲིམས་དང། །ཡེ་ཤེས་ཆུ་སྐྱེས་ཡང་དག་རྫོགས། །སེམས་ཀྱིས་བདག་ཉིད་ནང་ པར་ལངས། །ལུས་ཀྱི་བྱ་བ་ཀུན་བྱས་ཏེ། །ལུས་ལ་ཤིན་ཏུ་མཚོན་ཆ་ནི། །ལུས་ལ་གནས་པར་ཀུན་ཏུ་སྤྱད། །དག་བྱེད་བྱས་པའི་ལུས་ཀྱིས་ནི། །རྟག་ཏུ་སྔགས་ནི་བརྗོད་ པར་བྱ༑ ༑རྣལ་འབྱོར་གནས་རྣམས་ངེས་བསྟན་ཅིང། །མཚོན་ཆ་རྣམས་ནི་འགོམ་མི་བྱ། །དམ་ཚིག་ཅན་ལ་ཁྲོ་མི་བྱ། །མངོན་པར་བརྩོན་ལས་འདའ་མི་བྱ། །དེ་དང་ལྟ་ [270A]༄༅། །ལྷན་ཅིག་བདེ་བར་བྱ། །བདག་གི་དོན་དང་གཞན་དོན་དུ་།དམ་ཚིག་སྤྱོད་པ་ཉིད་དུ་བྱ། །འདི་ལ་ལྷན་ཅིག་ལོངས་སྤྱོད་བྱ་།མཚན་མོ་རྟག་ པར་ནམ་མཁའི་གོ་ནག་དང་དམར་བར་རྟག་འགྱུར་བྱ། །སྲོག་ཆགས་ཡན་ལག་ལས་བྱུང་གྱོན། །བདེ་བ་འདོད་པས་བདེ་ཐོབ་འགྱུར། །མཆོད་ཕྱིར་ཐོགས་ནི་ ཡོངས་སྤངས་གཙིང། །ཤྲའི་ཧེ་རུ་ཀས་བྱིན་བརླབས་པས། །ཕྱག་རྒྱ་ལྔ་དང་ཡང་དག་ལྡན། །དུས་ཀུན་ཏུ་ནི་ཡང་དག་གནས། །རིགས་དང་རིགས་མིན་དོར་མི་ བལྟ༑ ༑སྤྱི་གཙུག་ལ་སོགས་བཅིང་པ་སྤང། །ཕོ་ཉ་གཙང་སྦྲ་དང་པོ་ཡིན། །གཉིས་པ་སྦྱོར་བ་ཡིན་པར་འདོད། །ཟས་གཅིག་ཏུ་ནི་ཟ་བ་ཉིད། །གཙང་སྦྲ་གསུམ་ པ་ཡིན་པར་བཤད། །གཙང་སྦྲ་འདི་དག་རབ་སྦྱངས་པས། །གཙང་མའི་དག་པའི་རིམ་ཐོབ་ན། །དངོས་གྲུབ་གང་ལ་འབྱུང་མི་འགྱུར་།དེ་ཉིད་བསྡུས་ལས་ གང་གསུངས་དང། །དེ་བཞིན་བདེ་མཆོག་ལས་གང་གསུངས། །གསང་བའི་རྒྱུད་ལས་ཡང་དག་བཤད། །དེ་བཞིན་དཔལ་མཆོག་དང་པོ་དང་།རྡོ་རྗེ་ འཇིགས་བྱེད་ཉིད་ལས་གསུངས། །བཟླས་དང་བརྟུལ་ཞུགས་སོགས་པ་འགྲུབ། །དེ་འདིར་བསམ་གཏན་ཙམ་གྱིས་ནི། །སྔགས་པས་སྐད་ཅིག་གིས་ [270B] །རྣལ་འབྱོར་ལམ་ལ་དགའ་བས་ཀྱང། །གཙང་སྦྲ་འདི་ནི་ཡང་དག་སྤྱད། །བསོད་ནམས་གཙང་སྦྲ་ལས་བྱུང་གང། །སྒྲུབ་པའི་ཡོན་ཏན་རྒྱ་ཆེན་ པོ༑ ༑སྟོང་ཕྲག་གཅིག་པའི་ཞལ་མིན་པར། །ཁ་ཅིག་གིས་ནི་བརྗོད་མི་ནུས། །དཔལ་ལྡན་ཁྲག་འཐུང་ཡེ་ཤེས་ཆེ། །རྣམ་དག་མཚན་ཉིད་ཀུན་སྒྲུབ་པ། །བདེ་བའི་ བསོད་ནམས་ཆུ་འཐུང་བ། །དག་བྱེད་སྡིག་པ་འཇིགས་བྱེད་ཡིན། །རེག་པ་དང་ནི་སྨྲས་པས་ཀྱང། །སྡིག་པ་ཀུན་ལས་རྣམ་གྲོལ་ཞིང་།ལུས་ངག་སྐྱོན་ནི་མེད་པ་ ཡི༑ ༑གང་ཞིག་སྤྱོད་པ་བྱེད་པ་ཡི། །མི་མཆོག་སྡིག་པ་ཐམས་ཅད་ནི། །རྣམ་དག་བདག་ཉིད་བདེ་གཤེགས་ཀྱི། །ས་རྣམས་ཀྱང་ནི་ཐོབ་པར་འགྱུར། །སྐྱེ་ཞིང་སྐྱོ་ བར་དེ་བཞིན་གཤེགས། །རིགས་འགྱུར་ཆོས་ལྡན་རྒྱལ་པོར་འགྱུར། །དེ་ལྟར་རྟག་ཏུ་མཆོད་བྱས་ནས། །དད་པ་ཡིས་ནི་གཏོར་མ་སྦྱིན། །དེ་ནས་མཆོད་པ་རྣམ་ དག་པས། །མྱ་ངན་འདས་ལས་བྱུང་བ་འོ། །དེ་བཞིན་བདག་ཉིད་མཆོད་པ་དང། །སངས་རྒྱས་ཀུན་ཚོགས་སྲས་བཅས་དང། །དཔའ་བོ་ཨྐུན་དང་རྣལ་འབྱོར་མ།། བརྟན་པ་དག་དང་གཡོ་བ་དང། །སྤུན་གྱི་མཆོད་པའི་དུས་འཛིན་པ། །ཟླ་བའི་དུས་ལ་གནས་པ་ཡི། །སྤུན་དང་བུ་དང་ལྷན་ཅིག་ཏུ་།བདེ་དང་སྡུག་བསྔལ་ཀུན་ [271A]༄༅། །འབྱུང་བ། །སྔགས་དང་དེ་བཞིན་ཕྱག་རྒྱ་དང། །ཡེ་ཤེས་དེར་ནི་བསྟན་མི་བྱ། །དག་བྱེད་ཟས་ལ་སྤྱོད་པ་ནི། །རྟག་ཏུ་དམ་ཚིག་སྤྱོད་ བྱས་འགྱུར། །གསང་སྔགས་སུ་ལའང་སྦྱིན་མི་བྱ། །མན་ངག་རྣམ་པར་ཉམས་མི་བྱ། །དམ་ཚིག་གནས་ལ་ཅི་རིགས་པར། །མན་ངག་རྣམས་ཀྱང་སྦྱིན་པར་ བྱ༑ ༑ཕོ་ཉ་མ་གཏོགས་གཞན་དག་ལ། །འདོད་པ་རྨོངས་པར་འགྲོ་མི་བྱེད། །རྟག་ཏུ་ཕོ་ཉ་ཆགས་བྲལ་བ། །མི་འདའ་བ་ཡིས་ལོངས་སྤྱོད་བྱ། །སྐྱེ་གནས་ དམན་ལ་མི་གནས་པ། །བསྙེན་བཀུར་ཉིད་ནི་བྱ་བ་མིན། །མ་དང་སྲིང་མོ་བུ་མོ་དང། །ཆུང་མ་ཕོ་ཉ་མོ་ཉིད་གནས། །འཁོར་ལོའམ་དེ་བཞིན་གྲུབ་པ་ལ།། དཀའ་བ་ངེས་པར་ཟད་པར་འགྱུར། །མཆོག་དང་ཐ་མ་ལྡན་ཅིག་འགུགས། །དེ་ལྟར་རྫས་ནི་རྣམ་ངེས་ཡིན། །རྣལ་འབྱོར་པ་རྟག་གཡོན་ནས་སྤྱོད། །རྐང་པ་ གཡོན་པ་སྔོན་དུ་འདོར། །ལག་པ་གཡོན་པ་ཡོངས་སུ་བསྒྱུར། །གཡོན་གྱི་ཕྱེད་ནི་རབ་མཆོད་བྱེད། །ལུས་ནི་གཡོན་ནི་རྣམ་པར་གནོན་།གཡོན་པ་ཡིས་ ནི་ཚིམ་[?]དང་ཟ། །བརྟུལ་བཞུགས་མ་ཉམས་བརྟུལ་ཞུགས་རྫོགས་།སྒྲུབ་པ་པོ་ནི་དམ་ཚིག་བརྩོན། །དམ་ཚིག་རིགས་ལ་སྤྱོད་པ་དང་།ལྷན་ཅིག་ཟས་ [271B] །རིགས་ལྔ་ལ་ནི་ཀུན་སྤྱོད་པའི། །རིགས་ནི་རྣམ་པ་བཞི་རུ་བསྒྲགས། །རིགས་གཅིག་ལ་ནི་ཀུན་སྤྱོད་པའི་།རྣལ་འབྱོར་སྒྲུབ་ལ་རབ་ཏུ་མཆོད།། པ་ལང་ཤ་དང་རྟ་ཤ་དང། །ཁྱི་ཤ་དག་དང་སྣ་ཚོགས་པས་།དཀྱིལ་འཁོར་གྲུ་གསུམ་བྱས་ན་ནི། །སངས་རྒྱས་དག་ཀྱང་ངེས་པར་འཇིག་དེ་བཞིན་དཔའ་བོ་རྣམས་ ཀྱི་ཟས༑ ༑སྔགས་པས་ཕྱག་རྒྱ་ཡང་དག་ལྡན། །ཤྲཱི་ཧེ་རུ་ཀའི་སྤྲུལ་པ་ཡི། །ཉེར་སྤྱོད་བསྟན་བཅོས་ཀུན་ལ་བརྟག་རྟག་ཏུ་དེ་དག་གཟུང་ཞིང་བསྲུང། །ལས་རྣམས་ དག་ནི་ཐམས་ཅད་ལ། །བགེགས་མེད་ཇི་བཞིན་འགྲུབ་འགྱུར་བར། །འདིར་ནི་གཞན་དག་འགྱུར་མ་ཡིན། །འདི་ནི་ཕོ་ཉ་མཆོག་བཟང་པོ་།བརྩོན་ཞིང་ལྷན་ཅིག་ ལྡན་པ་ཡིན། །མ་ཆགས་དགའ་བའི་ལོངས་སྤྱོད་རྫོགས། །རྣལ་འབྱོར་རྫས་ཀྱི་རྣམ་དབྱེ་ཉིད། །བླ་མའི་མན་ངག་ལ་དགའ་ཞིང། །དེ་ཡི་དོན་ནི་མཆོག་མཚུངས་ པའོ༑ ༑སྤུན་དང་ཡང་ན་ཕ་དང་ནི། །བདག་པོ་ཉིད་དུ་སྐད་ཅིག་མཐོང། །ལྕེ་སྦོམ་མིག་ནི་དམར་སེར་ལ། །རྩུབ་ཅིང་སྤུ་ནི་དམར་སེར་ཡིན། །དངོས་གྲུབ་ཀུན་གྱི་ ཐུན་མོང་དུ། །བཟླས་དང་བརྟུལ་ཞུགས་ལ་རྟག་དགའ། །དྲན་པ་དང་ནི་ཡང་དག་ལྡན། །ཕོ་ཉ་ལ་སོགས་གནས་དང་བཅས། །མཁའ་འགྲོ་མ་མཆོག་ཉི་ཤུ་ [272A]༄༅། །བཞི༑ ༑སྤྱོད་དང་གྲོལ་བའི་འབྲས་རབ་སྟེར། །འདོད་པའི་དོན་ཀུན་སྒྲུབ་བྱེད་པའི། །རྩ་བའི་སྔགས་ནི་རྟག་ཏུ་ཟློས། །རྒྱུ་དང་མི་རྒྱུའི་ འཇིག་རྟེན་གསུམ། །རྣལ་འབྱོར་འབྲས་བུ་རབ་སྟེར་བ། །གསང་སྔགས་འདི་ལས་བྱུང་བ་ཡིན། །སྔགས་དང་ཕྱག་རྒྱར་ཡང་དག་ལྡན་།ཕྱག་རྒྱ་དང་བྲལ་ གསང་སྔགས་ནི། །ལུས་ཅན་རྣམས་ལ་བྱིན་མི་རློབ། །ཇི་སྲིད་འགྲོ་བའི་བྱ་བ་དང། །ཤིན་ཏུ་སྦྱོར་བས་རྟོགས་པར་བྱ། །འདོད་པའི་དོན་ཀུན་སྒྲུབ་བྱེད་པ། །རྣལ་ འབྱོར་པ་ལ་གང་ཞིག་སྡང། །ཁྱི་ཡི་སྐྱེ་གནས་བརྒྱར་སྐྱེ་སྟེ་།སྨེ་ཤ་ཅན་དུ་སྐྱེ་བར་འགྱུར། །དཔེར་ན་ལ་ལ་མར་འདོད་པས་།འབད་པས་ཆུ་ནི་བསྲུབས་གྱུར་ ཀྱང༑ ༑མར་གསར་འབྱུང་བར་མི་འགྱུར་གྱི། །ལུས་ཉོན་མོངས་པ་ཁོ་ནར་ཟད། །འཛིན་ཅིང་མཆོད་པར་བྱེད་པ་ནི། །འཚོ་བའི་ཐབས་ཀྱི་རྒྱུར་གྱུར་པའི། །རྣལ་འབྱོར་ གཞན་ལ་བརྟན་པ་ནི། །གཞན་དུ་དེ་བཞིན་དོན་མེད་འགྱུར། །རྣལ་འབྱོར་ཆེ་མཆོག་དཔའ་བོ་ནི། །ཡུལ་ཕྱོགས་གང་ན་གནས་གྱུར་པ་།རིགས་ངན་ཀླ་ཀློ་ཡིན་ ན་ཡང། །ཡུལ་དེ་ཡོངས་སུ་བརྟགས་པ་ཡིན། །སེམས་ཅན་རྗེས་སུ་གཟུང་བའི་རྒྱུར། །ད་རུང་ད་ནི་རྟག་ཏུ་གནས། །མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས་ [272B]།།།དེ་ནས་གཞན་ཡང་བཤད་བྱ་བ། །མཁའ་འགྲོ་མ་ཡི་སྙིང་པོ་མཆོད། །དཔའ་བོ་རྣམས་ཀྱི་ཁྱད་པར་ ནི༑ ༑གང་ཞིག་དྲན་པ་ཙམ་གྱིས་ནི། །འཇིག་རྟེན་གསུམ་པོ་གཡོ་བྱེད་ཅིང། །རྗེས་སུ་དྲན་པ་ཙམ་གྱིས་ནི། །ཡང་དག་དངོས་གྲུབ་རིམ་གྱིས་སྟེར། །ཨོཾ་སརྦ་བུདྡྷ་ཊཱ་ཀི་ ནཱི་ཡེ་བཛྲ་རཝརྞ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ་སཱཧཱ། གསང་སྔགས་འདི་ནི་གསང་སྔགས་ཆེ། །ལས་རྣམས་ཐམས་ཅད་བྱེད་པའི་མཆོག་།སྔགས་ཆེན་བཀླགས་པས་གྲུབ་པ་ སྟ༑ ༑འདོད་པ་ཐམས་ཅད་གྲུབ་པ་ཡིན། །མཁའ་འགྲོ་མ་དང་རྣལ་འབྱོར་མ། །དུམ་སྐྱེས་མ་དང་ལཱ་མའང་དེ། །ཨོཾ་ཧྲཱི་ཧ་ཧ་ཧུཾ་ཧཱུཾ་ཕཊ། གསང་སྔགས་འདི་ནི་གསང་ སྔགས་ཆེ། །ལས་རྣམས་ཐམས་ཅད་བྱེད་པའི་མཆོག་འདི་ནི་བཀླགས་པ་ཙམ་གྱིས་འགྲུབ། །གསང་སྔགས་ཀུན་གྱི་གསང་སྔགས་གཙོ་།ཐོད་པའི་དུམ་བུ་ལ་ སོགས་པ། །དཔའ་བོ་ཀུན་གྱི་སྙིང་པོ་མཆོག་གསང་སྔགས་དེ་དག་མཆོག་དམ་པ། །འདོད་པའི་དོན་ཀུན་འགྲུབ་བྱེད་ཡིན། །བླ་མ་ལས་ཀྱང་བླ་མ་སྟེ། །དཔའ་བོའི་ སྡོམ་པ་མཆོག་ཡིན་ནོ། །འདི་ནི་ཀུན་གྱི་གསང་སྔགས་ཏེ། །འདི་ནི་སྔགས་སུ་གྲགས་པ་ཡིན། །གྲས་[?]འོག་དང་ནི་མཐོ་རིས་དང། །ཇི་ལྟར་མཚམས་ཀྱང་དེ་བཞིན་ཏེ།། [273A]༄༅། །གང་ཡང་ཇི་བཞིན་ལས་རྣམས་ཀྱིས། །འཇིག་རྟེན་གསུམ་པོ་གྲུབ་པ་ཡིན། །དེ་ཡིས་ཐམས་ཅད་གྲུབ་ནས་ནི། །གསང་སྔགས་ མཆོག་ནི་བླ་མེད་པས། །འཇིག་རྟེན་གསུམ་པོ་གྲུབ་པ་ཡིན། །གང་གིས་བླ་ན་མེད་པ་དག་སྒྲུབ་པ་པོས་ནི་ཐམས་ཅད་འགྲུབ། །མཁའ་འགྲོ་མ་དང་དཔའ་བོ་ཀུན།། མདོར་བསྡུས་རྒྱས་པར་མ་ཡིན་ནོ། །རི་བོ་མཛེས་པར་བྲིས་ནས་ནི་།སྣ་ཚོགས་མེ་ཏོག་འབྲས་བུར་ལྡན། །དེ་ཡི་སྟེང་དུ་དཀྱིལ་འཁོར་བསྒོམ། །མཁའ་འགྲོ་མ་དང་ ལཱ་མ་དང། །རྣལ་འབྱོར་མ་དང་དུམ་སྐྱེས་མ། །དཔའ་བོ་དང་ནི་དཔའ་མོ་ཉིད། །ཧ་ཧ་ཧེ་ཧེ་ཞེས་བཤད་པ། །ཉི་ཤུ་རྩ་བཞི་དཔའ་བོའི་རིགས། །མཁའ་འགྲོ་མ་ཡི་ དྲ་བའི་སྡོམ། །སྔར་བཤད་དཔའ་བོ་དཔའ་བའི་མཆོག་དཔའ་བོའི་མཆོག་ནི་ཐམས་ཅད་ཉིད། །ཉི་ཤུ་རྩ་བཞི་དཔའ་བོ་རྣམས། །དེ་ཡི་འགྲོ་བ་གྲངས་མེད་ ཁྱབ༑ ༑དཔའ་བོ་དང་ནི་མཁའ་འགྲོ་ཉིད། །རྣལ་འབྱོར་མ་དང་ལཱ་མ་དང། །དུམ་སྐྱེས་མ་དང་དེ་བཞིན་ཏེ། །འཁོར་ལོའི་གནས་སུ་རྣམ་པར་བལྟ། །ལས་རྣམས་ ཐམས་ཅད་འགྲུབ་བྱེད་ཅིང། །འཁོར་ལོར་བཞུགས་ལ་རྟག་ཏུ་མཆོད་།ལེགས་པར་མཉམ་གཞག་འདོད་པ་འགྲུབ། །སྔར་བཤད་ཆོ་ག་བཞིན་བཟླས་ཤིང། ། [273B] །བསམ་པས་འཁོར་ལོ་ཆེན་པོ་ཡི། །དངོས་གྲུབ་ཀྱང་ནི་ཐམས་ཅད་འགྲུབ། །སངས་རྒྱས་བྱེ་བས་གསུངས་པ་སྟེ། །མཁའ་འགྲོ་མ་ནི་རེ་རེ་ ལ༑ ༑འཁོར་གྱི་གྲངས་ཀྱང་བྱ་བ་རྙེད། །རྣལ་འབྱོར་མ་དང་ལཱ་མ་དང། །དུམ་སྐྱེས་མ་ནི་ཁྱད་པར་དུ། །དངོས་གྲུབ་ཐམས་ཅད་བྱེད་པ་དགེ་མངོན་པར་བརྗོད་པའི་རྒྱུད་ བླ་མའི་བླ་མ་ལས། མཁའ་འགྲོ་མ་དང་དཔའ་བོའི་ལས་ཀྱི་རིམ་པ་སྒྲུབ་པ་རྣལ་འབྱོར་མ་དང་དཔའ་བོ་གཉིས་སུ་མེད་པའི་སྙིང་པོའི་ལེའུ་སྟེ་བཞི་བཅུ་རྩ་བདུན་ པའོ༑༑ ༑༑དེ་ནས་གཞན་ཡང་བཤད་བྱ་བ། །སྐུ་གཟུགས་རི་མོའི་མཚན་ཉིད་ནི། །དུང་ཆེན་དག་ནི་ཁོ་ན་ལས། །མཁས་པས་གཟུགས་ནི་བསྒྲུབ་བྱ་སྟེ། ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས། །ཡན་ལག་དང་ནི་ཉིད་ལག་མཆོག་མོས་བའི་ཡིད་ནི་སྔོན་འགྲོ་བའི། །རྣལ་འབྱོར་པས་ནི་གཟུང་ཞིང་བསྒྲུབ། །དྲི་ཆེན་ ཆུ་དང་རཀྟ་དང། །ཤུ་ཀྲས་བཅས་པས་མཆོད་པར་བྱ། །ན་ར་དཔལ་ཆེན་བདུག་སྤོས་ནི། །དཔའ་བོའི་ལས་ཀྱི་སྒྲུབ་པ་སྟེ། །བླ་མ་ཡི་ནི་གོ་འཕང་འགྲུབ། །དེ་ནས་ བདག་ཉིད་མཆོད་བྱས་ཏེ། །འདོད་པ་ཐམས་ཅད་ཐོབ་འགྱུར་ཞིང་།རྒྱལ་པོའི་བུད་མེད་རྙེད་པར་འགྱུར། །ཇི་ལྟའི་ལས་ཀྱི་རྗེས་འབྲངས་ནས། །ལག་པའི་མཆོད་ [274A]༄༅། །པ་རབ་ཏུ་བྱ། །པགས་ཆེན་རི་མོ་བྲིས་ནས་ནི། །སྒྲུབ་པ་པོ་ཡིས་མཉམ་བཞག་ན། །ཞག་བདུན་གྱིས་ནི་འགྲུབ་འགྱུར་ཏེ། །ཐེ་ཚོམ་མེད་ པར་རྣམ་པར་སྤྱོད། །རྣལ་འབྱོར་མ་དང་བླ་མ་མཆོད། །མཁའ་འགྲོའི་གནས་སུ་དེ་བཞིན་སྐྱེ། །དེས་ནི་བདེ་བ་རྙེད་ནས་ཀྱང་།ལས་ནི་རྟག་ཏུ་བྱེད་པར་ འགྱུར༑ ༑རྟག་ཏུ་བླ་མ་མཆོད་ནས་ནི། །དེ་ཡི་དངོས་གྲུབ་མྱུར་དུ་འགྲུབ། །མཁའ་འགྲོ་མ་ནི་སྒྲུབ་པ་ཡིས། །གླང་པོའི་པགས་ལ་སྐུ་གཟུགས་བྲི། །རྣལ་འབྱོར་ མ་ཡི་སྒྲུབ་པ་ཡིས། །བ་ལང་པགས་ལ་རི་མོ་བྲི། །མཁའ་སྤྱོད་དག་ནི་སྒྲུབ་པ་ཡིས། །རྟ་ཡི་པགས་ལ་རི་མོ་བྲི། །ས་ལ་སྤྱོད་པའི་སྒྲུབ་པ་ཡིས། །མ་ཧེའི་པགས་ ལ་རི་མོ་བྲི། །ས་འོག་སྤྱོད་པའི་སྒྲུབ་པ་ཡིས། །ཕག་གི་པགས་ལ་རི་མོ་བྲི། །གནོད་སྦྱིན་མོ་ནི་སྒྲུབ་པ་ཡིས། །ཤིང་སྤང་ལེབ་ལ་སྐུ་གཟུགས་བྲི། །ལྷ་ཡི་བུ་ མོ་སྒྲུབ་པ་ཡིས། །ཙམ་པའི་སྤང་ལེབ་སྐུ་གཟུགས་བྲི། །ཀླུ་མོ་སྒྲུབ་པ་དག་གིས་ནི། །ཀླུ་ཤིང་སྤང་ལེབ་རི་མོ་བྲི། །མི་ནི་སྒྲུབ་པར་འདོད་པ་ཡིས། །དུར་ཁྲོད་ གོས་ལ་སྐུ་གཟུགས་བྲི། །ཕ་རོལ་ལྟ་བའི་སྒྲུབ་པ་དག་བོང་བུའི་པགས་ལ་སྐུ་གཟུགས་བྲི། །ནོར་རྣམས་སྒྲུབ་པར་འདོད་པ་ཡིས། །བྱི་པའི་པགས་ལ་སྐུ་ [274B] །ཆང་ནི་འགུགས་པར་འདོད་པ་ཡིས། །སྤྲེའུ་པགས་ལ་སྐུ་གཟུགས་བྲི། །ཁྲག་ནི་འགུགས་པར་འདོད་པ་ཡིས། །ཐོད་པ་ལ་ནི་སྐུ་གཟུགས་བྲི། །ས་ བོན་འགུགས་པར་འདོད་པ་ཡིས། །ཕུག་རོན་པགས་ལ་སྐུ་གཟུགས་བྲི། །ལྷ་ནི་འགུགས་པར་འདོད་པ་ཡིས། །ཐང་ཤིང་སྤང་ལེབ་སྐུ་གཟུགས་བྲི་།གྲོང་ཁྱེར་ འགུགས་པར་འདོད་པ་ཡིས། །ཅེ་སྤྱང་པགས་ལ་སྐུ་གཟུགས་བྲི། །ཞི་བའི་ལས་ལ་བྲམ་ཟེ་མོ། །ཟླ་མཚན་བྱུང་དུས་གོས་ལ་བྲི། །དེས་ན་ཞི་བར་གྱུར་པ་ཡིན། ། རྒྱས་པ་རྒྱལ་རིགས་མོ་ཡི་ནི། །ཟླ་མཚན་བྱུང་དུས་གོས་ལ་བྲི་།དབང་ལ་རྗེའུ་རིགས་མོ་ཡི་ནི། །ཟླ་མཚན་བྱུང་དུས་གོས་ལ་བྲི་།མངོན་སྤྱོད་ལ་ནི་དམངས་རིགས་ ཀྱི༑ ༑ཟླ་མཚན་བྱུང་དུས་གོས་ལ་བྲི། །བརྒྱལ་བར་བྱ་བ་དག་ལ་ནི། །རྒྱལ་མཚན་གོས་ལ་རི་མོ་བྲི། །རེངས་པར་བྱ་བ་རྡོ་ལེབ་སྟེ་།དགར་བ་ལ་ནི་རྔ་མོའི་པགས།། དགུགས་པ་ལ་ནི་སེངྒེའི་འོ། །ལས་ཀུན་ལ་ནི་བྱ་ཡི་པགས། །ཡང་ན་ལྕགས་ནི་ཁོ་ནའོ། །གཞན་དུ་སྣ་ཚོགས་ལས་རྣམས་ནི། །དྲན་པ་ཙམ་གྱིས་ངེས་པར་འགྲུབ།། བགེགས་རྣམས་མེད་པར་བྱ་བའི་ཕྱིར། །རི་བོང་པགས་པ་དག་ལ་བྲི་།བགེགས་ནི་ལྡང་བར་བྱེད་པ་ལ། །ཤི་བའི་པགས་པ་རྣམས་ལ་བྲི་།གསེར་དང་དངུལ་ལ་ [275A]༄༅། །སོགས་པ་ལ། །ཟངས་དང་ཤེལ་དང་ཐང་ཤིང་དང་།རྡོ་རྗེ་ལས་ནི་བྱ་བ་སྟེ། །དངོས་གྲུབ་མཆོག་ནི་ཁྱད་པར་ཡིན་།ཙནྡན་དང་ནི་ཐང་ ཤིང་དང། །ཙནྡན་དམར་པོ་ཙམ་པ་ཀ་ཨ་ཤོ་ཀ་ནི་གྲུབ་པ་འོ་།ཤྲཱི་བྲིཀྵ་ནོར་སྦྱིན་འགྱུར། །ཨ་ག་རུ་དང་སྟར་ཀ་ཤིང། །འོ་མ་ཤིང་གི་བྱེ་བྲག་དང། །སྟག་པའི་ ཤིང་ལ་སོགས་པ་རྣམས། །གྲུབ་པ་ཡི་ནི་དངོས་གྲུབ་འགྱུར། །སྦལ་པའི་རུས་པ་ལས་བྱས་དང། །ཀླུ་ཤིང་དག་གི་བྱེ་བྲག་དང། །རུས་སྦལ་རུས་པ་གླང་པོའི་སོ།། ཁྱད་པར་དུ་ནི་ཆར་ཡང་འབེབས། །བྲམ་ཟེའི་རུས་པ་ཞི་བ་སྟེ་།གླང་པོའི་རུས་པ་རྒྱས་པ་ཡིན། །དབང་ལ་རྟ་ཡི་རུས་པ་སྟེ་།གསད་པ་ལ་ནི་མ་ཧེའི་རུས། །དགར་ བ་ལ་ནི་རྔ་མོའི་རུས། །སྡང་ལ་རྟ་དང་མ་ཧེའི་འོ། །རེངས་པར་བྱ་ལ་ཁྱི་ཡི་རུས། །དགུག་པ་ལ་ནི་སེངྒེའི་རུས། །ས་ཡི་འོག་ཏུ་འགྲོ་བ་ལ། །ཕག་གི་རུས་པ་དག་ ལ་བྱ༑ ༑ས་དཀར་དག་ལས་བྱས་པ་ནི། །རྟག་ཏུ་ཞི་བར་འགྱུར་བ་ཡིན། །རྒྱས་པ་ལ་ནི་སེར་བའི་ས། །དབང་ལ་དམར་པོའི་ས་ཡིན་ལ་།གསོད་པ་ལ་ནི་ས་ནག་ སྟེ༑ ༑འདི་ནི་མདོར་བསྡུས་ཆོ་ག་འོ། །དྲི་ཆེན་ཆུ་དང་ཞག་དང་ཁྲག་མིག་སྨན་ཆེན་པོ་དེ་བཞིན་ཏེ། །མི་ཡི་རུས་པ་བརྡར་བ་ཡི་།མདོག་ཏུ་ལྷན་ཅིག་སྦྱར་ནས་ [275B][?] ༑རང་བྱུང་མེ་ཏོག་ས་བོན་དང། །རིགས་ངན་དང་ནི་བྲམ་ཟེ་དང། །གདོལ་པ་མ་དང་གཡུང་མོ་དང། །ཁྲུས་མཁན་མ་དང་གར་མཁན་མ། །མ་འམ་ཡང་ན་ སྲིང་མོ་འམ། །བུ་མོ་ཡི་ནི་བྱེ་བྲག་གི་འདི་དག་དྲུང་དུ་བླངས་ནས་སུ། །ཤུ་ཀྲ་རཀྟའི་ཁྱད་པར་དག་སྣ་ཚོགས་འདི་དག་བསྲེས་ནས་ཀྱང། །ཆོ་ག་བཞིན་དུ་སྐུ་ གཟུགས་བྲི། །གྲོག་མཁར་གྱི་ནི་ས་དག་ལ། །ཤི་བའི་སྐྲ་དང་རུས་པ་ཡིས། །པིར་གྱིས་དམ་པ་བྲི་བར་བྱ། །ཐིག་སྐུད་ཤི་བའི་སྐུད་པ་ཡིས། །སྐུ་གཟུགས་ཐིག་ སྐུད་མཆོག་ཡིན་ནོ། །ཡི་དྭགས་ཕྲེང་སོགས་བསྙེན་ནས་ནི། །བ་སས་ཀྱང་ནི་མར་མེ་བྱ། །དཔའ་བོ་ཆེན་པོའི་བདུག་སྤོས་དང། །རྐང་གིས་ལྷ་བཤོས་བྱ་བ་སྟེ་ དྲི་ཆེན་རྡོ་རྗེ་ཆུ་ཡི་དྲི། །ཐོད་པ་དག་གི་བུམ་པ་སྟེ། །ཨརྒའི་སྣོད་ནི་ཐོད་པའོ། །ཨརྒ་རུས་པའི་ཙཱུརྞ་སྟེ། །འབད་པས་སྐྱེས་བུ་དབུལ་འབྱིན་ནོ། །ཇི་ལྟར་ནུས་པ་དག་ཏུ་ སྤྱད༑ ༑སྣ་ཚོགས་ཕྱག་རྒྱའི་སྦྱོར་བ་ཡིས། །ཐབས་དང་ཤེས་རབ་ལྡན་པར་ནི། །སྐུ་གཟུགས་ཡང་ནི་རི་མོ་འམ། །གཞན་ཡང་མཁས་པས་ཆོ་ག་བྱ། །ཇི་ལྟའི་ ལས་ཀྱི་རྗེས་མཐུན་པར། །དེ་ལྟའི་གོས་ཀྱི་རྗེས་འཆང་ཞིང་།གཅེར་བུ་སྐྲ་ནི་གྲོལ་བ་དང། །གཟུགས་མདོག་དག་ནི་བསྒྱུར་ནས་ཀྱང། །གཙོ་བོ་དང་ནི་རྣལ་ [276A]༄༅། །འབྱོར་པ། །སློབ་དཔོན་ཡང་ནི་དེ་བཞིན་ཏེ། །ཕྱག་རྒྱའི་རིགས་པར་གནས་ནས་སུ། །དྲི་ཆེན་ཆུ་དང་དཔའ་བོ་བཟའ། །མཉམ་པར་བཞག་ ནས་བཟླས་པ་བྱ། །རྣམ་པ་དུ་མ་བྱེ་བྲག་གི་གླུ་དང་གར་ནི་རྣམ་པ་དང། །བཟའ་བཏུང་མཆོག་ནི་སྤྱད་པར་བྱ། །དེ་དག་རྫོགས་ཀྱི་བར་བྱ་སྟེ། །དེ་འདི་ཆོ་གའི་རིམ་ པ་འོ༑ ༑རབ་ཏུ་གནས་པའི་དུས་དག་ཏུ། །ཉིས་འགྱུར་ཚོགས་ཀྱིས་སྤེལ་བ་སྟེ། །གདུ་བུ་དང་ནི་ཀངྐ་དང། །དཔུང་རྒྱན་གོས་ཀྱི་བྱེ་བྲག་དང། །སོར་གདུབ་དང་ ནི་མཆོད་ཕྱིར་ཐོགས། །རྐང་རྒྱན་དང་ནི་ཐོད་པ་དང། །གདུགས་དང་རྔ་ཡབ་དེ་བཞིན་ཏེ། །སྣ་ཚོགས་སྐྱེས་བུ་སྦྱིན་ཞིང་དབུལ་།སྣ་ཚོགས་དཔའ་བོ་མཆོག་དམ་ པ། །མྱོས་བྱེད་བཏུད་བའི་བྱེ་བྲག་རྣམས། །དམ་ཚིག་ཚོ་གའི་མཆོག་རྣམས་དང། །སྣ་ཚོགས་རོ་དང་བཅུད་རྣམས་དང། །སྣ་ཚོགས་མེ་ཏོག་མཆོག་རྣམས་དང།། ལྷ་མོ་མཆོག་གི་ལུས་རྣམས་དང། །རོལ་མོ་སྣ་ཚོགས་སྒྲ་རྣམས་དང། །སློབ་དཔོན་ཕྱག་རྒྱར་སྦྱོར་བ་དང། །སློབ་མའི་ཚོགས་ཀྱི་ཁྱད་པར་རྣམས། །བཟའ་བའི་ མཆོད་པ་དག་གིས་མཆོད། །བདུག་པའི་དྲི་མཆོག་རྣམས་དང་ནི། །སྣ་ཚོགས་རྒྱལ་བའི་བདུག་པ་དང། །ཁྱད་པར་དུ་ནི་མར་མེའི་ཕྲེང་།གདུགས་དང་བླ་རེ་དེ་ [276B] །མེ་ལོང་དང་ནི་རྔ་ཡབ་དང། །དྲ་བ་དང་ནི་དྲ་ཕྱེད་དང། །ཆུན་པོ་དག་གིས་རྣམ་པར་བརྒྱན། །བུམ་པར་རས་དང་ལྡན་པ་དག་ཡེ་ཤེས་བདུད་རྩིས་ཡོངས་གང་ བ༑ ༑རིན་ཆེན་ལྔ་དང་སྨན་དང་ནི། །དྲི་ཡི་བྱེ་བྲག་དག་གིས་ནི། །ཨརྒའི་སྣོད་ནི་ཁྱད་པར་དུ། །ཙུ་ཏ་པ་ལ་བ་ལྔ་དང་།ཨཾ་བུ་ཛཾ་བུ་ཀ་དམ་པ། །བིལ་བ་བའི་ཛ་པུ་རས་ དགང། །བ་ལ་མོ་ཏ་ཀྲི་ཏན་ཛ། །ཀེ་དྲི་ཀ་རི་ཀར་ལྡན་པ། །ཨེ་ཀ་བའི་ར་ས་ཧ་དེ། །སྨན་རྣམས་ཀུན་ཅེས་བྱ་བ་ལ། །ལྡ་པོ་དེ་དག་ཤེས་བྱ་སྟེ། །མཁས་པས་བུམ་པར་ གཞུག་པར་བྱ། །གསེར་དང་ཛཱ་ཏི་ཕ་ལ་དང། །གླ་གོར་ཞོ་ཤ་དེ་བཞིན་ནོ། །གསེར་གྱི་མཆོད་ཕྱིར་ཐོགས་དང་ནི། །ཕྱག་རྒྱ་དྲུག་གིས་རྣམ་པར་བརྒྱན། །སྒྲུབ་པ་པོ་ ཀུན་གཅེར་བུ་ཡིས། །བཀྲ་ཤིས་གླུ་ཡིས་གླུ་ལེན་ཅིང། །རྣམ་པར་དག་པའི་སེམས་ཀྱིས་ནི། །དད་པའི་བློ་ནི་སྡོན་འགྲོ་བས། །དུས་དང་གནས་སྐབས་ཐམས་ཅད་ དུ༑ ༑སྣ་ཚོགས་རྒྱ་ཆེའི་མཆོད་པར་བྱ། །མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས། རས་རིས་ལ་སོགས་པ་རབ་ཏུ་གནས་པའི་ཆོ་གའི་ལེའུ་སྟེ་བཞི་བཅུ་རྩ་བརྒྱད་ པའོ༑༑ ༑༑དེ་ནས་གཞན་ཡང་བཤད་བྱ་བ། །དཀྱིལ་འཁོར་དཀྱིལ་འཁོར་དམ་པ་སྟེ། །མངོན་མཐོ་ཧེ་རུ་ཀ་ཞས་བྱ། །དཀྱིལ་འཁོར་སྙིང་པོ་བསྡུས་པ་ [277A]༄༅། །ཡིན༑ ༑ཤིན་ཏུ་མཉམ་བཞག་སྒྲུབ་པ་པོས། །དམ་ཚིག་རྟག་ཏུ་བསྐྱང་བར་བྱ། །དམ་ཚིག་ཉམས་པས་དཀྱིལ་འཁོར་དུ། །དབང་ བསྐུར་དངོས་གྲུབ་འཐོབ་མི་འགྱུར། །སྦྲང་རྩི་མཚལ་དང་ག་པུར་བཅས། །དམར་དང་ཙནྡན་སྦྱར་བ་ནི། །ཚོགས་ཀྱི་ནང་དུ་ཞུགས་པ་ནི། །ཐམས་ཅད་བཅུད་ཀྱིས་ ལན་དུ་གནས། །ཐམས་ཅད་རྡོ་རྗེའི་མཚན་མ་འཛིན། །སྦོམ་པོ་མཐའ་ལྟག་རྩེ་སྦྱར་བས། །རྣལ་འབྱོར་རིམ་པས་རྟག་ཏུ་སྤྱད། །ཞི་བའི་བཏུང་བས་བཞིན་ མྱངས་ན། །དངོས་གྲུབ་རྟག་ཏུ་ཐོབ་པར་འགྱུར། །འདི་ནི་མི་འཆི་བཅུ་ཕྱེད་འགྱུར། །དངོས་གྲུབ་ཐམས་ཅད་འཇུག་པ་ཡིན། །མཆོད་བཞི་དེ་བཞིན་དཔའ་བོ་ནི།། དབང་གཉིས་སྙོམས་པར་འཇུག་པ་ཡིས། །སྙོམས་པར་འཇུག་པའི་དེ་ཉིད་འཛིན། །མངོན་དུ་བསྙེན་པ་བྱ་བ་ནི། །ཆོ་ག་བཞིན་དུ་འབུམ་དུ་བཟླ། །འཁོར་ ལོའི་གསང་སྔགས་འབུམ་བཟླས་ཤིང། །རང་གི་ལྷའི་ཡང་འབུམ་དུ་བཟླ། །གཞན་ནི་ཁྲི་རུ་བཟླ་བར་བྱ། །བཀའ་བཞིན་འཁོར་ལོ་བྲི་བྱ་ཞིང། །མདངས་ལྡན་ མི་མཆོག་དག་གིས་ནི། །དཀྱིལ་འཁོར་བྲི་ཞིང་དགོད་པར་བྱ། །སྔར་བཤད་གནས་ནི་གང་ཡིན་པ། །དེར་ནི་དཀྱིལ་འཁོར་བྲི་པར་བྱ། །ས་ནི་ཡོངས་སུ་སྦྱར་ [277B] ༑བརྡུང་ཞིང་ལེགས་པར་བརྡུངས་ནས་སུ། །མཉམ་ཞིང་ཟུག་རྡུ་རྣམ་པར་སྤང། །ས་ལ་མ་ལྷུང་ལྕི་བ་ཡིས། །དཀྱིལ་འཁོར་ས་ནི་ཉེ་བར་བྱུག་དུར་ཁྲོད་ཐལ་ བར་ལྡན་པ་དང། །མི་འཆི་བཅུ་ཕྱེད་བཅས་པ་ཡིས། །དཀྱིལ་འཁོར་ས་ནི་ཉེར་བྱུགས་ཏེ། །དེར་ནི་དཀྱིལ་འཁོར་ཡང་དག་བརྩམ། །དུར་ཁྲོད་དུ་ནི་ཀུན་སྤྱོད་ཅིང།། རོ་བསྲེགས་སོལ་བའི་ཕྱེ་མ་དང། །དུར་ཁྲོད་བརྒྱད་དང་ལྡན་པ་ཡིས། །སློབ་དཔོན་ལེགས་པར་མཉམ་བཞག་སྟེ། །དཀྱིལ་འཁོར་བཟང་པོ་བྲི་བར་བྱ། །སློབ་དཔོན་ མཚན་ཉིད་ཐམས་ཅད་ལྡན། །མཚན་མ་ངན་པ་ཀུན་སྤངས་ཤིང་།ཡང་དག་ཤེས་ཤིང་རྒྱུད་ཤེས་པ། །དཔལ་ལྡན་ཁྲག་འཐུང་གསང་སྔགས་ཤེས། །ཁྲོ་མེད་ གཙང་ཞིང་མཁས་པ་དང། །སྦྱོར་ཤེས་ཡེ་ཤེས་ཕ་རོལ་འགྲོ་།ཐོད་པས་སྤྱི་བོར་བརྒྱན་བྱས་ཤིང། །ཡན་ལག་ཐལ་བས་བྱུགས་པ་དང། །གུག་སྐྱེད་དག་གིས་ ལུས་བརྒྱན་ཅིང། །རུས་ཕྲེང་རུས་པར་ཡང་དག་གནས། །དུམ་གཅིག་སྤྱི་བོར་བརྒྱན་པ་དང། །རུས་པའི་ཕྲེང་བས་རྣམ་པར་བརྒྱན་།ཁ་ཊཱཾ་ག་ནི་ལག་ན་གནས། ། བདག་ཉིད་ཤྲཱི་ཧེ་རུ་ཀར་ནི། །བྱས་ནས་དེ་ཡི་འོག་ཏུ་ནི། །དཔལ་ལྡན་ཧེ་རུ་ཀ་དྲན་བྱ། །འཁོར་ལོ་འདི་ཡི་སྙིང་གར་དགོད། །དེ་ལྟར་བདག་ཉིད་གོ་བགོས་ནས། །ར་ [278A]༄༅། །བ་རྣམས་ནི་ཕྱོགས་སུ་དགོད། །འོག་ཏུའང་མཚོན་ཆ་དགོད་པར་བྱ། །འཁོར་ལོའི་བདག་ཉིད་བཀོད་ནས་ནི། །སྟེང་དུ་མདའ་ཡི་དྲ་བ་ དང། །བདག་ཉིད་མཚོན་ཆའི་དྲ་བ་བྱ། །དེ་ལྟར་གོ་བགོས་སུམ་ཅུ་ནི། །རྩ་གསུམ་པས་ཀྱང་གཞིག་མི་ནུས། །དེ་ལྟ་བདག་ཉིད་རབ་བསྲུངས་ཤིང། །སྔགས་ དང་ཕྱག་རྒྱས་རྣམ་བརྒྱན་ནས། །དངོས་གྲུབ་ཐམས་ཅད་རབ་སྟེར་བའི། །དཀྱིལ་འཁོར་འཇིགས་བ་བྲི་བར་བྱ། །དེ་ནས་སེམས་མེད་སྲད་བུ་ལ། །རུ་དཧི་ར་ནི་ཆེན་ པོས་བརླན། །དཔལ་ལྡན་ཁྲག་འཐུང་གྲོང་མཆོག་གི་དཀྱིལ་འཁོར་འཇིགས་པ་ཐིག་གདབ་བྱ། །ཁྲུ་བཞི་པ་ལ་ཁྲུ་བརྒྱད་པ། །སྒོ་བཞི་ཀུན་ནས་ཟུར་བཞི་པ། །སྔགས་ པས་ཉིས་གྱུར་རྣམ་སྤྱོད་ཅིང། །མཁའ་འགྲོ་དྲ་བ་བདེ་མཆོག་བཟླས། །དེ་ཡི་དབུས་སུ་གཞག་པ་ནི། །འདབ་ཆགས་ལྟེ་བ་འབར་དང་བཅས། །གེ་སར་ཡང་ དག་ལྡན་པ་ཡི། །སྣ་ཚོགས་པདྨ་འདབ་བརྒྱད་པ། །ལྟེ་བར་བཀོད་བྱ་དཔའ་བོ་ནི། །འཇིགས་བྱེད་ཆེན་པོའི་གཟུགས་ཅན་ལ། །མདངས་དང་ལྡན་ཞིང་རབ་ཏུ་ འབར༑ ༑ཧ་ཧ་ཞེས་བྱར་སྒྲ་ཆེར་བཞད། །ཐོད་པའི་ཕྲེང་བའི་རྒྱན་དང་ལྡན། །བཟང་པོ་སྤྱན་གསུམ་ཞལ་བཞི་མངའ། །གླང་པོའི་པགས་པ་རྣམ་པར་བགོས། །སྨིན་མ་ [278B] །ཕྱག་ན་ཁ་ཊཱཾ་ག་བསྣམས་ཤིང། །བརྒྱ་ཕྱེད་ཕྲེང་བས་རྣམ་པར་བརྒྱན། །དེ་མདུན་གནས་པའི་ལྷ་མོ་ནི། །རྡོ་རྗེ་ཕག་མོ་ཞེས་བྱ་བ། །རབ་འཇིགས་འཇིགས་བྱེད་ ཆེ་ལ་ཕྱོགས། །སྤྱན་གསུམ་དྲག་པོའི་གཟུགས་ཅན་བྱ། །ཀ་པཱ་ལ་ནི་ཨནྟྲས་བཀང། །ཁ་ནས་རུ་དཧི་ར་འཛག་ཅིང། །ལྷ་དང་ལྷ་མིན་མིར་བཅས་དང། །ཕྱོགས་ཀུན་ཏུ་ནི་བསྡིགས་ མཛུབ་བྱེད། །མཁའ་འགྲོ་མ་ནི་ཉི་ཤུ་བཞི། །ཕག་མོ་ཡི་ནི་རིགས་ལས་བྱུང། །ཕྱོགས་དང་ཕྱོགས་ཀྱི་མཚམས་རྣམས་ནི། །འཁོར་ལོའི་ལྟེ་བར་མཆོད་པར་བྱ། །དེ་བཞིན་ འདིར་ནི་དཔའ་བོ་ཡང། །འཁོར་ལོར་ཡང་དག་གནས་པ་མཆོད། །སྒྲུབ་པོ་གལ་ཏེ་དངོས་གྲུབ་འདོད། །གཉིས་མེད་དཔའ་བོ་མཆོད་པར་བྱ། །དེ་ནས་བུམ་པ་བྱ་བ་ནི། །རྩབ་ ནག་པོ་ལ་སོགས་མེད། །མུ་ཏིག་གསེར་དང་རིན་ཆེན་དང། །བྱི་རུ་དངུལ་དང་ཟངས་མ་སྟེ། །བཟའ་བ་ཀུན་གྱིས་ལེགས་བཀང་བའི། །སྣོད་ནི་སྟེང་དུ་གཞག་པར་བྱ། །མགྲིན་པ་ སྲད་བུས་དཀྲིས་པ་དང། །ཁ་ནི་འདབ་མས་བརྒྱན་པར་བྱ། །གོས་ཟུང་གིས་ནི་ལེགས་དཀྲིས་པ། །བརྒྱད་ནི་སྒོ་རུ་རྣམ་པར་དགོད། །གོས་ཟུང་གིས་ནི་དཀྲིས་པ་ཡི། །བུམ་པ་དགུ་ པ་དབུས་སུ་གཞག་གསེར་རམ་དངུལ་ལམ་རིན་ཆེན་ནམ། །མུ་ཏིག་རྣམས་ནི་མཛེས་པར་བྱ། །དཀྱིལ་འཁོར་ཀུན་ཏུ་རིན་ཆེན་དང། །གསེར་རྣམས་ཀྱིས་ནི་མཛེས་པར་སྤྱད།། [279A]༄༅། །གྲོང་མཆོག་ཡིད་འོང་མཆོད་ནས་ནི། །གྲུབ་པ་ཉིད་དུ་ཐེ་ཚོམ་མེད། །བདག་ཉིད་ཀྱི་ནི་གདོང་ལུས་ཀུན། །དྲི་ཡི་ཆུ་ཡིས་ལེགས་པར་བསང། །གལ་ཏེ་དངོས་ གྲུབ་མཆོག་འདོད་ན། །མར་མེ་བརྒྱ་ནི་དབུལ་བར་བྱ། །ནམ་མཁའི་མཁའ་འགྲོ་མ་རྣམས་ནི། །ཡིད་ཀྱི་ཐམས་ཅད་སྟེང་དུ་དགོད། །ས་སྟེང་མཁའ་འགྲོ་མ་གང་ཡིན། །དཀྱིལ་ འཁོར་ཀུན་ཏུ་དགོད་པར་བྱ། །གང་ཡང་ས་འོག་རྣམས་སུ་དགོད། །མ་མོ་ཐམས་ཅད་ཕྱོགས་དང་ནི། །ཕྱོགས་མཚམས་རྣམས་སུ་དགོད་པར་བྱ། །གལ་ཏེ་དངོས་གྲུབ་མཆོག་ འདོད་ན༑ ༑དྲི་དང་མེ་ཏོག་བདུག་སྤོས་དང། །མར་མེ་བརྒྱ་ཡང་དབུལ་བྱ་ཞིང། །དཔལ་ལྡན་ཁྲག་འཐུང་དཀྱིལ་འཁོར་གནས། །དཔའ་བོ་རྣལ་འབྱོར་མ་མཆོད་བྱ། །རྒྱལ་ མཚན་དམར་དང་དེ་བཞིན་སེར། །དཀར་དང་ནག་དང་སེར་སྐྱ་དང་།དེ་བཞིན་གོས་ནི་སྣ་ཚོགས་དང། །མེ་ཏོག་ཕྲེང་བ་དུ་མ་དང་།བླ་རེ་དག་དང་དང་བཅས་པའི། །མདའ་ ནི་ཤིན་ཏུ་མཛེས་པ་དང། །དེ་བཞིན་བཟའ་བཅའ་བཏུང་བ་ཡིས། །རབ་མཉམ་བཞག་སྟེ་མཆོད་པར་བྱ། །དེ་ནས་སྒྲུབ་བོས་དངོས་གྲུབ་གྱིས་།དང་པོར་སློབ་དཔོན་མཉེས་ པར་བྱ༑ ༑གྲུབ་འདོད་ཤིན་ཏུ་མཉམ་བཞག་པས། །ཅི་ནུས་པར་ནི་བླ་མ་མཆོད། །དྲིལ་དབྱངས་མེ་ཏོག་སྤོས་ཀྱིས་བརྒྱན། །ཤིན་ཏུ་སྒྲ་སྙན་དྲིལ་བུ་དཀྲོལ། །སྒྲུབ་པ་པོ་ཡིས་རྔ་ [279B] །ཧ་ཧ་ཞེས་ནི་བརྗོད་པའང་བྱ། །དེ་ལྟར་ཆོ་ག་བཞིན་དཀྱིལ་འཁོར། །འདོད་པ་ཀུན་ལྡན་མཆོད་ནས་ནི། །དེ་ཡི་བུ་སྡུག་གདོང་ལ་ནི། །དར་གྱིས་ལེགས་པར་བཀའ་ནས་ སུ༑ ༑མེ་ཏོག་གིས་བཀང་ཐལ་མོ་དག་པདྨས་གཏོར་ནས་བསྐོར་བ་ནི་།གཡོན་ཕྱོགས་བསྐོར་ནས་ཕྱག་བྱས་ཏེ། །ཧཱུཾ་དང་ཕཊ་ཀྱི་སྒྲ་ཡང་བརྗོད། །གཡས་བརྐྱང་བ་ཡི་གནས་ པ་ཡིས༑ ༑དངོས་གྲུབ་སྲས་པོ་གཞག་པར་བྱ། །ཐལ་མོ་མེ་ཏོག་གཏོར་ནས་ནི། །གང་དུ་བབས་པའི་བསམ་པ་ནི། །བསྐོར་བ་དག་ཀྱང་བྱས་ནས་སུ། །ཤིན་ཏུ་མཉམ་པར་བཞག་པ་ ཡིས༑ ༑སྒྲུབ་པ་པོ་ཡིས་བྱས་ནས་གཞུག་དེ་ནས་ཡོན་ཐོགས་གྲོང་ཁྱེར་དུ། །གཡས་པའི་ཕྱོགས་སུ་བརྟེན་ནས་ནི། །སྙིམ་པའི་མེ་ཏོག་དཀྱིལ་འཁོར་དོར། །དཀྱིལ་འཁོར་གང་ དུ་མེ་ཏོག་བབས། །དེ་ཡི་རིགས་ནི་བསྟན་པར་བྱ། །དེ་ནས་སློབ་དཔོན་ལེགས་པར་ནི། །རབ་མཉམ་བཞག་སྟེ་ཕྱག་རྒྱ་མཆོད། །དེ་ནས་སློབ་མ་གཉིས་པ་ལ། །མཚལ་ཆེན་ལན་ གསུམ་བཟླས་པ་ཡིས། །དེ་ལ་ཐིག་ལེ་བྱ་བ་ཡིན། །དེ་ནས་སློབ་མའི་གདོང་ཕྱེ་ལ། །དཀྱིལ་འཁོར་དག་ནི་བསྟན་པར་བྱ། །གང་གི་ལྷ་ཡི་གནས་གང་ཡིན། །དེར་དེ་ཡང་དག་ བསྟན་པ་བྱ། །སློབ་དཔོན་དང་ནི་ལྷན་ཅིག་ཏུ། །རབ་ཏུ་བཏུད་པ་བྱས་ནས་ནི། །གཡོན་ནས་བརྩམས་པའི་རིམ་པ་ཡིས། །དེ་ནས་བསྐོར་བ་རབ་ཏུ་བྱ། །དཀྱིལ་འཁོར་དང་ནི་བླ་མ་ལ།། [280A]༄༅། །ཇི་བཞིན་ཆོ་གས་ཕྱག་བྱ་འོ། །དེ་ནས་བླ་མ་དག་ལ་ཡོན། །དེ་བཞིན་གཤེགས་པས་གསུངས་པ་དབུལ། །གསེར་ནི་བརྒྱ་སྟོང་དབུལ་བ་དང། །རིན་ཆེན་ རྣམ་པ་སྣ་ཚོགས་དང། །རས་ནི་ཟུང་གྱུར་བརྒྱ་ཉིད་དང། །གླང་པོ་རྟ་འམ་ཡུལ་འཁོར་རམ། །རྣ་རྒྱན་དང་ནི་གདུ་བུ་དང། །མགུལ་གདུབ་སོར་གདུབ་དམ་པ་དང། །གསེར་ལས་བྱས་ པའི་མཆོད་ཕྱིར་ཐོགས། །ཆུང་མ་བཟད་དང་བུ་མོ་ཉིད། །བྲན་ཕོ་བྲན་མོ་སྲིང་མོ་རྣམས། །ཕྱག་བྱས་ནས་ནི་དབུལ་བར་བྱ། །དེད་ནས་བརྩམས་ཏེ་བྲན་དུ་ནི། །ཁྱེད་ལ་བདག་ནི་དབུལ་ ལགས་ཞེས། །བློ་ལྡན་ཀུན་ནས་དང་བ་ཡིས། །བདག་ཉིད་ཀྱང་ནི་དབུལ་བར་བྱ། །དེ་ལྟར་ངེས་པར་བྱ་བ་ནི། །སྒྲུབ་པ་པོ་ཡིས་རབ་ངེས་བྱས། །དེ་ནས་དེ་ལ་མཁའ་འགྲོ་མ།། རྣལ་འབྱོར་མ་རྣམས་མཉེས་པར་འགྱུར། །མཁའ་འགྲོ་མ་དང་ལཱ་མ་དང། །དུམ་སྐྱེས་མ་དང་གཟུགས་ཅན་མ། །སྒྲུབ་པོ་མཁའ་འགྲོ་མ་ལྷན་ཅིག་དེ་དང་རྣམ་སྤྱོད་འགྲོ་ བ་ཀུན༑ ༑སྒྲུབ་པ་པོ་ནི་དེ་དག་གི་ཅི་བགྱི་བྱེད་པར་ཐེ་ཚོམ་མེད་།རྣལ་འབྱོར་འདི་ནི་གྲུབ་གྱུར་ན། །འཇིག་རྟེན་གསུམ་དུ་མི་ལྡོག་ཅིང་།མི་སྣང་ཕུག་དང་གནས་མཁའ་ རྒྱུ༑ ༑རྐང་མགྱོགས་དེ་བཞིན་བཅུད་ཀྱིས་ལེན། །སྒྲུབ་པ་པོ་ནི་འདོད་ཙམ་གྱིས། །རྟག་པར་རྒྱུན་དུ་སྐྱེས་པར་འགྱུར། །གཟུགས་ནི་དུ་མ་བྱེད་པ་དང། །ནམ་མཁའ་ལ་ནི་འགྲོ་ [280B] །མཁའ་འགྲོ་རྣམས་ཀྱི་ཁྱད་པར་དུ། །ངེས་གནོན་འགྲོ་བ་ཐམས་ཅད་ཀྱང། །ལན་ཅིག་བལྟས་པའི་སྦྱོར་བ་ཡིས། །སྐད་ཅིག་གིས་ནི་སྦྱོར་ཉིད་སྐྱེད། །སྔགས་པས་དཀྱིལ་ འཁོར་མ་མཐོང་བར། །གང་ཞིག་རྣལ་འབྱོར་པ་ཉིད་འདོད། །མཁའ་ལ་ཁུ་ཚུར་གྱིས་རྡེག་དང། །སྨིག་རྒྱུའི་ཆུ་ནི་འཐུངས་དང་མཚུངས། །རྣལ་འབྱོར་འདི་ནི་མཆོག་རབ་དང། ། སྦྱོར་བ་ཀུན་གྱི་དམ་པའི་ཡིན། །གང་ཞིག་རྟག་ཏུ་འདོད་གྱུར་པ་།དེ་ནི་ལྷ་མི་ཟིལ་གནོན་འགྲོ། །དེ་ཉིད་བསྡུས་པར་གྱུར་པའམ་།གསང་བའམ་རྡོ་རྗེ་འཇིགས་བྱེད་ལས། །དཀྱིལ་ འཁོར་རྣམས་ཀྱི་རྒྱལ་པོ་འདི། །མ་བྱུང་འབྱུང་བར་མི་འགྱུར་རོ་།བཤད་དང་མ་བཤད་གང་ཅིའང་རུང། །དེ་ཀུན་དཔལ་ལྡན་ཁྲག་འཐུང་གནས། །མངོན་པར་བརྗོད་པའི་རྒྱུད་ བླ་མའི་བླ་མ་ལས། དཀྱིལ་འཁོར་གྱི་ཆོ་གའི་ལེའུ་སྟེ་བཞི་བཅུ་རྩ་དགུ་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །སྦྱོར་བའི་མཚམས་དང་ཡང་དག་ལྡན། །ཆུ་མེད་ པ་ནི་མཚམས་ཡིན་ཏེ། །གོས་པ་མེད་ཅིང་ཆགས་སྤངས་པ། །མཚམས་ནི་འབྱུང་པོ་ཐམས་ཅད་པ། །དེ་ནི་སེམས་ཅན་ཐམས་ཅད་དེ། །མཚམས་ནི་སྲིད་པ་དག་པ་སྟེ། །དབྱངས་སྐྱོང་ ཧེ་རུ་ཀ་ཉིད་ཡིན། །རྣལ་འབྱོར་པ་ཡིས་བསྒོམ་ཤིང་བཟླ། །གཅིག་ཅར་འབྱུང་བར་སྣང་བ་སྟེ། །དུང་དང་ཀུན་དའི་མདོག་ཀྱང་འཛིན་།རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། ། [281A]༄༅། །མཚན་རྣམས་ཀུན་གྱིས་མཚན་པ་སྟེ། །ཞལ་གསུམ་པ་ལ་ཕྱག་དྲུག་པ། །སྤྱན་གསུམ་པ་ལ་ཐུགས་རྗེའི་ཉམས། །སྐྲ་གྲོལ་དཔྲལ་བར་ཐོད་པ་སྟེ། །སྤྱི་ གཙུག་ཏུ་ནི་ཟླ་བ་འོ། །ཧེ་རུ་ཀ་དཔལ་ཡང་དག་ལྡན། །མཚམས་རྣམས་གྲུབ་པའི་མཆོག་དམ་པ། །ཐུན་བཞི་རུ་ནི་བྱ་བ་འོ། །དགའ་བ་བཞི་པོ་དགའ་བ་དང། །ལྟེ་བའི་སྙིང་པད་ནུ་ མའི་དབུས། །ལྕེ་ཡི་རྩ་དང་མགོ་སྟེང་དུ། །དགའ་བ་དང་ནི་མཆོག་དགའ་ཉིད། །དམ་པར་དགའ་དང་ལྷན་ཅིག་སྐྱེས། །དང་པོ་འདབ་མ་དྲུག་ཅུ་བཞི། །གཉིས་པ་བརྒྱད་པ་མཆོག་ ཡིན་ཏེ༑ ༑གསུམ་པ་འདབ་མ་བཅུ་དྲུག་པ། །བཞི་པ་སུམ་ཅུ་རྩ་གཉིས་འདབ། །ཕག་མོའི་ལྟེ་བའི་རྩར་གནས་པ། །ལྷན་ཅིག་སྐྱེས་དགའ་ཁྲག་འཐུང་མཆོག་སྦྱོར་བའི་དུས་ཀྱི་ མཚམས་སུ་ནི། །འཕགས་པའི་བདེན་པ་བཞི་བསྒོམ་བྱ། །སྡུག་བསྔལ་སྤྲུལ་པའི་འཁོར་ལོ་སྟེ། །ཀུན་འབྱུང་ཆོས་ཀྱི་འཁོར་ལོ་ཡིན། །འགོག་པ་ལོངས་སྤྱོད་འཁོར་ལོ་སྟེ། །ལམ་ ནི་བདེ་བ་ཆེན་པོ་ཡིན། །དེ་ལྟར་མཚམས་སུ་བྱིན་བརླབས་ནས། །རྣལ་འབྱོར་ངེས་པ་བྱས་པ་སྟེ། དཀར་དང་སྔོ་དང་ལྗང་བ་དང་།སྤྱན་གསུམ་ཐུགས་རྗེ་སྟོང་པའི་ཉམས། །རྣམ་ཐར་ གསུམ་དང་སྐུ་གསུམ་གྱིས། །ཡོངས་སུ་དག་པར་རིམ་པར་སྦྱོར། །རྡོ་རྗེ་དྲིལ་བུ་མཉམ་པར་ལྡན། །ཐོད་པ་དང་ནི་ཁ་ཊཱཾ་འཛིན་།མགོ་བོ་གྲི་གུག་ཕྱག་ན་བསྣམས། །སེམས་དཔའི་དཀྱིལ་ [281B][?]དུ་བཞུགས། །ཟླ་བ་ཡི་དྭགས་པད་དབུས་སུ། །སྐྲ་གྲོལ་ཕྱོགས་ཀྱི་གོས་ཅན་ཡིན། །དགྱེས་པའི་ཉམས་ཀྱིས་མྱོས་པ་སྟེ་།དུས་རྟག་ཏུ་ནི་མཚམས་བསྒོམས་ན། །སྡོམ་པ་མཆོག་ ནི་གྲུབ་པ་ཡིན། །དྲི་ཆེན་རྡོ་རྗེ་ཆུ་དང་ནི། །རིན་ཆེན་སྣང་བ་མཐའ་ཡས་དང། །དོན་ཡོད་གྲུབ་པའང་དེ་བཞིན་ཏེ། །དེ་དག་རྟག་ཏུ་བསྲེས་ནས་སུ། །རྣལ་འབྱོར་རྟག་ཏུ་མཚམས་ལ་འདུད་ གསང་སྔགས་འདི་དག་རྟག་ཏུ་ཡང། །ཧེ་རུ་ཀ་ནི་དབྱངས་སྐྱོང་མཆོག་ཨོཾ་ཤྲཱི་ཧེ་རུ་ཀཱ་ཡ་བི་མ་ཧེ་བིདྱཱ་རཱ་ཛ་ཡ་དྷཱིམ་ཧེ་ཏཾ་ནོ་བའི་ར་པྲ་ཛོ་ད་ཡ་ཨཱ་ཧཱུཾ། རྟག་ཏུ་མཚམས་ནི་རྣམ་བསྒོམས་ ན༑ ༑དབྱངས་སྐྱོང་མཆོག་གི་བཟླས་པ་བྱ། །དབྱངས་སྐྱོང་མིང་ནི་རིག་བྱེད་དེ། །ལས་རྣམས་ཐམས་ཅད་བྱེད་པ་དགེ། །དུས་མིན་འཆི་བར་མི་འགྱུར་ཞིང། །ཞི་དང་རྒྱས་དང་དབང་ཡང་ གྲུབ༑ ༑འདས་དང་མ་འོངས་ད་ལྟར་གྱི། །དོན་ནི་སྔགས་པ་རྟག་ཏུ་སྨྲ། །དངོས་གྲུབ་འདི་ནི་རབ་ཏུ་འགྲུབ། །དེ་མ་ཐག་ཏུ་གྲུབ་ཆེན་བཅས། །འཇིག་རྟེན་གསུམ་པོ་གྲུབ་པ་ཡིན། ། སྒྲུབ་པོའི་དབང་པོས་རྣམ་བསྒོམས་ཏེ། །ཁྲག་འཐུང་ཆོ་ག་བཞིན་ཤེས་ནས། །ཞག་གསུམ་བརྟུལ་ཞུགས་ལ་གནས་ན། །ལྷ་ཡི་གནས་སུ་འགྲོ་བ་ཡིན། །ལྷ་ཡི་ཡེ་ ཤེས་ཐོབ་ནས་ནི། །ལྷ་ཡི་ལུས་ཀྱི་མཆོག་ཀྱང་འཛིན། །ངག་རྣམས་ཀུན་ལ་དབང་ཐོབ་ཅིང། །ཐམས་ཅད་མཁྱེན་པར་གྱུར་ནས་སུ། །རྒ་དང་འཆི་བ་རྣམ་པར་སྤངས་ [282A]༄༅། །སངས་རྒྱས་ལྷ་ཡིས་བསྟེན་པ་སྟེ། །སྲིད་པར་སངས་རྒྱས་རོལ་པར་མཛད། །ཉིན་ཞག་གསུམ་གྱི་བར་དུ་ཡང། །ཕྱག་རྒྱ་ལྷན་ཅིག་འབྱུང་ པ་སྤྱད༑ ༑མཐོང་ནས་སྲིད་མོ་ཡང་དག་སྒྲུབ། །ཞག་གསུམ་བར་དུ་མཆོད་བྱས་ནས། །རྡོ་རྗེ་ཧེ་རུ་ཀ་དཔལ་ལྷ། །ཐམས་ཅད་ཀྱང་ནི་བྱོན་པར་འགྱུར། །པུས་མོ་ས་ལ་བཙུགས་ ནས་ནི༑ ༑དེ་ཡིས་ཕྱག་ནི་བྱས་ནས་ཀྱང། །སྒྲུབ་པོས་རྟག་ཏུ་མཆོད་པར་བྱ། །སྒྲུབ་པོ་འདོད་ལ་དགའ་བས་ནི། མོད་ལ་དཔའ་བོས་ཐམས་ཅད་མཁྱེན། །གཙོ་བོ་ཐམས་ ཅད་འཛིན་པ་སྟེ། །ཁམས་གསུམ་ཀུན་ཏུ་རྣམ་སྤྱོད་ཅིང། །སྒྲུབ་པ་པོ་ནི་མཆོག་ཏུ་འགྱུར། །འདི་ནི་དཔའ་ཆེན་དཔའ་བོ་སྟེ། །གཉིས་པ་ཐམས་ཅད་རྣམ་པར་སྤངས། །དེ་ ནི་རྣམ་པར་ཤེས་ཙམ་གྱིས། །ས་གཞི་སྐ་རགས་ཀྱིས་བསྐོར་བ། །ལྷ་དང་ལྷ་མིན་མི་རྣམས་ཀྱང། །སྒྲུབ་པ་པོ་ནི་དེ་ཉིད་ཀྱི། །མོད་ལ་དབང་དུ་གྱུར་པ་ཡིན། །མངོན་ པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས། །དབྱངས་སྐྱོང་གི་མཚམས་ཀྱི་ལེའུ་སྟེ་ལྔ་བཅུ་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །ཡི་གེ་བདུན་པ་ སྒོམ་པ་སྟེ། །ཡི་གེ་ཧཱུཾ་ལས་ཡང་དག་འབྱུང། །རྡོ་རྗེ་མཁའ་འགྲོ་བདེ་བ་ཆེ། །ཕྱག་དྲུག་ཞལ་གསུམ་སྤྱན་གསུམ་པ། །མཚན་རྣམས་ཐམས་ཅད་ཀྱིས་མཚན་ [282B] །དཔེ་བྱད་བཟང་པོ་བརྒྱད་ཅུར་ལྡན། །ཨཱ་ལི་ཀཱ་ལི་ལས་བྱུང་གཙོ། །ཕག་མོ་དང་ནི་མཉམ་པར་ལྡན། །སྟོང་ཞིང་ཐུགས་རྗེས་ཁྱབ་པ་སྟེ། །རྡོ་རྗེ་དྲིལ་བུས་མཉམ་པར་ ལྡན༑ ༑ན་རའི་པགས་པ་གོས་སུ་མནབས། །ཐོད་པ་ཁ་ཊཱཾ་ག་འཛིན་ཅིང། །གཡས་པའི་ཕྱག་ན་མདུད་རྩེ་གསུམ། །འདོད་པའི་འབྲས་བུ་ཐམས་ཅད་སྩོལ། །ཐོད་པའི་ཕྲེང་བའི་ དབུ་རྒྱན་ཅན། །སྣ་ཚོགས་རྡོ་རྗེ་རལ་པ་འཆང། །ཟླ་བ་ཕྱེད་པའི་སྤྱི་གཙུག་གཙང། །ཕྱག་རྒྱ་དྲུག་གིས་སྐུ་ལུས་བརྒྱན་།འཇིགས་བྱེད་ཆུང་མར་བཅས་པ་དག་གཡས་བརྐྱང་ བ་ཡི་ཞབས་ཀྱིས་མནན། །སྣ་ཚོགས་པདྨ་ཉིད་ལ་བཞུགས། །འཁོར་ལོ་དྲུག་གི་དབུས་སུ་བཞུགས། །རྣལ་འབྱོར་མ་དྲུག་མཉམ་པར་སྦྱར་།མྱུར་དུ་དངོས་གྲུབ་སྩོལ་བ་ ཡིན༑ ༑དང་པོ་ཁྲག་འཐུང་ལྷ་མོ་སྟེ། །གཉིས་པ་རྡོ་རྗེ་འཇིགས་བྱེད་མ། །གསུམ་པ་དྲག་ག་ཏུམ་མ་ཡིན་ཏེ། །བཞི་པ་རྡོ་རྗེ་ཉི་མ་མོ། །ལྔ་པ་རྡོ་རྗེ་དྲག་མོ་སྟེ། །དྲུག་པ་རྡོ་རྗེ་མཁའ་འགྲོ་ མ༑ ༑གཡོན་གྱི་ཕྱོགས་ནས་དགོད་པར་བྱ། །ལྷ་མོ་དེ་དག་ཆེར་གཏུམ་ཞིང། །སྤྱན་གསུམ་དབུ་སྐྲ་གྲོལ་བ་སྟེ། །ཕྱོགས་ཀྱི་གོས་མཆོག་འཛིན་པ་ཡིན། །ཐམས་ཅད་ཡི་དྭགས་ཉི་ སྟེང་བཞུགས། །སྔོ་ཞིང་སེར་ལ་ལྗང་བ་དང། །དམར་དང་དུད་ཀ་དེ་བཞིན་དཀར། །ཅང་ཏེའུ་དང་ནི་དྲིལ་བུ་འཛིན། །ཐམས་ཅད་ན་རའི་པགས་པ་འཛིན། །ཐོད་པའི་ཕྲེང་བའི་ [283A]༄༅། །བའི་དབུ་རྒྱན་ཅན། །གཡས་བརྐྱང་གཡོན་བརྐྱང་ཚུལ་གྱིས་བཞུགས། །ཡི་གེ་དྲུག་ལས་ཡང་དག་བྱུང། །ལྷ་མོ་གཟིགས་པ་མཚན་མ་ཡིན། །ཇི་ལྟར་ མགོན་པོ་མདོག་བཞིན་དུ། །ཕག་མོ་ཡང་ནི་དེ་བཞིན་ཏེ། །ཕྱག་རྒྱ་ཕྱག་མཚན་དེ་བཞིན་ནོ། །སྔོ་དང་སེར་དང་ལྗང་བ་དང། །སྟག་གི་པགས་པ་གོས་སུ་མནབས། །ལྷ་མོའི་བྱིན་ པར་མཉམ་པར་འཁྲིལ། །མཆོག་ཏུ་དགའ་བར་རྣམ་པར་མོས། །ཨོཾ་ཧྲཱི་ཧ་ཧ་ཧཱུཾ་ཧཱུཾ་ཕཊ། ཡི་གེ་དེ་ལས་མཁའ་འགྲོ་མ། །ཡན་ལག་དྲུག་པ་རྣམ་པར་བསྒོམ། །བདུན་པ་དབུས་ སུ་དགོད་པ་ནི། །ཡི་གེ་ཧཱུཾ་ལས་ཧེ་རུ་ཀ་དབུས་སུ་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་སྟེ། བཅོམ་ལྡན་འདས་དཔལ་ཧེ་རུ་ཀའོ། །ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ ཆུབ་ཀྱི་ཡན་ལག་ནི། རྡོ་རྗེ་ཧེ་རུ་ཀ་མའོ། །བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི། །རྡོ་རྗེ་འཇིགས་བྱེད་མའོ། །དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི། དྲག་ གཏུམ་མའོ། །ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི། །རྡོ་རྗེ་ཉི་མའོ། །ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི། རྡོ་རྗེ་དྲག་མོའོ། །བཏང་སྙོམས་ ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི། རྡོ་རྗེ་མཁའ་འགྲོ་མ་སྟེ་བྱང་ཆུབ་ཡན་ལག་འདི་བདུན་བསྒོམ། །ཇི་ལྟའི་རིམ་པས་སྦྱོར་ཞིང་བསྒོམ། །གསང་སྔགས་གཞལ་མེད་པ་ [283B] །ཁྲོ་བོ་ཀུན་གྱི་གནས་མཆོག་སྟེ། །བསོད་ནམས་ཆུང་བའི་སྒྲུབ་པོས་ཀྱང། །ཟླ་ཕྱེད་ནང་དུ་དངོས་གྲུབ་སྟེ་།རྟག་ཏུ་ཞག་རེ་བསྒོམས་པ་ནི། ཞག་བདུན་གྱིས་ནི་ཐེ་ ཚོམ་མེད། །དཔྱིད་ཟླ་ཐ་ཆུང་ཉ་ལ་ནི། །མ་སྲིང་བུ་མོ་ཚ་མོ་དང། །ཤེས་རབ་ཐབས་ཀྱི་ཆོ་ག་ཡིས། །ཉིན་མཚན་བཟླས་ཤིང་བསྒོམས་བྱས་བས། །ཐོ་རངས་དཔལ་ཁྲག་འཐུང་མཉམ་ འགྱུར། །མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས། ཉེ་བའི་སྙིང་པོ་བསྒོམས་པས་བསྐྱེད་པའི་ལེའུ་སྟེ་ལྔ་བཅུ་རྩ་གཅིག་པའོ།། །།གཞན་ཡང་སྙིང་པོ་ བཤད་བྱ་བ། །སེམས་ཅན་ཀུན་ལ་ཕན་འདོགས་པ། །ཧཱུཾ་གི་ཡི་གེ་ལས་བྱུང་བ། །བདེ་བ་ཆེན་པོ་བདེ་ལས་བྱུང། །སྔོ་ཞིང་དཀར་ལ་དྲག་པོ་སྟེ། །ཞལ་བརྒྱད་པ་ལ་ཤིན་ཏུ་འཇིགས།། སྤྱན་གསུམ་པ་ལ་ཕྱག་བཅུ་དྲུག་མགོ་ཡི་ཕྲེང་བས་རྣམ་པར་བརྒྱན། །ཐོད་པའི་ཕྲེང་པའི་དབུ་རྒྱན་ཅན། །ཟླ་བ་ཕྱེད་པའི་རལ་པ་འཆང། །སྣ་ཚོགས་རྡོ་རྗེ་དབུ་ལ་མནན། །ཕྱག་ རྒྱ་དྲུག་གིས་སྐུ་ལ་བརྒྱན། །འཇིགས་བྱེད་ཆེན་པོ་འཇིགས་པ་ནི་།གཡས་བརྐྱང་བ་ཡི་ཞབས་ཀྱིས་གནོན། །དུས་མཚན་ཤིན་ཏུ་འཇིགས་པ་ཡང། །གཡོན་བསྐུམ་པ་ ཡི་ཞབས་ཀྱིས་གནོན། །རྡོ་རྗེ་དྲིལ་བུ་མཉམ་ལྡན་པས། །ཕག་མོ་ཡི་ནི་ཀུ་ཚ་འཚིར། །ཚངས་ལྤགས་བཤུས་ནས་རྒྱན་དུ་འཛིན། །མདུང་རྩེ་གསུམ་དང་དགྲ་སྟ་དང། །ཁ་ [284A]༄༅། །ཊཱཾ་ཅང་ཏེའུ་གྲི་གུག་མཆོག་བརྒྱད་པ་ལ་ནི་ལྕགས་ཀྱུ་ཐོགས། །གཡས་པའི་ཕྱག་རྣམས་དེ་བཞིན་ནོ། །ཐོད་པ་དང་ནི་ཁ་ཊཱཾ་ག་མགོ་བོ་ཞགས་པ་འཛིན་པའི་ མཆོག་ཐོ་བ་བསྡིགས་མཛུབ་དམ་པ་སྟེ། །ཤྲཱིའི་ཡེ་ཤེས་ཡང་དག་རྫོགས། །པང་དུ་ཕག་མོའི་གཟུགས་ཡིན་ཏེ། །དྲག་ཅིང་དམར་ལ་དཀར་བ་ཡིན། །བྱིན་པ་གཉིས་ཀྱིས་ལེགས་ པར་འཁྲིལ། །སྐྲ་གྲོལ་བ་ལ་སྤྱན་གསུམ་པ། །ཐོད་པའི་ཕྲེང་བས་རྣམ་པར་བརྒྱན། །དེ་ཡི་ཞལ་དང་ཕྱག་ཏུ་གནས། །དུམ་བུའི་རྒྱན་གྱི་སྐ་རགས་ཅན། །མཆེ་བ་རྣམ་པར་གཙིགས་ པའི་ཞལ། །ཕྱོགས་ཀྱི་གོས་ཅན་ཆགས་པས་གཟིགས། །རྐེད་པའི་དཀྱིལ་འཁོར་རྒྱ་ཡང་ཆེ། །སྔོ་ཞིང་དཀར་ལ་དེ་བཞིན་དམར། །སེར་ཞིང་ལྗང་ལ་དུད་ཀ་སྟེ། །དུ་བ་ཐལ་བ་སྤྲིན་ གྱི་མདོག་འདི་འདྲའི་ཞལ་དང་གཟུགས་སུ་གནས། །ལྷ་མོ་མདའ་དང་གཞུ་འཛིན་ཅིང། །ཚངས་པའི་པགས་པ་རྣམ་པར་སྤངས། །སྣ་ཚོགས་པདྨའི་སྟེང་དུ་ནི། །ཟླ་བ་ཉི་མའི་དབུས་ སུ་བཞུགས། །འཁོར་ལོ་བརྒྱད་པའི་དབུས་བཞུགས་པར། །ཕྱི་ཡི་དཀྱིལ་འཁོར་རྣམ་པར་བསྒོམ། །པདྨའི་ལྟེ་བའི་དབུས་སུ་ནི། །བཅོམ་ལྡན་འདས་ནི་ངེས་པར་དགོད། །ཨོཾ་ནི་ ཤར་གྱི་འདབ་མ་ལ། །གསལ་བྱེད་མཁའ་འགྲོ་མ་ཡང་དགོད། །བ་ནི་བྱང་གི་འདབ་ལ་སྟེ། །རྟ་གདོང་མཁའ་འགྲོ་མ་ཡང་དགོད། །ཛྲ་ནི་རྡོ་རྗེ་དྲག་མོ་སྟེ། །མཁའ་འགྲོ་ནུབ་ཏུ་དགོད་པར་ [284B] ༑ཧེ་རུ་ལྷོ་ཕྱོགས་འདབ་ལ་དགོད། །གསེར་གྱི་མདོག་ཅན་མཁའ་འགྲོ་མ། །སེར་དང་སྔོ་བསངས་དཀར་དང་དམར། །ཞལ་གསུམ་རྣམ་བསྒྱུར་དྲག་པོ་སྟེ། །ཕྱོགས་ཀྱི་གོས་ཅན་སྐྲ་གྲོལ་བ།། རོ་ཡི་སྟེང་དུ་བཞུགས་པ་སྟེ། །གཡས་བརྐྱང་བ་ཡིས་བདུད་བཞི་འཇོམས། །ཐོད་པའི་ཕྲེང་བ་དྲག་པོ་སྟེ། །པདྨ་སྤོམ་པོའི་འདབ་མ་ལ། །ཆགས་པ་ཅན་གྱིས་གཟིགས་ཤིང་བཞེད།། ཐུགས་རྗེའི་ཉམས་ཀྱིས་བདེ་བ་ཡིན། །མདའ་དང་གཞུ་ཡང་འཆང་བ་སྟེ། །ཞགས་པ་ལྕགས་ཀྱུ་འཛིན་པའི་མཆོག་ཐོད་པ་དང་ནི་ཁ་ཊཱཾ་བསྣམས། །ཅང་ཏེའུ་ནི་སྒྲ་ཡང་སྒྲོག་སེར་དང་ ལྗང་གུ་སྔོ་བ་དང། །སྔོ་བསངས་དམར་དང་དཀར་བ་དང། །དཀར་དང་ལྗང་གུ་སྔོ་བ་དང། །དམར་དང་སྔོ་དང་ལྗང་བ་སྟེ་།འདི་ལྟར་མདོག་ནི་ཁྱད་པར་གྱིས། །དམ་ཚིག་མཆོག་ནི་བསྒོམ་པར་ བྱ༑ ༑མཚམས་བཞི་རུ་ནི་བུམ་པ་དག་བྱང་ཆུབ་སེམས་ཀྱིས་གང་བར་གཞག་ཤར་གྱི་ཕྱོགས་སུ་ཧེ་ཡིན་ཏེ། །མིང་ནི་ཧེ་ལ་ཀ་ཞེས་བྱ་།བྱང་གི་ཕྱོགས་སུ་རུ་ཡིན་ཏེ། །མཁའ་འགྲོ་མ་ ནི་རུ་ཙ་ཀི་ནུབ་ཀྱི་ཕྱོགས་སུ་རུ་ཡིན་ཏེ། །རུ་ཙ་ཀ་མ་ལི་ཞེས་བྱ། །ལྷོ་ཡི་ཕྱོགས་སུ་ཀཾ་ཡིན་ཏེ། །ཀེང་རུས་མ་ཞེས་གྲགས་པ་ཡིན། །མེ་ཡི་ཕྱོགས་སུ་ཧཱུཾ་མཛད་མ། །བདེན་བྲལ་ཕྱོགས་ སུ་ཕཊ་མཛད་མ། །རླུང་གི་ཕྱོགས་སུ་ཌ་མ་རི། །དབང་ལྡན་ཀི་ལི་ཀི་ལ་སྟེ། །དེ་བརྒྱད་ལྷ་མོ་ཆེན་མོ་སྟེ། །དངོས་གྲུབ་ཐམས་ཅད་རབ་ཏུ་སྩོལ། །ཇི་ལྟར་ཞལ་དང་གཟུགས་བཞིན་དུ། ། [285A]༄༅། །དེ་བཞིན་འདིར་ཡང་འགྱུར་བ་ཡིན། །ཐོད་པ་དང་ནི་ཁ་ཊཱཾ་འཛིན། །དྲིལ་བུ་ཅང་ཏེའུ་གྲི་གུག་དང། །སྤྱན་གསུམ་པ་ལ་སྐྲ་གྲོལ་བ། །ཕྱོགས་ཀྱི་གོས་ཅན་ གཡས་བརྐྱང་བཞུགས། །ཐོད་པའི་ཕྲེང་བའི་རྒྱན་ཅན་ཏེ། །ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །རྒྱན་རྣམས་ཐམས་ཅད་ཡང་དག་ལྡན། །དྲག་ཅིང་གཏུམ་ལ་རབ་འཇིགས་པའི།། ཐམས་ཅད་རོ་ཡི་སྟེང་བཞུགས་བསྒོམ། །སྤྱན་གསུམ་པ་ལ་ཆགས་པས་མྱོས། །དབང་ལྡན་ཟུར་ལ་ཨུཏྤལ་སྔོན་པོ་ཞེས་བྱ་བ། །རླུང་གི་ཕྱོགས་ལ་དྲ་བའི་མཆོག་ཅེས་བྱ་ བ་སྟེ༑ ༑བདེན་བྲལ་ཕྱོགས་ལ་གསུས་པ་འཕྱང་མ་ཞེས་བྱ་བ། །མེ་ཡི་ཕྱོགས་ལ་ཤ་བ་རི་ཞེས་བྱ་བ་སྟེ། །སེར་དང་སྔོ་བསངས་སྔོ་བ་དང། །དམར་སེར་དང་ནི་བཞི་པ་སྟེ།། ཐོད་པ་དང་ནི་ཁ་ཊཱཾ་འཛིན། །གྲི་གུག་ཅང་ཏེའུ་མཆོག་ཡིན་ཏེ་།བཞི་པ་རྡོ་རྗེ་མདུང་ཡིན་ནོ། །ཕྱོགས་ཀྱི་གོས་ཅན་ཆགས་པས་རོལ་།བཟང་མོ་ལྟོ་བ་འཕྱང་མ་སྟེ། །སྐྱེ་ གནས་རིང་ལ་རྒྱ་ཡང་ཆེ། །སྤྱན་གསུམ་རྣམ་པར་འགྱུར་ཞིང་དྲག་།སྐྲ་གྲོལ་བ་ལ་རབ་ཏུ་འཇིགས། །ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། །རྒྱན་རྣམས་ཐམས་ཅད་སྤུད་པའོ། ། ཤར་སྒོར་བཾ་ལས་གཏུམ་མོ་ཞེས་བྱ་བའི་མཁའ་འགྲོ་མ་དང། ལྷོའི་སྒོར་རཾ་ལས་རོལ་གཏུམ་མོ་ཞེས་བྱ་བའི་མཁའ་འགྲོ་མ་དང། ནུབ་ཀྱི་སྒོར་ས་ལས་འབར་བའི་མཆོག་ [285B] །བྱང་གི་སྒོར་ཧ་ལས་ཕྲེང་བ་རྣམ་བར་རྒྱལ་བའི་མཆོག་ཅེས་བྱ་བའི་མཁའ་འགྲོ་མ་སྟེ། སྔོ་དང་དཀར་སེར་ཉིད་ཡིན་ཏེ། །ལྕགས་ཀྱུ་དང་ནི་ ཅང་ཏེའུ་འཛིན། །ཐོད་པ་ཁ་ཊཱཾ་ག་བསྣམས་ཏེ། །གྲི་གུག་མགོ་བོ་སྡིགས་མཛུབ་དང། །དཀར་དང་སྔོ་དང་ལྗང་བ་དང། །ཞགས་པ་དང་ནི་ཅང་ཏེའུ་འཛིན། །ཐོད་པ་ཁ་ཊཱཾ་ག་ འཛིན་ཅིང། །སྡིགས་མཛུབ་གྲི་གུག་མགོ་བོ་འཛིན། །དམར་དང་སྔོ་དང་ལྗང་གུ་སྟེ། །ལྕགས་སྒྲོག་ཅང་ཏེའུ་གྲི་གུག་དང། །ཐོད་པ་ཁ་ཊཱཾ་ག་འཛིན་ཅིང། །མགོ་པོ་དང་ནི་སྡིགས་མཛུབ་ མཆོག་ལྗང་དང་དཀར་པོ་འདྲེས་པ་དང། །སེར་དང་དམར་བའི་ཞལ་མཆོག་ཡིན། །དྲིལ་བུ་ཅང་ཏེའུ་གྲི་གུག་དང། །ཁ་ཊཱཾ་ག་དང་ཐོད་པ་དང། །མགོ་བོ་དང་ནི་སྡིགས་མཛུབ་ ཕྱག་སྐྲ་གྲོལ་བ་ལ་གདུག་པ་ཆེ། །སྤྱན་གསུམ་རྣམ་པར་འགྱུར་པའི་ཞལ། །ཞལ་གདངས་ལྗགས་ནི་བསྐྱོད་པ་སྟེ། །གཡས་བརྐྱང་གཡོན་བསྐུམ་ཚུལ་གྱིས་བཞུགས། །ཐོད་ པའི་ཕྲེང་བའི་དབུ་རྒྱན་ཅན། །ཕྱོགས་ཀྱི་གོས་མཆོག་འཛིན་པ་སྟེ། །རོ་དང་པདྨའི་དབུས་བཞུགས། །མགོ་བོའི་ཕྲེང་བས་རྣམ་པར་བརྒྱན། །ཐམས་ཅད་ཕྱག་རྒྱ་ལྔ་འཆང་ ཞིང། །མགོ་བོའི་དོ་ཤལ་རྣམས་ཀྱིས་བརྒྱན། །མི་བསྐྱོད་པ་ཡི་ཅོད་པན་འཆིང། །རྣམ་བསྒྱུར་སྤྱན་ནི་གཡོ་བ་སྟེ། །ཡི་གེ་ཉི་ཤུ་གཉིས་ལས་བྱུང། །སྙིང་གར་མཆོག་ནི་བསྒོམ་པར་ [286A]༄༅། །བྱ༑ ༑འདི་ནི་གསང་སྔགས་ཐམས་ཅད་ཀྱི། །ཡི་གེ་ཉི་ཤུ་རྩ་གཉིས་མཆོག་ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུཾ་ཌཱ་ཀི་ནཱི་ཛཱ་ལ་ཤཾ་བ་རཾ་ཧཱུཾ་ཕཊ་སཱཧཱ། ཡི་གེ་རེ་རེ་དགོད་ པ་སྟེ༑ ༑མཁའ་འགྲོ་མ་ཡི་སྙིང་དེ་བཞིན། །ཧཱུཾ་ཤྲཱི་ལྷ་དང་ལྷ་མོ་སྟེ། །སྐུ་གསུང་ཐུགས་ཀྱི་སྦྱོར་བའོ། །དབུས་སུ་རྣམ་དག་བཅོམ་ལྡན་འདས། །སྒོམ་ཞིང་རྣམ་པར་བསྒོམ་པར་བྱ།། རྣམ་པར་ཐར་བརྒྱད་སྒོ་སྣ་ཚོགས། །གཟུགས་སུ་ལྟ་བ་སྟོང་པ་སྟེ། །ནང་གཟུགས་མེད་པར་ཕྱི་རོལ་གཟུགས་སུ་ལྟ་བའང་སྟོང་པ་ཡིན། །སྡུག་དང་མི་སྡུག་མཐོང་བར་བྱེད་ པ་ལྟ་བའང་སྟོང་པ་ཡིན། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་དག་ཏུ་ལྟ་བའང་སྟོང་པ་སྟེ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དག་ཏུ་ལྟ་བའང་སྟོང་པ་ཡིན། །ཅི་ཡང་མེད་པའི་ སྐྱེ་མཆེད་དག་ཏུ་ལྟ་བའང་སྟོང་པ་ཡིན། །འདུ་ཤེས་མེད་ཅིང་འདུ་ཤེས་མེད་མིན་སྐྱེ་མཆེད་རྣམས་ཀྱང་སྟོང་པའོ། །འདུ་ཤེས་དང་ནི་ཚོར་བའང་འགོག་པར་ལྟ་བ་སྟོང་པ་ཡིན།། ཕྱག་བཅུ་དྲུག་པའང་སྟོང་པ་སྟེ། །ནང་སྟོང་པ་ཉིད་དང་།ཕྱི་སྟོང་པ་ཉིད་དང། ཕྱི་ནང་སྟོང་པ་ཉིད་དང། །སྟོང་པ་ཉིད་སྟོང་པ་ཉིད་དང། །ཆེན་པོ་སྟོང་པ་ཉིད་དང། དོན་དམ་པ་ སྟོང་པ་ཉིད་དང། འདུས་བྱས་སྟོང་པ་ཉིད་དང། འདུས་མ་བྱས་སྟོང་པ་ཉིད་དང། མཐའ་ལས་འདས་པ་སྟོང་པ་ཉིད་དང། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང། དོར་བ་ [286B] །རང་བཞིན་སྟོང་པ་ཉིད་དང་ཆོས་ཐམས་ཅད་སྟོང་པ་ཉིད་དང། རང་གི་མཚན་ཉིད་སྟོང་པ་ཉིད་དང། མི་དམིགས་པ་སྟོང་པ་ཉིད་དང། དངོས་པོ་མེད་ པ་སྟོང་པ་ཉིད་དང། ངོ་བོ་ཉིད་སྟོང་པ་ཉིད་དེ། ཇི་ལྟར་བཅོམ་ལྡན་འདས་བཞིན་དུ། །ཕག་མོ་ཡང་ནི་དེ་བཞིན་ཏེ། །གཉིས་མེད་གཟུགས་ཅན་བཅོམ་ལྡན་འདས། །ཧེ་རུ་ཀ་དཔའ་ རྣམ་པར་ཤེས། །ཕག་མོ་ནམ་མཁའ་ལྟ་བུའོ། །ལྷ་མོ་བཞི་ཡིས་རྣམ་དག་པ། །གསལ་བྱེད་མཁའ་འགྲོ་མ་ཉིད་ནི། །དོན་རྣམས་སོ་སོར་ཡང་དག་རིག་རྟ་གདོང་མ་གང་ཡིན་པ་ འོ༑ ༑ཆོས་རྣམས་སོ་སོར་ཡང་དག་རིག་རྡོ་རྗེ་དྲག་མོ་མཁའ་འགྲོ་མ། །ངེས་ཚིག་སོ་སོ་ཡང་དག་རིག་གསེར་མདོག་ཅན་གྱི་མཁའ་འགྲོ་མ། །སྤོབས་པ་སོ་སོར་ཡང་དག་རིག་ལྷ་ མོ་དེ་དག་འདབ་མའི་དབུས། །རྟོན་པ་རྣམ་པ་བཞི་པོ་ནི། །ཧེ་ལི་ཀ་ནི་དོན་ལ་རྟོན་པ་སྟེ། །རུ་ཙ་ཀི་ནི་ཚིག་འབྲུར་རྟོན་པ་ཡིན། །རུ་ཙ་ཀ་མེ་ལ་ནི་ཡེ་ཤེས་རྟོན། །ཀེང་རུས་མ་ནི་རྣམ་ ཤེས་རྟོན་པ་ཡིན། །ཤར་དང་བྱང་དང་ནུབ་དང་ནི། །ལྷོ་ཕྱོགས་ཀྱི་ནི་འཁོར་ལོ་ལ། །ཆོས་ཀྱི་མདོ་ནི་བཞི་པོ་དགོད། །ཧཱུཾ་ནི། འདུ་བྱེད་ཐམས་ཅད་མི་རྟག་པའོ། །ཕཊ་ནི། འདུ་ བྱེད་ཐམས་ཅད་སྡུག་བསྔལ་བའོ། །ཌ་མ་རི་ནི། ཆོས་ཐམས་ཅད་བདག་མེད་པའོ། །ཀི་ལི་ཀི་ལ་ནི། ཆོས་ཐམས་ཅད་ཞི་བའོ། །མེ་དང་བདེན་བྲལ་རླུང་དང་ནི། །དབང་ལྡན་འཁོར་ [287A]༄༅། །ལོ་དེ་དག་ཀུན། །ལྷ་མོ་ཡིས་ནི་རྣམ་པར་དག་མི་འཇིགས་པ་བཞི་དངོས་པོའི་ཆོས་ཐམས་ཅད་རྟོགས་པ་ལ་འཇིགས་པ་མེད་པ་ནི་ཨུཏྤལ་སྔོན་པོ་ མའོ། །ཆོས་ཐམས་ཅད་སྟོན་པ་ལ་འཇིགས་པ་མེད་པ་ནི། དྲན་པའི་མཆོག་གོ་ངེས་པར་འབྱུང་བའི་ལམ་ལ་འཇུག་པ་ལ་འཇིགས་པ་མེད་པ་ནི། གསུས་པ་འཕྱད་ མའོ། །ཟག་པ་ཟད་པ་ཤེས་པ་ལ་འཇིགས་པ་མེད་པ་ནི། ས་བ་རི་མའོ། །མཚམས་སུ་དཀྱིལ་འཁོར་ལྷ་མོ་ནི། །འདི་ཡིས་ཟུར་བཞི་རྣམ་པར་དག་སྒོ་བཞི་དག་ཏུ་ ལྷ་མོ་ནི། །གཏུམ་བྱེད་མ་སྟེ། དད་པའི་དབང་པོའོ། །རོལ་གཏུམ་མ་ནི། བརྩོན་འགྲུས་ཀྱི་དབང་པོའོ། །འབར་མཆོག་མ་ནི། དྲན་པའི་དབང་པོའོ། །རྣམ་པར་རྒྱལ་བའི་མཆོག་ ནི༑ ཏིང་ངེ་འཛིན་གྱི་དབང་པོའོ། །དཔེ་བྱད་བཟང་པོ་བརྒྱད་ཅུ་ནི། བཅོམ་ལྡན་འདས་དཔལ་ཁྲག་འཐུང་རྡོ་རྗེའོ། །སུམ་ཅུ་རྩ་གཉིས་མཚན་རྣམས་ནི། །འཕགས་པ་ཤེས་རབ་ བཅོམ་ལྡན་མ། །རྡོ་རྗེ་ཕག་མོ་ཉིད་ཡིན་ནོ། །མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས། ཡི་གེ་ཉི་ཤུ་རྩ་གཉིས་ཀྱི་སྙིང་པོ་བསྒོམས་པས་བསྐྱེད་པའི་ལེའུ་སྟེ་ལྔ་བཅུ་ གཉིས་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །དཀྱིལ་འཁོར་དག་ནི་རྣམ་དག་ནི། །འབྱུང་བ་ཀུན་གྱི་སྤྱན་ཡིན་ཏེ། །རྣམ་པར་སྣང་མཛད་ཐིག་ཏུ་གྲགས། །བྷ་ [287B] །མཁས་པས་དཀྱིལ་འཁོར་ཐིག་ཏུ་ཤེས། །དུས་ནི་སྣ་ཚོགས་རིགས་སུ་ཤེས། །མཆོད་པ་སྣ་ཚོགས་ཆོ་ག་བཞན། །པུ་ལི་རིམ་པདྨ་མའོ། །ཛཱ་ལནྡྷར་ཐུགས་ འཁོར་ལོ། །ཨུ་ཌྱན་གསུང་གི་འཁོར་ལོ་སྟེ། །ཨར་བུ་ད་ནི་སྐུའི་འཁོར་ལོ། །གོ་ད་བ་རི་ཟུར་བཞིའོ། །རཱ་མེ་ཤྭ་ར་མེ་ཕྱོགས་སོ་།དེ་བའི་ཀཽ་ཊ་བདེན་བྲལ་ཡིན། །མཱ་ལ་བ་ནི་རླུང་གི་ཟུར། ། དབང་ལྡན་ཀཱ་མ་རཱུ་པ་སྟེ། །གྲ་བཞི་རྣམ་པར་དག་པ་ནི། །འདི་ལ་ཐེ་ཚོམ་མེད་པ་ཡིན། །ཨོ་ཏྲེ་དག་ནི་ཤར་གྱི་སྒོའོ། །ཏྲི་ཤ་ཀུ་ནི་ལྷོ་ཕྱོགས་སྒོ། །ཀོ་ས་ལ་ནི་ནུབ་ཀྱི་སྒོའོ། །ཀ་ལིངྐ་ ནི་བྱང་སྒོ་སྟེ། །ཤར་གྱི་རྟ་བབས་ལམྤཱ་ཀ་ཀཱཾ་ཙི་ལྷོ་ཡི་རྟ་བབས་ཡིན། །ཧི་མ་ལ་ཡ་ནུབ་ཕྱོགས་སོ། །པྲེ་ཏ་པུ་རི་བྱང་ཡིན་ཏེ། །གྲྀ་ཧ་དེ་བུ་ལྷ་སྣམ་བུ། །སཽ་རཱཥྚ་ནི་རིན་ཆེན་ས། །སུ་ བར་དའྭི་པ་དྲ་བ་ཕྱེད། །ན་ག་ར་ནི་རྡ་ཡབ་དང། །དྲིལ་བུ་རྒྱལ་མཚན་བ་དན་ནོ། །སིནྡྷུ་རྡོ་རྗེ་ཐིག་ཟླུམ་པོ། །མ་རུ་ཏི་ན་སྒོ་ཁྱུད་དོ། །ཀུ་ལུ་ཏཱ་ནི་རྡོ་རྗེ་དང། །རིན་པོ་ཆེ་དང་དཀྱིལ་འཁོར་གྱི།། ཐིག་ནི་བླ་ན་མེད་པ་ཡིན། །ཟུར་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞིས་ནི་རྣམ་པར་བརྒྱན། །དྲ་བ་དྲ་ཕྱེད་ཀྱིས་བརྒྱན་ཅིང་།དར་དང་ཕྲེད་བས་རྣམ་པར་བརྒྱན། །ཟུར་གྱི་ཆ་ནི་ཐམས་ ཅད་དང། །སྒོ་དང་སྒོ་ཁྱུད་མཚམས་རྣམས་སུ། །རྡོ་རྗེ་རིན་ཆེན་གྱིས་བརྒྱན་ཅིང། །སྐུ་ཡི་འཁོར་ལོའི་སྐུ་ཉིད་ནི། །དོན་ཡོད་གྲུབ་པ་རྣམ་པར་སྤྱོད། །གསུང་གི་འཁོར་ལོ་འོད་ [288A]༄༅། །དཔག་མེད། །ཐུགས་ཀྱི་འཁོར་ལོ་མི་བསྐྱོད་པ། །པདྨའི་དབུས་ནི་རིན་ཆེན་འཛིན། །ཕྱི་ཡི་དཀྱིལ་འཁོར་ཚུལ་ཅན་ནི། །རྣམ་པར་སྣང་མཛད་རྣམ་པར་ བསྒོམ། །ཚོར་བ་སྐུ་ཡི་འཁོར་ལོ་སྟེ། །འདུ་ཤེས་གསུང་གི་འཁོར་ལོ་ཡིན། །ཐུགས་ཀྱི་འཁོར་ལོ་འདུ་བྱེད་དེ། །རྣམ་ཤེས་པདྨ་གདོན་མི་ཟ། །རི་མོ་ལྔ་པ་མཆོག་གྱུར་པ།། དེ་ཡིས་རྣམ་དག་རང་བཞིན་ཅན། །ས་དང་རི་མོ་ཐམས་ཅད་ཀུན་།དཔའ་བོས་ཡོངས་སུ་དག་པར་བསྒོམ། །རི་མོ་ཉི་ཤུ་རྩ་བཞི་པ་།དེ་དག་དཔའ་བོས་རྣམ་པར་དག་འཁོར་ ལོ་མཁའ་འགྲོ་མ་ཡིས་དག་ལྟེ་བར་ཕག་མོའི་ས་བོན་ཀྵ། །ཧེ་རུ་ཀ་དཔལ་མཆོག་ཡིན་ནོ། །འདབ་མ་མཁའ་འགྲོ་མ་ཡིས་དག་དཀྱིལ་འཁོར་དཀྱིལ་འཁོར་མཆོག་དག་ ནི༑ ༑སུམ་ཅུ་རྩ་བདུན་རྣམ་པར་དག་དཀྱིལ་འཁོར་སྙིང་པོ་མདོར་བསྡུས་ན། །དཀྱིལ་འཁོར་དང་པོ་ཡི་གེ་སྟེ། །དཀྱིལ་འཁོར་གཉིས་པ་ཕྱག་མཚན་ཡིན། །གསུམ་པ་ལག་ པའི་ཕྱག་རྒྱར་བཤད། །བཞི་པ་གཟུགས་སུ་གྱུར་པ་སྟེ། །ལྔ་པ་མེ་ཏོག་མཆོད་པ་ཡིན། །དྲུག་པ་ཚོགས་ཀྱི་དཀྱིལ་འཁོར་ཉིད། །དབུས་ནི་རབ་ཏུ་དགའ་བའི་ས། །པདྨའི་ལྟེ་བ་དང་བཅས་ པ༑ ༑ཐུགས་ཀྱི་འཁོར་ལོ་དྲི་མ་མེད། །གསུང་གི་འཁོར་ལོ་འོད་བྱེད་པ། །སྐུ་ཡི་འཁོར་ལོ་འོད་བྱེད་པ། །སྐུ་ཡི་འཁོར་ལོ་འོད་འཕྲོ་བ་།ཟུར་བཞི་པ་ནི་སྦྱང་དཀའ་བ། །རིང་དུ་སོང་བ་སྒོ་ [288B] །ཟུར་གྱི་ཆ་ནི་མི་གཡོ་བ། །ལེགས་པའི་བློ་གྲོས་རྡོ་རྗེའི་ཐེག་ཆོས་ཀྱི་སྦྲིན་ནི་རྟ་བབས་ཡིན། །འདི་ལྟའི་དཀྱིལ་འཁོར་བྲིས་ནས་ནི། །རྟག་ཏུ་བསྒོམ་ཞིང་མཆོད་པར་བྱ། ། དངོས་གྲུབ་རྒྱ་ཆེན་ཐོབ་པར་འགྱུར། །སྡོམ་པའི་འཁོར་ལོ་སྡོམ་པ་ཡི། །དཀྱིལ་འཁོར་མཆོག་གི་དེ་ཉིད་ནི། །ཧེ་རུ་ཀ་དཔལ་ཡེ་ཤེས་མཆོག་བྷ་གའི་པདྨའི་དཀྱིལ་འཁོར་ནི།། ཕག་མོའི་སྐུ་ལུས་མཆོག་གྱུར་པ། །དེ་ནི་དཀྱིལ་འཁོར་འདུས་པ་སྟེ་།དཀྱིལ་འཁོར་བདེ་ཆེན་མཆོག་ཡིན་ནོ། །དཀྱིལ་འཁོར་དཔའ་བོ་རྣལ་འབྱོར་མ། །གཉིས་མེད་ཁ་སྦྱོར་དཀྱིལ་ འཁོར་ཡིན། །བདག་གི་དེ་ཉིད་ཏིང་འཛིན་ཡིན། །ལྷ་ཡི་དེ་ཉིད་དེ་བཞིན་ཏེ། །སྔགས་ཀྱི་དེ་ཉིད་ཕྱག་རྒྱ་ཡིན། །དེ་ལྟའི་དཀྱིལ་འཁོར་དམ་པའི་མཆོག་ཡན་ལག་ཀུན་བསྒོམས་ ལས་འདས་ཤིང། །རྟོག་དང་རྣམ་རྟོག་རྣམ་པར་སྤངས། །ཕྱི་མོའི་ཐིག་ལེ་ལས་འདས་ཤིང། །དེ་ནི་དཀྱིལ་འཁོར་མཆོག་ཡིན་ནོ། །ཆོས་རྣམས་ཐམས་ཅད་རྟག་ཏུ་མེད། །ཆོས་དང་ ཆོས་མིན་རྣམ་པར་སྤྱོད། །དེ་ལྟའི་དཀྱིལ་འཁོར་བཤད་པ་ནི། །རྣམ་དག་ནམ་མཁའ་དང་མཚུངས་པ། །ཆགས་དང་ཆགས་མེད་ཆགས་པར་མཉམ། །པདྨ་རཱ་ག་ཆུ་མཉམ་བྱུང། །རང་ སེམས་ཆགས་པ་དམར་པོའི་མཆོག་དེ་དག་དཀྱིལ་འཁོར་མཆོག་ཡིན་ཏེ་།ཡིད་ནི་ཁམས་རྣམས་ཐམས་ཅད་དེ། །གཟུགས་དང་གཟུགས་མེད་དྲི་མ་མེད། །བསྐུལ་ཞིང་སད་པ་ཡིད་ [289A]༄༅། །ཡིན་ཏེ༑ ༑སེམས་ནི་ཐུགས་ཀྱི་དཀྱིལ་འཁོར་ཡིན། །དཀྱིལ་འཁོར་ལུས་སུ་བཤད་པ་སྟེ། །དཀྱིལ་འཁོར་བྷ་ག་ཡིན་པར་བཤད་།དཀྱིལ་འཁོར་བྱང་ཆུབ་ སེམས་ཡིན་ཏེ། །རྒྱུ་བ་དང་ནི་མི་རྒྱུ་བ། །ས་འོག་ས་སྟེང་ས་བླར་ཁྱབ། །མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས་།དཀྱིལ་འཁོར་གྱི་སྒོམ་པ་བསྟན་པའི་ལེའུ་སྟེ་ལྔ་བཅུ་གསུམ་ པའོ།། །།དེ་ནས་གསང་བ་བཤད་བྱ་བ། །སེམས་ཅན་ཀུན་ལ་ཕན་སྩོལ་བ། །ཨཱ་ལི་ཀཱ་ལི་ལས་བྱུང་བ། །ཆོས་ཀྱི་དབྱིངས་ཀྱི་གྲོང་ཁྱེར་མཆོག་དྲ་བ་དྲ་ཕྱེད་ཀྱིས་བརྒྱན་པ།། དར་དང་ཕྲེང་བས་རྣམ་པར་བརྒྱན། །དེ་ཡི་དབུས་སུ་རྡོ་རྗེ་ཆེ་།ཞལ་བཞི་པ་ལ་རྣམ་པར་འགྱུར། །དེ་ལ་ལྟེ་བའི་དབུས་སུ་ནི། །སྣ་ཚོགས་འཁོར་ལོ་ལྟེ་བར་བཅས། །ཐུགས་ཀྱི་འཁོར་ ལོ་བརྒྱད་པ་སྟེ། །ཉི་མའི་དཀྱིལ་འཁོར་དབུས་སུ་ནི། །འཁོར་ལོའི་ལྟེ་བའི་དབུས་དག་ཏུ། །སྣ་ཚོགས་པདྨ་འདབ་བརྒྱད་པ། །སྣ་ཚོགས་རྡོ་རྗེས་རྣམ་འདྲེས་པ། །ལྷ་ཡི་བཞུགས་ གནས་ཉི་ཤུ་པ། །ལྟེ་བའི་དབུས་སུ་བསྟན་པ་སྟེ། །ཉི་མའི་དཀྱིལ་འཁོར་དབུས་སུ་ནི། །ཧཱུཾ་ལས་ཧེ་རུ་ཀར་བྱས་ཏེ། །ཞལ་བཞི་པ་ལ་ཕྱག་བརྒྱད་པ། །སྤྱན་གསུམ་སྐུ་ལུས་ དཀར་པོ་སྟེ། །རྡོ་རྗེ་དྲིལ་བུ་མཉམ་ལྡན་པས། །ཕག་མོ་ཡི་ནི་ཀུ་ཚའང་འཚིར། །སྟག་གི་པགས་པ་གོས་སུ་མནབས། །ཕྱག་རྒྱ་དྲུག་གིས་སྐུ་ལ་བརྒྱན། །གདུག་པ་ཀུན་གྱི་ [289B] །གཡས་བརྐྱང་པ་ཡི་ཞབས་ཀྱིས་མནན། །འཇིགས་བྱེད་དང་ནི་དུས་མཚན་དག་བརྒྱལ་ཞིང་རྣམ་པར་མྱོས་པ་ཡིས་།ཀླད་པ་ལ་ནི་ཞབས་ཀྱིས་མནན། །གཅེར་ འོ་དོད་འབོད་པ་མནན། །རྒྱལ་བའི་པགས་པ་སྟེང་དུ་སྟེ། །ལྕགས་ཀྱུ་ཕྱག་གིས་འཛིན་པ་དང། །གཞན་ཡང་ཅང་ཏེའུ་དེ་བཞིན་ཏེ། །ཐོད་པ་ཁ་ཊཱཾ་ག་ཡང་འཛིན། །གཞན་དུ་ཡང་ནི་ མགོ་བོ་འཆང། །སྣ་ཚོགས་རྡོ་རྗེས་དབུ་ལ་མནན། །ཟླ་བ་ཕྱེད་པ་དབུ་ལ་འཆང། །ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། །མི་བསྐྱོད་པ་ཡིས་སྤྱི་གཙུག་འཆིང། །ཚངས་པའི་དོ་ཤལ་ འཛིན་པ་སྟེ། །བདག་གི་ཁྲོ་བོ་བདུན་སྤྲོས་ནས། །ཇི་ལྟར་བཅོམ་ལྡན་མདོག་བཞིན་དུ། །ཕག་མོ་མཆོག་དང་དེ་བཞིན་ཏེ། །སྐུ་ལུས་ནག་པོ་དམར་བའི་མདངས། །གཟི་བྱིན་མདངས་ ཀྱིས་མཛེས་པ་སྟེ། །གྲི་གུག་ཐོད་པ་ཁ་ཊཱཾ་ག་དྲིལ་བུ་ཅང་ཏེའུ་མདུང་དང་ནི། །ལྕགས་ཀྱུ་ཞགས་པ་དེ་བཞིན་ནོ། །ལྷ་མོ་ཕྱག་ནི་བརྒྱད་པ་སྟེ། །དཀར་ཞིང་སྔོ་ལ་ལྗང་བའོ། །སྟེང་གི་ ཞལ་ནི་དམར་པོ་མཛེས། །གཡས་དང་གཡོན་གྱི་ཞལ་གདོང་ནི། །སེར་ཞིང་ལྗང་བའི་གཟུགས་ཅན་ཏེ། །གཞན་དུ་བདག་པོ་ཇི་བཞིན་དུ་།ཕག་མོ་ཡང་ནི་དེ་བཞིན་གྱུར། །གཅེར་བུ་སྐྲ་ ནི་གྲོལ་བ་སྟེ། །མ་ཉམས་དུམ་བུའི་སྐ་རགས་ཅན། །པདྨ་བཞི་ལ་མཁའ་འགྲོ་མ། །ཟུར་ལ་བུམ་པ་ཐོད་པ་སྟེ། །ཐུགས་ཀྱི་འཁོར་ལོ་སྔར་བཤད་པའོ། །དཔའ་བོ་མཁའ་འགྲོ་མ་དེ་ [290A]༄༅། །བཞིན། །གསུང་དང་སྐུ་ཡི་འཁོར་ལོ་གཉིས། །ཤར་དང་བྱང་ནུབ་ལྷོ་རུའོ། །སྒོ་རྣམས་སུ་ནི་སྒོ་སྲུང་སྟེ། །ཁྭ་གདོང་ལ་སོགས་ཐམས་ཅད་དོ།། ཟུར་ལ་གཤིན་རྗེ་སྲེག་ལ་སོགས། །ཇི་ལྟར་འདོད་པའི་ཁྱད་པར་ནི་།རྡོ་རྗེ་སྙིང་པོས་བཤད་པ་སྟེ། །ཁ་ཅིག་རྣལ་འབྱོར་མ་རུ་འདོད་།བླ་མའི་གནས་ཀྱི་རྗེས་རིམ་པ། །སྔར་ བཤད་སྣ་ཚོགས་རིགས་རྣམས་ནི། །ཇི་ལྟར་འདོད་པས་བསྒོམ་པར་བྱ་།གཞན་ཡང་ཞལ་དང་མདོག་རྣམས་ནི། །མཁའ་འགྲོ་མ་ཡི་མདོག་བཞིན་དང། །ཕྱག་མཚན་ ཕྱག་རྒྱར་སྔར་བཤད་བཞིན། །གནས་སོགས་རིམ་པ་དེ་ལྟར་དགོད་།སྔར་བཤད་པ་ཡི་ཆོ་ག་བཞིན། །གསང་སྔགས་ཇི་བཞིན་རིམ་པར་དགོད། །སུམ་ཅུ་རྩ་བདུན་ རྣམ་དག་དོན། །སྒོམ་པ་མཆོག་ནི་བསྒོམ་པར་བྱ། །ཨཱ་ལི་ཀཱ་ལིའི་ནང་བྱུང་བ། །སྒོམ་ཞིང་རྣམ་པར་བསྒོམ་པར་བྱ། །ཆོས་དབྱིངས་གྲོང་ཁྱེར་རྣམ་དག་པར། །སེམས་ཅན་ ཁམས་ནི་རབ་ཏུ་འཇུག་རྣལ་འབྱོར་འདི་ནི་གསང་བ་སྟེ། །སུ་ལ་ཡང་ནི་བསྟན་མི་བྱ། །མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས་།ཆོས་ཀྱི་དབྱིངས་ཀྱི་གྲོང་ཁྱེར་ སྒོམ་པའི་ལེའུ་སྟེ་ལྔ་བཅུ་རྩ་བཞི་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །བྷ་ག་པདྨ་སྒོམ་པ་ནི། །རྡོ་རྗེ་སྙིང་པོས་ཞུས་པ་ལས། །བཅོམ་ལྡན་ [290B] །ཡང་དག་གསང་བ་ངེས་གསང་བ་།ཨཱ་ལི་ཀཱ་ལི་ཟུར་གསུམ་གནས། །པདྨ་འདབ་གསུམ་རྣམ་པར་བསྒོམ་།རྡོ་རྗེ་ཕག་མོ་ཧེ་རུ་ཀ་ལྟེ་བ་ལ་ནི་རྣམ་ པར་བསྒོམ། །རྡོ་རྗེ་མཁའ་འགྲོ་ལཱ་མ་དང། །གསུམ་པ་དུམ་སྐྱེས་མ་ཉིད་དོ། །བཅོམ་ལྡན་འདས་ནི་དམར་ལ་སྔོ། །ཕག་མོ་ཡང་ནི་དམར་སྔོ་སྟེ། །མཁའ་འགྲོ་སྔོ་ལ་སེར་བ་དང།། ལཱ་མ་ལྗང་ལ་སེར་བ་སྟེ། །དུམ་སྐྱེས་མ་ནི་དམར་ལ་སེར། །ཞལ་གཅིག་པ་ལ་ཕྱག་བཞི་པ། །བཅོམ་ལྡན་མགོན་པོ་ཞལ་བཞི་པ། །ཞབས་བཞི་པ་ལ་ཕྱག་བཞི་པ། །ཐོད་པ་ དང་ནི་ཁ་ཊཱཾ་འཛིན། །དྲིལ་བུ་རྡོ་རྗེས་ལེགས་པར་མཚོན། །ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། །སྣ་ཚོགས་རྡོ་རྗེས་མཚན་པ་སྟེ་།ཞི་བ་ཟླ་བ་ཕྱེད་པ་འཆང། །མི་འཁྲུགས་པ་ནི་སྤྱི་ གཙུག་འཆིང། །རྟག་པར་གསང་བའི་གོས་མནབས་ཤིང། །ཐོད་པའི་ཕྲེང་བས་རྣམ་པར་བརྒྱན། །ཕག་མོའི་ཞལ་མཚན་དེ་ཡིན་ཏེ། བྱི་པ་གཉིས་ཀྱིས་ལེགས་འཁྱུད་ ཅིང། །གཅེར་བུ་དབུ་སྐྲ་གྲོལ་བ་ལ། །སྤྱན་གསུམ་པ་ལ་ལེགས་ཆགས་འཁྲིལ། །འཇིགས་བྱེད་དང་ནི་དུས་མཚན་ཉིད། །ཞབས་ཀྱིས་རྣམ་པར་གནོན་པ་སྟེ། །གཡས་བརྐྱང་ བ་ཡི་གནས་པས་བཞུགས། །སྐུ་ལུས་ཕྱག་རྒྱ་དྲུག་འཇིན་ཅིང། །མཆེ་བ་རྣམ་པར་གཙིགས་པ་དང། །ཐུགས་རྗེའི་ཆགས་པས་རྣམ་པར་མྱོས་།གཡས་པ་དཀར་ཞིང་གཡོན་ [291A]༄༅། །ལྗང་གུ༑ ༑སྟེང་ནི་སྔོ་སྐྱ་སྐུ་ལུས་དཀར། །གཟུགས་ཅན་མ་ནི་བྷ་གར་བརྟག་ཨཱ་ལི་ཀཱ་ལི་བྷ་གའི་མཆོག་གཞན་ཡང་ཟུར་གསུམ་དབུས་དག་[?] ཏུ༑ ༑པདྨའི་འཁོར་ལོ་རྣམ་པར་བསྒོམ། །ཐུགས་ཀྱི་འཁོར་ལོའི་དབུས་སུ་ནི། །སྣ་ཚོགས་པདྨ་དག་ཏུ་བརྟག་དབུས་སུ་ཧེ་རུ་ཀ་ཕག་མོ་།འདབ་མར་མཁའ་འགྲོ་མ་ སོགས་དགོད། །ཟུར་དུ་ཐོད་པ་དཀར་པོ་དག་ཐུགས་ཀྱི་འཁོར་ལོ་མཁའ་ལ་སྤྱོད། །ཤར་གྱི་ཟུར་ལ་སྐུ་འཁོར་ལོ། །རླུང་གི་ཟུར་གྱི་འཁོར་ལོ་ལ། །ཁྭ་གདོང་ལ་སོགས་ རྣམ་བརྒྱད་དོ། །གསུང་གི་འཁོར་ལོ་བདེན་བྲལ་ཟུར། །འཁོར་ལོ་བཞི་པོ་ཟུར་གསུམ་ལ། །ཤར་ནི་སྐུ་ཡི་མཁའ་འགྲོ་སྟེ། །རླུང་ཕྱོགས་གཤིན་རྗེའི་མཁའ་འགྲོའོ། ། བདེན་བྲལ་གསུང་གི་མཁའ་འགྲོ་སྟེ། །དབུས་སུ་རྡོ་རྗེ་ཧེ་རུ་ཀ་།སྔོ་ཞིང་དཀར་པོ་དུད་ཀ་དང། །སྔོ་ཞིང་དམར་བ་བཞི་པོ་ཡིན་།རང་གི་ཕྱག་མཚན་མཉམ་པར་ལྡན། ། གཞན་དུ་རང་བདག་མདོག་དེ་བཞིན། །ཐུགས་ཀྱི་འཁོར་ལོའི་མཁའ་འགྲོ་མ། །དམར་བའི་མདོག་ཅན་རྣམ་པར་བསམ། །དཔའ་བོའི་མདོག་ནི་ནག་པོ་ལ། །གཉིས་མེད་ འཁྱུད་པའི་སྦྱོར་བའོ། །སྐུ་ཡི་འཁོར་ལོའི་དཔའ་བོ་དག་སྐུ་ལུས་དཀར་པོ་རྣམ་པར་བསམ། །མཁའ་འགྲོ་མ་ནི་སེར་པོའི་མདོག་དཔའ་བོ་གཉིས་ནི་རབ་ཏུ་སྦྱོར། །ཁྭ་ [291B] །གཟུགས་གཉིས་ཕྱེད་ནི་བུད་མེད་ཉིད། །རང་གི་ཐབས་དང་ལྷན་ཅིག་ཏུ། །དགྱེས་ཤིང་ཆགས་པས་རྣམ་པར་མྱོས། །གསུང་གི་འཁོར་ལོའི་དཔའ་ བོ་དམར། །མཁའ་འགྲོ་མ་ནི་ལྗང་གུའོ། །སྔར་བཤད་རིམ་པའི་མཚན་མ་རྣམས། །དེ་ཡང་རིགས་ཀྱི་དབྱེ་བས་སོ། །ཐམས་ཅད་ཡི་དྭགས་གདན་ལ་བཞུགས། །མགོ་བོའི་ཕྲེང་བས་རྣམ་ པར་བརྒྱན། །ཐམས་ཅད་ཕྱག་རྒྱ་ལྔ་འཆང་ཞིང། །ཕྱག་རྒྱ་དྲུག་གིས་བདག་པོ་དགོད། །ཐམས་ཅད་རང་རིགས་ཅོད་པན་ཅན། །ཇི་ལྟ་བ་ཡི་རིམ་པས་བསྒོམ། །མཁའ་འགྲོའི་དུས་ཀྱི་སྦྱོར་ བ་ཡིས། །ཇི་ལྟའི་རྗེས་སུ་རྣམ་བསྒོམས་ནས། །གོ་ཆའི་གསང་སྔགས་དགོད་པར་བྱ། །སྐུ་གསུང་ཐུགས་ཀྱི་རིམ་པ་དག་སྔར་བཤད་ཆོ་གའི་སྦྱོར་བ་ཡི། །དཔའ་བོའི་ཡན་ལག་རིམ་པ་བསྒོམ། ། གསང་ཞིང་སྦ་བའི་ཞི་གནས་ནི། །མཁའ་འགྲོ་མ་ཡི་བདེ་འཁོར་ལོ་།རྟག་ཏུ་མཉམ་པར་བཞག་ནས་སུ། །སྦྱོར་བའི་མཆོག་ནི་རྟག་ཏུ་བསྒོམ། །འདི་ནི་སུ་ལའང་མི་བསྟན་ཏེ། །དེ་ཉིད་སུ་ ལའང་བརྗོད་མི་བྱ། །དབང་པོ་གཉིས་ཀྱི་སྦྱོར་བ་དག་རྟག་ཏུ་བསྒོམས་ན་དངོས་གྲུབ་འགྱུར། །དམ་ཚིག་རྟག་ཏུ་བསྲུང་བྱ་ཞིང་།བཟའ་དང་བཅའ་བའང་སྤྱད་པར་བྱ། །འགྲོ་ཞིང་འགྲོ་ ཞིང་དུས་ཀུན་ཏུ། །འཆར་ནུབ་དག་ཏུ་རྣམ་པར་སྤྱད། །གང་ཞིག་ཡེ་ཤེས་འདི་ཉན་པ། །སྔགས་པས་མྱུར་དུ་འགྲུབ་པར་འགྱུར། །མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས། གསང་ [292A]༄༅། །བ་སྦྱོར་བའི་སྒོམ་པའི་ལེའུ་སྟེ་ལྔ་བཅུ་རྩ་ལྔ་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །གསང་བའི་ཡེ་ཤེས་མཆོག་གྱུར་པ། །རིག་ ལྔ་གསང་སྔགས་རྒྱ་ཆེ་བའི། །སྒོམ་པ་བདག་གིས་བཤད་པ་ཡིན་།ལོག་པའི་ཤེས་པའི་ཤེས་པ་ཅན། །གང་ལའང་ཁྱོད་ཀྱིས་བཤད་མི་བྱ། །བླ་མའི་རིམ་ལས་ཇི་ལྟར་བསྟན། ། གང་གིས་མྱུར་དུ་ཤེས་འགྱུར་བ། །སྐྱེ་བ་བྱེ་བ་སྟོང་ཕྲག་ཏུ་།སྒྱུ་འཕྲུལ་ཡེ་ཤེས་ཀྱིས་བསྐུལ་ཞིང། །དད་པ་ཡང་དག་བསྐྱེད་པ་དང། །རྣལ་འབྱོར་སྤྱོད་ཚུལ་གནས་པ་ཡིན། ། ལྐུག་ཅིང་གླེན་ལ་སྡིག་ངན་ཅན། །བྱིས་པའི་ཤེས་པའི་ཤེས་པ་ཅན། །སེམས་ཅན་ཡོངས་སུ་མ་སྨིན་དང། །ཕྱི་རོལ་བསྟན་བཅོས་ཀྱིས་འཚལ་བ། །དེ་དག་ཀུན་གྱིས་ མི་ཤེས་ཏེ། །མི་ཤེས་མུན་པས་ཁེབས་པ་དང། །ཁེངས་པ་ལ་ནི་རྟག་པར་དགའ། །ང་རྒྱལ་ལ་སོགས་གདུག་སེམས་ལྡན། །དེ་ཀུན་གྱིས་ཀྱང་སངས་རྒྱས་ཀྱི། །སྤྱོད་ཡུལ་གསང་ བ་མི་ཤེས་སོ། །ཧེ་རུ་ཀ་དཔལ་ཡང་དག་འཇུག་སློབ་དཔོན་བདག་ཉིད་ཆེན་པོ་ཡིས། །མྱུར་དུ་དངོས་གྲུབ་སྐྱེད་བྱེད་དེ། །འཕྲལ་དུ་ཡིད་ཆེས་བྱེད་པ་ཡིན། །སྣ་ཚོགས་ སྡོམ་པ་ཤེས་པ་ཡིས། །ཆོ་གའི་བྱ་བ་བསྟན་པར་བྱ། །སྲིད་པ་གསུམ་པོ་མ་ལུས་ནི། །དེ་ནི་ཀུན་མཁྱེན་བསྟན་པ་ཤེས། །མཐོང་བ་དང་ནི་རེག་པ་དང། །ཐོས་པ་དང་ནི་དྲན་ [292B] ༑སྡིག་པ་ཀུན་ལས་གྲོལ་འགྱུར་པ། །དེ་ལྟར་དེ་ནི་ཐེ་ཚོམ་མེད། །ལྷ་རྣམས་ལྡོག་སྟེ་བཀོད་པ་དང། །སྔགས་ཀྱི་དབྱེ་བ་བཟློག་པ་དང། །དཀྱིལ་འཁོར་ཀུན་ཡང་བཟློག་ པ་དང༑ ༑སོ་སོ་བསྒོམ་པའང་མི་བྱ་སྟེ། །བཟློག་པའི་ཡི་གེ་བཏུས་ནས་ནི། །སྒོམ་པ་གསང་བ་བཟློག་པ་དེ། །སྙིང་པོ་ཐམས་ཅད་སྒྲུབ་པ་ཡིན། །རྟོག་པ་ཐམས་ཅད་བསྡུས་པ་ དང༑ ༑རྒྱུད་རྣམས་ཀུན་གྱི་སྤྱི་ཡི་ནི། །སེམས་ནི་ཡོངས་སུ་སྨིན་པ་དག་འདིར་ནི་སྦྱོར་སོགས་སྔགས་རྣམས་ཀྱི། །དམ་ཚིག་དེ་ལྟར་བསྟན་པ་ཡིན། །བདེ་གཤེགས་དབུགས་ འབྱིན་གསུངས་པ་ཡིན། །དག་པའི་ལུས་ནི་སྐྱོན་མེད་པ། །བསོད་ནམས་ཆུང་བའི་སྔགས་པས་ཀྱང། །ང་དགའ་བས་ནི་རྙེད་པར་འགྱུར་།དེ་ན་བསྲུང་མེད་བཟའ་བ་མེད། །དཀྱིལ་འཁོར་ དཀྱིལ་འཁོར་བདག་པོ་མེད། །བཟླས་དང་བརྟུལ་ཞུགས་སྦྱིན་སྲེག་མེད་།མདོར་ན་སེམས་བསྡུས་ཚུལ་ཅན་ཡིན། །གཟུང་བྱས་རྣམ་ཤེས་ཡེ་ཤེས་ནི། །བླ་མས་བསྟན་ལས་བརྩོན་ ལས་ཏེ༑ ༑ཕྱི་རོལ་གྱི་ནི་བསྟན་བཅོས་ལ། །ལམ་དེ་ཤིན་ཏུ་རིང་བ་ཡིན། །རྣལ་འབྱོར་པ་རྣམས་ཐབས་ཀྱིས་ནི། །བླ་མའི་བསྙེན་བཀུར་ལ་བརྩོན་པ། །སྟོན་པའི་མཚན་ཉིད་བསྟན་པ་ དང༑ ༑དཔའ་བའི་དེ་ཉིད་བསྟན་པ་ཡིན། །སྐད་ཅིག་རྣམ་པར་རྣལ་འབྱོར་བདག་སྐད་ཅག་རྣམ་པར་ཕྱག་རྒྱར་ལྡན། །ཀུན་ནས་ཐམས་ཅད་སྐད་ཅིག་སྟེ། །སྐད་ཅིག་གིས་ནི་གསང་ [293A]༄༅། །སྔགས་བརྗོད། །པུས་མོས་ལ་བཙུགས་ནས་སུ། །བདག་ཉིད་ཀྱིས་ནི་གསོལ་བ་གདབ། །བཅོམ་ལྡན་ལྷ་མོས་ཞུས་པ་ནི། །གོ་འཕང་རྒྱ་ཆེ་ གཉིས་མེད་པ། །འདི་ནི་འབྱུང་པོ་ཀུན་ལ་གནས། །རྒྱུ་བ་དང་ནི་མི་རྒྱུ་རོལ། །རྡོ་རྗེ་སྙིང་པོས་གསུངས་པ་ནི། །ཅི་རིགས་བཤད་ཀྱི་ལེགས་པར་ཉོན། །བརྟགས་པའི་ཡིད་ ཀྱིས་གཟུང་བར་གྱིས། །ཐམས་ཅད་བདག་ཉིད་རྟག་བཞུགས་པར། །གང་ཞིག་སྔར་ནི་བཤད་པ་ཉིད། །དཀྱིལ་འཁོར་ལུས་ནི་ཡིན་པར་བཤད་།དེ་ནི་སྒོ་དགུ་དག་ཏུ་ འགྱུར། །དེ་ལ་ལྟེ་བའི་འཁོར་ལོ་ཆེ། །ཐམས་ཅད་མཁྱེན་པ་ཞེས་བྱར་བཤད། །རྡོ་རྗེ་ཅན་ནི་དེར་ཞུགས་པ། །ཆ་མེད་ཆ་ནི་རྣམ་སྤངས་པ། །ལུས་ཅན་རྣམས་ཀྱི་ ནང་ན་རོལ། །ལུས་ལས་འདས་ཤིང་གོས་པ་མེད། །ལ་ལར་གཟུགས་ཅན་དག་ཏུ་བཞུགས། །ལ་ལར་སྣ་དང་དག་དག་དང། །ལ་ལར་རྣ་བར་སྒྲ་དག་དང། །ལ་ ལར་དྲི་ཆེན་རྡོ་རྗེ་ཆུ། །ལ་ལར་ཚོར་བར་བཅས་པའི་སེམས། །ལ་ལར་སྒོམ་དང་ལ་ལར་བཀྲེས། །ལ་ལར་ཁྲོ་དང་ལ་ལར་ཞི། །ལ་ལར་བདེ་ལ་རྣམ་པར་གཟིགས། །ལ་ ལར་བུད་མེད་འདོད་ཆགས་ཏེ། །ལ་ལར་གསོད་དང་འཇོམས་པ་སྟེ། །ལ་ལར་རོལ་མོ་རྡུང་བར་མཛད། །ལ་ལར་མེ་ཏོག་འབྲས་བུར་གནས། །ལ་ལར་རོལ་ཅིང་སྤྱོད་ [293B] །ལ་ལར་སྲོག་ཏུ་རྣམ་པར་གནས། །ལ་ལར་ས་དང་ཆུ་དང་མེ། །ལ་ལར་འབྱུང་བ་ཆེན་པོ་ལྔ། །ལ་ལར་རིགས་ཀྱི་བྱེ་བྲག་གིས། །བྲམ་ཟེ་དང་ནི་གདོལ་པ་ དང། །ལ་ལར་མ་དང་སྲིང་མོ་རུ། །ལ་ལར་ཆུང་མ་བུ་མོ་རུ། །ལ་ལར་ཚངས་དང་དབང་ལྡན་དང། །ཁྱབ་འཇུག་དང་ནི་ཉི་མ་ཉིད་།ལ་ལར་ཟླ་བ་སྐར་མར་བཅས། ། ལ་ལར་ཉིན་དང་མཚན་མོར་གྱུར། །ལ་ལར་ཁམས་གསུམ་པ་རྣམས་ཀུན་།བྱེད་པ་པོ་དང་མི་ཟད་རྒྱལ། །ལ་ལར་ཞི་བའི་དབང་གིས་ཞུམ་།མི་གསལ་སྟོང་པའི་རྡོ་ རྗེ་ཅན། །ལ་ལར་བྱང་ཆུབ་ཆེན་པོར་གཤེགས། །ལ་ལར་ཕ་རོལ་བདུད་ལས་རྒྱལ། །ལ་ལར་བྱིས་པའི་རང་བཞིན་ཉིད། །ལ་ལར་རྒས་ཤིང་འཁོགས་པའོ། །ལ་ལར་ ནད་ཆེན་གྱིས་ཟིན་པ། །ལ་ལར་རྒྱུ་དང་མི་རྒྱུ་བ། །ལ་ལར་སྔོ་དང་ལེ་བརྒན་དང། །ལ་ལར་དཀར་དང་སེར་བའོ། །ལ་ལར་སངས་རྒྱས་རྣམ་སྣང་མཛད། །ལ་ལར་སྒྲོལ་ མ་གོས་དཀར་མོ། །ལ་ལར་སྤྱན་དང་མཱ་མ་ཀཱི། །ལ་ལར་དཀའ་ཟློག་ཞི་བ་མོ། །ལ་ལར་འདབ་ཆགས་མཁའ་ལྡིང་དང། །ནམ་མཁའ་དང་ནི་མཁའ་འགྲོ་ཉིད། །ལ་ལར་ཀླུ་ དང་སྦྲུལ་ཆེན་པོ། །ལ་ལར་སྨད་འཚོང་སྤྲེའུ་དང་ནི། །ལ་ལར་རྨི་ལམ་མཐོང་བ་དང། །ལ་ལར་གཉིད་ཀྱིས་ལོག་པ་ནས། །ལ་ལར་རླུང་དང་མཁྲིས་པ་དང། །ལ་ལར་ [294A]༄༅། །ཁྲག་དང་པགས་པར་འགྱུར། །ལ་ལར་མྱ་ངན་དུ་བ་དང་།ལ་ལར་སྲེག་པའི་མེ་དག་ཡིན། །ལ་ལར་མཐོ་རིས་སྐྱེ་བ་སྟེ། །རྣམ་ པར་འཕྲུལ་པ་འདི་ལྟ་བུ། །ཐམས་ཅད་བདག་ཉིད་བཞུགས་འདི་ལ་།ལྷ་གང་ཆ་ནི་རྣམ་སྤངས་པའི། །དེ་ཡི་སྒྱུ་མའི་སྣ་ཚོགས་འདིའོ། །རྟག་པ་མིན་པ་རྡོ་རྗེ་ཅན། ། གཟུགས་མེད་པར་ནི་བྷ་གའི་ནང། །ལྟེ་བའི་ནང་ན་པདྨ་ཆེ། །བཅུ་དྲུག་ཐིག་གིས་ཐིག་གདབ་པར། །ཡི་གེ་དང་ཡང་མཉམ་སྦྱོར་བས་།ཁ་སྦྱོར་བྱ་བ་བྱས་པ་ཡིན། །དེ་ དབུས་རྟག་ཏུ་གསང་པ་ཆེ། །འབྱིན་དང་སྡུད་པར་བྱེད་པའོ། །དེ་ཉིད་རང་ཉིད་རྡོ་རྗེ་ཅན། །གཅིག་པུ་རང་བྱུང་ཆེ་བའི་ལྷ། །དེ་ནི་སངས་རྒྱས་ཀུན་དངོས་ཞེས། ། མཚན་ནི་རབ་ཏུ་བཤད་པ་ཡིན། །གསང་བའི་མཆོག་གི་དགྱེས་པ་ན་།ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཐམས་ཅད་མཁྱེན་པས་འདི་བཤད་པའམ། །མི་ འགྱུར་བ་ཡི་ལམ་བཤད་པ། །སྐྲ་ནི་ཉག་མ་བརྒྱ་ཡི་ཆ། །མཆོག་གི་གཟུགས་ཅན་བསམ་པ་སྟེ། །སྟོང་པ་མ་ཡིན་དམིགས་སུ་མེད། །ཡི་གེ་མེད་ཅིང་སྟོང་པའང་མེད། ། གོས་པ་མེད་ཅིང་ས་བོན་མེད། །གཟུགས་མེད་མཚན་མའང་མེད་པ་སྟེ་།རྣམ་ཤེས་རང་གི་དངོས་པོ་ནི། །རྣམ་ཤེས་ཡེ་ཤེས་དག་ཏུ་གཟུང་།ཐམས་ཅད་གསལ་བྱེད་ [294B] །དང་པོའི་མཚན་མ་དག་ཏུ་བལྟ། །གསལ་བྱེད་གློག་གི་ཆ་ཙམ་སྟེ། །མཚན་མ་གཉིས་པ་དག་ཏུ་བརྟག་དཀར་པོའི་འོད་ཀྱི་ཚུལ་ཅན་ནི། །ཕྱོགས་བཅུ་དག་ཏུ་བལྟ་བྱས་ ཏེ༑ ༑ཉོན་མོངས་འབྱིན་པ་གསུངས་པ་ཡིན། །རྣལ་འབྱོར་པ་ཡིས་རྣམ་པར་བརྟག་འདོད་པའི་ལྷ་ཡི་ལོངས་སྤྱོད་ནི། །བཞི་པ་རྣམ་ཤེས་དག་ཏུ་བསྟན། །གཟུགས་དང་རེག་ སོགས་ལྷ་མོ་ནི། །ཕྱོགས་ཀྱི་ཡེ་ཤེས་ལྔ་པོ་ཡིན། །དྲུག་པ་གཟུགས་མེད་ཡེ་ཤེས་ཏེ། །བདུན་པ་དག་ནི་ཆོས་ཀྱི་དབྱིངས། །བརྒྱད་པར་རང་ཉིད་འདོད་བཞིན་དུ། །སངས་ རྒྱས་འབྲས་བུ་དག་ཡིན་ནོ། །སྦས་པ་ལྟ་དང་ལག་པ་དང། །འཁྱུད་དང་གཉིས་གཉིས་ལ་སོགས་པ། །དེ་བཞིན་གཤེགས་པས་དབུགས་འབྱིན་གསུངས། །དགུ་པ་ བླ་མ་བླ་མ་སྟེ། །ཐམས་ཅད་འདིར་ནི་བསྟན་པ་ཡིན། །རྣམ་པ་གཞན་དག་རྩྭ་དང་འདྲ། །དེ་ཉིད་སྲོག་ཆགས་རྣམས་ཀྱི་སྲོག་དེ་ཉིད་མི་འགྱུར་དམ་པ་ཡིན། །དེ་ཉིད་ཐམས་ ཅད་ཁྱབ་བྱེད་དེ། །ལུས་ཀུན་ལ་ནི་རྣམ་པར་གནས། །དེ་ཉིད་སངས་རྒྱས་ཡེ་ཤེས་ཏེ། །ཧེ་རུ་ཀ་དཔལ་ཡིན་པར་བཤད། །སྐྱེས་པ་མ་ནི་ང་ལ་སོགས་ཉིད། །ཕྲ་བའི་སྙིང་ པོའང་འཛིན་པ་ཡིན། །ཡེ་ཤེས་དག་ཏུ་འབྱུང་དེ་ལ། །གང་ཞིག་ས་ལ་གནས་རྣམས་དང། །བསྟན་བཅོས་དག་ནི་མ་ལུས་དང། །རིག་བྱེད་གྲུབ་མཐར་གནས་པ་ [295A]༄༅། །རྣམས༑ ༑འཇིག་རྟེན་འདི་དང་གཞན་དག་ཏུ། །དེ་མེད་པར་ནི་འགྲུབ་མི་འགྱུར། །རིག་བྱེད་གྲུབ་པའི་མཐའ་རྣམས་ལ། །འདི་ནི་སྙིང་པོ་རབ་ཏུ་བཤད། ། འདུག་དང་ལྡང་བ་ཉིད་དང་ནི། །འཇུག་པ་རྫོགས་པ་ཉིད་དག་དང། །བྱིན་གྱིས་བརླབས་དང་དབང་བསྐུར་དང། །ཏིང་འཛིན་མཆོད་པ་བསྡུས་པ་ཡིན། །དེ་ནས་ཆོ་ག་མིང་གཞན་ པ༑ ༑ཐབས་དང་ཤེས་རབ་གཉིས་མེད་པ། །དེ་ཉིད་དུ་ནི་ཀུན་སྐྱེས་པ། །འབྱིན་དང་སྡུད་པར་བྱེད་པ་ཡིན། །ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ ཨཿ། ཀ་ཁ་ག་གྷ་ང། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ་ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ་ཨོཾ་ཧཱུཾ་ཧཱུཾ་ཕཊ། འདི་ནི་བཅོམ་ལྡན་ལྷ་དེ་ཡིན། །མཆོག་ ཉིད་ལྷག་པར་གནས་པ་ཡིན། །ལྷ་ཀུན་གྱི་ནི་བསྐྱེད་པ་དང། །སྒྲུབ་བྱས་དེ་བཞིན་ཤེས་བྱས་ནས། །དོན་དམ་མཆོག་ཀྱང་དེ་བཞིན་ཏེ་།བརྒྱད་ཅུ་རྩ་བཞི་ཐེག་པ་སྟེ། །སྔགས་ ཀྱི་སྤྱོད་པ་ལ་གནས་ན། །དེས་ནི་འདི་ནི་ངེས་རྒྱལ་ཏེ། །ཐམས་ཅད་ཤེས་རབ་ཐབས་ཀྱིས་འགྲོ། །ཐོག་མར་གསང་སྔགས་བརྗོད་པར་བྱ་།དགེ་དང་མི་དགེ་གང་ཡིན་པ། །དེ་ནི་ལྷ་ ཚོགས་རྒྱན་ཡིན་ཏེ། །སྐ་རགས་གནས་རྣམས་ཐམས་ཅད་ཡིན། །རྟག་ཏུ་འདི་ནི་འཛིན་བྱེད་པ། །ཆོས་རྣམས་ཐམས་ཅད་རྟོགས་པ་ཡིན། །ཨཱ་ལི་ཀཱ་ལི་མདུན་བསམས་ན། །རྣལ་ [295B] །བསམ་གྱིས་མི་ཁྱབ་སེམས་ཉིད་དེ། །སེམས་ཀྱང་བརྟག་པར་མི་བྱའོ། །སེམས་དེ་ཉིད་ཀྱང་མི་བསམ་སྟེ། །དེས་ན་འཛིན་པ་ཐོབ་པར་འགྱུར། །གང་ གིས་རྒྱུད་ཀུན་ལས་གསང་བ། །ཁྱོད་ལ་ཡང་ནི་བཤད་པ་ཡིན། །འདི་ནི་འབད་པས་སྦ་བྱ་སྟེ། །གཉིས་མེད་གཉིས་སུ་མེད་པའི་སྡོམ། །རྣལ་འབྱོར་མ་སོགས་ཐམས་ཅད་དང། །དཔའ་བོའི་ ཡན་ལག་ཐམས་ཅད་ཀྱི། །རྣལ་འབྱོར་པ་ཡིས་འབྲས་བུ་ཐོབ། །སྲིད་པའི་ནང་ནས་འབྱུང་བ་ཡིན། །བླ་མའི་རྒྱུད་ཀྱི་ཐབས་ལ་ནི་།བསྙེན་བཀུར་མེད་པ་ལ་མི་བཤད། །གལ་ཏེ་བཤད་ན་ སྡུག་བསྔལ་ཞིང། །སྡུག་བསྔལ་གྱིས་ནི་སེམས་ཀྱང་འཁོར། །སེམས་ནི་རྣམ་འཁོར་རྣལ་འབྱོར་པ། །མྱ་ངན་འདས་པ་མི་མཐོང་ངོ། །ཇི་ལྟར་བུད་མེད་བྱིས་གཏམ་རྗེས་ཡི་རང། །ཀུན་སྨྲ་ བསྟེན་པའི་གཏམ་ཡང་རྗོད་པར་བྱེད། །ལམ་ཡང་མ་བཤད་འཆིང་བར་འགྱུར་བ་ཡིན། །རྣལ་འབྱོར་ལམ་ངན་དེ་དང་འདྲ་བར་བཤད། །ཧེ་རུ་ཀ་དཔལ་སྐུའི་ཡན་ལག་སྐུ་ཀུན་བརྟན་ གཡོ་བདག་ཉིད་ཅན། །གནས་ནི་རབ་ཏུ་དགའ་བའི་ས། །དེ་བཞིན་ཉེ་གནས་དྲི་མ་མེད། །ཞིང་ནི་འོད་བྱེད་ཤེས་པར་བྱ། །ཉེ་བའི་ཞིང་ནི་འོད་འཕྲོ་བ། །འདུན་པ་མངོན་དུ་གྱུར་པ་ཉིད། ། ཉེ་བའི་འདུན་པ་སྦྱང་དཀའ་བ། །འདུས་པ་རིང་དུ་སོང་བ་ཡིན་།ཉེ་བར་འདུས་པ་མི་གཡོ་བ། །དུར་ཁྲོད་ལེགས་པའི་བློ་གྲོས་ཉིད་།ཉེ་བའི་དུར་ཁྲོད་ཆོས་ཀྱི་སྤྲིན། །ཤྲཱི་ཧེ་རུ་ཀའི་ [296A]༄༅། །གཞུང་སྤྱོད་བ། །འདི་ནི་ནང་གི་བདག་ཉིད་ཅན། །ཕ་རོལ་ཕྱིན་བཅུ་ས་རྣམས་ནི། །རྣལ་འབྱོར་མ་ནི་བརྡ་ཡི་སྐད། །མཐོ་རིས་ས་སྟེང་ས་འོག་ཏུ། །དཔའ་ བོའི་ཡན་ལག་བརྟན་གཡོའི་བདག་ཐོགས་མེད་དུས་སུ་གང་བསྟན་པ་།ཕྱི་ནང་བདག་ཉིད་ཅན་དུ་གནས། །དཔལ་ལྡན་ཁྲག་འཐུང་རྒྱལ་པོ་ཆེ། །འདོད་པ་ཀུན་གྱི་དབང་ཕྱུག་ གཙོ༑ ༑ཀུན་ཏུ་ཕྱག་དང་ཞབས་ལྡན་ཞིང། །ཀུན་ཏུ་མིག་དང་མགོ་བོའི་ཞལ། །ཀུན་ཏུ་ཐོས་ལྡན་འཇིག་རྟེན་ན། །ཐམས་ཅད་གཡོགས་ཏེ་རྣམ་པར་བཞུགས། །དེ་ནས་དངོས་ གྲུབ་བསྒྲུབ་བྱ་བ། །བསམ་གཏན་ལྡན་པའི་སེམས་ཀྱིས་ཏེ། །སྒྲུབ་པ་པོ་ལ་ཕན་པའི་ཕྱིར། །གསང་བའི་དེ་ཉིད་གསུངས་པ་ཡིན། །དེ་ནས་གཞན་ཡང་བཤད་བྱ་བ། །མན་ངག་ ཤིན་ཏུ་རྙེད་དཀའ་སྟེ། །དཔའ་བོའི་བརྡ་ཡི་སྐད་དུ་ནི། །ང་ཡིས་རྒྱུད་དུ་སྦས་པ་ཡིན། །གོས་ནི་ཕྱག་རྒྱ་ལྔ་ལ་སོགས། །ཤེས་རབ་ཡན་ལག་ཕུར་བུ་དྲ། །ཨཱ་ལི་ཀཱ་ལི་ཞེས་ བརྗོད་པ། རྒྱུ་ལ་སོགས་སྟོང་སྔོན་འགྲོ་ཡིན། །འཇུག་པ་སྒྲ་ལ་སོགས་པ་ནས། །ཇི་སྲིད་བསྡུས་པའི་སྦྱོར་ལྡན་ཉིད། །བདུད་རྩི་ཚིམ་བྱེད་མྱ་ངན་འདས། །ལག་པའི་མཆོད་ པས་དབང་བསྐུར་བ། །གོ་ཆ་ཆེན་པོས་ཡང་དག་བསྲུང། །སྔགས་རྣམས་ཀུན་གྱིས་མཆོད་པ་ཡིན། །དེ་ལྟར་དེ་ཉིད་བཅུ་བཞི་ནི། །མདོར་བསྡུས་ནས་ནི་བཤད་པ་ཡིན། །མི་ [296B] །སྡིག་པ་ཐམས་ཅད་རྣམ་དག་བདག་དེ་བཞིན་གཤེགས་པའི་ས་ཐོབ་ཅིང། །སྐྱེ་དང་དགའ་བར་བདེ་གཤེགས་ཀྱི། །རིགས་སྐྱེས་རྒྱལ་པོ་ཆོས་ལྡན་ འགྱུར༑ ༑དེ་ལྟར་ཆ་ག་ལྡན་རྒྱས་ན། །དངོས་གྲུབ་ཐམས་ཅད་རབ་ཏུ་སྩོལ། །ཟླ་བ་ཉ་ལ་ས་སྟེང་དུ། །འདི་ལྟར་རྣལ་འབྱོར་པས་བསྒོམས་ན། །དེ་ཡི་བསོད་ནམས་གྱུར་པ་ཡིན། །ལྷ་ ཀླུ་མི་ལ་སོགས་པ་ཀུན། །དེ་ཡི་བསོད་ནམས་གང་གྱུར་དེས། །བདག་གཞན་ཡང་དག་ཡེ་ཤེས་ལྡན། །བསམ་གཏན་སེམས་པ་ཙམ་གྱིས་སམ་།ཀློག་ཅིང་འདོན་དང་བྲིས་པ་ ཡིས། །མཐོ་རིས་ལོངས་སྤྱོད་ཐོབ་འགྱུར་བའམ། །ཡང་ན་འཁོར་ལོས་བསྒྱུར་བ་འཐོབ། །རྣལ་འབྱོར་མ་རྣམས་འཕོ་བའི་ཚེ། །དཔལ་ལྡན་ཁྲག་འཐུང་སོགས་མཁའ་འགྲོ། །ལག་ ན་མེ་ཏོག་སྣ་ཚོགས་ཐོགས། །རྒྱལ་མཚན་བ་དན་སྣ་ཚོགས་དང་།རོལ་མོའི་སྒྲ་ནི་སྣ་ཚོགས་དང། །སྣ་ཚོགས་གླུ་ཡིས་མཆོད་པས་མཆོད། །འཆི་བ་ཞེས་བྱའི་རྣམ་རྟོག་འདི། །མཁའ་ ལ་འགྲོ་བའི་གནས་སུ་འཁྱེར། །དེ་འདྲའི་དཔལ་ཆེན་རྣལ་འབྱོར་པ་།ས་སྟེང་དུ་ནི་རྙེད་པར་དཀའ། །མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས། གསང་བའི་ཡི་གེ་བསྐྱེད་ཅིང་སྒྲུབ་ པའི་ལེའུ་སྟེ་ལྔ་བཅུ་རྩ་དྲུག་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །ཆོ་གའི་རིམ་བཞིན་སྔགས་བཏུ་བ། །གཅིག་ཏུ་དབེན་པའི་ས་ཕྱོགས་སུ། །མཁས་པས་ས་ནི་ [297A]༄༅། །མཉམ་ནས་སུ། །བཤང་གཅི་ཡིས་ནི་ཕྱུག་པར་བྱ། །མཧཱ་རཀྟ་བྱུགས་ནས་ཀྱང། །བདག་ཉིད་ཧེ་རུ་ཀར་བྱས་ནས། །རིགས་ཅན་ཤན་པ་མོ་བླངས་ ནས༑ ༑མེ་ཏོག་ལ་སོགས་གདབ་པར་བྱ། །དཔའ་པོ་ཆེན་པོའི་བདུག་སྤོས་དབུལ། །ཞག་ལ་སོགས་པ་མར་མེ་སྦར། །ཅང་ཏེའུ་དྲིལ་བུ་བརྡུང་བར་བྱ། །གླུ་[?]དང་གར་གྱིས་མཆོད་ པར་བྱ༑ ༑ལྷ་ཡི་རོལ་མོའི་བྱེ་བྲག་དང། །ཕྱོགས་ཀྱི་གོས་ཅན་སྐྲ་གྲོལ་བ། །ལུས་ནི་ཕྱག་རྒྱ་དྲུག་དང་ལྡན། །ཨཱ་ལི་ཀཱ་ལི་མཉམ་བྱས་ཏེ། །སྡེ་ཚན་ལ་ནི་ཐིམ་པར་བྱ། །བཞི་བཞི་ རུ་ནི་ཤེས་བྱས་ལ། །ཐུབ་པའི་མཆོག་གིས་རྒྱས་པར་བྱ། །དེར་གནས་དཔའ་བོ་བཏུ་བར་བྱ། །དོན་འདོད་ཐམས་ཅད་གྲུབ་བྱེད་པ། །བཞི་པའི་ལྔ་པ་གང་ཡིན་དང། །ལྔ་པ་ ཡི་ཡང་ལྔ་བ་དང། །ལྔ་པ་ཡི་ནི་བཞི་པ་དང། །དང་པོའི་གསུམ་པ་གང་ཡིན་དང། །དེ་བཞིན་ཉི་ཤུ་རྩ་དགུ་པ། །བཞི་པའི་དང་པོ་གང་ཡིན་དང། །མཐར་གནས་པ་ཡི་ བཞི་པ་དང། །དེ་ཉིད་ཀྱི་ནི་གཉིས་པ་དང། །སུམ་ཅུ་པ་ནི་ཡང་དག་བླང། །ཉི་ཤུ་དྲུག་པ་ཉིད་དང་ནི། །དེ་བཞིན་བརྒྱ་ཡི་ཕྱེད་ཕྱེད་དང། །དེ་ནས་སུམ་ཅུ་རྩ་གསུམ་དང།། དང་པོའི་དང་པོ་ཉིད་དག་དང། །མཐར་གནས་པ་ཡི་གསུམ་པ་དང་།ལྔ་པ་ཡི་ནི་དང་པོ་དང། །དང་པོ་ཡི་ནི་གསུམ་པ་ཉིད། །སུམ་ཅུ་རྩ་གཉིས་པ་ཉིད་ནི། །བཞི་ [297B] །ལྔ་པ་ཡི་ཡང་བཞི་པ་དང་།མཐར་གནས་པ་ཡི་དང་པོ་དང། །གཉིས་པ་ཡི་ནི་གསུམ་པ་དང་།གསུམ་པའི་དང་པོ་གང་ཡིན་དང། །ལྔ་པ་ཡི་ཡང་ལྔ་པ་དང་ དང་པོ་ཡི་ནི་དང་པོ་དང། །དེ་བཞིན་བཅུ་གཅིག་པ་ཉིད་དང། །དེ་བཞིན་མཁས་པས་བཅུ་དྲུག་པ། །གསུམ་པའི་དང་པོ་གང་ཡིན་དང་།དེ་བཞིན་ཉི་ཤུ་རྩ་དྲུག་པ། །བཞི་བའི་གསུམ་ པ་གང་ཡིན་དང། །ཨུཥྨ་ཡི་ནི་གཉིས་པ་ཉིད། །དང་པོའི་དང་པོ་གང་ཡིན་དང། །དེ་བཞིན་ཉི་ཤུ་རྩ་བདུན་པ། །ཉི་ཤུ་རྩ་བརྒྱད་པ་ཡང་ངོ། །དང་པོ་ཡི་ནི་གསུམ་པ་དང། །ལྔ་པ་ཡི་ ཡང་བཞི་པ་དང། །དེ་བཞིན་སུམ་ཅུ་རྩ་གཅིག་བླང། །བཅོ་ལྔ་པ་ནི་ཉིད་དག་དང། །དེ་བཞིན་ཉི་ཤུ་རྩ་ལྔ་པ། །དང་པོའི་གཉིས་པ་གང་ཡིན་དང། །དེ་བཞིན་ཉི་ཤུ་རྩ་དྲུག་པ། ། ཡི་གེ་སུམ་ཅུ་རྩ་གཉིས་པ། །ཨུཥྨ་ཡི་ནི་ཐ་མ་ཉིད། །སུམ་ཅུ་རྩ་གཉིས་པ་ཉིད་དང། །ལྔ་པ་ཡི་ནི་བཞི་པ་དང། །གཉིས་པ་ཡི་ནི་བཞི་པ་དང། །ལྔ་པ་ཡི་ནི་བཞི་པ་དང།། ཨུཥྨ་ཡི་ནི་གསུམ་པ་དང། །གཞན་ཡང་ཉི་ཤུ་རྩ་བདུན་པ་།ཨནྟསྠ་ཡི་དང་པོ་དང། །དེ་བཞིན་ཉི་ཤུ་རྩ་གཅིག་པ་།ཨནྟ་སྠ་ཡི་གཉིས་པ་དང། །དེ་བཞིན་ཡང་ནི་སུམ་ ཅུ་པ། །ལྔ་པ་ཡི་ནི་དང་པོ་དང། །ཨུཥྨ་ཡི་ནི་དང་པོ་ཉིད་།དེ་བཞིན་ཡི་གེ་བྱ་ཉིད་དང། །བཞི་པའི་དང་པོ་གང་ཡིན་དང་།ཨུ་ཥྨའི་དང་པོ་གང་ཡིན་དང། །དེ་བཞིན་ཉི་ [298A]༄༅། །ཤུ་རྩ་བརྒྱད་པ། །དང་པོའི་གཉིས་པ་གང་ཡིན་དང་།གསུམ་པའི་དང་པོ་ཉིད་དག་དང། །དང་པོའི་གསུམ་པ་གང་ཡིན་དང། །བཞི་པའི་བཞི་པ་གང་ ཡིན་དང། །ཨནྟ་སྠ་ཡི་གཉིས་པ་དང། །གསུམ་པའི་ཡང་ནི་ལྔ་པ་དང། །ཡི་གེ་བྱ་ནི་དེ་ནས་བླང། །དང་པོ་ཡི་ནི་བཞི་པ་དང་།མཐར་གནས་པ་ཡི་གཉིས་པ་དག་དེ་ནས་བརྒྱད་ པ་ཉིད་དག་དང། །བཞི་པའི་ལྔ་པ་གང་ཡིན་དང། །ལྔ་པ་ཡི་ཡང་ལྔ་པ་དང། །ཉི་ཤུ་རྩ་གསུམ་པ་ཡང་བླང། །དེ་བཞིན་ཉི་ཤུ་རྩ་བདུན་དང། །བཞི་པ་ཡི་ནི་བཞི་པ་དང། ། སླར་ཡང་ཉི་ཤུ་རྩ་བདུན་པ། །དེ་བཞིན་ཉི་ཤུ་རྩ་དྲུག་པ་།ཉི་ཤུ་རྩ་ལྔ་ཡང་དག་བླང། །སུམ་ཅུ་རྩ་གསུམ་ཉིད་དག་དང། །བཞི་པ་ཡི་ནི་བཞི་པ་དང། །ལྔ་པ་ཡི་ནི་ལྔ་པ་ དང། །མཐར་གནས་པ་ཡི་གཉིས་པ་བླང། །བཞི་པ་ཡི་ནི་ལྔ་པ་དང། །བཞི་པ་ཡི་ནི་བཞི་པ་དང། །དང་པོའི་དང་པོ་ཉིད་དག་དང། །དེ་བཞིན་ཉི་ཤུ་རྩ་བདུན་པ། །ཨནྟ་སྠ་ཡི་ བཞི་པ་དང། །དེ་བཞིན་ཉི་ཤུ་རྩ་གཅིག་པ། །ཨུཥྨ་ཡི་ནི་གཉིས་པ་ཉིད། །དེ་བཞིན་ཉི་ཤུ་རྩ་དྲུག་པ། །ཐོག་མ་ཡི་ནི་དང་པོ་དང། །མཐར་གནས་པ་ཡི་གཉིས་པ་ཉིད། ། གཉིས་པ་ཡི་ནི་དང་པོ་དང། །དྲུག་པ་ཡི་ནི་གཉིས་པ་ཉིད། །ཐོག་མ་ཡི་ནི་དང་པོ་དང། །མཐར་གནས་པ་ཡི་གཉིས་པ་དང། །གཉིས་པ་ཡི་ནི་དང་པོ་དང། །བདུན་པ་ [298B] །དྲུག་པ་ཡི་ནི་གསུམ་པ་དང། །བཞི་པ་ཡི་ནི་ལྔ་པ་དང། །བཞི་པ་ཡིས་ནི་སྤྱར་བར་བྱ། །མཐར་གནས་པ་ཡི་བཞི་པ་དང། །ལྔ་པ་ཡི་ནི་ལྔ་པ་ལ། །བཞི་པ་ ཡི་ནི་གནས་སུ་བྱ། །ལྔ་པ་ཡི་ནི་ཐོག་མ་ལ། །སྟེང་དུ་སྦྱར་ཞིང་མེ་དང་བཅས། །ཨུཥྨ་ཡི་ནི་གསུམ་པ་དང། །མཐར་གནས་པ་ཡི་ཐོག་མ་དང། །བཞི་པ་ཡི་ནི་ཐོག་མ་ལ། །གཟི་ བརྗིད་ཅན་གྱིས་གདན་དུ་བྱས། །བདུན་པ་ཡི་ནི་གསུམ་པ་དང། །དྲུག་པ་ཡི་ཡང་དང་པོ་སྟེ། །ཀ་དང་ཤ་ཡི་ཡི་གེ་ནི། །ཐོག་མ་དག་ནི་བླངས་ནས་སུ། །ལྔ་པ་ཡི་ནི་བཞི་པ་དང་ མཐར་གནས་པ་ཡི་དང་པོ་སྟེ། །དེ་བཞིན་ཡང་ནི་བསྡུས་ཏེ་བླང་།དྲུག་པ་ཡི་ནི་བཞི་པ་དང། །བདུན་པ་ཡི་ནི་དང་པོ་དང། །ཨུཥྨ་ཡི་ནི་བཞི་པ་བླང། །བདུན་པ་ཡི་ནི་བཞི་པ་ དག་རྡོ་རྗེ་སེམས་དཔས་ཕྱེ་བ་ཡིན། །ཨུཥྨ་ཎ་ཡི་བཞི་པ་ཉིད་།ཉི་མ་ཡང་ནི་གདན་དུ་བྱས། །བདུན་པ་ཡི་ནི་བཞི་པ་ལ། །མེ་ཡི་འོག་ཏུ་སྦྱར་བར་བྱ། །གཤེགས་སུ་གསོལ་ དང་ཡང་དག་ལྡན། །ལྔ་པ་ཡི་ནི་གཉིས་པ་དང། །དེ་བཞིན་ཉི་ཤུ་གཉིས་པ་ཉིད། །དྲུག་པ་ཡི་ནི་གཉིས་དེ་བཞིན། །བཅུ་གཅིག་པ་དང་ཉི་ཤུ་གཉིས། །གསུམ་པའི་ དང་པོ་བླངས་ནས་ནི། །བཞི་པ་ཡི་ནི་གསུམ་པ་དང། །ཨུཥྨ་ཎ་ཡི་བཞི་པ་ཉིད། །ལྔ་པ་ཡི་ནི་གསུམ་པ་དང། །བདུན་པའི་བཞི་པ་བླང་བར་བྱ། །ཉི་ཤུ་རྩ་གཅིག་དེ་བླངས་ [299A]༄༅། །ནས༑ ༑གཉིས་པ་ཡི་ནི་དང་པོ་དང། །ལྔ་པ་ཡི་ཡང་ཐོག་མ་དང། །གཉིས་པ་ཡི་ནི་ཡི་གེ་དྲུག། ལྔ་པ་ཡི་ནི་བཞི་པ་ལ། །ཀྵ་ཡི་ཡི་གེ་དེ་བཞིན་ནོ། །ཉི་ ཤུ་རྩ་བཞི་དེ་བླངས་ནས། །སླར་ཡང་བསྡུ་བ་བཤད་པ་ཡིན་།ལྔ་པ་ཡི་ནི་གསུམ་པ་དང། །ཨུཥྨ་ཎ་ནི་གསུམ་པ་དང། །མཐར་གནས་པ་ཡི་གཉིས་པ་ཉིད། །ལྔ་པ་ཡི་ནི་ བཞི་པ་དང། །ཉི་མས་སླར་ཡང་གདབ་པར་བྱ། །ཡི་གེ་ཉི་ཤུ་བཏབ་ནས་ནི། །བཅུ་དྲུག་པ་ཡིས་སྟན་དུ་བྱས། །འོག་ཏུ་མེ་ཡི་གཟི་བརྗིད་ཅན། །ལྔ་པ་ཡི་ནི་ལྔ་པ་དང། །མཐར་ གནས་པ་ཡི་གསུམ་པ་དང། །ལྔ་པ་ཡི་ནི་གསུམ་པ་དང། །དྲུག་པ་ཡི་ནི་གསུམ་པ་དང། །མཐར་གནས་པ་ཡི་བཞི་པ་དང། །ཉི་ཤུ་རྩ་ལྔ་པ་ཡིས་དབྱེ། །བཞི་པ་ཡི་ནི་ལྔ་པ་ དང། །གཉིས་པ་ཡི་ཡང་གསུམ་པ་དང། །ཉི་མའི་བུ་ཡིས་རྣམ་པར་དབྱེ། །ཨུཥྨ་ཎ་ཡི་བཞི་པོ་དང། །དང་པོ་ཡི་ནི་གསུམ་པ་ལ། །གཟི་བརྗིད་ཀྱིས་ནི་གདན་དུ་བྱས། །བདུན་ པ་ཡི་ནི་བཞི་པ་དང། །བཅོ་ལྔ་པ་ཡིས་གདན་གཉིས་བྱ། །ཨུཥྨ་ཎ་ཡི་གསུམ་པ་ཉིད། །ལྔ་པ་ཡི་ནི་ཐོག་མ་ལ། །བཅུ་དྲུག་པ་ཡི་གདན་དུ་བྱས། །ཉི་ཤུ་རྩ་གཅིག་དེ་ཡིས་ བླངས། །བཞི་པ་ཡི་ནི་ཐོག་མ་དང། །མཐར་གནས་པ་ཡི་གསུམ་པ་ངང། །གཉིས་པ་ཡི་ནི་གསུམ་པ་དང། །བཞི་པ་ཡི་ནི་དང་པོ་དང་།ལྔ་པ་ཡི་ནི་བཞི་པ་དང། །གསུམ་ [299B] །དང་པོ་ཡི་ནི་གསུམ་པ་དང། །ཨ་ཥྨ་ཎ་ཡི་གསུམ་པ་ཉིད། །ཉི་ཤུ་རྩ་གཅིག་དེ་བཞིན་ཏེ། །ཉི་མ་ཡིས་ནི་མཉམ་པར་མནན། །ལྔ་པ་ཡི་ནི་གསུམ་པ་ དང༑ ༑བཞི་པ་ཡི་ནི་དང་པོ་དང། །གསུམ་པ་ཡི་ནི་གསུམ་པ་ལ་།གཟི་བརྗིད་ཀྱིས་ནི་གསལ་བར་བྱ། །མཐར་གནས་པ་ཡི་ཐོག་མར་ཤེས་།དེར་ཡང་བཅུ་དྲུག་པ་ཡིས་གདབ། ། གཉིས་པ་ཡི་ནི་གསུམ་པ་དང། །དེ་བཞིན་ཉི་ཤུ་རྩ་དྲུག་པ་།དང་པོ་ཡི་ནི་གཉིས་པ་དང། །ཐོག་མ་ཡི་ཡང་དང་པོ་དང་།བཞི་པ་ཡི་ཡང་གསུམ་པ་དང། །ཐོག་མ་ཡི་ཡང་ དང་པོ་དང། །གཉིས་པ་ཡི་ཡང་དང་པོ་དང། །དེ་བཞིན་དུ་ནི་བཅུ་བཞི་པའོ། །བཅུ་བཞི་ཨུཥྨ་བཞི་པ་དང། །ཉི་ཤུ་རྩ་བདུན་གདན་དུ་བྱས། །ཡ་སོགས་བརྒྱད་པོའི་ས་བོན་ དང༑ ༑ཉི་མ་ཡི་ནི་གཟི་བརྗིད་ཅན། །གསུམ་པ་ཡི་ཡང་གསུམ་པ་དང་།བཅོ་ལྔ་པ་ཡིས་གདན་དུ་བྱས། །གཉིས་པ་ཡི་ཡང་གསུམ་པ་དང་།གསུམ་པ་ཡི་ཡང་ལྔ་པ་དང། ། ཀ་ཤའི་ཡི་གེ་ས་བོན་ཏེ། །ཉི་ཤུ་ལྔ་པ་གདན་དུ་བྱས། །སླར་ཡང་བསྡུ་བར་བྱ་བ་སྟེ། །སྐུ་ནི་ལེགས་པ་རབ་ཏུ་བ་སྟེ། །དབང་ཆེན་གྱིས་ནི་གདན་དུ་བྱས། །ཨུཥྨ་ཡི་ནི་བཞི་ པ་དང། །བདུན་པ་ཡི་ནི་བཞི་པ་དང། །ཡ་ཚོགས་བརྒྱད་པའི་ས་བོན་དང། །དེ་བཞིན་སུམ་ཅུ་གསུམ་པ་ཉིད། །སུམ་ཅུ་རྩ་གསུམ་དེ་བཞིན་ཏེ། །ལྔ་པའི་བདག་ཉིད་ཀུན་ [300A]༄༅། །བསྡུ་བའོ། །དེ་ནས་ཀྱང་ནི་བཏུ་བྱ་བ། །གཉིས་པ་ཡང་ནི་དེ་བཞིན་ཏེ། །གཉིས་པ་ཡི་ནི་དང་པོ་དང། །མཐར་གནས་པ་ཡི་གསུམ་པ་དང། །ཨུཥྨ་ཎ་ཡི་ གསུམ་པ་དང། །དེ་བཞིན་ཉི་ཤུ་རྩ་བརྒྱད་པ། །བདུན་པ་ཡི་ནི་བཞི་པ་དང། །དྲུག་པ་ཡི་ནི་གསུམ་པ་དང། ལྔ་པ་ཡི་ཡང་བཞི་པ་དང། །དྲུག་པ་ཡི་ཡང་གསུམ་པ་དང་ གཉིས་གཉིས་རྐང་པ་བཞི་པ་སྟེ། །ཀ་ར་ཀ་ར། ཀུ་རུ་ཀུ་རུ་བནྡྷ་བནྡྷ། ཏཱ་ས་ཡ་ཏཱ་ས་ཡ། ཀྵོ་བྷ་ཡ་ཀྵོ་བྷ་ཡ་ཧྲཽཾ་ཧྲཽཾ། ཧྲཿ་ཧྲཿ། ཕེཾ་ཕེཾ། ཕཊ་ཕཊ། ད་ཧ་ད་ཧ། པ་ཙ་པ་ཙ་ བྷཀྵ་བྷཀྵ། བ་ས་རུ་དཧི་རཱནྟྲ་མཱ་ལཱ་བ་ལཾ་ཝི་ནི་གྲིཧྣ་གྲཧྣ། སཔྟ་པཱ་ཏཱ་ལ་ག་ཏ། བཧུ་ཛཾ་ག་ས་རྦཾ་བཱ་ཏརྫ་ཡ་ཏརྫ་ཡ། ཨཱ་ཀ་ཌྜྷྱ་ཨཱ་ཀཌྜྷྱ། ཧྲཱིཾ་ཧྲཱིཾ་ཛྞཽཾ་ཛྞཽཾ། ཀྵྨཱཾ་ཀྵྨཱཾ། ཧཱཾ་ཧཱཾ། ཧཱིཾ་ཧཱིཾ། ཧཱུཾ་ཧཱུཾ་ ཀི་ལི་ཀི་ལི། སི་ལི་སི་ལི། ཧི་ལི་ཧི་ལི། དཧི་ལི་དཧི་ལི། ཧུཾ་ཧཱུཾ་ཕཊ། རིག་པའི་རྒྱལ་པོ་གསང་སྔགས་ཏེ། །བྱ་བ་ཐམས་ཅད་སྒྲུབ་བྱེད་པའོ། །འདི་ལས་ཤིན་ཏུ་མཆོག་གྱུར་པ། ། འཇིག་རྟེན་གསུམ་ན་ཡོད་མིན་ཏེ། །དཔལ་ལྡན་ཁྲག་འཐུང་སྔགས་ཤེས་ན། །གཞན་དག་སྙིང་པོ་མེད་རྩར་མཚུངས། །རྩ་བའི་སྔགས་སུ་བཤད་པ་ཡིན། །མངོན་ པར་བརྗོད་པའི་རྒྱུད་བླ་མ་ལས། རྩ་བའི་སྔགས་ཀྱི་ཡི་གེ་བཏུ་བའི་རྡོ་རྒྱུས་ཀྱི་ཆོ་གའི་ལེའུ་སྟེ་ལྔ་བཅུ་རྩ་བདུན་པའོ།།།།གཞན་ཡང་ཡི་གེ་ཉི་ [300B] །སྙིང་པོའི་ཡིག་བདུན་ཉེ་སྙིང་པོ། །ཡ་ཚོགས་བརྒྱད་པའི་ས་བོན་དང། །དེ་བཞིན་གུག་སྐྱེད་བཅུ་གཉིས་ཀྱིས། །ཡི་གེ་བར་མ་དོར་བྱས་པ། །ཡན་ལག་དྲུག་ནི་ཧེ་རུ་ཀ་ དཔའ་བོ་དྲུག་དང་མཉམ་སྦྱོར་བ། །རེའུ་མིག་དྲུག་ཏུ་སྒོམ་པ་སྟེ་།ཧེ་རུ་ཀ་ཡི་བདག་པོར་འགྱུར། །ཡི་གེ་གཅིག་ཏུ་ཡང་དག་གནས། །ཨོཾ་ན་མ་སཱ་ཧཱ་བོ་ཥ་ཊེ། །ཧཱུཾ་ཧཱུཾ་ཕཊ་དང་ཡང་དག་ ལྡན་[?] །སྒྲུབ་པོས་སྙིང་པོར་ཤེས་པར་བྱ། །དང་པོ་སྙིང་ག་ཉིད་དུ་སྟེ། །གཉིས་པ་སྤྱི་བོར་ཤེས་པར་བྱ། །གསུམ་པ་སྤྱི་གཙུག་དག་ཏུ་སྦྱར། །བཞི་པ་གོ་ཆར་གྱུར་པ་ཡིན། །ལྔ་པ་མིག་ཏུ་ གྱུར་པ་སྟེ། །དྲུག་པ་མཚོན་ཆ་ཞེས་བྱར་འདོད། །དེ་ནས་དབྱངས་ཡིག་བཅུ་གསུམ་ཉིད། །ཡི་གེ་གཉིས་པ་དག་དང་སྦྱར། །དབྱངས་ཡིག་བཅུ་གཅིག་ཡང་དག་སྦྱར། །ཡི་གེ་ དྲུག་པ་བརྒྱན་པར་བྱ། །དབྱངས་ཀྱི་བཞི་པ་ཉིད་ཀྱང་ནི། །ཡི་གེ་བདུན་པ་ཉིད་ཀྱང་སྦྱར། །དབྱངས་ཡི་གེ་བཅུ་གཅིག་པ་ཉིད་ནི་།མཁས་པས་ཡི་གེ་བརྒྱད་པར་སྦྱར། །དབྱངས་ ཡི་གེ་གཉིས་བ་དང་སྦྱར་བའི། །ཡི་གེ་དགུ་པས་བརྒྱན་པར་བྱ་།དབྱངས་ཀྱི་ཡི་གེ་གཉིས་པ་ཉིད། །ཡི་གེ་བཅུ་གཉིས་པ་དང་སྦྱར་།དབྱངས་ཡིག་གཉིས་པར་ལྡན་པ་ནི། །ཡི་གེ་ ཉི་ཤུ་གཅིག་པ་གཟུང། །མཁས་པས་ཡི་གེ་བཅུ་བཞི་པ། །ཡི་གེ་ཉི་ཤུ་པ་དང་སྦྱར། །དབྱངས་ཀྱི་གསུམ་པ་ཉིད་དག་ནི། །ཡི་གེ་བཅོ་ལྔ་པ་དང་སྦྱར། །དབྱངས་ཡིག་བཅོ་ [301A]༄༅། །ལྔར་ཡང་དག་ལྡན། །ཡི་གེ་བཅུ་དྲུག་པ་མཛེས་བྱ་།དབྱངས་ཡིག་གསུམ་པ་དང་ལྡན་པའི། །ཡི་གེ་བཅུ་བདུན་པ་རུ་འདོད་།དབྱངས་ཀྱི་གཉིས་པ་ཉིད་དང་ནི།། ཡི་གེ་བཅོ་བརྒྱད་པ་རུ་སྦྱར། །དབྱངས་ཡིག་གི་ནི་གཉིས་པ་ཉིད་།ཡི་གེ་ཉི་ཤུ་གཅིག་པར་སྦྱར། །ཕྱི་མོའི་ལྔ་པ་དང་ཡང་སྦྱར། །ཡི་གེ་ཉི་ཤུ་གསུམ་པར་སྦྱར། །ཕྱི་མོའི་ལྔ་པ་ དང་ཡང་སྦྱར། །ཡི་གེ་ཉི་ཤུ་བཞི་པར་སྦྱར། །དབྱངས་ཡིག་བཅུ་གསུམ་པ་ཉིད་ནི། །ཡི་གེ་ཉི་ཤུ་བཞི་པར་སྦྱར། །སྡེ་ཚན་དང་པོ་བླངས་ནས་ནི། །ཡི་གེ་ཉི་ཤུ་ལྔ་པར་སྦྱར། ། དབྱངས་ཡིག་གཉིས་པ་དང་ལྡན་པར། །ཡི་གེ་ཉི་ཤུ་རྩ་དྲུག་འགྱུར། །ཡི་གེ་ཉི་ཤུ་བརྒྱད་དག་ནི། །ཡི་གེ་བཅོ་ལྔ་པ་དང་སྦྱར། །གསུམ་པའི་དང་པོར་ཡང་དག་ལྡན། ། འོག་གི་ཆ་ནི་མེ་དང་བཅས། །དེ་བཞིན་དབྱངས་ཡིག་གཉིས་པར་སྦྱར། །ཡི་གེ་ཉི་ཤུ་རྩ་དགུ་པ། །ཡི་གེ་སུམ་ཅུ་རྩ་གཅིག་པར་།དབྱངས་ཡིག་གཉིས་པ་དག་དང་ སྦྱར༑ ༑ཡི་གེ་སུམ་ཅུ་གཉིས་པ་ཡང། །དབྱངས་ཡིག་གཉིས་པར་ལྡན་པར་བྱ། །ཡི་གེ་སུམ་ཅུ་རྩ་གསུམ་པ། །ཉི་མར་ཡང་དག་ལྡན་པར་བྱ། །ཕྱི་མོའི་བཞི་པ་ཉིད་ དག་ནི༑ ༑ཡི་གེ་སུམ་ཅུ་བཞིར་ལྡན་པའི། །འདོད་པའི་དོན་ཀུན་གྲུབ་བྱེད་ཡིན། །ཕྱི་མོའི་ལྔ་པ་ཉིད་དག་ནི། །སུམ་ཅུ་བདུན་པར་ཡང་དག་ལྡན། །མཁའ་འགྲོ་མ་རྣམས་སྒྲུབ་ [301B] །སུམ་ཅུ་བརྒྱད་པ་ཉིད་དག་ནི། །དབྱངས་ཡིག་གཉིས་པ་དང་སྦྱར་བ། །ལྷ་རྣམས་ཐམས་ཅད་སྒྲུབ་པ་ནི། །འདི་ཉིད་ཡིན་པར་ཐེ་ཚོམ་མེད། །བཞི་བཅུ་རྩ་གཉིས་པ་ཉིད་ནི། ། མེ་དང་འོག་ཏུ་བསྒྲུབ་པར་བྱ། །བཞི་བཅུ་གསུམ་པ་ཉིད་དག་ནི་།དབྱངས་ཡིག་ལྔ་པ་ཉིད་དང་སྦྱར། །ཡི་གེ་བཞི་བཅུ་ལྔ་པ་ནི་།དབྱངས་ཀྱི་ཡི་གེ་གཉིས་པར་སྦྱོར། །དབྱངས་ཡིག་ལྔ་པ་ ཉིད་དག་ཀྱང། །བཞི་བཅུ་རྩ་དྲུག་པར་ལྡན་པ། །དཔའ་བོ་ཐམས་ཅད་རབ་མཆོད་ཅིང། །བཞི་བཅུ་རྩ་བདུན་པ་ཉིད་ནི། །དབྱངས་ཡིག་གཉིས་པ་དང་སྦྱར་བ། །རྡོ་རྗེ་སེམས་དཔའ་ མཆོག་ཏུ་འདོད། །དེ་བཞིན་ལྔ་བཅུ་རྩ་གཅིག་པ། །དབྱངས་ཡིག་ལྔ་པ་ཉིད་དག་གིས། །མཛེས་པ་མཆོག་ནི་ཡིན་པར་འདོད། །ལྔ་བཅུ་རྩ་གཉིས་པ་ཉིད་ནི། །དབྱངས་ཡིག་གཉིས་དང་ དང་སྦྱར་བ། །ལྷ་རྣམས་ཐམས་ཅད་འགྲུབ་བྱེད་པ། །འདི་ཉིད་ཡིན་པར་ཐེ་ཚོམ་མེད། །དེ་བཞིན་ལྔ་བཅུ་[?]གསུམ་པའང། །དབྱངས་ཡིག་བཅུ་གསུམ་པ་དང་སྦྱར། །ཡི་གེ་རྣམས་ལས་ འདི་མཆོག་སྟེ། །དགྲ་རྣམས་ངེས་པར་གསོད་བྱེད་ཡིན། །སྡེ་ཚན་བཞི་ལས་དྱ་ཉིད་དོ། །ཡི་གེ་ལྔ་བཅུ་རྩ་དྲུག་པ། །དབྱངས་ཡིག་དྲུག་པ་དག་དང་སྦྱར། །ཨནྟསྠ་ཡི་བཞི་པ་དང། ། དབྱངས་ཡིག་གཉིས་པར་སྦྱར་བར་བྱ། །དེ་བཞིན་བཅོ་ལྔ་པ་དང་སྦྱར། །དངོས་གྲུབ་ཐམས་ཅད་སྒྲུབ་པ་ཡིན། །ཡི་གེ་ལྔ་བཅུ་རྩ་དགུར་འགྱུར། །ཡི་གེ་དྲུག་ཅུ་རྩ་གཅིག་ཉིད། །དབྱངས་ [302A]༄༅། །ཡིག་གཉིས་པ་དག་དང་སྦྱར། །འདི་ཉིད་མཆོག་ནི་ཡིན་པར་བཤད། །དེ་བཞིན་དྲུག་ཅུ་རྩ་གཉིས་པ། །དབྱངས་ཡིག་གཉིས་པར་སྦྱར་བ་ནི། །མཁའ་འགྲོ་ མ་ཡི་མཆོག་ཏུ་འདོད། །ཡི་གེ་དྲུག་ཅུ་རྩ་གསུམ་ཉིད། །དབྱངས་ཡིག་བཅུ་གཅིག་དག་དང་ལྡན། །མཛེས་པའི་ཡི་གེ་ཀུན་མཆོག་ཡིན། །དྲུག་ཅུ་རྩ་བཞི་པ་ཉིད་ནི། །རྡོ་རྗེ་སེམས་ དཔའ་ཕྱེ་བ་དག་དབྱངས་ཡིག་གཉིས་པར་ཡང་དག་ལྔན། །གྲུབ་སྦྱིན་ཐར་པ་ཆེན་པོའོ། །ཡི་གེ་དྲུག་ཅུ་རྩ་ལྔ་པ། །མེ་ལ་གནས་པར་ཡང་དག་ལྡན། །དབྱངས་ཡིག་གསུམ་པ་ དང་སྦྱར་བ། །དངོས་གྲུབ་ཀུན་སྦྱིན་བདེ་གཤེགས་གསུངས། །ཡི་གེ་དྲུག་ཅུ་རྩ་དྲུག་པ། །དབྱངས་ཡིག་གསུམ་པ་དང་སྦྱར་བ། །བྱ་བ་ཀུན་ལས་གྲུབ་སྦྱིན་པར། །དེ་ལྟར་དེ་བཞིན་ གཤེགས་པས་གསུངས། །ཡི་གེ་དྲུག་ཅུ་རྩ་བདུན་པ། །ཡི་གེ་གཉིས་པ་ཡང་དག་ལྡན། །རྣལ་འབྱོར་མ་ཡི་དགོས་པ་ཀུན། །འདི་ཉིད་བྱེད་པར་ཐེ་ཚོམ་མེད། །དྲུག་ཅུ་བརྒྱད་པ་ ཉིད་དག་ལས། །དེར་ནི་ཡི་གེ་བ་སྦྱར་བ། །འོག་གི་ཆར་ནི་བརྟག་པར་བྱ། །ཡི་གེ་བདུན་ཅུ་རྩ་གཅིག་པ། །ཡི་གེ་གཉིས་པར་ཡང་དག་སྦྱར། །ཡི་གེ་ཀུན་ལ་མཛེས་པ་ནི། ། འདི་ཉིད་ཡིན་པར་ཐེ་ཚོམ་མེད། །སུམ་ཅུ་རྩ་བཞི་པ་ཉིད་ནི་།དབྱངས་ཡིག་གཉིས་པར་སྦྱར་བ་དག། གདོད་ནས་གྲུབ་པ་ཡིན་པར་ནི་།དེ་བཞིན་གཤེགས་པའི་ [302B] །ཡི་གེ་བདུན་བཅུ་ལྔ་པ་ཉིད། །མ་མོའི་དྲུག་པ་དང་ལྡན་པ། །འདི་ནི་རྣལ་འབྱོར་མཆོག་ཡིན་ཏེ། །དགེ་བ་ཀུན་ལས་དམ་པ་ཡིན། །བདུན་ཅུ་རྩ་དྲུག་པ་ཉིད་ན། །དབྱངས་ ཡིག་གཉིས་པ་དང་ལྡན་ཞིང། །འོག་ཏུ་མེ་དང་ལྡན་པ་ལས། །གཞན་དག་མཛེས་པ་ཡོད་མ་ཡིན། །ཡི་གེ་བདུན་ཅུ་རྩ་བདུན་པ། །དེར་ནི་ད་དང་སྦྱར་བར་བྱ། །མཁའ་འགྲོ་མ་ཡི་མཛེས་ པར་འདོད། །བདུན་ཅུ་རྩ་བརྒྱད་པ་ཉིད་ནི། །དབྱངས་ཡིག་གཉིས་པ་དག་དང་སྦྱར། །རྒྱུ་ཡི་མཆོག་ནི་ཡིན་པར་འདོད། །ཡི་གེ་བརྒྱད་ཅུ་རྩ་གཅིག་པ། །བཞི་པའི་མཐའ་ཡིས་ཁྱད་པར་ དབྱེ༑ ༑གདོད་ནས་གྲུབ་བྱེད་འདི་ཡིན་ཏེ། །དངོས་གྲུབ་ཀུན་ལ་འཇུག་བྱེད་པའོ། །ཡི་གེ་བརྒྱད་ཅུ་རྩ་གཉིས་པ། །དེ་བཞིན་དབྱངས་ཡིག་གཉིས་པར་སྦྱར། །ཕྱི་མོ་ཡི་ནི་ལྔ་པ་ལ། །དེ་བཞིན་ཡི་ གེ་བརྒྱད་ཅུ་བརྒྱད། །མ་མོ་ཡི་ནི་ལྔ་པ་དང། །བརྒྱད་ཅུ་དགུ་པ་དེ་བཞིན་ཏེ། །མ་མོ་ལྔ་པ་བླངས་བྱས་ཏེ། །དེ་བཞིན་ཡི་གེ་དགུ་བཅུ་པ། །མ་མོའི་ལྔ་པ་བླངས་བྱས་ཏེ། །ཡི་གེ་དགུ་བཅུ་ གཅིག་པར་སྦྱོར། །མ་མོ་ཡི་ནི་གཉིས་པ་དང། །ཡི་གེ་དགུ་བཅུ་རྩ་དྲུག་པ། །དབྱངས་ཡིག་གཉིས་པ་ལྡན་པ་ཡི། །ཡི་གེ་དགུ་བཅུ་རྩ་དགུ་པ། །གདུག་པ་ཐམས་ཅད་སྐྲག་ བྱེད་པ༑ ༑མ་མོ་ཀུན་གྱི་བདེ་བའི་གནས། །དབྱངས་ཀྱི་ཡི་གེ་བཅུ་གསུམ་པ། །ཡི་གེ་གཉིས་པ་དག་དང་ལྡན། །མ་མོ་བཅུ་གསུམ་པ་ཉིད་ནི། །ཡི་གེ་ལྔ་པ་དག་དང་སྦྱར། །གདུག་ [303A]༄༅། །པ་ཐམས་ཅད་འཁྲུག་བྱེད་དེ། །མཁའ་འགྲོ་མ་ཡི་བདེ་བའི་གནས། །དབྱངས་ཡིག་བཅུ་བཞི་པ་ཡིས་ནི། །ཡི་གེ་བརྒྱད་པ་དག་དང་སྦྱར། །བཅོ་ལྔ་ པ་ཡིས་རབ་ཏུ་སྦྱར། །དབྱངས་ཡིག་བཅུ་བཞི་པ་ཉིད་ནི། །ཡི་གེ་དགུ་པ་དག་དང་སྦྱར། །སྟེང་དུ་ཐིག་ལེ་ཡང་དག་གནས། །ཡི་གེ་དག་ནི་སྒྲུབ་པ་སྟེ། །མཁའ་འགྲོ་མ་ཡི་ཁྱད་ པར་ཡིན། །དབྱངས་ཡིག་བཅུ་གཅིག་པ་ཉིད་ནི། །ཡི་གེ་བཅུ་གཉིས་པ་དང་སྦྱར། །སྟེང་དུ་བི་ནྡུ་ས་རྣམ་པར་བརྒྱན། །དབྱངས་ཀྱི་ཡི་གེ་བཅུ་གཅིག་པ། །ཡི་གེ་བཅུ་གསུམ་ པ་དང་སྦྱར། །ཐིག་ལེས་ཀྱང་ནི་རྣམ་པར་བརྒྱན། །འབྱུང་པོ་ཀུན་ནི་སྐྲག་བྱེད་ཅིང། །སྒྲུབ་པ་པོས་ནི་དགའ་བ་ཡིན། །དབྱངས་ཀྱི་ཡི་གེ་ལྔ་པ་ལ། །ཡི་གེ་སུམ་ཅུ་རྩ་གཉིས་ སྤྱར༑ ༑དབྱངས་ཀྱི་གསུམ་པ་ཉིད་དག་ནི། །ཡི་གེ་སུམ་ཅུ་གསུམ་དང་སྦྱར། །མ་མོ་གཉིས་པ་ཉིད་དག་དང། །ཡི་གེ་སུམ་ཅུ་རྩ་བཞིར་སྦྱར། །དབྱངས་ཀྱི་གཉིས་པ་དག་ དང་ནི། །ཡི་གེ་སུམ་ཅུ་དྲུག་དང་སྦྱར། །དང་པོ་ཡི་ནི་གཉིས་པ་དག། ཡི་གེ་སུམ་ཅུ་བདུན་དང་སྦྱར། །དབྱངས་ཀྱི་ཡི་གེ་གསུམ་པ་ནི་།ཡི་གེ་བཞི་བཅུ་དང་སྦྱར་བ། །མ་ མོ་བཅུ་གཅིག་པ་ཉིད་ནི། །ཡི་གེ་བཞི་བཅུ་གཅིག་དང་སྦྱར། །དབྱངས་ཀྱི་ཡི་གེ་གཉིས་པ་ཡིན། །ཡི་གེ་བཞི་བཅུ་གཉིས་པར་སྦྱར། །དབྱངས་ཀྱི་གསུམ་པ་དག་དང་ [303B] ༑ཡི་གེ་བཞི་བཅུ་བཞི་དང་སྦྱར། །མ་མོའི་གཉིས་པ་ཉིད་དང་ཡང། །ཡི་གེ་བཞི་བཅུ་བརྒྱད་བར་སྦྱར། །དབྱངས་ཀྱི་ཡི་གེ་གཉིས་པ་དང། །ཡི་གེ་བཞི་བཅུ་དགུ་དང་སྦྱར། །དབྱངས་ཀྱི་ཡི་གེ་གཉིས་པ་ དག། ཡི་གེ་ལྔ་བཅུ་གཉིས་པར་སྦྱར། །ཕྱི་མོའི་ལྔ་པ་ཉིད་དང་ནི། །ཡི་གེ་ལྔ་བཅུ་ལྔ་དང་སྦྱར། །ཡི་གེ་ལྔ་བཅུ་རྩ་བཞི་པ། །ཐིག་ལེས་ཀྱང་ནི་རྣམ་པར་བརྒྱན། །ཡི་གེ་ལྔ་བཅུ་རྩ་ལྔ་པ། །ཐིག་ལེས་ཀྱང་ནི་རྣམ་པར་ བརྒྱན། །དབྱངས་ཀྱི་ཡི་གེ་གཉིས་པར་སྦྱར། །ཡི་གེ་ལྔ་བཅུ་རྩ་བརྒྱད་པ། །ཐིག་ལེས་མགོ་ལ་མནན་པར་བྱ། །དབྱངས་ཀྱི་ཡི་གེ་གཉིས་པ་དག། ཡི་གེ་དྲུག་ཅུ་དྲུག་ཅུ་སྦྱར། །ཕྱི་མོ་གཉིས་པ་ཉིད་ ཀྱང་ནི། །ཡི་གེ་དྲུག་ཅུ་བདུན་དང་སྦྱར། །གདུག་པའི་དངོས་གྲུབ་ཀུན་འགྲུབ་ཅིང། །སྒྲུབ་པ་པོ་ལ་དཔལ་ཡང་སྩོལ། །དབྱངས་ཀྱི་ཡི་གེ་བཞི་པ་དང། །ཡི་གེ་བདུན་ཅུ་པ་དང་སྦྱོར། །ཐིག་ ལེས་ཀྱང་ནི་རྣམ་པར་བརྒྱན། །ཕྱི་མོ་ཡི་ནི་བཞི་པ་ཡིས། །ཡི་གེ་བདུན་ཅུ་གསུམ་དང་སྦྱར། །བཅོ་ལྔ་པ་ནི་རབ་བླངས་ཏེ། །དབྱངས་ཡིག་བཅུ་བཞི་པ་དང་ནི། །ཡི་གེ་བདུན་ཅུ་ བཞི་པར་སྦྱར། །ཕྱི་མོ་བཅུ་བཞི་དག་པ་ནི། །ཡི་གེ་བདུན་ཅུ་གསུམ་དང་སྦྱར། །དེ་བཞིན་བཅོ་ལྔ་པ་དང་སྦྱར། །དབྱངས་ཀྱི་ཡི་གེ་གཉིས་པ་ནི། །ཡི་གེ་བདུན་ཅུ་བཞི་ དང་སྦྱར། །ཕྱི་མོའི་ཡི་གེ་གཉིས་པ་ཡང། །ཡི་གེ་བདུན་ཅུ་བདུན་དང་སྦྱར། །ཐིག་ལེས་ཀྱང་ནི་རྣམ་པར་བརྒྱན། །ཕྱི་མོ་ཡི་ནི་གཉིས་པ་ཡང། །ཡི་གེ་བདུན་ [304A]༄༅། །ཅུ་བརྒྱད་དང་སྦྱར། །ཐིག་ལེ་གཉིས་ཀྱིས་རྣམ་པར་བརྒྱན། །ཕྱི་མོ་ཡི་ནི་གཉིས་པ་ཡང། །ཡི་གེ་བདུན་ཅུ་དགུ་དང་སྦྱར། །མ་མོའི་བཞི་པ་ཉིད་དང་ ནི༑ ༑ཡི་གེ་བརྒྱད་ཅུ་པ་དང་སྦྱར། །ཐིག་ལེས་མགོ་ལ་མནན་པར་བྱ། །དབྱངས་ཡིག་བཞི་པ་དག་ཀྱང་ནི། །ཡི་གེ་བདུན་ཅུ་དགུ་དང་སྦྱར། །ཐིག་ལེ་སྒྲ་ཡིས་བསྐྱེད་པ་ སྟེ༑ ༑ཐིག་ལེས་ཀྱང་ནི་རྣམ་པར་བརྒྱན། །དབྱངས་ཀྱི་ཡི་གེ་གསུམ་པ་དག། ཡི་གེ་བཅུ་དྲུག་པ་དང་སྦྱར། །འོག་དང་སྟེང་གི་ཡི་གེ་གྲངས། །དགུ་བཅུ་རྩ་བདུན་བཤད་ པ་སྟེ༑ ༑འདི་ནི་རྩ་བའི་གསང་སྔགས་སུ། །མཁས་པ་རྣམས་ཀྱིས་ཤེས་པར་བྱ། །དངོས་གྲུབ་ཀྱི་ནི་གནས་ཡིན་ཞིང། །མཁའ་འགྲོའི་སྙིང་ནི་འཇོམས་པ་ན། །དཔལ་ ལྡན་ཁྲག་འཐུང་ལྷ་རིགས་རྒྱལ། །བཀླགས་པས་གྲུབ་པ་དོན་ཡོད་པ་།ཨོཾ་ནི་དང་པོར་སྦྱར་བར་བྱ། །ཧཱུཾ་ཧཱུཾ་ཕཊ་ནི་མཐར་སྦྱར་བ། །འདི་ནི་རྩ་བའི་གསང་སྔགས་ཏེ། ། གྲུབ་པ་ཐམས་ཅད་གྲུབ་བྱེད་ཡིན། །དེ་ནས་རང་གི་བདག་ཉིད་ཀྱི་།དཔའ་བོ་ཐམས་ཅད་མཉམ་སྦྱོར་བ། །མཁའ་འགྲོ་མ་ནི་དྲ་བ་ཡི་།འཁོར་ལོ་བདེ་མཆོག་ཡིན་ པར་འདོད། །ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུཾ་ཕཊ། ཌཱ་ཀི་ནཱི་ཛཱ་ལ་ཤཾ་བ་རཾ་སཱཧཱ། ཧཱ་སཱ་རཾ་བ་སཾ་ལ་ཛཱ་ནཱི་ཀི་ཌཱ་ཊ་ཕ་ཧཱུཾ་ཧཱུཾ་ཀཾ་རུ་རུ་ཧེ་ཧེ་ཛྲབ་ཤྲཱི་ཨོཾ། །རིག་པའི་རྒྱལ་པོའི་སྙིང་པོ་ནི། ། [304B] །ཊ་ཕ་ཧཱུཾ་ཧུཾ་ཧ་ཧ་ཧྲིཿ་ཨོཾ། །ཡི་གེ་བཾ་དང་ཡོཾ་དང་ནི། །ཡི་གེ་མོཾ་དང་ཏྲི་ཉིད་དང། །ཧཱུཾ་དང་ཕཊ་ཅེས་བཤད་པ་ཡིན། །ཨོཾ་བཾ་བཛྲ་བཱ་རཱ་ཧི། ཧཾ་ཡོཾ་ཡ་མི་ནཱི། ཧྲིཾ་མོཾ་མོ་ ཧ་ནཱི། ཧྲེཾ་ཧྲཱིཾ་སཾ་ཙ་ལ་ནཱི། ཧཱུཾ་ཧཱུཾ་སཾ་ཏྲཱ་ས་ནི། ཕཊ་ཕཊ་ཙ་ཎྜི་ཀ་རྣལ་འབྱོར་མ་ནི་དྲུག་ཏུ་བསྒྲགས། །རེའུ་མིག་དྲུག་ལ་རྣམ་པར་བསྒོམ། །མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས། གོ་ ཆའི་སྙིང་པོ་སྒོམ་པའི་ལེའུ་སྟེ་ལྔ་བཅུ་རྩ་བརྒྱད་པའོ།།།།དེ་ནས་གཞན་ཡང་ལྷ་མོ་ཡི། །སྙིང་པོ་བླ་མེད་བཤད་པར་བྱ་།ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སཱཧཱ། །ལྷ་མོའི་ སྙིང་པོའི་སྦྱོར་བ་ནི། །བཅུ་གསུམ་པ་ནི་བདག་ཉིད་དགེ། པདྨོ་དབུས་སུ་ཕག་མོ་སྟེ། །འདབ་མ་ལ་ནི་ལྷ་མོ་དགོད། །སྒོ་བཞི་དག་གི་ཕྱོགས་སུ་ནི། །ལྷ་མོའི་སྙིང་པོ་རྣམ་པར་བསྒོམ། །ཨོཾ་ ལས་བྱུང་བའི་རྟ་གདོང་དང། །རྡོ་རྗེ་སྙིང་པོ་གདུག་པའི་སྒྲ་།དྲག་པོ་ཡང་ནི་གཡོ་མ་དང། །མི་འཕྲོག་མ་དང་དྲི་མེད་མ་།ཧཱུཾ་མཛད་མ་དང་ལྡན་ལྷ་མོ། །བསྲེག་བླུགས་མ་དང་ཕཊ་བྱེད་ མ༑ ༑རང་འབྱུང་མ་དང་བཅུ་གཉིས་ཏེ། །ཧ་མཛད་གཡས་པའི་གཙོ་བོ་ཡིན། །རྡོ་རྗེ་ཕག་མོ་ཞེས་བྱ་བ། །དངོས་གྲུབ་ཐམས་ཅད་སྩོལ་མཛད་པ། །སྔོ་དང་སེར་དང་དམར་བ་དང། །ལྗང་གུ་ སྟེང་ཞལ་དཀར་པོ་སྟེ། །སྤྱན་གསུམ་པ་ལ་བཞིན་རྣམ་སྒྱུར། །མ་ཆེ་བ་རྣམ་པར་གཙིགས་པ་སྟེ། །གཡས་བརྐྱང་བཞུགས་ཤིང་ཐོད་ཕྲེང་ཅན། །གསུས་པ་རློ་ཞིང་སྐྲ་གྲོལ་བ། །ཕྱོགས་ [305A]༄༅། །ཀྱི་གོས་ཅན་འཇིན་པ་སྟེ། །རང་གི་ཐབས་དང་སྦྱོར་བས་གནས། །འཇིགས་བྱེད་ཙོ་མུཎྜེ་འཇིགས་མོས། །ཞབས་ཀྱི་འོག་ཏུ་གནོན་པས་བཞུགས། །ཐོད་ པ་དང་ནི་ཁ་ཊཱཾ་ག་མདུང་དང་གྲི་གུག་ཅང་ཏེའུ་དང། །རྡོ་རྗེ་དྲིལ་བུ་ཞགས་པ་དང། །ལྕགས་ཀྱུ་ཚངས་པའི་མགོ་བོ་དང་།དགྲ་སྟ་དང་ནི་སྡིགས་མཛུབ་དང། །ན་རའི་ལྤགས་ པ་སྟེང་དུ་བརྐྱང། །སྐུ་རགས་དང་ནི་དཔུང་རྒྱན་དང། །ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །སངས་རྒྱས་ལྔ་ཡི་ཅོད་པན་ཅན་།ཐུགས་རྗེ་ཁྲོ་གཉེར་འཇིགས་པ་སྟེ། །འདབ་ལ་ལྷ་ མོ་ཐམས་ཅད་དགོད། །མ་མོ་དག་ནི་བརྒྱད་པ་སྟེ། །སེར་དང་དམར་དང་ལྗང་བ་དང། །ལྷོ་ནི་སྔོ་བའི་མདོག་ཅན་ཏེ། །མེ་ཕྱོགས་དམར་ལ་དུད་ཀ་སྟེ། །སྔོ་བ་དང་ནི་དཀར་བ་ དང། །དབང་ལྡན་དུ་ནི་དགོད་པ་སྟེ། །སྤྱན་གསུམ་པ་ལ་སྐྲ་གྲོལ་བ། །ཕྱག་རྒྱ་ལྔ་དང་ཡང་དག་ལྡན། །སྐྱིལ་ཀྲུང་ཕྱེད་པས་ལེགས་པར་བཞུགས། །ཐོད་པ་ཡི་ནི་དབུ་རྒྱན་ ཅན༑ ༑ཕྱོགས་ཀྱི་གོས་ཅན་བཞིན་རྣམས་སྒྱུར། །ཐམས་ཅད་ཡི་དྭགས་གདན་ལ་བཞུགས། །ཐུགས་རྗེའི་ཆགས་པས་རྣམ་པར་མྱོས། །རྡོ་རྗེའི་མཆོག་ནི་གར་མཛད་ཅིང། །ཐོད་ པ་རཀྟས་བཀང་བ་དང། །དྲིལ་བུ་ཅང་ཏེའུ་སྒྲ་ཡང་སྒྲོག། །ལྷ་རྣམས་དགའ་བར་བྱེད་པ་ཡིན། །སྒོ་རྣམས་སུ་ནི་སྒོ་སྲུང་སྟེ་།དབང་པོའི་སྟེང་དུ་རྣམ་པར་བཞུགས། ། [305B] །སྤྱན་གསུམ་པ་ལ་དབུ་སྐྲ་བརྫེས། །ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། །ཕྲེང་བའི་རྒྱན་གྱིས་སྤུད་པ་སྟེ། །ཐོད་པ་དང་ནི་ཁ་ཊཱཾ་ག། རྡོ་རྗེ་ མགོ་བོ་ཕྱག་ན་བསྣམས། །ཐམས་ཅད་རྣམ་བསྒྱུར་གསུས་པ་འཕྱང་།ཐམས་ཅད་མགོ་བོའི་ཕྲེང་བས་བརྒྱན། །སྔོ་དང་ལྗང་དང་དཀར་པོ་སྟེ། །སེར་ཞིང་ཕྱག་བཞི་མདོག་གཉིས་ པ༑ ༑གཅེར་བུ་པདྨའི་རྒྱ་ཡང་ཆེ། །རང་གི་རིགས་ཀྱི་དབུ་རྒྱན་ཅན། །ཐམས་ཅད་རང་ཐབས་གཉིས་པ་སྟེ། །བཅུ་གསུམ་པ་ནི་རྣམ་པར་བསྒོམ། །སྙིང་པོ་མཆོག་ནི་སྒོམ་པ་ཡིན།། འདོད་པ་ཐམས་ཅད་རབ་ཏུ་སྩོལ། །མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས། གོ་ཆ་དང་ལྷ་མོའི་སྙིང་པོ་སྒོམ་པ་བསྟན་པའི་ལེའུ་སྟེ་ལྔ་བཅུ་རྩ་དགུ་པ་འོ།། །། དེ་ནས་གཞན་ཡང་བཤད་བྱ་བ། །ཤིན་ཏུ་རྙེད་དཀའི་དགོད་པ་སྟེ་།གང་ཞིག་ཤེས་པ་ཙམ་གྱིས་ནི། །མྱུར་དུ་དངོས་གྲུབ་འགྲུབ་པ་འོ་།ས་ཡི་ཆ་ནི་མཉམ་ཡིད་འོང། །ཙནྡན་ གྱིས་ནི་ཉེ་བར་བསྐུ། །དྲི་བཟང་དྲི་ལྡན་ས་ལ་ནི། །མེ་ཏོག་སིལ་མ་གཅལ་བཀྲམ་ཤིང། །སྤོས་ཀྱི་དྲི་ཡིས་ཉམས་དགར་བྱ། །བདག་གི་བྱ་བ་ཀུན་བྱས་ཤིང། །ཕྱོགས་བཅིང་བ་ བཞིན་བྱས་ནས་སུ། །དེ་ནས་རྫ་རྔའི་བཅིང་བྱས་ཏེ། །རེ་མིག་བཞི་བཅུ་དགུ་ཟླུམ་ལ། །ཡི་གེའི་ཕྱི་མོ་དགོད་པར་བྱ། །དེར་གནས་པ་ལས་དཔའ་བོ་ནི། །འདོད་པའི་དོན་ཀུན་གྲུབ་ [306A]༄༅། །བྱེད་བཏུ། །རིམ་བཞིན་འབྱུང་དང་རིམ་མིན་ས། །དབྱངས་དང་ཡི་གེ་སྒྲུབ་པོས་སོ། །ཐུབ་པ་དེ་ལྟའི་གྲངས་འགྱུར་ལས་།རེའུ་མིག་སུམ་ཅུ་གཉིས་པ་བླང། ། ལྔ་པ་ཡི་ནི་ཁྱད་པར་བྱ། །བརྒྱ་ཕྱེད་ཕྱེད་པ་ཡང་དག་བླང། །ཉི་ཤུ་རྩ་བཞི་པ་ཡིས་ཕྱེ། །རེའུ་མིག་སུམ་ཅུ་དྲུག་པ་བླང། །གསུམ་པ་ཡིས་ནི་ཁྱད་པར་དབྱེ། །དེ་ནས་སུམ་ཅུ་ གཉིས་པ་བླང། །ལྔ་པ་ཡིས་ནི་ཁྱད་པར་བྱ། །དེ་ནས་ཉི་ཤུ་ལྔ་པ་གཟུང། །ཉི་ཤུ་བཞི་པ་དག་དང་སྦྱར། །སུམ་ཅུ་རྩ་གསུམ་ཡང་དག་བླང། །རེའུ་མིག་བཅོ་ལྔ་ལ་ཡིར་ལྡན།། ལྔ་པ་དག་དང་ཡང་དག་བཅས། །དེ་ནས་ཉི་ཤུ་གཉིས་པ་གཟུང་།བཅུ་གཅིག་པ་ཡང་དེ་བཞིན་ནོ། །མཛེས་པ་མཆོག་ནི་ཡིན་པར་འདོད་།རེའུ་མིག་གི་ནི་བཅུ་དགུ་པ།། མ་ཡི་བུ་དང་ཡང་དག་ལྡན། །རེའུ་མིག་གསུམ་པར་རྣམ་པར་དབྱེ་།ཡ་མཚན་བརྒྱད་པའི་ས་བོན་ལ། །རེའུ་མིག་སུམ་ཅུ་དྲུག་པ་དང་།ཡང་དག་ལྡན་པའི་ཡི་གེར་ འགྱུར༑ ༑སླར་ཡང་ཡི་གེ་དེ་དག་ཉིད། །འདོད་པའི་དོན་ཀུན་གྲུབ་བྱེད་ཡིན། །དེ་ནས་རང་ཕྱུང་བླངས་ནས་སུ། །རེའུ་མིག་ལ་ནི་ལྔ་པར་སྦྱར། །སྤྱི་བོར་ཐིག་ལེ་དག་དང་ སྦྱར༑ ༑དེ་ནས་ཉི་ཤུ་གཉིས་པ་གཟུང། །བཅུ་གཅིག་པ་ཡང་དེ་བཞིན་ནོ། །དོན་ཀུན་གྲུབ་བྱེད་ཅེས་བྱ་བའི། །ཚིག་ནི་གཉིས་པ་ཡིན་པར་བཤད། །རེའུ་མིག་བཅུ་དགུ་པ་ [306B] ༑ཉི་ཤུ་རྩ་བདུན་པ་ཡིས་ཕྱེ། །གསུམ་པ་དག་དང་ཡང་དག་ལྡན། །སུམ་ཅུ་གསུམ་པ་ལེགས་བླངས་ཏེ། །རེའུ་མིག་ནི་གཉིས་པར་སྦྱར། །ཉི་ཤུ་པ་དང་ཡང་དག་ལྡན།། མཛེས་པའི་མཆོག་ནི་ཡིན་པར་འདོད། །དེ་བཞིན་ཉི་ཤུ་གཅིག་པ་ཉིད་།དེ་བཞིན་ཉི་ཤུ་དྲུག་པ་ཡིན། །ལན་གཉིས་བཟླས་པའི་ཚིག་ཏུ་ནི་།ཤིན་ཏུ་མཉམ་པར་བཞག་སྟེ་ བཏུ༑ ༑དེ་ནས་གོ་རིམས་བཟློག་པས་གཟུང། །རེའུ་མིག་ལས་ནི་དང་པོ་ཉིད། །བཞི་པའི་མཐའ་དང་ཡང་དག་ལྡན། །དེ་བཞིན་བཅོ་ལྔ་པ་དང་སྦྱར། །དེ་ནས་ཉི་ཤུ་གཉིས་ པ་གཟུང། །བཅུ་གཅིག་པ་ཡང་དེ་བཞིན་ནོ། །ཆོས་དོན་འདོད་དང་ཐར་པ་ཡི། །ཚིག་ནི་གསུམ་པ་ཡིན་པར་བཤད། །རེའུ་མིག་གཉིས་པའི་ས་བོན་དང། །རེའུ་ མིག་སུམ་ཅུ་དྲུག་པ་ཉིད། །དེ་བཞིན་ཉི་ཤུ་དྲུག་པ་དང། །སུམ་ཅུ་གསུམ་པ་ཡང་དག་བླང། །རེའུ་མིག་བཅུ་གསུམ་པ་ཡིར་ལྡན། །རེའུ་མིག་ལས་ནི་བཅུ་པ་ཉིད། །གོ་རིམ་ ལྡོག་པ་སྒྲུབ་པས་བླང། །རེའུ་མིག་ལས་ནི་བཅུ་དགུ་པ། །རེའུ་མིག་ཉི་ཤུ་གསུམ་པ་ལ། །གཉིས་པ་དག་ནི་ཡང་དག་ལྡན། །སྟེང་དུ་ཐིག་ལེས་བརྒྱན་པར་བྱ། །དེ་ནས་ཆུ་ ཡི་ས་བོན་གཟུང། །བརྒྱད་པ་ཡང་ནི་དེ་བཞིན་ཏེ། །མེ་ཡི་བུ་ཡིས་ཁྱད་པར་དབྱེ། །ཡི་གེ་ཧཱུཾ་ཕཊ་མཐའ་རུ་སྦྱར། །འདི་ནི་ཁམས་གསུམ་རྒྱལ་ཞེས་བྱ། །སྔགས་ཚིག་ [307A]༄༅། །བཞི་ཡིས་རྣམ་བརྒྱན་པའོ། །ཨོཾ་ནི་སྐུ་ལ་གསལ་བྱེད་ཡིན། །ཧཱུཾ་དང་ཕཊ་ནི་མཐའ་རུ་སྦྱར། །རིག་རྒྱལ་འཁོར་ལོ་སྒྱུར་བའི་སྔགས། །འདི་ནི་མ་བྱུང་འབྱུང་མི་ འགྱུར༑ ༑དེ་ཉིད་བསྡུས་དང་དཔལ་མཆོག་དང། །བདེ་མཆོག་རྡོ་རྗེ་འཇིགས་བྱེད་དུ། །ཁྲོ་བོ་བཞི་དང་ཡང་དག་ལྡན། །སྐུ་བརྒྱད་དང་ནི་བཅས་པ་རུ། །དཀྱིལ་འཁོར་བསྲུང་བའི་དོན་དུ་ནི།། གདུག་པ་ཀུན་ལ་ཁྱད་པར་དུ། །འདི་ནི་རྙེད་པ་ཙམ་གྱིས་ཀྱང་།བརྟག་མི་དགོས་པར་འཆི་བར་འགྱུར། །ཤ་ཆེན་དག་གིས་ཐམས་ཅད་ཀུན། །རྡོ་རྗེ་ཡང་ནི་མེད་པར་བཤད། །རྣལ་ འབྱོར་ཐུན་མོང་བརྗོད་པ་ནི། །དངོས་གྲུབ་ཀུན་གྱི་འབྲས་བསྐྱེད་པའོ། །ཨོཾ་སུམྦྷ་ནི་སུམྦྷ་ཧུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྣ་གྲྀཧྣ་ཧུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྣ་པ་ཡ་གྲྀཧྣ་པ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོ་ བྷ་ག་བཾ་བཛྲ་ཧུཾ་ཧཱུཾ་ཕཊ། འདི་ནི་གདུག་པ་ཐམས་ཅད་དུ་།འཇིགས་བྱེད་མི་བཟད་པར་བཤད་དོ། །ནམ་མཁའི་ཁམས་ཀྱི་ས་ཡི་མཆོག་པདྨའི་ལྟེ་བའི་དབུས་སུ་ནི། །རྡོ་རྗེ་ཧཱུཾ་མཛད་རྣམ་པར་ སྒོམ༑ ༑གདུག་པ་ཐམས་ཅད་ངེས་པར་གནོན། །ཕྱག་ནི་བཅུ་དྲུག་ཡང་དག་ལྡན། །ཞལ་བརྒྱད་པ་ལ་བཞིན་རྣམ་སྒྱུར། །ཞལ་གྱི་མཆེ་བ་རྣམ་པར་གཙིགས། །ཐོད་པའི་ཕྲེང་བས་ རྣམ་པར་བརྒྱན། །སངས་རྒྱས་ལྔ་ཡི་ཅོད་པན་ཅན། །ཐམས་ཅད་ཀུན་གྱིས་རྣམ་པར་སྤུད། །རྡོ་རྗེས་མཚན་པའི་ཕྱག་རྒྱ་དྲུག་སྐུ་ལུས་དྲུག་པ་ཐུགས་རྗེའི་ཉམས། །གཡས་བརྐྱང་ [307B] །དབང་ལྡན་གྱི་ནི་ཐོད་པ་གནོན། །ཨུ་མ་མཆོག་གི་ཀུ་ཙ་གནོན། །ཁྲོས་པའི་སྤྱན་གྱིས་རྣམ་པར་གཟིགས། །སྐུ་ལ་མགོ་ཡི་དོ་ཤལ་ཅན། །མགོ་པོའི་ཕྲེང་བ་དབུ་ལ་བཅིངས་ རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཅན། །འཇིག་རྟེན་གསུམ་རྒྱལ་དེ་བཞིན་ཏེ། །ལྕགས་ཀྱུ་སྡིགས་མཛུབ་འཆིང་བ་སྟེ། །དཔྲལ་བའི་སྟེང་དུ་ཡང་དག་གནས། །ཐུགས་ཀར་དཔྲལ་བ་ཕྱག་རྒྱ་སྟེ། ། བགེགས་ནི་རྣམ་པར་གནོན་པ་ཡིན། །ཐོད་པ་དང་ནི་ཁ་ཊཱཾ་འཛིན་།རལ་གྲི་ལྕགས་ཀྱུ་འཆང་བ་སྟེ། །མདུང་དང་མགོ་བོ་ཅང་ཏེའུ་དང། །ན་རའི་པགས་པའི་སྟེང་དུ་སྟེ། །ཕྱག་ནི་བཅུ་ དྲུག་དེ་བཞིན་ནོ། །སྟག་གི་པགས་པ་གོས་སུ་མན་བས། །རང་རིག་གཉིས་མེད་བདེ་བའི་སྐུ། །སྔོ་དང་དཀར་དང་སེར་བ་དང། །དམར་པོ་དེ་བཞིན་གཡོན་པ་མཛེས། །དཀར་ དང་སྔོ་དང་སེར་བ་དང། །སྟེང་གི་ཞལ་ནི་དམར་པོ་སྟེ། །སྤྱན་གསུམ་པ་ལ་དམར་བའི་སྤྱན། །ཁྲོ་བོ་བཞི་དང་ཡང་དག་ལྡན་།ལས་རྣམས་ཐམས་ཅད་བྱེད་པ་དགེ་འདོད་ པའི་རྡོ་རྗེ་རྡོ་རྗེ་སྔོན། །བསྐྱེད་པའི་རྡོ་རྗེ་ཉིད་དང་ནི་།མི་གཡོ་བ་ཡི་རྡོ་རྗེ་སྟེ། །སྔོ་དང་ལྗང་དང་དམར་བ་དང་།དུད་ཀ་ངུར་སྨྲིག་བསྲེས་པ་སྟེ། །མཆེ་བ་རྣམ་པར་གཙིགས་པའི་ ཞལ༑ ༑ཐོད་པའི་ཕྲེང་བས་རྣམ་པར་བརྒྱན། །གཡས་བརྐྱང་པ་ཡི་ཞབས་ཀྱིས་ནི། །བདུད་བཞི་པོ་ནི་རྣམ་པར་གནོན། །ན་རའི་རུས་པས་སྐུ་བརྒྱན་ཅིང། །སྣ་ཚོགས་ཁྲོ་ [308A]༄༅། །བོའི་རིགས་ཀྱང་འཕྲོ། །ཐོད་པ་དང་ནི་ཁ་ཊཱཾ་འཛིན། །རྡོ་རྗེ་སྡིགས་མཛུབ་བརྐྱང་བ་སྟེ། །རང་གི་རིགས་དང་གཉིས་མེད་འཁྱུད། །ཁྲོ་བོའི་ལྟ་བས་གཟིགས་མཛད་ ཅིང༑ ༑དྲིལ་བུ་ཕྱག་མཚན་ཡང་དག་ལྡན། །འཛིན་པའི་ཕྱག་རྒྱ་འཆིང་བ་སྟེ། །འཇིག་རྟེན་གསུམ་རྒྱལ་ཕྱག་རྒྱ་མིས། །ཁྲོ་བོ་ཐམས་ཅད་བཅིངས་པ་ཡིན། །སྟག་གི་པགས་པ་གོས་ སུ་མནབས། །སྤྱན་གསུམ་མི་བཟད་འཇིགས་པ་སྟེ། །ཐོ་བ་དབྱུག་ཏོ་མདའ་དང་ནི། །རལ་གྲི་དྲིལ་བུ་དེ་བཞིན་ཏེ། །ཡང་ན་རྡོ་རྗེ་དྲིལ་བུ་དང། །ཐམས་ཅད་ཁྲེ་བོའི་རིགས་རྗེས་འགྲོ། ། འཁྱུད་པའི་ཕྱག་ཀྱང་དེ་བཞིན་ཏེ། །ཞལ་གསུམ་པ་ལ་ཕྱག་དྲུག་པ། །ཐམས་ཅད་སྤྱན་གསུམ་དངོས་གྲུབ་མཆོག་སྐུ་གསུང་ཐུགས་སུ་སྦྱོར་བ་ཡིས། །དཀྱིལ་འཁོར་དངོས་ གྲུབ་མཆོག་དམ་པ། །སུམ་ཅུ་རྩ་བདུན་རྣམ་པར་དག་ཡི་གེའི་དཀྱིལ་འཁོར་བསྒོམ་པར་བྱ། །ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྣ་གྲྀཧྣ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྣ་པ་ཡ་གྲྀཧྣ་པ་ ཡ་གྲྀཧྞ་པ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་བཱཾ་བཛྲ་ཧཱུཾ་ཧཱུཾ་ཕཊ། །དཔའ་བོ་རྣལ་འབྱོར་མ་མཐོང་ནས། །ཐམས་ཅད་བསྐྱེད་པར་རྣམ་པར་བསྒོམ། །དཀྱིལ་འཁོར་ཆེན་པོའི་སྦྱོར་ བ་ཏེ༑ ༑ཁ་སྦྱར་ལྔ་ཡིས་ངོ་བོ་ཉིད། །རྣལ་འབྱོར་པ་ཡི་དཀྱིལ་འཁོར་ཡིན། །སྙིང་པོ་མཆོག་གི་སྒོམ་པ་ཡིན། །དེ་བཞིན་ཁྱི་དང་ཕག་གི་ཤ་ཟངས་ཀྱི་གཙུག་ཕུང་ཅན་དེ་ [308B] །མངོན་སྤྱོད་ཀྱི་ནི་བྱ་བ་ལ། །བཟའ་དང་སྦྱིན་སྲེག་གཏོར་མ་བྱ། །མ་ལུས་ལུས་པ་མེད་གྲུབ་ཅིང། །རྒྱལ་སྲིད་ཐམས་ཅད་རབ་གྲུབ་འགྱུར། །དུང་དང་ཉ་ཕྱིས་མུ་ཏིག་སྟེ། །གསུམ་ ཆར་རྒྱུར་ལས་བྱུང་བ་ཡིན། །ཆོས་ཀྱི་ཡེ་ཤེས་ལུས་ཅན་གྱི། །ཐོད་པ་ལ་ནི་སུ་ཞིག་སྨོད། །དཔའ་བོ་ཐོད་པའི་ཕྲེང་བ་འཆང། །ཟླ་བ་ཕྱེད་པས་རྒྱན་དུ་བྱས། །དཔའ་བོའི་དཔའ་ དབང་ཡིན་པར་བཤད། །ཁྲག་འཐུང་རྡོ་རྗེ་ཅན་རྣམ་པ། །མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས། །སྲུང་བ་ཞལ་བཞི་པར་བྱིན་གྱིས་བརླབས་པ་ཁྲོ་བོ་བཞིའི་དཀྱིལ་འཁོར་ རྡོ་རྒྱུས་ཀྱིས་བྲིས་པ་རྡོ་རྗེ་ཧཱུཾ་མཛད་བསྐྱེད་པའི་ལེའུ་སྟེ་དྲུག་ཅུ་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །སྡེ་ཚན་བརྒྱད་ནི་རྣམ་སྒོམ་པ། །མཁའ་དབྱིངས་པདྨའི་ དབུས་གནས་པར། །ཁྲག་འཐུང་རྡོ་རྗེ་རྣམ་པར་བསྒོམ། །ཞལ་ལྔ་པ་ལ་ཕྱག་བཅུ་པ། །སྤྱན་གསུམ་ཤིན་ཏུ་དམར་བ་སྟེ། །གཡས་བརྐྱང་བ་ཡི་ཞབས་ཀྱིས་བཞུགས། །ཞལ་ རྣམ་སྒྱུར་ཞིང་འཇིགས་པ་སྟེ། །མཆེ་བ་རྣམ་པར་གཙིགས་པའི་ཞལ། །ཐོད་པའི་ཕྲེང་བས་རྣམ་པར་བརྒྱན། །དྲག་པོ་ཟླ་བ་ཕྱེད་པ་འཛིན། །སྣ་ཚོགས་རྡོ་རྗེས་དབུ་ལ་མནན། །རལ་ པའི་ཅོད་པན་འཆིང་བ་སྟེ། །ཕྱག་རྒྱ་དྲུག་གི་མཚན་གྱིས་རྒྱན་།སྟག་གི་པགས་པ་གོས་སུ་མནབས། །རིག་པ་གཉིས་མེད་བདེ་བའི་ཉམས་།སྐུ་ལ་ཐོད་རློན་དོ་ཤལ་ཅན། །ཐུགས་ [309A]༄༅། །རྗེའི་ཉམས་ཀྱིས་ཁྱབ་པར་མྱོས། །དཀར་དང་སྔོ་དང་སྤྲིན་གྱི་གཟུགས། །སྐུ་ནི་སྒེག་ཅིང་ལྡེམ་བག་ཅན། །གཡས་དང་གཡོན་གྱི་ཞལ་དག་ནི། །སེར་དང་ དམར་དང་ལྗང་བ་དང། །དུད་པ་ཡི་ནི་མདོག་ཅན་ནོ། །རྡོ་རྗེ་དྲིལ་བུས་མཉམ་ལྡན་པས། །རང་གི་རིགས་དང་ཡང་དག་འཁྲིལ། །ཚངས་ལྤགས་བཤུས་ནས་མནབས་པར་མཛད། ། རྒྱབ་ཏུ་ངེས་པར་འཛིན་པ་ཡིན། །ཐོད་པ་ཁ་ཊཱཾ་ག་འཛིན་ཅིང་།མདུང་དང་ཅང་ཏེའུ་གྲི་གུག་དང། །ཐོད་པ་དག་ནི་འཛིན་པ་སྟེ་།བཅོམ་ལྡན་བཾ་ཧཱུཾ་ངེས་འབྱུང་བ། །འཇིགས་བྱེད་རང་ གི་ཆུང་མར་བཅས། །ཞབས་ཀྱི་འོག་ཏུ་མནན་པར་སྦྱར། །ཤར་འདབ་ལྷ་མོར་དགོད་པ་སྟེ། །ཇི་སྲིད་ལྷོ་ཕྱོགས་དེ་བཞིན་ཏེ། །མེ་ལ་སོགས་པའང་དགོད་པར་བྱ། །དེ་སྲིད་དབང་ལྡན་སོགས་ དེ་བཞིན། །ཨཱ་ཡི་མཁའ་འགྲོ་མ་དང་ནི། །ཀཱ་ཡི་མཁའ་འགྲོ་མ་དེ་བཞི། །ཙ་ཡི་མཁའ་འགྲོ་མ་དང་ནི། །ཊ་ཡི་མཁའ་འགྲོ་མ་དག་སྟེ། །དཀར་དང་དམར་དང་སེར་བ་དང། །སྔོ་ བའི་མདོག་ཅན་ལྷོ་ཕྱོགས་སོ། །དམར་དང་དུད་ཀ་ལྗང་གུ་དང་།སེར་པོ་དབང་ལྡན་ཡང་དག་གནས། །ཏ་ཡི་མཁའ་འགྲོ་མ་དང་ནི་།པ་ཡི་མཁའ་འགྲོ་མ་དེ་བཞིན། །དེ་ནས་ ཡ་ཡི་མཁའ་འགྲོ་མ། །ཤ་ཡི་མཁའ་འགྲོ་མ་བརྒྱད་པ། །དེ་དག་ཀུན་ནི་སྤྱན་གསུམ་སྟེ། །ཞལ་གཅིག་པ་ལ་ཕྱག་བཞི་པ། །འཇིག་རྟེན་སྐྱོང་བ་བརྒྱད་པོ་ཡི། །རྐང་པ་གཡས་བརྐྱང་ [309B] །རྣམ་གྱུར་མཆེ་བ་རྣམ་གཙིགས་ཞལ་།ཕྱོགས་ཀྱི་གོས་མཆོག་འཛིན་པ་སྟེ། །ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །སྐྲ་གྲོལ་ཐུགས་རྗེ་ཁྲོ་བོ་བཞིན། །དྲག་པོ་ ཡུལ་འཁྲུག་བྱེད་པ་སྟེ། །འདོད་པའི་དོན་ཀུན་གྲུབ་བྱེད་ཡིན། །འགྲོ་བ་ཐམས་ཅད་སྨོན་བྱེད་དེ། །ཐམས་ཅད་ཅི་འདོད་རྫོགས་པ་ཡིན་།ཐོད་པ་དང་ནི་ཁ་ཊཱཾ་འཛིན། །དྲིལ་བུ་ཅང་ ཏེའུ་ཡིས་བརྒྱན་པ། །སྡེ་ཚན་མཁའ་འགྲོ་བདེ་བ་སྟེ། །འདི་དག་རྣལ་འབྱོར་མ་ཡིས་བསྒོམ། །ཡང་ན་ཕག་མོ་དགོད་བྱ་སྟེ། །བདག་མོ་ཡང་ནི་གཞག་པར་བྱ། །རྡོ་རྗེ་སེམས་ དཔའི་བདག་པོ་སྟེ། །མཁས་པས་ཀྱང་ནི་བསྒོམ་པར་བྱ། །སྐུ་གསུང་ཐུགས་སུ་སྦྱོར་བ་དང། །ས་འོག་ས་སྟེང་རབ་ཏུ་འཁྲུག་ཨོཾ་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་ཧུཾ་ཧཱུཾ་ཕཊ་སཱཧཱ། བརྟན་ པ་དང་ནི་གཡོ་བའི་བདག་མ་ལུས་ཇི་སྲིད་འདི་ཡིས་འགྲུབ། །སྡེ་ཚན་མཁའ་འགྲོ་དམ་པ་མཆོག་བྷ་གའི་དབུས་སུ་བསྒོམ་པར་བྱ། །ཨ་ཤ་ཀཱ་ཀཾ་ཙརྨ་ཙ། ཊཾ་ཏ་པ་ཀ་ཏ་ པ་ས་ཏ་ཐ། པ་བ་ན་ཛ་ཡཾ་མ་བྷ་ཧཾ་ཙ། ཤ་ར་བྷ་ཙ་ཏ་ཐ། སྦྲང་རྩི་མར་དང་བཅས་པ་ནི། །རྟག་ཏུ་དུས་སུ་འདི་བརྒྱད་བཟའ། །རྒས་དང་ནད་དང་འཆི་མེད་པར། །སྐྱེ་བ་འདི་ལ་དངོས་ གྲུབ་འབྱུང། །ཆང་གི་བཏུང་བ་དང་བཅས་པ། །ཟོས་པ་ཙམ་གྱིས་དབང་དུ་འགྱུར། །དེ་མ་རྙེད་ནའང་ས་ལུས་བྱ། །སྐྱེ་བ་བདུན་པའི་ནང་གནས་ཤིང། །ཕྱུགས་ནི་ཟས་སུ་རྟ་སྤྱད་ [310A]༄༅། །ན༑ ༑སྐད་ཅིག་གིས་ནི་མཁའ་སྤྱོད་འགྱུར། །འདི་ལ་ཡིད་གཉིས་དཔྱོད་པ་མེད། །མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས། སྡེ་ཚན་གྱི་སྦྱོར་བའི་ ལེའུ་སྟེ་དྲུག་ཅུ་རྩ་གཅིག་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །རྣལ་འབྱོར་མཆོག་གིས་གར་ད་བ། །དཔའ་བོ་དང་ནི་རྣལ་འབྱོར་མ། །མ་མོའི་དཀྱིལ་འཁོར་ སྔར་བཤད་དོ། །མཁའ་འགྲོ་མ་སོགས་མཁའ་འགྲོ་ནི། །གར་ད་པ་ཡི་གཟུགས་སུ་བྱ། །ཕག་མོའི་གཟུགས་ནི་དེ་ཉིད་ཀྱང། །ཞལ་ནི་གར་ད་བ་རུ་བྱ། །སྔར་བཤད་གནས་དང་ ཕྱག་མཚན་དང། །ཞལ་ནི་གཞན་ཡང་རྟོགས་པར་བྱ། །སྔར་བཤད་མཚན་མའི་རིམ་པ་ཡིས། །མཁའ་འགྲོ་མ་ནི་ལག་མདུང་ཐོགས། །ཐུགས་ཀྱི་འཁོར་ལོ་ཐམས་ཅད་ཀུན། ། མཁའ་ལྡིང་གདོང་ནི་འཇིགས་པ་ཅན། །གསུང་གི་འཁོར་ལོ་རྨ་བྱའི་གདོང། །སྐུ་ཡི་འཁོར་ལོ་སེངྒེའི་གདོང། །ཁྱི་དང་ཕག་དང་འུག་པ་དང། །ཁྭ་ཡི་ཞལ་གདོང་དེ་བཞིན་ཏེ། ། ཟུར་ལ་གཤིན་རྗེ་སྲེག་སོགས་ཀུན། །མ་ཧེ་རི་དྭགས་ཞལ་གདོང་ཡིན་།དཀྱིལ་འཁོར་མ་ལུས་ཅན་རྣམས་ཀྱང། །སྤྱན་གསུམ་མིག་ནི་ཤིན་ཏུ་དམར། །འདི་ནི་རྣལ་འབྱོར་ མཆོག་དམ་པ། །སྡུག་བསྔལ་ཐམས་ཅད་ཟད་པར་བྱེད། །རྣལ་འབྱོར་བློ་གྲོས་དངོས་གྲུབ་དག་རྣལ་འབྱོར་མཆོག་ནི་སྟེར་བར་འགྱུར། །རྡོ་རྗེ་ཐེག་པའི་མན་ངག་ [310B] །ངག་གི་དངོས་གྲུབ་རབ་ཏུ་སྟེར། །མ་ཐོས་པ་ཡི་ཆོས་བསྟན་པས། །སེམས་ཅན་རྣམས་ནི་སྲིད་ལས་གྲོལ། །བླ་ན་མེད་པ་ཉིད་བསྟན་པས། །མི་སྣང་ལ་སོགས་དངོས་ གྲུབ་འགྱུར། །སུ་ཡང་རུང་བས་འཇིག་རྟེན་གསུམ། །དེ་ཀུན་དེ་མ་ཐག་ཏུ་མཐོང། །སྔར་བཤད་དཔའ་བོ་རྣལ་འབྱོར་མའི། །གསང་སྔགས་རྣམས་ཀྱང་དེ་བཞིན་ཏེ། །མཁའ་ འགྲོ་མ་མོ་དེ་བཞིན་ནོ། །སྔར་བཤད་སྔགས་ཀྱི་བདག་པོ་རྣམས་།བཟླས་ན་དངོས་གྲུབ་རབ་སྟེར་ཅིང། །རྟག་ཏུ་བདེ་བ་ཐམས་ཅད་འཐོབ། །རྣལ་འབྱོར་ཉེ་སྙིང་བཟླས་ན་ནི། །གར་ དའི་དངོས་གྲུབ་མཁའ་ལ་འགྲོ། །བརྟུལ་ཞུགས་མེད་པའང་བརྟུལ་ཞུགས་འཐོབ། །མི་གཙང་པའང་གཅང་བར་འགྱུར། །དབུལ་པོའང་ནོར་གྱི་བདག་པོར་འགྱུར། །ནད་ཡོད་པ་ཡང་ མེད་པར་འགྱུར། །ལོང་བ་ཡིས་ཀྱང་མཐོང་བར་འགྱུར། །མངོན་པར་ཤེས་པ་ལྔ་ཐོབ་འགྱུར། །བོང་བུའི་ཤ་དང་རྟ་ཤ་དང། །ཁྱི་དང་བ་ལང་གླང་པོ་མི། །རྔ་མོ་ལྕེ་སྤྱང་དེ་བཞིན་ཏེ། ། བརྒྱད་པོའང་མཉམ་པ་མཆོག་ཡིན་ནོ། །རྣལ་འབྱོར་བདག་གིས་དེ་བརྒྱད་བཟའ། །དྲི་ཆེན་ཆུ་དང་སྦྲང་རྩི་མར། །བསམ་གཏན་བསྒོམས་ཏེ་བཟའ་བྱས་ནས། །ཡང་བའི་དངོས་གྲུབ་ ཐོབ་པར་འགྱུར། །གཟུགས་ཡོངས་བསྒྱུར་པའི་དངོས་གྲུབ་ཅིང། །རང་གི་གཟུགས་སུའང་འགྱུར་བ་ཡིན། །རྣལ་འབྱོར་གང་དང་གར་གནས་པར་།བཟའ་བ་ཡང་ནི་བཟའ་བར་ [311A]༄༅། །བཤད། །འགྲོ་དང་མི་འགྲོ་དེ་བཞིན་ཏེ། །བཏུང་ཞིང་བཏུང་ཞིང་དངོས་གྲུབ་འགྱུར། །མ་དང་བུ་མོ་སྲིང་མོ་དང། །རང་གི་གཉེན་དང་ཚ་མོ་དང། །བློ་ལྡན་ ཇི་ལྟར་འདོད་པ་ཡིས། །ཕྱག་རྒྱ་ཕྱག་རྒྱ་ཆེན་པོ་འགྲུབ། །གར་དའི་མཁའ་འགྲོ་བསྒོམས་ན་ནི། །མྱུར་དུ་འགུགས་པའི་དངོས་གྲུབ་འགྱུར། །མཆོག་འདི་ཡང་ནི་གསང་བ་སྟེ། ། སུ་ལ་ཡང་ནི་བརྗོད་མི་བྱ། །མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས། ཇི་ལྟར་འདོད་པའི་བོང་བུའི་མཛད་པ་དངོས་གྲུབ་ཀྱི་རྒྱུ་སྒྲུབ་པའི་ལེའུ་སྟེ་དྲུག་ཅུ་རྩ་གཉིས་པའོ།། །། ད་ནས་གཞན་ཡང་བཤད་བྱ་བ། །མཁའ་འགྲོ་ལྔ་ཡི་རྣམ་སྒོམ་པ་།རིགས་ལས་བརྒྱད་པའི་ཆོ་ག་ཡིན། །གདན་དང་ཕྱག་མཚན་ས་བོན་ཏེ། །འདི་ནི་ས་བོན་མཆོག་གྱུར་པའོ། །ང་ཉ་ཎ་ ན་མ་ཞེས་པ། །འདི་ནི་ས་བོན་མཆོག་གྲུབ་པ། །ང་ནི་རྡོ་རྗེ་མཁའ་འགྲོ་སྟེ། །ཉ་ནི་སངས་རྒྱས་མཁའ་འགྲོ་ཡིན། །ཎ་ནི་རིན་ཆེན་མཁའ་འགྲོ་སྟེ། །ན་ནི་པདྨ་མཁའ་འགྲོ་ཡིན། །མ་ནི་སྣ་ ཚོགས་མཁའ་འགྲོ་སྟེ། །མཁའ་འགྲོ་ལྔ་ནི་མཆོག་ཡིན་ཏེ། །ཞེ་སྡང་གཏི་མུག་ང་རྒྱལ་དང། །ཆགས་དང་ཕྲག་དོག་དེ་བཞིན་ཏེ་།རིགས་ནི་ལྔ་པོ་འདི་དག་གིས། །འདོད་ལས་ གྲོལ་བའི་འབྲས་བུ་སྩོལ། །རྡོ་རྗེ་འཁོར་ལོ་རིན་ཆེན་དང། །པདྨ་རལ་གྲི་ལྔ་པ་ཡིན། །སྔོ་དང་དཀར་བ་ཉིད་དང་ནི། །སེར་དང་དམར་པོ་ལྗང་གུ་དང། །རྡོ་རྗེའི་ཕྱག་རྒྱ་བྱང་ཆུབ་ [311B]རིན་ཆེན་ཕྱག་རྒྱའང་དེ་བཞིན་ཏེ། །པདྨའི་ཕྱག་རྒྱ་བཞི་པ་སྟེ། །རལ་གྲིའི་ཕྱག་རྒྱ་ལྔ་པ་ཡིན། །གླང་པོ་སེངྒེ་རྟ་དང་ནི། །རྨ་བྱ་མཁའ་ལྡིང་དེ་བཞིན་ཏེ། །ཁྱབ་འཇུག་ ཚངས་པ་ཉི་མ་དང། །དབང་ཕྱུག་ཆེ་དབང་པོ་ཡང་དེ། །རང་རིག་ཡན་ལག་དང་བཅས་པ། །གཉིས་མེད་བདེ་བས་ཡང་དག་གནས། །ཤར་དང་ལྷོ་དང་ནུབ་དང་ནི། །བྱང་དུ་ཡང་ནི་དེ་ བཞིན་འདིར། །དཔའ་བོའི་འཁོར་དང་བཅས་པར་དགོད། །ལྔ་པོ་ཡང་དག་ལྔ་སངས་རྒྱས། །ལྔ་པོ་བདག་ཉིད་ལྔ་ཡིན་ནོ། །ཉི་མའི་དཀྱིལ་འཁོར་དབུས་སུ་སྟེ། །ཟླ་བའི་དཀྱིལ་ འཁོར་ཤར་དུའོ། །ལྷོ་དང་ནུབ་དང་དེ་བཞིན་ཏེ། །བྱང་ན་ཉི་མའི་དཀྱིལ་འཁོར་ལོ། །ཡང་ན་དབུས་སུ་ཟླ་བ་སྟེ། །ཤར་དུ་ཡང་ནི་ཉི་མའི་གདན། །དེ་དག་དཔའ་བོར་གྱུར་པ་སྟེ། །འདི་ལྟ་ སྟེ༑ རྡོ་རྗེ་ཐོད་པ་དང། རྡོ་རྗེ་མཁའ་མཉམ་དང། རྡོ་རྗེ་སྙིང་པོ་དང། རྡོ་རྗེ་སྲ་བ་དང་བཞི་པོ་དེ་དག་ནི། རྡོ་རྗེ་མཁའ་འགྲོའི་དཀྱིལ་འཁོར་ཏེ། གླང་པོ་ཆེའི་གདན་ཁྲི་བྱའོ། །རྡོ་རྗེ་ཟླ་བ་ དང། རྡོ་རྗེ་རྒྱལ་མཚན་དང། རྡོ་རྗེ་རྒྱལ་པོ་དང། རྡོ་རྗེ་སྒྲ་དང་དེ་དག་ནི། སངས་རྒྱས་མཁའ་འགྲོའི་དཀྱིལ་འཁོར་ཏེ་སེངྒེའི་གདན་ཁྲིའོ། །འདོད་པའི་རྡོ་རྗེ་དང། རྡོ་རྗེ་སྤྲིན་དང་ རྡོ་རྗེ་ཊ་ཧར་དང། རྡོ་རྗེ་བཞད་པ་དང་དེ་དག་ནི། རིན་ཆེན་མཁའ་འགྲོའི་དཀྱིལ་འཁོར་སྟེ། རྟའི་གདན་ཁྲིའོ། །རྡོ་རྗེ་མེས་དཔལ་དང། རྡོ་རྗེ་འཇོམས་པ་དང། རྡོ་རྗེ་སྲེག་བྱེད་དང་ [312A]༄༅། །རྡོ་རྗེ་དྲི་བྲལ་དང། དེ་དག་གི་པདྨའི་དཀྱིལ་འཁོར་ཏེ། རྨ་བྱའི་གདན་ཁྲིའོ། །རྡོ་རྗེ་བ་དན་དང། རྡོ་རྗེ་གླུ་དང། རྡོ་རྗེ་དཔའ་བ་དན་དང། རྡོ་རྗེ་འཇིགས་བྱེད་དང་དེ་དག་ནི་ ལས་ཀྱི་མཁའ་འགྲོའི་དཀྱིལ་འཁོར་ཏེ། །མཁའ་ལྡིང་གི་གདན་ཁྲིའོ་།དཔའ་བོ་དེ་དག་ཀྱང་རང་གི་རིགས་དང། ཐོད་པའི་ཕྲེང་བ་ཅན་སྤྱན་གསུམ་པ། རང་གི་ཤེས་རབ་དང་ འཁྱུད་པ། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་ཡི་དྭགས་ཀྱི་གདན་ལ་བཞུགས་པའོ། །མཆེ་བ་རྣམ་བར་གཙིགས་ཤིང་རྣམ་པར་འགྱུར་བ། སྟག་གི་པགས་པ་གོས་སུ་མནབས་པ་ ཞལ་གཅིག་པ། ཕྱག་བཞི་པ། ཐོད་པ་དང་ཁ་ཊཱཾ་འཛིན་པ་ཅང་ཏེའུ་སྒྲ་ཧཱུཾ་དང་བཅས་པ། མགོ་བོའི་ཕྲེང་བའི་དོ་ཤལ་གྱིས་བརྒྱན་པ། ཕྱག་རྒྱ་ལྔ་འཆང་བ། རང་གི་ རིགས་ཀྱི་དབུ་རྒྱན་ཅན། རལ་པ་དང་ཟླ་བ་འཛིན་པའོ། །རྡོ་རྗེ་མཁའ་འགྲོའི་ཤར་དཀར་པོ། བྱང་ལྗང་གུ་ནུབ་དམར་པོ། ལྷོ་སེར་པོ། ལས་ཀྱི་མཁའ་འགྲོའི་ཤར་སེར་ པོ༑ བྱང་སྔོན་པོ། ནུབ་དཀར་པོ། ལྷོ་དམར་པོ། པདྨའི་མཁའ་འགྲོའི་ཤར་དཀར་བ། བྱང་ལྗང་གུ་ནུབ་སྔོན་པོ། ལྷོ་སེར་པོ་རིན་ཆེན་མཁའ་འགྲོའི་ཤར་ལྗང་གུ་ བྱང་སེར་པོ། ནུབ་དཀར་པོ། ལྷོ་སྔོན་པོ། སངས་རྒྱས་མཁའ་འགྲོའི་ཤར་སྔོན་པོ། བྱང་ལྗང་གུ་ནུབ་དམར་པོ། ལྷོ་སེར་པོ། འདི་དག་ཇི་ལྟའི་རིམ་པ་ཡིས། །རྡོ་རྗེ་ [312B] །པདྨ་རིན་ཆེན་ཕྲེང་བ་ཡིན། །ཆས་ནི་ཡོངས་སུ་བསྐོར་བར་བྱ། །གྲཱ་བཞི་མ་མོ་བཞི་བསྒོམ་སྟེ། །མ་མོ་རྨོངས་བྱེད་མ་དང་ནི། །མ་མོ་ཞེ་སྡང་ཉིད་ཡིན་ཏེ། ། ཆགས་པ་ཡི་ནི་མ་མོ་དང། །ཕྲག་དོག་མ་མོ་དེ་བཞིན་ཏེ། །མེ་ཡི་ཕྱོགས་ལ་སོགས་པར་དགོད། །དཀར་དང་སྔོ་དང་དམར་དང་ལྗང་།སྐྲ་གྲོལ་མ་ལ་བཞིན་རྣམ་སྒྱུར། །སྤྱན་ གསུམ་པ་ལ་གཅེར་བུ་སྟེ། །ཕྱག་རྒྱ་ལྔ་ནི་འཛིན་པ་ཡིན། །ཕྱག་བཞི་པ་ལ་ཞལ་གཅིག་པ། །ཡི་དྭགས་གདན་ལ་རྣམ་པར་བཞུགས་།དབང་ཆེན་མེ་དང་ཆུ་དང་ནི། །རླུང་གི་ དཀྱིལ་འཁོར་དག་ཏུ་གནས། །རིགས་ཀྱི་གདན་ལ་བཞུགས་པ་ཡིན། །འཁོར་ལོ་རྡོ་རྗེ་པདྨ་དང། །རལ་གྲི་ཐོད་པ་ཁ་ཊཱཾ་ག་གྲི་གུག་ཡང་ནི་ཕྱག་ན་འཆང། །མ་ནིང་ལས་བྱུང་ལྷ་མོ་ བསྒོམ༑ ༑ཐོད་པ་ཡི་ནི་ཕྲེང་བ་ཅན། །སྐྱིལ་མོ་ཀྲུང་ནི་ཕྱེད་པའོ། །རྡོ་རྗེ་གནོད་སྦྱིན་དང། རྡོ་རྗེ་སྲུང་བ་དང། རྡོ་རྗེ་འགྱིང་བ་དང། རྡོ་རྗེ་རྟ་གདོང་དང། རྡོ་རྗེ་དྲེད་གདོང་དང་རྡོ་རྗེ་བདེ་ མཆོག་དང། རྡོ་རྗེ་དམ་ཚིག་དང། རྡོ་རྗེ་རྟ་མཆོག་སྟེ། ཁྲོ་བོའི་རྒྱལ་པོ་དེ་དག་ནི། །སྒོ་རྣམས་དང་ནི་མཚམས་སུ་སྟེ། །སྔོ་དང་ལྗང་དང་དམར་སེར་པོ། །དམར་དང་སྔོ་དང་དུད་ཀ་དཀར། ། ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དང། །དྲིལ་བུ་ཐོད་པ་ཁ་ཊཱཾ་ག་ཅང་ཏེའུ་ཡང་ནི་དེ་བཞིན་ཏེ། །ཐོད་པ་དབྱིག་ཏོ་མདུང་དང་ནི། །དགྲ་སྟ་ཐོད་པ་ཁ་ཊཱཾ་ག་མགོ་བོ་ཕྱག་ན་བསྣམས་ [313A]༄༅། །པའོ༑ ༑ཞལ་གཅིག་པ་ལ་ཕྱག་བཞི་པ། །དབུ་སྐྲ་དམར་སེར་གྱེན་དུ་བརྫེས། །ཕྱག་རྒྱ་ལྔ་ནི་འཛིན་པ་སྟེ། །སྟག་གི་པགས་པ་གོས་སུ་མནབས། །ཐོད་པ་ ཡི་ནི་ཕྲེང་བ་འཆང། །མགོ་བོའི་དོར་ཤལ་རྣམ་པར་བརྒྱན། །ཉི་མ་པདྨའི་སྟེང་དུ་ནི། །གཡས་བརྐྱང་བ་ཡིས་ཞབས་ཀྱིས་བཞུགས་།ཕྱོགས་སྐྱོང་བརྒྱད་ཀྱི་ཁྲི་ལ་བཞུགས། ། མཆེ་བ་རྣམ་གཙིགས་རྣམ་གྱུར་ཞལ། །སྤྱན་གསུམ་རང་རིགས་ཅོད་པན་ཅན། །རང་གི་རིགས་དང་གཉིས་མེད་སྦྱོར། །སྙིང་རྗེ་ཡི་ནི་ཉམས་ཅན་ཏེ། །ཕྱི་རོལ་རྡོ་རྗེ་ཡི་དྭགས་ ཀྱིས༑ ༑ཡོངས་སུ་བསྐོར་བར་བསྒོམ་པར་བྱ། །ཐོག་མར་གསལ་བྱེད་མིང་དང་ཧཱུཾ། །མཐའ་རུ་ཕཊ་དང་སྦྱར་བར་བྱ། །སྔར་བཤད་ཆོ་གའི་སྲུང་བ་བྱ། །ཕུང་པོ་ཁམས་དང་སྒྱེ་ མཆེད་དང། །ལུས་ངག་ཡིད་ལས་བསྒོམ་པར་བྱ། །མཁའ་འགྲོ་ཞལ་དྲུག་ཕྱག་བཅུ་གཉིས། །རང་གི་མཚན་མ་དྲིལ་བུ་ཡིས། །གཉིས་སུ་མེད་པར་མཉམ་པར་ལྡན།། མདུང་དང་ལྕགས་ཀྱུ་ཐོད་པ་དང། །ཁ་ཊཱཾ་ག་དང་མགོ་བོ་དང། །ཅང་ཏེའུ་དང་ནི་གྲི་གུག་དང། །ན་རའི་པགས་པ་འཛིན་པ་ཡིན། །སྔོ་དང་སེར་དང་དམར་ལྗང་གུ། །དུད་ཀ་དང་ནི་དཀར་ བ་དང། །དཀར་དང་སྔོ་དང་སེར་དམར་དང། །ལྗང་དང་ཐལ་བའི་མདོག་ལྟ་བུའོ། །སེར་དང་སྔོ་དང་དཀར་བ་དང། །དམར་དང་ལྗང་གུ་པདྨའི་མདོག་དམར་དང་དཀར་དང་སྔོན་པོ་དང།། [313B]ལྗང་དང་དཀར་དང་དམར་བ་དང། །སྔོ་དང་སེར་དང་དཀར་བའི་མདོག་དེ་དག་མཁའ་འགྲོ་ལྔ་ཡི་ནི། །ཞལ་མདོག་གི་ནི་ཁྱད་པར་ཡིན། །ཡང་ན་ ཞལ་གཅིག་ཕྱག་གཉིས་བསྒོམ། །ཕྲེང་བའི་གསང་སྔགས་མིང་དང་བཅས། །མཁས་པས་ཟུར་བཞི་མཚམས་ནས་སོ། །མཐར་ནི་ཧཱུཾ་ཧཱུཾ་ཕཊ་དང་སྦྱར། །ཨོཾ་མ་ཧཱ་སུ་ཁ་བཛྲ་ཌཱ་ཀ་ཧཱུཾ་ཌ་ཀི་ ནཱི་ཛཱ་ལ་ཤཾ་བ་ར་ཨཱ་ཧཱུཾ་ཕཊ་སཱཧཱ། །ཨོཾ་མ་ཧཱ་སུ་ཁ་བུདྡྷ་ཌཱ་ཀ་བྲུཾ་ཌཱ་ཀི་ནཱི་ཛཱ་ལ་ཤཾ་བ་ར་ཨཱ་ཧཱུཾ་ཕཊ་སཱཧཱ། །ཨོཾ་མ་ཧཱ་སུ་ཁ་རཀྵ་ཌཱ་ཀ་ཏྲཾ་ཌཱ་ཀི་ནཱི་ཛཱ་ལ་ཤཾ་བ་ར་ཨཱ་ཧཱུཾ་ཕཊ་སཱཧཱ། །ཨོཾ་མ་ཧཱ་སུ་ ཁ་པདྨ་ཌཱ་ཀི་ཧྲཱི་ཌཱ་ཀི་ནཱི་ཛཱ་ལ་ཤཾ་བ་ར་ཨཱ་ཧཱུཾ་ཕཊ་སཱཧཱ། ཨོཾ་མ་ཧཱ་སུ་ཁ་བི་ཤྭ་ཌཱ་ཀ་ཁཾ་ཌཱ་ཀི་ནཱི་ཛཱ་ལ་ཤཾ་བ་ར་ཨཱ་ཧཱུཾ་ཕཊ་སཱཧཱ། །དེ་དག་ནི། མཁའ་འགྲོ་ལྔའི་སྙིང་པོའི་གསང་སྔགས་ ཏེ་འདི་ནི། ཡེ་ཤེས་ཀྱི་སྙིང་པོར་གྱུར་པ་ཡིན་ནོ། །ཨོཾ་བཛྲ་ཌཱ་ཀ་དཾ་ཧཱུཾ་ཕཊ་སཱཧཱ། ཨོཾ་བུདྡྷ་ཌཱ་ཀ་ཉཾ་ཧཱུཾ་ཕཊ། ཨོཾ་རཏྣ་ཌཱ་ཀ་ཎཾ་ཧཱུཾ་ཕཊ། ཨོཾ་པདྨ་ཌཱ་ཀ་ནཾ་ཧཱུཾ་ཕཊ། ཨོཾ་བི་ཤྭ་ཌཱ་ཀ་མཾ་ཧཱུཾ་ ཕཊ༑ ཡེ་ཤེས་དམ་ཚིག་རོ་གཅིག་པ། །མཁས་པས་བསྒོམས་པར་བྱས་ནས་སུ། །དམ་ཚིག་གིས་ནི་ལེགས་དབང་བསྐུར། །སྣ་ཚོགས་མཆོད་པ་རྣམ་པར་བསྒོམ། །དཀྱིལ་འཁོར་ དག་ནི་ཐམས་ཅད་ཀྱང། །གོ་འཕང་དྲན་ནས་དབང་ཡང་བསྐུར་།སྣ་ཚོགས་ཕུན་སུམ་ཚོགས་པའི་མཆོག་དེ་བཞིན་འཁྱུད་དང་ཙུམ་པ་ན། །བྷ་གའི་ལིངྒའི་སྦྱོར་བ་དག་ཡེ་ཤེས་ [314A]༄༅། །རྣམ་སྨིན་དཔའ་བའི་མཆོག་ཤེས་རབ་ཐབས་ཀྱི་ཕྱག་རྒྱ་དྲུག་རྣམ་པར་ལྟ་ཞིང་ངེས་པར་བརྟག་དགའ་པ་དང་པོ་ཡེ་ཤེས་ཏེ། །མཆོག་ཏུ་དགའ་བ་མཉམ་ པར་སྦྱོར། །བདེ་བར་དགའ་བར་གྲུབ་པ་ཆེ། །ལྷན་ཅིག་སྐྱེས་དགའ་བླ་མེད་ཡིན། །སྦྱོར་བ་དང་ནི་ཤིན་ཏུ་སྦྱོར། །སྦྱོར་བ་ཆེ་དང་ཡེ་ཤེས་སྦྱོར། །དེ་དག་ཆོ་གའི་རིམ་པའོ། །ཐིག་ལེའི་ གཞུང་གི་སྤྱོར་ཤེས་ན། །ཕྲ་བའི་སྦྱོར་བས་བལྟ་བར་བྱ་།ཐམས་ཅད་མཁྱེན་པའི་ཡེ་ཤེས་རྒྱུ། །ཆོས་ཀྱི་དབྱིངས་ཀྱི་གོ་འཕང་ཐོབ། །ཆོ་ག་ངེས་པར་བསྒྲུབས་ནས་ནི། །མྱུར་དུ་རྣལ་ འབྱོར་པ་ཡིས་འགྲུབ། །འདི་ནི་ངེས་པ་ཁོ་ནའོ། །མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས། གསང་བའི་ཡེ་ཤེས་ཀྱི་ལེའུ་སྟེ་དྲུག་ཅུ་རྩ་གསུམ་པའོ།། །། དེ་ནས་གཞན་ཡང་བཤད་བྱ་བ། །ཐུགས་ཀྱི་སྙིང་པོ་མཆོག་གྱུར་པ། །མཁའ་དབྱིངས་རྡོ་རྗེའི་དབུས་གནས་པར། །ཡེ་ཤེས་ཟླ་བ་རྣམ་པར་བསྒོམ། །ཨཱ་ཡི་ཡི་གེ་ལས་བྱུང་བ། །རྡོ་རྗེ་ སེམས་དཔའ་བདེ་བ་ཆེ། །ཁ་བ་ཀུན་དའི་མདོག་ལྟ་བུ། །དག་པའི་ཤེལ་དང་མཚུངས་པའོ། །ཞལ་གསུམ་ཕྱག་དྲུག་ཞི་བ་སྟེ། །སྤྱན་གསུམ་པ་ལ་ཐུགས་རྗེའི་ཉམས། །སྣ་ཚོགས་ པདྨ་ཟླ་དབུས་བཞུགས། །སྟོང་པའི་ཡེ་ཤེས་ལས་བྱུང་བ། །ཟླ་བ་ཕྱེད་པ་རལ་པ་འཆིང། །ཐོད་པ་ཡི་ནི་དབུ་རྒྱན་ཅན། །རྒྱན་རྣམས་ཐམས་ཅད་ཡང་དག་རྫོགས། །རྡོ་རྗེ་སྐྱིལ་ [314B] །རང་གི་ལུས་དང་སྦྱོར་བར་གནས་།སྙིང་རྗེ་ཆགས་དང་མངོན་གྱུར་པ། །དཀར་ཞིང་སྔོ་ལ་དམར་བའི་ཞལ། །རྣམ་པ་གསུམ་གྱི་རང་བཞིན་ཅན། །རྡོ་རྗེ་དྲིལ་བུ་ མཉམ་པར་ལྡན། །ལྷ་མོ་མཆུ་ནི་རྣམ་འཚིར་ཏེ། །རྡོ་རྗེ་མདུང་དང་ཐོད་པ་དང། །ཁ་ཊཱཾ་ག་དང་ཐོད་པ་འཛིན། །ཡི་གེ་ཨཱ་དང་ཉི་དབུས་བཞུགས། །རྡོ་རྗེ་སེམས་དཔའ་རྣམ་པར་བསྒོམ།། ཨི་ལས་རྡོ་རྗེ་ཟླ་བ་སྟེ། །ཨཱི་ལས་རྡོ་རྗེ་སྒྱུ་འཕྲུལ་ལོ། །ཨེ་ལས་ཆོས་ཀྱི་རྡོ་རྗེ་སྟེ། །ཨཻ་ལས་སྣ་ཚོགས་སྒྱུ་འཕྲུལ་མ། །ལྷ་མོ་བཞི་པོ་དེ་དག་ནི། །དེ་ཡི་ཞལ་མདོག་འཛིན་པའོ། ། སྐྲ་གྲོལ་བ་ལ་མིག་པོ་ཆེ། །སྙིང་རྗེ་ཆགས་པས་རྣམ་པར་མྱོས་།རང་གི་ཐབས་དང་ལྷན་ཅིག་བཅས། །ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། །སྣ་ཚོགས་ཡི་དྭགས་སྟེང་དུ་བསྒོམ། །གཙོ་ བོ་ཤེས་རབ་སྐྱིལ་མོ་ཀྲུང། །ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན་།ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །རྡོ་རྗེ་དྲིལ་བུས་མཉམ་པར་ལྡན། །མདུང་དང་གྲི་གུག་ཕྱག་ན་བསྣམས། །ཐོད་པ་ཁ་ ཊཱཾ་ག་འཛིན་ཅིང། །དངོས་གྲུབ་ཐམས་ཅད་རབ་ཏུ་སྩོལ། །ཇི་ལྟར་དཔའ་བོའི་རྣལ་འབྱོར་བཞིན། །དེ་ཡི་མདོག་དང་ཕྱག་མཚན་འཛིན་།ལྷ་མོ་བཞི་ཡི་ཁ་སྦྱར་གསང། །སྙིང་པོ་སྦྱོར་བ་མཆོག་ ཡིན་ནོ༑ ༑གསང་བ་མཆོག་གི་དགྱེས་པ་ན༑ །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །གསང་བ་ཀུན་གྱི་མཆོག་དེ་ཉིད། །མཁའ་འགྲོ་མ་ཡི་སྙིང་པོ་མཆོག་གསང་བའི་ཡེ་ཤེས་དམ་ཚིག་སྟེ། ། [315A]༄༅། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན། །ཨུ་ནི་སྙིང་གར་སྒོམ་པ་སྟེ། །ཨཱུ་ནི་མགོ་བོར་དེ་བཞིན་ནོ། །ཨོཾ་ནི་སྤྱི་གཙུག་དག་ཏུ་སྟེ། །ཨོཾ་ནི་མིག་ཏུ་དགོད་པར་བྱ།། ཨཾ་ནི་གོ་ཆར་དགོད་པ་སྟེ། །ཨཿ་ནི་མཚོན་དུ་རྣམ་པར་དགོད། །སྐུ་གསུང་ཐུགས་སུ་སྦྱོར་པ་ཡིས། །བདག་ཉིད་ཀྱང་ནི་སྒོམ་པར་གནས་།ཡེ་ཤེས་དམ་ཚིག་སྦྱོར་བ་ཡིས། །བླ་ མེད་མཆོག་དང་དབང་ཡང་བསྐུར། །མཉམ་པའི་དམ་ཚིག་སྦྱོར་བ་ཡིས། །ཆོས་ཀྱང་དེ་བཞིན་མཉམ་པ་ཡིས། །དངོས་པོ་ཀུན་ནི་རོ་གཅིག་སྟེ། །གཉིས་སུ་མེད་པའི་མཆོག་གྲུབ་ པ༑ ༑དམ་ཚིག་ཐུན་མཚམས་བཞིན་དུ་སྟེ། །དུས་བཞི་དག་ཏུ་རྣམ་པར་བསྒོམ། །ཁ་སྦྱོར་བཞི་ཡི་སྦྱོར་བ་ནི། །ཐུན་བཞི་ལ་ནི་རྣམ་པར་བསམ། །སྙིང་རྗེས་ཀུན་ལ་འགྲོ་བྱ་ཞིང། ། ཆ་མེད་པར་ནི་རྣམ་པར་བསྒོམ། །ཐམས་ཅད་རྡོ་རྗེ་སེམས་དཔའ་སྟེ་།ཤེས་རབ་ཆ་མེད་རྗེས་སུ་འགྲོ། །རྡོ་རྗེ་རྣལ་འབྱོར་དབང་ཕྱུག་སྦྱོར། །བདག་ཉིད་རྡོ་རྗེ་བདག་པོ་ཡིན། །བགྲང་ དུ་མེད་པའི་རུས་པ་ཡིན། །ཡེ་ཤེས་བཟླས་པ་ཡིན་པར་བཤད། །བཟླས་པ་ཡེ་ཤེས་སྒོམ་པ་སྟེ། །སྤྲུལ་པ་དྲུག་ནི་སྤྲོ་བའོ། །དེ་བས་དམ་ཚིག་བཟླས་པ་ཡིན། །ཆོ་ག་བཞིན་དུ་བཟླས་ པ་བྱ༑ ༑ཨུ་ཨོ་ཨོ་ཨུཿ། ཨཱཾ་ཨཿ། ཨོཾ་ཨཱ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། ཨེ་ཨཱཻ། ཨོ་ཨཽ། ཨཾ་ཨཱ་ཧཱུཾ་སཱཧཱ། དུང་ཆེན་ཕྲེང་བ་བླངས་ནས་ནི། །རྟག་ཏུ་གསང་སྔགས་རྒྱལ་ [315B] ༑དག་བྱེད་བསོད་ནམས་ཆེན་པོ་སྟེ། །དགེ་ཞིང་ཉེས་པ་འཇོམས་པ་ཡིན། །སྡུག་བསྔལ་ཐམས་ཅད་འཇོམས་བྱེད་ཅིང། །དགེ་བ་ཀུན་གྱི་འབྲས་བུ་སྟེ། །གསང་སྔགས་ཀུན་ གྱི་སྟོན་པ་སྟེ། །རྣམ་པར་དབེན་པའི་ས་ཕྱོགས་སུ། །མཁའ་འགྲོ་མ་ཡི་སྙིང་པོ་ཡི། །དགྱེས་པའི་བདེ་བ་ལས་བྱུང་བ། །ལྷ་མོ་བཞི་པོ་དགའ་བ་སྟེ། །རྣལ་འབྱོར་དབང་ཕྱུག་མཆོག་ཏུ་ བདེ༑ ༑རིགས་ཀྱི་བདེ་བ་བཅོམ་ལྡན་འདས། །རང་བྱུང་རྡོ་རྗེ་སེམས་དཔའ་ཡིན། །མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས། ལྷ་མོ་བཞིའི་གསང་བ་ཁ་སྦྱོར་གྱི་ལེའུ་རྙེ་དྲུག་ཅུ་ རྩ་བཞི་པའོ།། །།དེ་ནས་སྦྱོར་བའི་མཆོག་བཤད་པ། །གདུག་པ་ཐམས་ཅད་ཟ་བྱེད་པ། །མ་རུངས་ཕྱི་དང་ནང་འཇོམས་པ། །ནམ་མཁའ་སྟོང་བ་ལྟ་བུ་ལས། །ཡི་གེ་ཀྵ་ ལས་མངོན་བྱུང་ཞིང། །མཁའ་འགྲོ་དྲ་བ་བདེ་མཆོག་ནི། །ཕྱག་གཉིས་པ་ལ་ཞལ་གཅིག་པ། །སྤྱན་གསུམ་པ་ལ་འཇིགས་པའི་ཞལ་།གཡས་བརྐྱང་བ་ཡིས་བཞུགས་པ་ལ། །མ་རུངས་ བདུད་ཀྱི་དགྲ་གནོན་ཅིང། །ཕྱག་རྒྱ་ཆེན་པོ་མཉམ་ལྡན་པས་།ཐོད་པ་དྲིལ་བུས་ཡང་དག་འཁྱུད། །ཐོད་པའི་དབུས་སུ་ཡིད་འོང་བའི། །རྡོ་རྗེ་མཆོག་གིས་རྣམ་པར་མཚན། །ཡེ་ཤེས་ བདུད་རྩིས་ཡོངས་གང་བ། །ལག་པ་གཡས་པར་བཞག་ནས་ནི། །སྣ་ཚོགས་པ་ཡི་སྐུ་ལུས་ལ། །ཕྱག་རྒྱ་དྲུག་གིས་སྐུ་ཡང་བརྒྱན་།ཞལ་གདོང་མཆེ་བ་རྣམ་གཙིགས་ཤིང། །སྤྱི་ [316A]༄༅། །གཙུག་ཐོད་པས་རྒྱན་དུ་བྱས། །སྣ་ཚོགས་རྡོ་རྗེས་སྤྱི་བོར་མཚན། །ཟླ་བ་བྱེད་པར་ལ་པ་འཆང། །རྡོ་རྗེ་སེམས་དཔའི་དབུ་རྒྱན་ཅན། །རྡོ་རྗེ་འཇིགས་བྱེད་སྒོམ་པ་ ཡིན༑ ༑དོགས་པ་རྣམ་པར་སྤངས་ཤིང་ཡོངས་སུ་དག་པའི་བློས། །རྣམ་པར་རྟོག་པའི་དྲི་མའི་ཁྱད་པར་མེད་པར་བྱེད། །བྱམས་དང་སྙིང་རྗེའི་རྒྱན་གྱིས་ལུས་ལ་རྒྱན་དུ་བྱས། ། འཛེམ་མེད་བདེ་བའི་རྣལ་འབྱོར་ལེགས་པར་བསླབས་པའི་བདག་ཤིན་ཏུ་འཇིགས་པའི་དུད་འགྲོའི་དུར་ཁྲོད་ཆེན་པོ་ན། །རོ་ལངས་སྲིན་པོ་སྣ་ཚོགས་སྒྲ་རྣམས་སྒྲོག་ པར་བྱེད། །ཕེཾ་གྱི་སྒྲ་བྱེད་པ་ཡི་འཇིགས་པས་ཁྱད་པར་བྱེད་།གཞན་ཡང་སྒྲུབ་པོ་རྣལ་འབྱོར་མཐུན་པའི་ཡུལ་དུ་སྒྲུབ། །ཡང་ན་ཞལ་ནི་བཞི་པ་དང། །འདི་ལ་ཕྱག་བརྒྱད་ རྣམ་པར་བསྒོམ། །དཀར་དང་སྔོ་དང་དམར་སེར་པོ། །ཞལ་དག་སྒྱུར་ཞིང་འཇིགས་པར་མཛད། །མདུང་དང་རྡོ་རྗེ་ཁ་ཊཱཾ་ག་ཅང་ཏེའུ་མགོ་བོ་གྲི་གུག་ཐོགས། །སྣ་ཚོགས་ཕྱག་ ལ་བསྐྱོད་པའི་ལྗགས། །ཧཱ་ཧཱ་ཧཱི་ཧཱི་ཧཱུཾ་ཧཱུཾ་ཕཊ། །ཕཊ་ཅེས་བྱ་བའི་སྒྲ་སྒྲོག་ཅིང། །དཔའ་བོའི་གཅིག་པུ་འཇིགས་མཛད་པ་།གདུལ་དཀའ་ཐམས་ཅད་འདུལ་མཛད་ ཅིང༑ ༑སྐུ་གསུང་ཐུགས་ཀྱི་སྦྱོར་བ་ཡིས། །ཁྲོ་བོའི་སྤྲིན་ནི་མཁས་པས་སྤྲོ། །བསམ་གཏན་དགའ་བ་བསྒྲུབ་པའི་ཕྱིར། །ཁྲོ་བོ་ཡི་ནི་སྐུ་རུ་སྒྲུབ། །དམ་ཚིག་བཟའ་ཞིང་ [316B] །དམ་ཚིག་ཁ་སྦྱར་བྱས་ནས་བཟླ། །མཉམ་པར་གནས་ཤིང་བཟླས་ནས་སུ། །ཆོས་རྣམས་མ་ལུས་བསྒོམ་པར་བྱ། །ཨོཾ་ཨཀཤ་ཧཱུཾ་ཕཊ། སྲིད་གསུམ་སྡིག་པ་ ཟད་བྱེད་ཅིང། །མཚམས་མེད་ལྔ་ཡང་ཟད་བྱེད་པར། །སྡུག་བསྔལ་ཐམས་ཅད་ཟད་བྱེད་ཅིང། །སྲིད་པ་དག་ཀྱང་སྦྱོང་བར་བྱེད་།སྦྱོར་བ་ཡི་ནི་མཆོག་དམ་པ། །བཀླགས་ཙམ་གྱིས་ ནི་ངེས་པར་འགྲུབ། །གདུག་གཅིག་གནོད་བྱེད་སེམས་ཅན་དང། །མ་རུངས་ལས་ལ་ཆགས་པ་དང། །ལོག་པར་ལྟ་དང་བཅས་པ་ལས། །འདི་དག་ངེས་པར་བཟའ་བར་བྱ། །སངས་རྒྱས་ སྤྲུལ་པའི་རྒྱན་རྣམས་སྤྲོ། །ཁམས་གསུམ་དག་ནི་སྒྲོལ་བར་བྱེད་།སྔགས་པས་སྔགས་ཀྱི་མཆོག་དེ་ནི། །མིང་དང་བཅས་པས་ལྷན་ཅིག་བཟླ། །ཨོཾ་ཕཊ་ཆེ་གེ་མོ་བྷཀྵ་ཡ་ཕཊ། ཀྵ་ཧཱུཾ་ཕཊ་ བདག་ཉིད་ཁྲོ་བོའི་སེམས་ཀྱིས་ནི། །མཱཾ་ས་བཟའ་ཞིང་གཅེར་བུ་དང། །སྐྲ་གྲོལ་རོ་ལ་མནན་པ་དང། །ཞགས་པ་ལྕགས་ཀྱུ་ཕྱག་གིས་འཛིན། །གསང་སྔགས་ཆོ་ག་བཞིན་དུ་ནི། །ཁྲི་ ཕྲག་སྟོང་དུ་བཟླ་ཞིང་བསྒོམ། །རྣལ་འབྱོར་ཆོ་ག་བཞིན་དུ་ནི་།ཁམས་གསུམ་པོ་དག་གསོད་པར་འགྱུར། །མཁའ་འགྲོ་མ་ནི་འཁོར་བཅས་པས། །བཟའ་བར་ཡང་ནི་རྣམ་ པར་བསམ། །བདག་ཉིད་རྡོ་རྗེ་ཁབ་ཐོགས་པའི། །ཁྲོ་བོ་སྙིང་དུ་གཞུག་པར་བྱ། །སྙིང་དང་སྒྱུ་མ་རྐང་དང་རུས། །ཤ་དང་ཁྲག་རྣམས་འདྲལ་བྱེད་ཅིང། །མཚམས་ [317A]༄༅། །མེད་ལྔ་རྣམས་བྱེད་པ་དང། །གདུགས་པ་ཅན་རྣམས་བཟའ་བར་བྱ། །མཁའ་འགྲོ་ལྟེ་བར་བཞུགས་ནས་ནི། །མཁའ་འགྲོ་མ་དང་ལྷན་ཅིག་སྦྱོར།། རྡོ་རྗེ་བློ་ལྡན་རབ་སྦྱོར་བས། །ཞག་བདུན་གྱིས་ནི་ཕེབས་པར་འགྱུར། །བསམ་གཏན་བྱས་པ་ཙམ་གྱིས་ནི། །གདུག་པ་བདག་གིས་ཟོས་པར་འགྱུར། །ཉི་མ་ཕྱེད་དང་མཚན་ ཕྱེད་དང། །ལས་འདི་དག་ལ་འཇུག་པར་བྱ། །གཅེར་བུ་སྐྲ་གྲོལ་བྱས་པ་ཡིས། །གཤིན་རྗེའི་ཕྱོགས་སུ་ཁ་བལྟས་ཏེ། །ཁྱིམ་བྱའི་སྟན་གྱི་སྦྱོར་བ་ཡིས། །མེ་ཡི་གསང་ སྔགས་བཟླ་བར་བྱ། །ཧཱུཾ་ཕཊ་རཾ་རཾ་རཾ། མཚམས་མེད་པ་འདིས་ཞེས་བྱ་བ། །རཾ་རཾ་རཾ་ཧཱུཾ་ཕཊ། ཇི་བཞིན་བཟླས་པ་བྱས་ཙམ་གྱིས། །ཉིན་ཞག་བཅུ་པ་དག་གིས་ནི། །རྡོ་རྗེ་འཛིན་ པ་མངོན་སུམ་པའང། །འཆི་བར་ཡང་ནི་ཐེ་ཚོམ་མེད། །གལ་ཏེ་སྡིག་ཅན་སླར་ལོག་ན། །འདི་ལ་ཞི་བའི་ལས་རྣམས་བྱ། །གསང་སྔགས་བཟླས་པ་ཆེས་བྱས་ནས། །འདིས་ ཀྱང་ཞི་བར་འགྱུར་བ་ཡིན། །ཨོཾ་སཱཧཱ། ཨ་ཨཱ་བཾ་ཨ་མུ་ཀ་པཱ་པ་བའི་ར་ཧོ་བྷ་བི་ཥྱ་ཏི་ཏ་སཾ། སི་པ་ཤིནྟཾ་བྷ་བཾ་ཏུ་བཾ་ཨཾ་ཨ་ཨོཾ་སཱཧཱ། འོ་མ་བཏུང་ཞིང་གོས་དཀར་གྱོན། །ཞི་ བའི་སེམས་ཀྱིས་སྟོང་ཉིད་གནས། །དཀར་པོའི་དྲི་ཡིས་ལུས་བྱུག་གོ་།བྱ་རོག་ཁྱི་དང་བྱི་ལ་དང། །ན་ཀུ་ལ་ཡི་ཤ་རྣམས་བཟའ་།ཐམས་ཅད་རབ་ཏུ་གནས་གྱུར་ཏེ། ། [317B] །མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས། ཁྲོ་བོ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་བདག་པོ་ཁ་སྦྱར་གནོན་པའི་ལེའུ་སྟེ་དྲུག་ཅུ་རྩ་ལྔ་ པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །སྲིད་པའི་ནང་ན་སྐྱེ་བ་བདུན། །སྣ་ཚོགས་པ་ཤུའི་དམ་ཚིག་ནི། །ལྷ་ཡི་གཟུགས་ཅན་ཡིད་འཕྲོག་པ། །ལྷ་ཡི་གཟུགས་ ཅན་གཟི་བརྗིད་དཔལ། །བ་ཤུའི་ནང་ན་རྒྱལ་པོ་ཡིན། །སྐལ་བཟང་ཡིད་འོང་བདེ་བར་འགྲོ། །སྐྲ་ཡི་མྱུ་གུ་དེ་བཞིན་རིང། །མིག་ནི་དཀྱུས་རིང་མིག་ཀྱང་དམར། །པདྨའི་འདབ་མ་ འདྲ་བའི་གཟུགས། །དེ་ཡི་ལུས་ལ་རྡུལ་རབ་འབྱུང། །ལུས་ལས་ལྷ་ཡི་དྲི་འབྱུང་ཞིང། །ཁ་ཡི་དབུགས་ནི་ག་པུར་དྲི། །ལྡན་པས་སྦྲང་མ་རྟག་ཏུ་འཁོར། །གཅིན་དང་ཕྱི་ས་གླ་རྩི་ པྲོ༑ ༑ཚིག་ནི་འཇམ་པར་འགྱུར་བ་དང། །ལག་པ་དང་ནི་རྐང་པ་འཇམ། །ཨུཏྤལ་ལ་ཡི་དྲི་དང་ལྡན། །སྐྲ་དཀར་གཉེར་མ་ལས་རྣམ་གྲོལ། །ལུས་ཀྱང་སྣུམ་ཞིང་མཉེན་པ་དང། །སྙིང་ དང་ཐོད་པ་ལྟེ་བ་སྟེ། །དེས་ན་རོ་ཙ་ན་རུ་འགྱུར། །གྲིབ་བདུན་ངང་པའི་འགྲོས་སུ་འགྲོ། །སྙིང་རྗེའི་བསམ་པ་ཅན་ཡིན་ཏེ། །དཀོན་མཆོག་གསུམ་ལ་རྟག་ཏུ་དད། །སྦྱིན་དང་ཚུལ་ ཁྲིམས་དག་དང་ལྡན། །འདི་འདྲ་རྣལ་འབྱོར་པས་རྟོགས་ན། །མི་གསོད་མེ་ཡིས་ཚིག་མི་འགྱུར། །སྲོག་ཆགས་སྣ་ཚོགས་གདུག་པ་དག་གང་ཡང་རླུང་བས་ཟ་མི་ནུས། ། [318A]༄༅། །དེ་ནི་མཚན་མོ་མི་མཐོང་སྟེ། །མི་སྣང་བ་ཡི་དབང་ཕྱུག་མཆོག་འདི་འདྲ་སྔགས་པས་རྟོགས་ནས་ནི། །བདག་གིས་བླངས་ཏེ་སྦྱིན་པ་སྤྱད། ། དྲི་ཆེན་ཆུ་དང་བྱང་ཆུབ་སེམས། །མཁས་པས་བླངས་ཏེ་རིལ་བུ་བྱ། །ལྕགས་གསུམ་གྱིས་ནི་རྣམ་དཀྲིས་ཏེ། །བློ་དང་ལྡན་པས་བསྒྲུབ་པར་བྱ། །དབང་པོ་གཉིས་ནི་རབ་ སྦྱར་ནས། །ཉེ་བའི་སྙིང་པོ་ལན་འབུམ་བཟླས། །དེ་འདི་ལག་ཏུ་བྱིན་ནས་ནི། །སྦྱིན་པ་འདི་ལས་བདག་ལ་བྱིན། །དེ་འདི་དེ་མ་ཐག་ཏུ་ཡང། །མི་བསྐྱོད་པ་ཡི་བྱ་བ་རྙེད། །དེ་ ནི་དབེན་པར་ཁྱེར་ནས་སུ། །མཉམ་པར་བཞག་སྟེ་བསྒྲུབ་པར་བྱ་།གཞན་ཡང་ལས་རྣམས་རབ་བཤད་བྱ། །དངོས་གྲུབ་སྒྲུབ་པའི་མཆོག་དམ་པ། །དེ་ཡི་སྤྱི་བོའི་སྐྲ་ བཅད་ནས། །གཞན་ཡང་དུད་འགྲོའི་སྤུ་དང་ནི། །དེ་བསྒྲེས་ཐེ་གུར་བྱས་ནས་སུ། །གང་གི་མགུལ་དུ་བཅིངས་བྱས་པས། །དེ་འདྲ་བ་ཡི་གཟུགས་སུ་འགྱུར། །སྣ་ཚོགས་ གཟུགས་ཀྱང་བྱེད་པ་ཡིན། །དེ་ཡི་པགས་པ་བླངས་ནས་ནི། །དེ་ལ་ཧེ་རུ་ཀ་དཔལ་བྲི། །མངོན་སུམ་ཁྲོ་བོའི་དངོས་གྲུབ་ནི། །ཧེ་རུ་ཀ་དཔལ་བྱེད་པ་ཡིན། །རྐང་ལག་པགས་པ་ གླངས་ནས་ནི། །འབྱུང་བའི་སྐྲ་དང་བཅས་བསྲེས་ནས། །ཕྱི་མའི་རིལ་བུར་བྱས་ནས་སུ༑ །མངོན་པར་བསྔགས་ཏེ་ཆོ་ག་བྱ། །མཁས་པས་རྒྱལ་གྱི་ཉི་མ་ལ། །ལྕགས་ [318B] །ལག་པ་གཡོན་པས་དེ་བླངས་ཏེ་།མཐེ་བོང་སྦས་པའི་ཁུ་ཚུར་གྱིས། །ཁུ་ཚུར་དེ་ནི་མགོར་བཞག་ན། །དེ་མ་ཐག་ཏུ་རྐུན་མ་རེངས། །རང་གི་ ལག་གིས་དཔུང་གཉིས་བླངས། །རང་སྐྲ་ཞགས་པ་བླངས་ནས་ཐོགས་།གཡས་པ་ལྕགས་ཀྱུ་ཐོགས་ནས་ནི། །ཐེ་གུ་ལྔ་ཡིས་རྣམ་བར་དཀྲི་།ཕྱོགས་གར་ནོར་གྱིས་གང་བ་ ཡི༑ ༑དེ་ཡི་ཕྱོགས་མཐོང་བླང་བར་བྱ། །ཁྱིམ་དུ་བཀོད་ཅིང་སྟེང་འདུག་ནས། །སྔགས་བཟླས་ནས་ནི་མཁའ་ལ་སྤྱོད། །ཨོཾ་ཛྭཿ་ཨ་བཱཾ་བ་ཧཱུཾ་བ་ཧཱུཾ་ཨ་བ་རཱ་ན་དུ་ཁེ་ཙ་རི་ཛ་རི་ཧྲཱི་ སཱཧཱ༑ ནོར་དང་འབྲུ་དང་དེ་བཞིན་གོས། །ཡིད་ལ་གང་འདོད་ཅི་ཡང་རུང། །དེ་དག་ཐམས་ཅད་མྱུར་དུ་འགུགས། །ཁྱིམ་ནི་གང་བར་ཡོངས་སུ་མཐོང། །མཾ་ས་དག་ནི་ཟོས་ནས་ སུ༑ ༑ལྷ་ཡི་ལུས་སུ་གྱུར་པ་ཡིན། །རྣལ་འབྱོར་རྡོ་རྗེའི་ལུས་གྱུར་ཏེ། །དེས་ནི་ཤི་བ་དབང་དུ་འགྱུར། །ཆུ་བ་ཆོ་ག་བཞིན་བླངས་ནས། །སྐྲ་དང་བསྲེས་ནས་དེ་བསྒྲིལ་ཏེ། །ཐེ་གུ་ཆོ་ག་ བཞིན་དུ་ནི། །བསྒྲིལ་ནས་ཞགས་པ་དག་ཏུ་བྱ། །གཡས་བརྐྱང་གནས་ཤིང་ཁྲོ་གནས་པར། །གང་གི་མིང་གི་བཟླས་བརྗོད་ཀྱིས། །ཞགས་པ་བཏབ་ན་དེ་མ་ཐག་ལྷ་མོ་ འགུགས་ཤིང་དེ་མདུན་གནས། །དེ་ཡི་རུས་པའི་ཕྱེ་མ་ཡིས། །མཁས་པས་དཀྱིལ་འཁོར་བྲིས་ནས་ནི། །འདི་ལ་དཀྱིལ་འཁོར་དངོས་གྲུབ་ནི། །ཅི་འདོད་པ་ནི་དེ་ལ་གནས། ། [319A]༄༅། །གཞན་ཡང་རྒྱུན་དུ་བྱས་པ་དང། །རྡོ་རྗེ་མཚན་གྱིས་མཛེས་པར་བྱ། །ཆུ་བ་དག་གིས་མཆོད་ཕྱིར་ཐོགས། །དེ་རུ་བདར་བའི་ཙནྡན་གྱིས། །བྱུག་ པའི་བརྟུལ་ཞུགས་འཛིན་པ་ནི། །མཁའ་ལ་སྤྱོད་པར་འགྱུར་བ་ཡིན་།སྒྲུབ་པ་ཏིལ་མར་ཆེན་པོ་ཡི། །མིག་སྨན་ངེས་པར་བྱས་ནས་ནི་།གྲིབ་མ་ཡང་ནི་མཐོང་མི་ འགྱུར༑ ༑རྣལ་འབྱོར་ཞག་གིས་བསྐུས་ན་ནི། །མཚན་མོའང་ཉིན་པར་ལྟ་བུར་འགྱུར། །རྣལ་འབྱོར་རྐང་དག་ཟོས་ནས་ནི། །ཚིམ་པར་འགྱུར་གྱི་གཞན་དུ་མིན། །ཇི་སྲིད་གནས་ པར་མི་བཀྲེས་ཤིང། །ཡིད་གཞུངས་དྲན་པ་འཕེལ་བར་འགྱུར། །རྣལ་འབྱོར་སྔོན་གྱི་སྐྱེ་བ་དྲན། །རྡོ་རྗེ་སེམས་དཔར་འགྱུར་བ་ཡིན་།སྒྱུ་མ་ཕྱེ་མར་བྱས་ནས་སུ། །མཁས་ པས་གྲིབ་མ་ལ་ཡང་བསྐམ། །གང་གིས་མགོ་ལ་བཞག་པ་ན། །དེ་མ་ཐག་ཏུ་དབང་དུ་འགུགས། །སྔགས་པས་གློ་བ་ཟོས་ན་ནི། །དེ་མ་ཐག་ཏུ་ནད་མེད་འགྱུར། །རྐང་པ་ བླངས་ནས་སར་བསྣུན་ན། །ཆར་གྱི་རྒྱུན་ནི་འབེབས་པར་བྱེད། །བློ་ལྡན་གསང་བ་བླངས་ནས་བསྐམ། །ཙནྡན་དམར་པོ་དང་བསྲེས་ནས་།དེ་ནི་ཕྱེ་མར་བྱས་ནས་སུ། །བུད་ མེད་གང་ལ་བྱིན་ན་ནི། །འདོད་པས་གདུངས་པའི་བུ་མེད་གང། །དབང་དུ་གྱུར་ཏེ་མང་ག་གཞུག་བྱེད། །པུས་མོའི་རུས་པ་ཀི་ལ་ཡ། །སོར་ནི་བཅུ་གཉིས་ཚད་ཙམ་ཞིག་ [319B] །དེ་ཡི་རིགས་རྒྱུད་མེད་པར་འགྱུར། །རྣལ་འབྱོར་ཇི་ཧཱ་ཟོས་ན་ནི། །ངག་གི་དངོས་གྲུབ་དག་ཏུ་འགྱུར། །རྣལ་འབྱོར་ཧྲྀད་ཟོས་ན་ནི། །སེམས་ནི་ ཐུབ་པ་ཉིད་དུ་འགྱུར། །སོ་ཡི་རྒྱལ་པོ་བཞི་པོ་དག་སྟེང་འོག་དག་ནི་བླངས་ནས་ཀྱང། །བུང་པ་ཡི་ནི་གཤོག་པ་དང། །ཚུབ་མའི་འདབ་མ་རྡུལ་དང་ནི། །རྡུལ་འདིར་སྒྲུབ་པ་ བྱས་ནས་ནི། །རྒྱུ་བ་དང་ནི་མི་རྒྱུ་རྨོངས། །རྩྭ་རྣམས་ཕྱེ་མར་བྱས་པ་ཡི། །བུད་མེད་ཐམས་ཅད་སྐམ་པར་འགྱུར། །རང་བྱུང་མེ་ཏོག་རོ་ཙ་ན། །ཨ་ལག་ཏ་དང་གུར་གུམ་གྱིས། །ཐིག་ ལེ་སྔགས་པས་སྦྱར་ན་ནི། །འཁོར་ལོས་བསྒྱུར་པའང་དབང་དུ་འགྱུར། །རྣལ་འབྱོར་མིག་འབྲས་ཆེ་བ་ཡིས། །ཕ་རོལ་སྡེ་ནི་འབྱེད་པར་འགྱུར། །ནུ་མ་ཟོས་པ་ཙམ་གྱིས་ནི། །དེ་མ་ ཐག་ཏུ་འོ་མ་འགུགས། །རྣལ་འབྱོར་མཚན་ནི་ཟོས་ཅམ་གྱིས། །བུད་མེད་ས་བོན་མོད་ལ་འགུགས། །རྣལ་འབྱོར་སོ་དེང་སེན་མོ་ཕྱེས། །གང་གིས་གང་གིས་མགོ་ལ་གཏོར། ། གྲུབ་པ་བརྒྱད་པོ་འགྲུབ་པ་ཡིན། །ཕ་དང་བུ་ནི་ཡིན་ན་ཡང་།རྣམ་པར་སྡང་བར་བྱས་པར་འགྱུར། །མཆུ་ཕྱེར་བྱས་པའི་སྦྱོར་བ་ཡིས། །ཁ་ནི་གནོན་པར་འགྱུར་བ་ཡིན། ། སྣ་ཕྱེར་བྱས་པའི་སྦྱོར་བ་ཡིས། །དབུགས་ནི་གནོན་པར་འགྱུར་པ་ཡིན། །རྣ་བའི་སྦྱོར་བས་འོན་པར་འགྱུར། །མགོ་བོའི་པགས་པས་མངོན་བཏགས་ཏེ། །ཁ་ཡི་དྲུང་དུ་མངོན་ [320A]༄༅། །བཟླས་ན། །ལྷ་རྣམས་ཀུན་གྱི་གཙོ་བོར་འགྱུར། །ཐོད་པ་ཡི་ནི་སྦྱོར་བ་ཡིས། །རཀྟ་འགུགས་པར་བྱེད་པ་ཡིན། །ཐོད་པ་ཁ་ནི་སྦུབ་པ་ཡིས། ། གནོད་པར་བྱས་པ་ཁོ་ན་ཡིན། །ཨིནྡྲ་བ་རུ་རོ་ཙ་ན། །དེ་གཉིས་གཅིག་ཏུ་བསྲེས་བྱས་ནས། །གང་ལ་ཐིག་ལེ་གཅིག་གྱུར་ན། །དབང་པོའི་གནས་ནི་མཐོང་བར་འགྱུར། ། རོ་ཙ་ན་དང་མྱང་སྤྲས་དག་ལྷན་ཅིག་ཏུ་ནི་བྱུག་པ་ཡིས། །ཐུབ་པ་མེད་པའི་སྟོབས་འགྱུར་ཏེ། །ཕ་རོལ་དག་ནི་གནོན་པར་འགྱུར། །པུ་ཏྲན་ཛ་ལི་རོ་ཙ་ན། །ལྷན་ཅིག་ཏུ་ ནི་ཕྱེར་བྱས་ནས། །བུད་མེད་གང་ལ་ཕྱེས་གཏོར་ན། །དེ་ནི་འདོད་པས་མྱོས་གྱུར་ནས། །ཇི་སྲིད་འཚོ་བའི་བར་དུ་གནས། །རོ་ཙ་ན་དང་པུ་ཏྲས་གཉིས། །ལྷན་ཅིག་ཏུ་ནི་ བསྐུས་པ་ཡིས། །འབྱུང་པོ་ཀུན་དང་འབྱུང་མོ་རྣམས། །ཅི་བགྱི་ཞེས་ནི་སྨྲ་བཞིན་དུ། །དེ་ཡི་དྲུང་དུ་འཁོད་པར་འགྱུར། །ཅི་འདོད་པ་དག་སྟེར་བར་འགྱུར། །རོ་ཙ་ན་དང་ཛི་ བནྟི། །ལྷན་ཅིག་ཏུ་ནི་ཕྱེར་བྱས་ཏེ། །ཤི་བའི་མིག་དང་མིག་སྨན་སྦྱར། །བསྐལ་པར་གནས་ཀྱི་བར་དུ་ནི། །འཚོ་བར་ཡང་ནི་འགྱུར་བ་ཡིན། །ཆུ་སྲིན་ལག་ནི་རོ་ཙ་ན། ། ལྷན་ཅིག་ཏུ་ནི་ཕྱེར་བྱས་ནས། །ནཱ་ག་མ་དོ་ལྷན་ཅིག་ཏུ། །རིལ་བུ་དག་ཏུ་བྱས་ནས་ཀྱང། །རྡོ་རྗེ་གཟི་བརྗིད་དང་བསྲེས་ནས། །མིག་གི་སྨན་ནི་བྱས་གྱུར་ན། །ནོར་སྐྱོང་ [320B] །མངོན་སུམ་དུ་ནི་གནས་ནས་ཀྱང། །དེ་ལ་བདག་གིས་ཞོན་ན་ནི། །གླང་ཆེན་འཁོར་ནི་མང་པོ་དང། །གཞན་གྱིས་མི་ཐུབ་པར་འགྱུར་རོ། །ཕ་རོལ་སྡེ་ནི་ འཇོམས་བྱེད་ཅིང། །གཞན་གྱི་ཡུལ་ལ་དབང་བྱེད་པའི། །ཅི་འདོད་པ་ནི་སྟེར་བར་འགྱུར། །བྲཧམ་དཎྚི་རོ་ཙ་ནི། །ལྷན་ཅིག་ཏུ་ནི་སྦྱོར་བ་ཡིས། །རིག་བྱེད་རྒོད་པ་མེད་པར་ འགྱུར༑ ༑རྨ་བྱའི་མཁྲིས་པའི་རོ་ཙ་ན། །རི་བོང་ཁྲག་དང་ལྷན་ཅིག་ཏུ། །རིལ་བུ་དག་ཏུ་བསྒྲུབས་བྱས་ནས། །རྨ་བྱའི་མཇུག་མས་བཅིངས་ན་ནི། །བུང་བ་བཞིན་དུ་འཕུར་ འགྱུར་ཏེ། །ལྷ་རྣམས་འགུགས་པའི་དངོས་གྲུབ་ཅིང། །རིག་པ་འཛིན་པ་འོངས་པར་འགྱུར། །དེ་ཡི་ལན་ནི་འགའ་ཙམ་གྱིས། །ཇི་ལྟར་འདོད་པ་སྟེར་བར་འགྱུར། །ལྷ་ཡི་ གཞལ་མེད་ཁང་འཕྲོག་ཅིང། །ལྷ་ཡི་བུ་མོའང་འགུགས་པར་འགྱུར་།འདོད་ན་དབང་དུ་སྡོད་བྱེད་ཅིང། །མི་འདོད་སེམས་ཅན་དོན་ཡང་བྱེད། །མཇུག་མ་ཐུར་བལྟས་ བྱས་ན་ནི། །གཏེར་རྣམས་ཀྱང་ནི་མཐོང་བར་འགྱུར། །བླངས་པས་སྦྱིན་པའི་ཕ་རོལ་ཕྱིན། །ཡོངས་སུ་རྫོགས་པར་འགྱུར་བ་ཡིན། །ས་འོག་གཏེར་གྱི་སྒོ་དག་ལ། །མཇུག་ མ་བསྐོར་བ་བྱས་ན་ནི། །སྒོ་དབྱེ་བས་ནི་འཇུག་པར་བྱ། །ལྷ་མིན་བུ་མོ་ལྷན་ཅིག་རོལ། །ལྷ་ཡི་བཅུད་དང་བཅུད་ཀྱིས་ལེན། །འཕྲོག་ཅིང་དེས་ནི་ཟོས་གྱུར་ཏེ། །འདོད་པའི་ལྷ་ [321A]༄༅། །ཡི་གཟུགས་སུ་འགྱུར། །གྲུབ་པའི་རྫས་ནི་བླངས་པ་ཡིས་།སེམས་ཅན་དོན་རྣམས་བྱེད་ཅིང་འགྲོ། །དེ་ནས་ཡན་ལག་ལྔ་པ་ཡི་།ཆོ་ག་དག་ ཏུ་འགྱུར་བ་ནི། །སྤུ་དང་པགས་པ་ཤ་དང་ནི། །རུས་པ་རྐང་པ་བླངས་ནས་སུ། །དྲི་ཆེན་ཆུ་དང་ཤུ་ཀྲ་དང། །མཆལ་རྣམས་དག་ནི་ལྷན་ཅིག་ཏུ། །རིལ་བུ་བྱས་རས་བསྒྲུབ་པར་ བྱ༑ ༑ལྕགས་གསུམ་གྱིས་ནི་རྣམ་དཀྲིས་ནས། །ཁ་ཡི་ནང་དུ་སྦས་ན་ནི། །ནམ་མཁའ་ལ་ནི་འགྲོ་བར་འགྱུར། །རོ་ཙ་ན་དང་ལྷན་ཅིག་ཏུ་།ཁམས་གསུམ་དུ་ནི་རྒྱལ་ཆེར་ འགྱུར༑ ༑མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས། སྐྱེ་བ་བདུན་པའི་ཕྱུགས་ཆེན་སྒྲུབ་པའི་ལེའུ་སྟེ་དྲུག་ཅུ་རྩ་དྲུག་པའོ།། །།དེ་ནས་གཞན་ཡང་བཤད་ བྱ་བ༑ ༑རང་གི་ཆོས་ཀྱི་ཡིག་སྒོམ་པ། །རང་གི་ཆོས་ཀྱི་ཡི་གེར་སྦྱོར། །བདག་མེད་ཆོས་ནི་ཡང་དག་བསྒོམ། །རང་ཆོས་ཡི་གེ་མཆོག་དགའ་བ། །ཆོས་ཀྱི་སྐུ་ལུས་རང་ བྱུང་ཡིན། །ཡི་གེ་ཧེ་ལས་ངེས་འབྱུང་བ། །ཧེ་རུ་ཀ་ནི་རྣམ་པར་བསྒོམ། །ཡི་གེ་ཧི་ལས་ངེས་འབྱུང་བ། །རྡོ་རྗེ་མཁའ་འགྲོ་རྣམ་པར་བསྒོམ། །ཧཱུཾ་གི་ཡེ་ཤེས་ལས་བྱུང་བ། །རྡོ་ རྗེ་ཧཱུཾ་མཛད་རྣམ་པར་བསྒོམ། །ཧཱུཾ་གི་ཡི་གེ་ལས་བྱུང་བ། །མི་བསྐྱོད་པ་ནི་རྣམ་པར་བསྒོམ། །བཾ་གྱི་ཡེ་ཤེས་ལས་བསྐྱེད་པ། །རྡོ་རྗེ་སེམས་དཔའ་རྣམ་པར་བསྒོམ། །ཨོཾ་བྷཱུཾ་ [321B] །སངས་རྒྱས་མཁའ་འགྲོ་རྣམ་པར་བསྒོམ། །ཨཾ་ཏྲཱཾ་རཾ་སྭ་ལས་བྱུང་བ། །རིན་ཆེན་མཁའ་འགྲོ་རྣམ་པར་བསྒོམ། །ཧྲཱིཾ་ཧྲིའ་ཨ་ལས་ངེས་འབྱུང་བ། །པདྨའི་ མཁའ་འགྲོ་རྣམ་པར་བསྒོམ། །ཁཾ་ཧོ་ཧོ་ཧཾ་ལས་བྱུང་བ། །སྣ་ཚོགས་མཁའ་འགྲོ་རྣམ་པར་བསྒོམ། །ཌཱ་ལས་མཁའ་འགྲོ་མ་ཉིད་དོ་།ཡཾ་ལས་རྣལ་འབྱོར་མ་དེ་བཞིན། །བྷཱུཾ་ལས་ ལྷ་མོ་ས་ལ་སྤྱོད། །བཾ་ལས་མཁའ་ལ་སྤྱོད་པ་ཡིན། །མཾ་ལས་མ་མོ་ཉིད་ཡིན་ཏེ། །དཔའ་བའི་བཙུན་མོ་སྙན་གྲགས་མ། །ཧེ་ནི་ཐུགས་ཀྱི་གཙོ་བོ་སྟེ། །རུ་ལས་ངག་ན་བྱུང་བ་ ཡིན༑ ༑ཀ་ནི་ལུས་ཀྱི་རྡོ་རྗེ་སྟེ། །ཡིག་གསུམ་ལས་བྱུང་ཧེ་རུ་ཀ་།མཾ་ལས་འཇམ་པའི་རྡོ་རྗེ་སྟེ། །སཾ་ལས་ཀུན་ཏུ་བཟང་པོ་ཡིན་།ལཾ་ལས་འཇིག་རྟེན་མགོན་པོ་སྟེ། །ཀྵིཾ་ལས་ས་ཡི་ སྙིང་པོའོ། །བཾ་ལས་ཕྱག་ན་རྡོ་རྗེ་སྟེ། །མེཾ་ལས་བྱམས་པ་ཉིད་ཡིན་ཏེ། །ཁཾ་ལས་ནམ་མཁའི་སྙིང་པོར་གྲགས། །གཾ་ལས་ནམ་མཁའི་མཛོད་ཡིན་ནོ། །སཾ་ལས་སྒྲིབ་པ་ཀུན་ སེལ་བ༑ ༑གཾ་ལས་སྤོས་ཀྱི་གླང་པོ་ཡིན། །ཛྙཱཾ་ལས་ཡེ་ཤེས་རྟོགས་ཀྱང་ཡིན། །ཨཾ་ལས་བློ་གྲོས་མི་བཟད་པ། །པྲཾ་ལས་སྤོབས་པ་བརྩེགས་པ་སྟེ། །སཾ་ལས་ངན་སོང་ཀུན་ འདྲེན་པ། །སཾ་ལས་ངན་སོང་ཀུན་འཇོམས་པ། །ཛཾ་ལས་དྲ་བ་ཅན་གྱི་འོད། །ཙཾ་ལས་ཟླ་བའི་འོད་ཡིན་ཏེ། །རཾ་ལས་བྱུང་བའི་རིན་ཆེན་འོད། །སཱུཾ་ལས་ཉི་མའི་འོད་ཡིན་ནོ། ། [322A]༄༅། །བཾ་ལས་རྡོ་རྗེ་འོད་ཀྱང་ཡིན། །མཾ་ལས་མཐུ་ཆེན་ཐོབ་པ་སྟེ། །སུཾ་ནི་སུ་དྷ་ན་ཡིན་ནོ། །བྷཾ་ལས་བཟང་སྐྱོང་ཉིད་ཡིན་ཏེ། །སཾ་ལས་བློ་གྲོས་རྒྱ་ མཚོའོ། །ཀུན་ཏུ་བཟང་པོ་འཇམ་པའི་དབྱངས། །འཇིག་རྟེན་མགོན་པོས་སྙིང་པོ། །ཕྱག་ན་རྡོ་རྗེ་བྱམས་པ་དང། །ནམ་མཁའི་སྙིང་པོ་ནམ་མཁའ་མཛོད། །སྒྲིབ་པ་ རྣམ་པར་སེལ་བ་དང། །སྤོས་ཀྱི་གླང་པོ་ཉིད་ཡིན་ཏེ། །མི་ཟད་པ་དང་ཡེ་ཤེས་ཏོག་སྤོབས་པ་བརྩེགས་པ་མཆོག་ཡིན་ཏེ། །མྱ་ངན་ཀུན་འཇོམས་ཉིད་ཡིན་ནོ་ ངན་སོང་ཀུན་འདྲེན་ཉིད་དང་ནི། །དྲ་བ་ཟླ་བ་རིན་ཆེན་དང་།ཉི་མ་རྡོ་རྗེ་འོད་མཆོག་སྟེ། །སུ་དྷ་ན་དང་རིན་ཆེན་ཐོབ་།རྒྱ་མཚོ་དང་ནི་བཟང་སྐྱོང་ངོ། །དེ་དག་སྔོན་ཉིད་ གྲུབ་པ་སྟེ། །ཕྲེང་བའི་གསང་སྔགས་རྣམ་པར་སྦྱར། །དེ་དག་དམ་ཚིག་ཏུ་བཤད་དེ། །དངོས་གྲུབ་ཀྱི་ནི་གྲུབ་པ་སྩོལ། །རྡོ་རྗེ་ཕོ་ཉ་མ་ཉིད་དང། །སྐུལ་བྱེད་དང་ནི་ རིན་ཆེན་སྒྲོན། །རྡོ་རྗེ་ཉི་མ་དེ་བཞིན་ཏེ། །རོ་ལངས་རྡོ་རྗེ་གཞོན་དུ་མ། །ཀཾ་པོ་ཛི་དང་དེ་བཞིན་ཏེ། །སངས་རྒྱས་བྱང་ཆུབ་མ་དེ་བཞིན། །ཡེ་ཤེས་སྒྲོན་དང་རྡོར་འཇིགས་ མ༑ ༑ཡེ་ཤེས་སྒྲོན་དང་རྒྱལ་བྱེད་མ། །སྒྲོལ་མ་ངང་ནི་གོས་དཀར་མོ། །སྤྱན་དང་མཱ་མ་ཀཱ་མ་ཆོག་དང། །རྒྱལ་མཚན་སོ་སོར་འབྲང་མ་དང། །རྨ་བྱ་དང་ནི་རི་ཁྲོད་ [322B] ༑ལུ་གུ་རྒྱུད་དང་ཕྱིར་ཟློག་མ། །ལྷ་མོ་གཙུག་ཏོར་རྡོར་འཇིགས་མ། །སྔོན་གྲུབ་པ་ཡི་ལྷ་མོ་སྟེ། །འདོད་པའི་འབྲས་བུ་ཐམས་ཅད་སྩོལ། །གསལ་བྱེད་མིང་དང་བཅས་ པར་ནི༑ ༑མཐར་ནི་ཧཱུཾ་ཕཌ་སྦྱར་བར་བྱ། །ཐ་མར་སཱཧཱ་མཉམ་པར་སྦྱར། །སྔགས་ཀྱི་དངོས་གྲུབ་རབ་ཏུ་སྩོལ། །གཤིན་རྗེ་གཤེད་དང་རྟ་མཆོག་རྒྱལ། །བགེགས་ནི་གནོན་ པར་མཛད་པ་ཡིན། །ཤེས་རབ་མཐར་བྱེད་བཞི་པོ་ནི། །འདོད་པའི་དོན་ཀུན་སྒྲུབ་བྱེད་ཡིན། །འདོད་རྒྱལ་དབྱུག་སྔོན་སྟོབས་པ་ཆེ། །བརྒྱད་པར་མི་གཡོ་གྲགས་པ་སྟེ། ། ཁྲོ་བོ་ཆེན་པོ་སྔོན་གྲུབ་པ། །གདུག་པ་ཐམས་ཅད་ངེས་པར་གནོན་།དཀར་མོ་སོགས་དམ་ཚིག་ལྷ་མོ། །ཁྲག་འཐུང་ལྷ་མོ་བརྒྱད་པ་ཡིན། །སྔར་བཤད་མཁའ་འགྲོ་མ་ རྣམས་ཏེ། །ཁྲོ་བོ་བརྒྱད་དང་གཉིས་མེད་གནས། །རྩ་བའི་བརྒྱད་དང་ལྡན་པའི་སྔགས། །མིང་དང་ཡང་དག་སྦྱར་བར་བྱ། །གསལ་བྱེད་ཨོཾ་ནི་ཀུན་ཏུ་ཡང། །མཐར་ནི་ ཧཱུཾ་ཕཌ་སཱ་ཧཱར་སྦྱར། །གསལ་བྱེད་མིང་དང་ཧཱུཾ་དང་ནི་།མཐར་ནི་ཕཌ་དང་སཱ་ཧཱར་སྦྱར། །གཟུགས་དང་སྒྲ་ཡི་ལྷ་མོ་དང། །དྲི་དང་རོ་ཡི་ལྷ་མོ་སྟེ། །འདབ་མ་བཞི་ལ་རྣམ་ པར་སྦྱར། །ཕྱོགས་ཀྱི་གོས་ཅན་སྐྲ་གྲོལ་མ། །རེག་པས་རེག་པའི་རྡོ་རྗེར་གྲགས། །གཉིས་སུ་མེད་པར་ཡང་དག་གནས། །དབུས་སུ་ཁྲག་འཐུང་རྒྱལ་པོ་ནི། །ལྷ་མོའི་ [323A]༄༅། །རེག་པས་བདེ་བར་བཞུགས། །སྙིང་པོ་ཆོས་ཀྱི་དབྱིངས་སུ་གྲགས། །ཤེས་རབ་ཕ་རོལ་ཕྱིན་ལས་བྱུང། །ཡེ་ཤེས་སེམས་དཔའ་གཉིས་ མེད་བཞུགས། །རྡོ་རྗེ་ཆོས་ཀྱི་དབྱིངས་མ་སྟེ། །གཉིས་མེད་མཉམ་པའི་ཡེ་ཤེས་ནི། །ཆོས་ཀྱི་དབྱིངས་དེ་མི་དམིགས་པའོ། །དེ་ནི་གསང་བ་དེ་ཉིད་མཆོག་རྡོ་རྗེ་ ཅན་ནི་ཡང་དག་སྩོལ། །ཆེ་བའི་མཆོག་ནི་འདུས་པ་སྟེ། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག་སྦྱོར་བ་རྒྱུད་ཀྱི་རྗེས་འབྲངས་པ་།བགྲོད་དང་བགྲོད་མིན་རྣལ་འབྱོར་ མ༑ ༑རིག་པའི་རྒྱ་མཚོ་མཆོག་ཡིན་ཏེ། །རྡོ་རྗེ་མཁའ་འགྲོ་ཉུང་ཟད་ཅིག་སྒྱུ་འཕྲུལ་སྡོམ་པའི་རྒྱུད་ཡིན་ནོ། །རྣལ་འབྱོར་མ་ནི་འབྱུང་བའི་རྒྱུད། །གསང་བའི་རྒྱ་ མཚོ་རྒྱུད་ཡིན་ཏེ། །ངེས་བརྗོད་རྒྱུད་ནི་བླ་མེད་པ། །འདུས་པ་མཆོག་ནི་བཤད་པ་ཡིན། །ཇི་ལྟར་བསམ་པའི་ཁྱད་པར་གྱིས། །སེམས་ཅན་རྗེས་སུ་གཟུང་པའི་ རྒྱུར༑ ༑འདུས་པ་མཆོག་གི་དམ་པ་འདི། །སངས་རྒྱས་བྱང་ཆུབ་འབྲས་བུ་སྟེ། །རིགས་ནི་རྣམ་པ་ལྔ་བཤད་པ། །བྱང་ཆུབ་སེམས་དཔའ་དུ་མ་དག་ཇི་ལྟར་འདོད་ པ་དེ་ལྟར་ནི། །བདག་པོ་ཉིད་དུ་བྱ་བ་ཡིན། །ཇི་ལྟར་མིང་གི་རྗེས་མཐུན་པར། །ངེས་བརྗོད་རྒྱུད་ཀྱི་རིམ་པ་དག། །རྡོ་རྗེ་སྒྲུབ་པ་པོ་ཡིས་ནི། །ངེས་བརྗོད་རྒྱུད་ཀྱི་ལས་རྣམས་ [323B] ༑ཡིད་ཀྱིས་དོགས་པ་ཀུན་སྤངས་ཏེ། །གཉིས་སུ་མེད་པའི་སྒོམ་པ་ཉིད། །ཐེག་པ་ཆེན་པོའི་དམ་པ་མཆོག་དངོས་གྲུབ་ཆེ་དང་ལྡན་པར་འགྲོ། །དེ་ནས་ཕྱག་མཚན་ མཆེག་བཤད་བྱ། །གཟུགས་དང་མདོག་གི་ཆོ་གའི་རིམ། །ཡི་གེ་ཧེ་ལས་ངེས་འབྱུང་བ། །བདག་ཉིད་ཧེ་རུ་ཀ་ར་བསྒོམ་བྱ། །སྐུ་ལུས་དཀར་ལ་དྲག་ཤུལ་ཆེ། །མཆེ་བ་རྣམ་ གཙིགས་འཇིགས་པ་སྟེ༑ ༑སྤྱན་གསུམ་པ་ལ་ཞལ་ལྔ་པ། །ཕྱག་དྲུག་ཞབས་ནི་བཞི་པ་སྟེ། །ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། །རལ་བ་ཟླ་ཕྱེད་དབུ་ལ་བཅིངས། །སྣ་ཚོགས་ རྡོ་རྗེའི་དབུ་རྒྱན་ཅན། །ཕྱག་རྒྱ་དྲུག་གིས་སྐུ་ལུས་བརྒྱན་།སྟག་གི་པགས་པ་གོས་སུ་མནབས། །མགོ་བོའི་དོ་ཤལ་གྱིས་བརྒྱན་པ་།དཀར་དང་སེར་དང་དེ་བཞིན་དམར། ། ལྗང་གུ་སྟེང་ཞལ་སྔོ་བའོ། །བཞད་དང་དཔའ་དང་སྒེག་པ་དང། །རྔམ་དང་ཞི་དང་དྲག་པོ་སྟེ། །རྡོ་རྗེ་དྲིལ་བུ་མཉམ་ལྡན་པས། །རྡོ་རྗེ་རེག་པས་གཉིས་མེད་གནས། །རྒྱལ་བའི་ པགས་པ་མཆོག་ཀྱང་འཛིན། །བདེ་བ་ཀུན་གྱི་འབྲས་བུ་སྩོལ། །ཐོད་པ་དང་ནི་ཁ་ཊཱཾ་འཛིན། །རྡོ་རྗེ་མདུང་ནི་ཕྱག་མཆོག་སྟེ་།གཡས་བརྐྱང་བ་ཡི་གནས་པ་ཡིས། །བདུད་ བཞི་པོ་ཡི་ཞབས་འོག་གནོན། །རིག་པའི་རྡོ་རྗེ་ལྗང་བ་དང། །དཀར་བའི་མདངས་ཀྱིས་གཟུགས་ཅན་ལ། །ལྗང་དང་སེར་དང་དམར་བ་དང་།དཀར་བའི་གཡོན་པའི་ [324A]༄༅། །ཞལ་གདོང་སྟེ། །སྟེང་གི་ཞལ་གདོང་སྔོ་ལ་འཇིགས་།སྐྲ་གྲོལ་བ་ནི་རྣམ་པར་མྱོས། །སེངྒེའི་རྣམ་གྲོལ་ཕྱག་རྒྱ་ཅན། །བྱིན་པ་གཉིས་ནི་ལེགས་ པར་འཁྲིལ། །ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། །སྤྱན་གསུམ་ཤིན་ཏུ་དམར་བ་སྟེ། །རྡོ་རྗེ་ཐོད་པར་མཉམ་པར་ལྡན། །དྲིལ་བུ་ཅང་ཏེའུ་ཡིས་བརྒྱན། །མདུང་དང་ཁ་ཊཱཾ་ ཕྱག་ན་བསྣམས། །ཆགས་པ་ཆེན་པོ་མེ་ཡི་འོད། །ཕྱོགས་ཀྱི་གོས་ཅན་ཞི་བའི་ཉམས། །གདུལ་དཀའ་ཐམས་ཅད་འདུལ་མཛད་ཅིང། །སྣ་ཚོགས་སེམས་ཅན་ འདུལ་བར་མཛད། །ཐུགས་རྗེའི་ཉམས་ནི་ཡོངས་སུ་རྫོགས། །ཟླ་བ་ཉི་མའི་དབུས་སུ་ཡང། །སྣ་ཚོགས་པདྨའི་དཀྱིལ་ན་བཞུགས། །འཇིགས་བྱེད་དང་ནི་དུས་ མཚན་དག་ཞབས་ཀྱིས་གནོན་པར་རྣམ་པར་བསྒོམ། །འཁོར་ཀུན་དག་ནི་ཞལ་གསུམ་པ། །ཐོད་པར་ཕྲེང་བའི་དབུ་རྒྱན་ཅན། །དྲག་ཅིང་ཞི་བ་ཉིད་ཡིན་ཏེ། ། རིགས་གསུམ་གྱིས་ནི་ཕྱེ་བའི་གཟུགས། །རིགས་གསུམ་གྱི་ནི་ཕྱག་མཚན་འཛིན། །ལྷ་མོས་ཕྱེ་བའི་གཟུགས་ཅན་ནི། །དམ་ཚིག་གཉིས་སུ་མེད་པར་སྦྱོར། ། ཐམས་ཅད་ཡི་དྭགས་གདན་ལ་བཞུགས། །གཡས་བརྐྱང་བ་ཡི་ཞབས་ཀྱིས་གནོན། །བྱིན་པ་གཉིས་ཀྱིས་ལེགས་པར་འཁྲིལ། །ཤེས་རབ་ཐབས་ནི་རྣམ་པར་ [324B] ༑མཚམས་རྣམས་སུ་ནི་བུམ་པ་དག་ཐོད་པ་ཟླ་བ་ཡོངས་སུ་གང། །ཟུར་རྣམས་སུ་ནི་སྒོ་སྲུང་སྟེ། །ཇི་ལྟར་མདོག་གི་ཆ་རྣམས་སོ། །གཡས་བརྐྱང་བ་ཡི་ཞབས་ ཀྱིས་བཞུགས། །འཇིག་རྟེན་སྐྱོང་བ་ཞབས་འོག་གནོན། །ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། །ཐུགས་རྗེ་ཁྲོ་བས་རྣམ་པར་མྱོས་།དཀར་པོ་ལ་སོགས་མདོག་སྦྱོར་བ། །ཇི་ལྟར་ གཡས་པའི་ཞལ་རིམ་པ་ཞིན། །ཕྱག་རྒྱ་རིམ་པའང་དེ་བཞིན་ནོ་།ལུགས་འབྱུང་ལུགས་ལས་ལྡོག་པར་ནི། །འཁོར་སོགས་མཆོག་ཀྱང་དགོད་པར་བྱ། །རྡོ་རྗེ་པདྨའི་ དབུས་སུ་ནི། །རིགས་ཀྱི་འཁོར་ལོ་གསུམ་དཀྱིལ་ན། །རང་གི་བྱིན་རླབས་འཆང་བའི་མཆོག་སངས་རྒྱས་མུ་སྟེགས་ཅན་ལ་སྦ། །འདི་ནི་རབ་ཏུ་གསང་བ་སྟེ། །བླ་མའི་ ངག་ལ་གནས་པ་ཡིན། །རྣལ་འབྱོར་མ་ཡི་དྲིན་ཡིན་ནོ། །གནས་ལ་སོགས་པའི་རིམ་སྦྱོར་བ། །སུམ་ཅུ་རྩ་བདུན་རྣམ་དག་དགོད། །ཤེས་རབ་ཐབས་བདག་འགྲོ་བ་ཡིན། ། ས་བཅུ་པ་ཡི་མཆོག་ཀྱང་འགུགས། །ཕ་རོལ་ཕྱིན་པ་བཅུ་ལ་གནས་།སྦྱོར་བ་གསུམ་གྱི་རྣམ་དག་དོན། །འདི་ནི་དྲི་མད་སྒོམ་པ་མཆོག་།མངོན་པར་བརྗོད་པའི་རྒྱུད་བླ་མའི་ བླ་མ་ལས། བདག་ཉིད་ཆོས་ཀྱི་ཡི་གེ་ལས་བསྐྱེད་པའི་བྱིན་གྱིས་བརླབས་པའི་སྒོམ་པའི་ལེའུ་སྟེ་དྲུག་ཅུ་རྩ་བདུན་པའོ།། །།དེ་ནས་མཆོག་ཏུ་བཤད་བྱ་བ། ། [325A]༄༅། །བདག་ཉིད་ཆོ་གའི་སྒོམ་པའི་རིམ། །མཱ་མ་ཀཱི་དང་སྤྱན་དང་ནི། །ལྷ་མོ་སྒྲོལ་མ་གོས་དཀར་མོ། །འོད་ཟེར་ཅན་དང་ཛཾ་བྷ་ལ། །ལྷ་མོ་སྐུལ་བྱེད་ས་འཛིན་མ། །རང་ གི་ས་བོན་ལས་བྱུང་བ། །ཕྱག་བཅུ་གཉིས་ཀྱིས་རྣམ་པར་བརྒྱན་།སྤྱན་གསུམ་པ་ལ་གཡས་བརྐྱང་བཞུགས། །སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས། །རྡོ་རྗེ་སྐྱིལ་མོ་ཀྲུང་གིས་ གནས། །རིག་བྱེད་བཞི་ཡི་ཞལ་གདོང་སྟེ། །ཕྱོགས་ཀྱི་གོས་ཅན་རོ་ཡི་གདན། །སྐྲ་གྲོལ་བ་ལ་འཇིགས་པ་སྟེ། །ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། །ཁྲོ་བས་ལྟ་ཞིང་ཐུགས་ རྗེའི་ཉམས། །ཤེས་རབ་ཕ་རོལ་ཕྱིན་ལྷ་མོ། །དེ་ཉིད་ཡེ་ཤེས་མཆོག་ལས་བྱུང། །སོ་སོ་ཡང་དག་སྦྱོར་བའི་བདག། དེ་ཉིད་ཡེ་ཤེས་གདོན་མི་ཟ། །ཁྲོ་བོ་སྣ་ཚོགས་ གཟུགས་ཅན་ནི། །དཔའ་བོ་རང་ཉིད་ལས་བྱུང་བ། །ཁྲོ་མཆོག་མཁའ་འགྲོ་འབྱུང་བ་ཡང། །གོས་པ་མེད་པར་ཉམས་པ་ཡི། །བདག་པོ་ཉིད་དུ་སྦྱར་བར་བྱ། །བདག་ཉིད་ སྒོམ་པ་ཉིད་ཡིན་ནོ། །མཉམ་པར་མ་བཞག་སྦྱོར་བ་ཡིས། །སྒོམ་ཞིང་རྣམ་པར་བསྒོམ་པར་བྱ། །ཕྲ་བའི་ཁྲོ་བོའི་རྡོ་རྗེ་ཅན་།སྙིང་གའི་པདྨའི་དབུས་སུ་ནི། །རྡོ་རྗེ་མཁའ་འགྲོ་ ཐུགས་བརྩེ་ཅན༑ ༑འདི་ཉིད་དུ་ནི་གནས་མཛོད་ཅིང། །རྫོགས་སངས་རྒྱས་ཀུན་བྱང་ཆུབ་སེམས། །འགྲོ་བ་གསུམ་པོ་འདི་ལག་གནས། །འདི་ཉིད་ཀྱིས་མཆོད་པ་ཉིད་ཀྱིས། །མཆོད་འོས་ [325B] །གང་ཞིག་འདི་ལ་རྟག་ལྟ་བ། །དེ་ནི་རྒྱལ་བས་མཆོད་པར་བཞེད། །ནང་གི་སྦྱོར་བ་རྡོ་རྗེ་ཡིས་།རྣལ་འབྱོར་རྡོ་རྗེ་ཅན་དུ་འདོད། །དེ་བས་རྡོ་རྗེ་མཆོད་ པ་ཡིས༑ ༑ཡིད་འདོད་རྣམས་ཀྱི་ལུས་ལ་འདོད། །མཆོག་པ་ལྔ་ཡི་སྦྱོར་བ་ཡིས། །མྱུར་དུ་སངས་རྒྱས་ཉིད་ཐོབ་པར། །གང་འདི་རྒྱུད་ལས་གསུངས་པ་དག་དེ་ནི་ཕ་རོལ་གཞན་ དུ་འདོད། །དངོས་མེད་བཞི་ལ་དགོད་པ་ཡིས། །ལྷ་ཡི་གཟུགས་སུ་སྒོམ་པ་ཡི། །མཉམ་ཉིད་མཆོད་པ་ཆེན་པོ་སྟེ། །སངས་རྒྱས་ཐམས་ཅད་རབ་སྒྲུབ་པའོ། །སྔགས་དང་དེ་ཉིད་ བསྟན་པ་ཡི། །བསྟན་པ་ཙམ་དུ་ལེགས་འབྱུང་བའི། །རྒྱུད་ནི་དོན་དམ་མ་ཡིན་ཏེ། །དོན་དམ་ཡང་དག་སྐྱེས་པ་ན། །སྟོན་པ་མེད་ཅིང་བསྟན་པའང་མེད། །ཉི་ཤུ་རྩ་བཞིར་ ཕྱེ་བ་ཡི༑ ༑གནས་སོགས་འདི་ཉིད་ལ་གནས་ཏེ། །དེ་བས་དེ་རུ་འཁོར་བ་ཉིད། །སྐྱོ་བྱ་དེ་ཉིད་ཅན་གྱིས་མིན། །གལ་ཏེ་དེ་ཉིད་མེད་གྱུར་ན། །དེ་ཡི་འཁྲུལ་པས་ཅི་ཞིག་བྱ། ། འོན་ཏེ་དེ་ཉིད་ལྡན་གྱུར་ན། །དེ་ལ་འཁྲུལ་པ་ཅི་ཞིག་ཡོད། །གནས་དང་ཉེ་བའི་གནས་མཆོག་རྣམས། །བསྟན་པས་དྲི་མ་མེད་པར་འགྱུར་།ཡང་ན་མི་ནུས་བག་ མེད་པའི། །མི་ཡི་གནས་ནི་བསྒྲག་པར་བྱ། །ང་ཡིས་འདི་ལྟར་བཤད་པ་ནི། །སེམས་ཅན་བསམ་པའི་དབང་གིས་ཏེ། །བསམ་གཏན་ལས་གཞན་བདེ་མེད་ཕྱིར། །དེ་ [326A]༄༅། །བས་བསམ་གཏན་མཆོག་གཞོལ་བྱ། །རྣལ་འབྱོར་པ་ནི་ཕྱི་རོལ་འཁོར། །དེ་ཡི་ཁམས་རྣམས་ཟད་པར་འགྱུར། །དེ་བས་ཕྱི་རོལ་སྤངས་ནས་ ནི༑ ༑རྣལ་འབྱོར་རོལ་པས་གནས་པར་བྱ། །དཔལ་ལྡན་རྡོ་རྗེ་རྣལ་འབྱོར་ཅན། །རྣམ་དག་ཡེ་ཤེས་སྤྱན་གྱིས་ནི། །ཐུགས་རྗེ་ཐུགས་གདུངས་རིང་པོ་ནས། །རྡོ་རྗེ་རྣལ་ འབྱོར་ཅན་དག་གཟིགས། །དེ་རྣམས་དགྱེས་པས་དངོས་གྲུབ་མཆོག་ཅི་འདོད་པར་ནི་སྩོལ་བར་འགྱུར། །དེས་ནི་རྗེ་བཙུན་ཡེ་ཤེས་ཀྱང་།རབ་ཏུ་འབད་དེ་བསྒྲུབ་ པར་བྱ། །སྣ་ཚོགས་སྤྱོད་པ་ཡང་དག་ལྡན། །སྤྱོད་དང་བརྟུལ་ཞུགས་སྤྱད་པ་ཡི། །སྤྱོད་དང་བརྟུལ་ཞུགས་འདིར་སྤོངས་ལ། །དེ་ཉིད་བརྟུལ་ཞུགས་ལ་དགར་བྱ། ། གང་ཡང་རུང་བའི་ཟས་གནས་པ། །རྣམ་པ་དེས་བྱས་བརྟུལ་ཞུགས་ཅན། །བསམ་གཏན་ཟས་མཆོག་གཞོལ་འགྱུར་བས། །སྨྱོན་པའི་སྤྱོད་པས་གནས་པར་གྱིས། ། གཅེར་བུའམ་ཡང་ན་གཅེར་བུ་མིན། །གང་རུང་ཇི་ལྟ་དེ་ལྟར་འགྱུར་།རང་གི་ལྷག་པའི་ལྷ་དམིགས་ལ། །དེ་ཉིད་གཅིག་པུ་རྣམ་པར་བསམ་།སྐུགས་པའི་དངོས་ པོར་གྱུར་པ་ཡིས། །ཟླ་དྲུག་ཙམ་གྱིས་ངེས་པར་ནི། །རྣལ་འབྱོར་ཅན་གྱིས་ཉེར་བསྟེན་ན། །རྣལ་འབྱོར་ཆེན་མོ་འདི་གསལ་འགྱུར། །ཡེ་ཤེས་སྒྲོན་མའི་མཆོག་ [326B] །རྣལ་འབྱོར་མ་རྣམས་ལེགས་འདུས་ཏེ། །པདྨའི་འབྱུང་གནས་ཉམས་དགའ་བར། །དང་པའི་ཚོགས་འདུས་ཇི་བཞིན་ནོ་།མིག་འཕྲུལ་མཁན་ལྟར་འཇིག་རྟེན་ དུ༑ ༑འགྲོ་ཀུན་དོན་ནི་བྱེད་པ་འོ། །དཔལ་ལྡན་རྡོ་རྗེ་འཛིན་པར་ནི་།མངོན་འགྱུར་འདི་ལ་ཐེ་ཚོམ་མེད། །སྤྱོད་པ་འདི་ལ་ངེས་པར་ནི་།ཇི་སྐད་བཤད་པ་དེར་འགྱུར་བར། ། སེམས་ནི་དག་པར་གྱིས་ཤིག་ཅེས། །སེམས་ཅན་རྣམས་ལ་བདག་གསོལ་འདེབས། །གང་གིས་རྨད་བྱུང་སྙིང་རྗེར་ལྡན། །གང་གིས་གསུང་བ་དེ་ཉིད་འགྱུར། །རྡོ་ རྗེ་དྲག་པོའི་སྦྱོར་བ་ཡིས། །མཁའ་འགྲོ་མ་ནི་སྙིང་གར་དགོད་།སྙིང་གར་རྡོ་རྗེ་ལྕེགས་ཀྱུར་སྦྱོར། །ཐུགས་ཀྱི་རྡོ་རྗེས་ནང་སྦྱར་ཏེ། །གཞན་ཡང་རྡོ་རྗེ་དགོད་བྱ་བ། ། ཆོས་ཀྱི་དབྱིངས་སུ་རྣམ་པར་བརྟག་རང་གིས་ནམ་མཁར་སྦྱོར་ནས་སུ། །གཟི་བརྗིད་གཟུགས་ནི་འཛིན་པར་བསྒོམ་རང་གི་ཆོས་ཀྱི་ཡིད་དགོད་པ། །རང་དྲོད་རང་ བཞིན་དྲི་མ་མེད། །རང་གི་སྒོམ་པའི་སྦྱོར་བ་ཡིས། །རང་གི་ཆོས་ཀྱི་ཡི་གེ་བསྒོམ། །ཇི་ལྟ་ཇི་ལྟར་རྟོགས་པ་ཡི། །གཞན་ཉིད་གཟུགས་ཀྱི་སྒོམ་པ་ལ། །ཡིད་ཀྱི་ གཏི་མུག་གྲུབ་པ་ཡི། །དབང་པོ་གཞན་ན་བསྒོམ་པར་བྱ། །ཇི་ལྟ་ཇི་ལྟར་མོས་པ་ཡིས། །གཞན་ཉིད་གཟུགས་ལ་བལྟ་བར་བྱ། །མངོན་པར་བརྗོད་པའི་རྒྱུད་བླ་མའི་ [327A]༄༅། །བླ་མ་ལས། བདག་འདུལ་བའི་མཆོད་པའི་ལེའུ་སྟེ་དྲུག་ཅུ་རྩ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་ པ་ཐམས་ཅད་ཀྱིས་གསང་བའི་ཡེ་ཤེས་གསང་བ་འདི་གསུངས་སོ་།རང་བཞིན་བདག་མེད་ཆོས་རྣམས་ནི། །ནམ་མཁའ་ལྟ་བུར་དྲི་མ་མེད། །སྟོང་ཉིད་ཡེ་ཤེས་ རྡོ་རྗེ་ཡིས། །སྟོང་ཉིད་རྟག་ཏུ་བསྒོམ་པར་བྱ། །ལེགས་སོ་བྱ་བ་རྣམས་བྱིན་ནས། །རྒྱུད་སྐྱེས་པ་ཡི་སྦྱོར་བ་ལས། །ལེགས་སོ་ལེགས་སོ་ཡེ་ཤེས་ཆེ། །ངེས་པར་ བརྗོད་པ་མཆོག་གི་མཆོག་ལེགས་སོ་རྡོ་རྗེ་ཚུལ་དྲག་པོ། །སངས་རྒྱས་བྱང་ཆུབ་བཀའ་དྲིན་རབ། །ལེགས་སོ་གཉིས་མེད་སྦྱོར་བ་ནི་།མཆོག་དང་མཆོག་ ནི་གྲུབ་པ་ལ། །ལེགས་སོ་ཞེས་བྱ་ངེས་པར་སྦྱོར། །འདོད་པ་མེད་པའི་སྒོམ་པ་ནི། །ལེགས་སོ་ཐམས་ཅད་འགྲོ་བའི་མགོན། །ཐེག་པ་ཆེན་པོ་བསྟན་པ་འདི། ། གཉིས་མེད་ཡེ་ཤེས་མཆོག་དང་ནི། །མན་ངག་ཐོབ་པའི་དང་པོ་སྟེ་།ལེགས་སོ་རྡོ་རྗེ་བླ་མ་ཀུན། །དེ་ལ་བསྟན་པ་རྣལ་འབྱོར་མ། །ལེགས་སོ་འཁོར་གྱི་ དཀྱིལ་འཁོར་ལ། །དངོས་གྲུབ་བླ་ན་མེད་པ་བྱིན། །རྫོགས་ཏེ་ཅང་མི་གསུང་བར་གྱུར། །བཅོམ་ལྡན་འདས་དེ་བཞིན་གཤེགས་པས་དེ་སྐད་ཅེས་བཀའ་ [327B]རྗེ་རྣམས་ངེས་པར་བརྗོད་པའི་རྒྱུད་བླ་ན་མེད་པའི་མཁའ་འགྲོ་མའི་དྲ་བའི་སྔེམ་པ་བཅོམ་ལྡན་འདས་ཀྱིས་ གསུངས་པ་ལ་མངོན་པར་བསྟོད་དོ། །མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ཞེས་བྱ་བ་གསང་བའི་ཡང་གསང་བ་བདེ་མཆོག་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ཐེ་ཚོམ་མེད་ པར་དེ་ཁོ་ན་སྒོམ་པ་བསྟན་པའི་ལེའུ་སྟེ་དྲུག་ཅུ་རྩ་དགུ་པའོ།།།།མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས། གསང་བ་ལས་གསང་བའི་བདེ་ མཆོག་གི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ཞེས་བྱ་བ་རྫོགས་སོ།།།།རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཆེན་པོ་དཱ་[?]པིཾ་ཀ་ར་ཤྲཱི་ཛྙཱ་ན་དང། བོད་ཀྱི་ལོ་ཙཱ་བ་ཆེན་པོ་དགེ་ སློང་རིན་ཆེན་བཟང་པོས་བསྒྱུར་ཞིང་ཞུས་ཏེ་གཏན་ལ་ཕབ་པ་ཕྱིས་པཎྜི་ཏ་ཆེན་པོ་ཛྙཱ་ན་ཤྲཱི་དང། ལོ་ཙཱ་བ་ཁྱུང་པོ་ཆོས་ཀྱི་བརྩོན་འགྲུས་ཀྱིས་ཀྱང་ཞུས་པའོ། །ཕྱིས་ པཎྜི་ཏ་ཨཱ་ནནྡ་དང། ལོ་ཆུང་གིས་ཆད་ལྷག་རྣམས་བསབས་ནས་ཞུས་དག་བྱས་ནས་ལེགས་པར་བཅོས་ཏེ་གཏན་ལ་ཕབ་པ།།